Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲིན་ཆེན་ཕ་ལོ།

Posted on 2015-08-102015-08-10 By ཁ་བརྡ 1 Comment on དྲིན་ཆེན་ཕ་ལོ།

བྱ་སྨྱོན་པ།

 

ཡུན་རིང་རེ་སྒུག་ཕར་ཚུར་སྐྱོ་བའི་མནར།།
བགྲང་བྱ་རེ་རེ་ཁད་ཀྱིས་བཞུད་པར་བརྩོན།།
མ་དག་ལས་དབང་ཟེར་བའི་ཐུ་འོག་ནས།།
དྲིན་ཆེན་ཕ་ལོ་མི་འདོད་ནད་ཀྱིས་བཟུང་།།

 
མི་ལོ་བཅོ་ལྔ་འགོར་བའི་ས་མཐའ་ནས།།
དྲིན་ཆེན་ཕ་ལོ་མཇལ་བར་ཐེངས་གཅིག་བསྐྱོད།།
ཉམ་ཐག་ཞལ་རས་འཛུམ་གྱིས་རྒྱ་གྲོལ་ཏེ།།
གཅེས་ཕྲུག་ཟེར་ནས་དགའ་ངུའི་མཆི་མ་ལྷུང་།།

 
སྐྱིད་པའི་བདེ་བ་མེ་སྟག་ཕྲ་མོ་ཙམ།།
མི་འདོད་སྡུག་བསྔལ་མདའ་དང་དུང་ལྟར་རྣོ།།
སྲི་ཞུ་ཅུང་ཙམ་བསྒྲུབ་པའི་ཟླ་ངོ་ནས།།
ཕ་ལོའི་ལུས་ཟུངས་ཟད་པར་ཤིན་ཏུ་སྐྱོ།།

 
འཆི་བདག་བཙན་པོ་སྒོ་ཁར་ཉུལ་ནས་འོང་།།
མཆིན་འབྲས་ཟེར་བ་སྐྱོབ་ཐབས་མེད་པར་གླེང་།།
ཉིན་དང་མཚན་ལ་སྲུང་བའི་སྣེ་མོ་ནས།།
བདག་གི་སེམས་ཁོང་ཉི་མ་ནུབ་པར་གྱུར།།

 
ཡུན་རིང་རེ་སྒུག་ཐོད་ལ་བཅིངས་པ་ཡི།།
མ་ཐུག་ལན་གཅིག་མཇལ་བའི་དྲིན་ཆེན་ཕ།།
སྙིང་གཏམ་དྲོན་མོ་རྫོགས་དབང་མ་བྱིན་གོང་།།
གློ་བུར་མིག་ཟུང་བཙུམ་པ་སྐྱོ་བའི་གཞི།།

 
ཕ་ལོ་བཞུད་པའི་ཐོ་རེངས་སྟག་གི་དུས།།
འོད་ཆེན་བླ་སྐར་ཤར་ཕྱོགས་འགྲོ་བ་མཐོང་།།
ཉིན་གུང་ཆར་ཟིམ་འཇའ་ཚོན་བརྩེགས་མ་ཤར།།
ཉེ་དུ་ཁྱིམ་མཚེས་སེམས་གསོ་ཡང་ཡང་གནང་།།

 
རེ་ཞིག་མཇལ་བའི་དུས་ཚོད་ཆ་ཤས་ཙམ།།
སེམས་ཀྱི་དྲན་ཤིང་གཞི་ལ་བཅུག་བྱས་ནས།།
བདག་ལ་བྱུང་བའི་ཕ་མེད་སྡུག་བསྔལ་འདི།།
འབྲི་བར་འབད་ཀྱང་མིག་ཟུང་མཆི་མས་བསྒྲིབས།།

 
འཆི་བའི་གོ་རིམ་འགྲོ་སྟངས་ཡིན་དུ་ཆུགས།།
ནང་གི་འཕྲོད་བསྟེན་གང་གི་རྐྱེན་ཡིན་ནམ།།
དྲིན་ཆེན་ཕ་ལོ་ཐེ་བའི་ཡུལ་མི་དག།
ན་ཚ་སྡུག་པོ་ཞིག་གིས་གཏོང་རབས་མེད།།

 
འཇིག་རྟེན་འཚོ་བ་སྐྱོང་བའི་ནམ་དུས་རེར།།
དཀའ་སྡུག་འབུམ་ཕྲག་མྱངས་དང་མྱོང་བཞིན་དུ།།
ཁྱིམ་གྱི་ཕྱི་ནང་འདར་བའི་རྒྱབ་གཟུགས་དེ།།
བུ་དང་ཚ་བོར་གནང་བའི་དྲན་ཤིང་ཉིད།།

བྲལ་ཁའི་ཁ་ཆེམས་སྙིང་གི་གཏར་དུ་སྦས།།
དྲན་པའི་མིག་ཆུ་བྱ་ཆུ་སྔོན་མར་འདྲེས།།
ཕ་ཡུལ་བང་ལ་ཉལ་བའི་མི་རྐྱང་ངས།།
དྲིན་ཆེན་ཕ་ལོ་ཟེར་ནས་ལན་གསུམ་འབོད།།

 
སྐྱེས་ནས་འཆི་བ་འཇིག་རྟེན་ཆོས་ཉིད་རེད།།
རྒ་བའི་སྡུག་བསྔལ་སུས་ཀྱང་འགོག་ཏུ་མེད།།
རང་གི་ཚེ་གྲོགས་བསྐྱུར་ནས་འགྲོ་བ་ལ།།
ཞིབ་ཏུ་བསམ་ན་སེམས་ཀྱིས་བཟོད་པར་དཀའ།།

 
ཞེན་ཆགས་མིག་ཟུང་བདག་གི་ན་ཟུག་ཡིན།།
ནད་བདག་བཙན་པོ་ཚེ་སྔོན་ལས་ཀྱིས་དེད། །
ཐེངས་གཅིག་འཕྲད་པའི་སྐལ་བ་ཐུང་ངུ་འདི།།
ཕ་བུའི་གྱེས་བྲལ་ཡིན་པ་སུ་ཡིས་དོགས།།

 
འཇིག་རྟེན་འདི་ལ་དྲང་སྙོམས་མི་འདུག་ཞེས།།
འཁང་ར་ཚིག་རྩུབ་གནམ་ངོར་ཡང་ཡང་འཕངས།།
བདག་གི་པང་ནས་མིག་ཟུང་བཙུམས་སོང་བའི།།
དྲིན་ཆེན་ཕ་ལོ་ནམ་ཡང་བརྗེད་དུ་མེད།།

 
ཕ་ལོའི་དགེ་རྩ་བསྒྲུབ་པའི་དོན་མ་འཁྱོངས།།
མ་ལོའི་སེམས་པ་གསོ་བའི་རྒྱུར་མ་ཉན།།
རེ་བཞག་ས་མཐར་བཅོལ་པའི་ཀླད་མེད་ང་།།
མི་ཚེ་སྟོང་ཟད་ཙམ་དུ་ལུས་ནས་ཡོད།།

 
བྱིས་པའི་དུས་ལ་ཕ་ལོའི་དྲིན་མ་ཤེས།།
ལོན་པའི་དུས་སུ་མི་ཚེ་ས་མཐར་སྐྱེལ།།
དྲན་པའི་དུས་སྐབས་ཕ་ལོ་མི་བཞུགས་པས།།
དྲན་གདུང་སྣོན་མར་གྱུར་བ་བདག་གི་ལས།།
 

དྲན་ཞིང་དྲན་པའི་དྲིན་ཆེན་ཕ་ལོ་ཁྱོད།།
བདག་གི་མིག་ལམ་ཡོངས་སུ་བཀང་བར་བྱས།།
ལས་དབང་ཟེར་བའི་ཁ་ཚིག་ཐེད་པོ་དེས།།
ཤི་གསོན་བར་ཐག་བཙན་གྱིས་ཕྱེས་སོང་ཨང་།།

 
འཇིག་རྟེན་འདི་ལ་ཞེན་ཆགས་མེད་པར་ཤོག།
རང་ཁྱིམ་འདི་ལ་མིག་ཟུང་མ་འཁྱོག་དང་།།
མ་སྨད་བུ་ཚའི་འཚོ་བ་རོལ་ནས་ཡོད།།
དྲན་གཞས་ཕྲ་མོ་རྒྱང་ནས་ཁྱོད་ལ་གཏོང་།།

 
མི་མངོན་ནམ་མཁའི་དབྱིངས་རིམ་གང་ཞིག་ཏུ།།
བདེ་བ་ཅན་ཞེས་གྲགས་པའི་ཞིང་ཁམས་ཤིག།
སེར་ལམ་ཡོད་པ་བདེན་དུ་མཆི་སོང་ན།།
དེ་རུ་མི་ཚེ་སྐྱེས་པ་ལེན་པར་ཤོག།

 
སྙན་ངག་འདི་རང་གི་དྲིན་ཆེན་ཕ་ལོའི་བཀའ་དྲིན་མཚོན་བྱེད་དུ་ཉན་པར་རེ་བའི་བརྟས་ཤིང་། ཚིག་རིས་ཙམ་གྱིས་ཡིད་སེམས་ཀྱི་གདུང་བ་དྲོངས་མི་ཐུབ་ནའང་། ཕེབས་ལམ་སྐྱེལ་མའི་ལག་བརྡ་ཞིག་གི་ཚུལ་དུ། ཁོང་གི་དགུང་ཞག་གི་ཉིན། བུ་ཆེ་བ་བྱ་གཞུང་བ་སྐལ་བཟང་ཚུལ་ཁྲིམས་སམ་བྱ་སྨྱོན་པ་རུ་འབོད་པས་སྦྱར་བའོ།། ༢༠༡༢/༩/༢༥

སྙན་ངག

Post navigation

Previous Post: བོད་དོན་དཀའ་ངལ་སེལ་ཐབས་ནོར་བུ་ཀེ་ཏ་ཀ།
Next Post: སྲིད་སྐྱོང་བློ་སེང་དང་འབྲེལ་བའི་གླེང་རྙོག

Comment (1) on “དྲིན་ཆེན་ཕ་ལོ།”

  1. པདྨ says:
    2015-08-10 at 10:45 am

    ཁྱེད་ཀྱི་ཕ་དམ་པ་མྱ་ངན་ལས་འདས་པ་ལ་མྱ་ངན་ཞུ་བ་དང་། རྗེས་དྲན་དེས་མིག་ཆུ་དང་བསྔོ་སྨོན་བྱས་ཡོད། བྱ་སྨྱོན་ལ་སེམས་བསོ་དང་གདུང་སེམས་མཉམ་བསྐྱེད་ཡོད་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme