Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲི་མེད་སེམས་ཀྱི་ལྷ་དར་དཀར་པོ།

Posted on 2009-09-062009-09-06 By བེ་རི་འཇིགས་མེད 7 Comments on དྲི་མེད་སེམས་ཀྱི་ལྷ་དར་དཀར་པོ།

༼རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་འཁྲུངས་སྐར་ལ་ཕུལ་བ།༽
བེ་རི་འཇིགས་མེད།
མཚན་དཔེའི་སྐུ་ཡི་མེ་ཏོག་ཚོམ་བུ་མདོ་ཁམས་ལྷ་ཐོག་སྒང་ནས་བཞད།།
སྐྱེས་སྦྱངས་མཁྱེན་རབ་སྦྲང་རྩིའི་ཕོན་པོ་དབུས་འགྱུར་འཕགས་པའི་ཞིང་དུ་སྨིན།།
ལེགས་གསུང་སྙན་པའི་དྲི་བསུང་མངར་མོ་ཕྱོགས་མེད་འཛམ་གླིང་ཁྱོན་ཀུན་བརྡལ།།
རྒྱལ་བའི་དབང་པོ་ཀརྨ་པ་ཞེས་གྲགས་པའི་མཚན་སྙན་དོན་དང་མཐུན།།

ཐུགས་བསྐྱེད་མཐའ་བྲལ་མ་དྲོས་རོལ་མཚོར་གཞན་ཕན་རླབས་ཀྱི་རྩེ་འཇོ་རྒོད།།
བློ་གྲོས་སྤོབས་པའི་གསེར་གྱི་རི་བོར་སྐྱེས་སྦྱངས་ཉི་ཟླའི་རྣ་ཆ་འཆང༌།།
གསང་གསུམ་འཕྲིན་ལས་དཔལ་གྱི་དུམ་བུར་མ་ལ་ཡ་ཡི་དྲི་བསུང་འཁྱིལ།།
བྱ་དཀའི་མཛད་པ་རྒྱ་མཚོའི་ཀློང་ནས་ཕན་བདེའི་དཔག་བསམ་ལྗོན་བཟང་སྨིན།།

ལགས་ཏེ་ཁྱོད་ཀྱི་སྐུ་རབས་ཕྲེང་བ་མུ་ཏིག་བསྒྲིགས་པའི་ཚོམ་བུ་ནི།།
སྐྱོན་གྱི་དྲི་མས་ནམ་ཡང་མ་གོས་པདྨ་དཀར་པོའི་རྩ་བ་བཞིན།།
རྒྱལ་སྲས་དཔའ་བོའི་རྣམ་ཐར་གཙང་མ་དགེ་ལེགས་སྨན་གྱི་ལྗོན་པ་ཡིས།།
དམུ་རྒོད་གདུལ་དཀའི་རྒྱ་ཧོར་བོད་ཀྱི་ཉེས་བརྒྱའི་ཟུག་ངུ་དྲུང་ནས་འབྱིན།།

གནམ་གྱི་མཐོངས་ན་ཉི་མ་དང་ནི་འཛིན་མའི་ཁྱོན་འདིར་ལྷུན་པོ་བཞིན།།
འགྲན་པའི་ཟླ་བྲལ་གོང་མ་དེ་དག་མི་མངོན་དབྱིངས་སུ་གཤེགས་པའི་རྗེས།།
གཟིགས་པ་དུས་ལས་གཡོལ་བ་མེད་པར་སྤྲིན་ནག་འཁྲིགས་པའི་མཁའ་ཀློང་ནས།།
གང་ཁྱོད་རང་བྱུང་འོད་སྣང་གསལ་བ་ཚེས་གསུམ་ཟླ་བ་བཞིན་དུ་འཆར།།

སྙིང་སྟོབས་སྤོབས་པའི་སྦར་ཁྱིམ་གཅིག་གིས་མུན་པའི་ལྕགས་དྲ་ཧྲིལ་ལེར་གཏོར།།
ཧི་མ་ལ་ཡའི་གངས་རི་མཐོན་པོ་གོམ་པའི་འདེགས་འཇོག་གཅིག་གིས་བརྒལ།།
གློག་འོད་འཁྱུག་པའི་སྤྱན་ཞཊ་གཅིག་གིས་ཕུག་རྒྱངས་རིང་པོའི་མདུན་ལམ་གསལ།།
བྱིས་པའི་དུས་ནས་རླབས་ཆེན་མཛད་པས་འཛམ་གླིང་ཧྲིལ་པོ་གཡོ་འགུལ་བྱས།།

དེ་རིང་ཁྱོད་ཀྱི་འཁྲུངས་སྐར་དུས་སུ་བདག་ཀྱང་ཞུགས་པའི་སྐལ་བཟང་ཐོབ།།
ལྷོད་མེད་སེམས་ཀྱི་རང་མདངས་མཚོན་པའི་དྲི་མེད་ལྷ་དར་དཀར་པོ་འདི།།
སྙིམ་པའི་མེ་ཏོག་ཟོལ་གྱིས་བཏེགས་ཏེ་གདོང་ལྔ་འབར་བའི་ཁྲིར་བཏུད་ན།།
གང་ཁྱོད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོཊ་བརྒྱར་འབར་གྱུར་ཅིག།

༢༠༠༤།༦། ༢༦།ཉིན་སྤྱི་འཐུས་རྒྱུན་ལས་ཁང་དུ་བྲིས། ༼བོད་ཀྱི་བང་ཆེན་༽ཐོག་ཏུ་བཀོད།

སྙན་ངག

Post navigation

Previous Post: ལྕགས་སྒྲོག་ལས་ཤོར་བའི་རྒྱ་སྟག
Next Post: ཐུག་རྟགས་མཁས་རྒུ་དགྱེས་པའི་མཆོད་སྤྲིན།

Comments (7) on “དྲི་མེད་སེམས་ཀྱི་ལྷ་དར་དཀར་པོ།”

  1. བཤད་སྒྲུབ་ says:
    2009-09-06 at 11:05 pm

    མཁས་དབང་བེ་རི་འཇིགས་མེད་ལགས་་་་་རང་གི་བསམ་འཆར་ཆུང་ཆུང་ཞིག་བཤད་འདོད་འོན་ཀྱང ཁྱོད་ཀྱི་ཐུགས་ལ་མ་སོང་བ་འདྲ་ཡོད་ན་དགོངས་དག་ཞུ་་་་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཆོག་ལ་བསྟོད་པ་འདི་ནི་སྙན་འཇེབས་ལྡན་ལ་དོན་དངོས་ཐོག་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ཆོས་ལུགས་དང་འཆོ་ཁ་མཐུན་སྒྲིགས་དགོས་པ་ཤེས་བཞིན་ལག་ལན་ཏུ་བོད་རིགས་མི་མང་དང་ལྷག་དོན་སྤྱི་མཐུས་ནང་དེ་བས་དགོས་དགོས་པ་མཐོང་ན་གཞོན་ཨ་རའི་སྲིད་འཛིན་ཨོམ་རྦ་མ་དང་སྐུ་གཟུགས་ཙམ་མ་ཡིན་པ་ཤེས་ཡོན་གང་ཅའི་ཐད་ནས་འདུན་ལམ་འདྲ་བའི་རིན་པོ་ཆེ་འདི་ནི་བོད་རིགས་ལོ་རྒྱུས་སྨྲ་བའི་མཁས་དབང་ཞིག་ཡིན་ན་མ་འོངས་བཀའ་བློན་ཁྲི་པ་རིན་པོ་རེད་ཅེས་བརྗོད་དགོས་

  2. ཀུན་དགའ་ says:
    2009-09-06 at 11:09 pm

    བཤད་སྒྲུབ་ལགས་་་་མ་འོངས་བཀའ་བློན་ཁྲི་པ་ཟེར་ན་མི་མང་གི་འོས་འདེབས་དགོས་པ་ལས་སྤྱི་མཐུས་དང་མཁས་དབང་ཡིན་ཟེར་ཏེ་གང་བྱས་མ་རེད་

  3. ཀུན་དགའ་ says:
    2009-09-06 at 11:22 pm

    བོད་པའི་སྤྱོ་ཚོགས་ནང་ལྷ་སྲས་རྒྱ་ལོའི་དྲན་ལས་ད་འཕེལ་ཆེར་སྐུ་ངོས་ཟེར་བའི་མི་དབང་དང་རྒྱུ་ནོར་དགའ་བའི་བླ་མ་ཞིག་ལ་གོ་གནས་རག་ཁག་་ངོ་མ་་ཀརྨ་པ་གཉིས་གསུམ་ཞིག་ཡོད་རེད་ཟེར་ན་བེ་རི་འཇིགས་མེད་གི་སུ་ལ་སྙན་རྩམ་དེ་བྲིས་པ་རེད་
    ཞ་མར་དང་
    སུ་ཏི་
    ད་དུང་
    ཡོད་ན་
    ད་ངོ་མ་བོད་ཀྱི་ལོ་རྒྱུས་མ་ཤེས་ན་བཟང་བ་དེའི་ནང་གནས་ཚུལ་ཡག་པོ་གཅིག་ལྟོན་ཡ་མི་འདུག་
    ཀརྨ་པ་
    ཁྲི་བྱང་
    ཞ་དམར་པ་

  4. མེ་སྒྱོགས་རྒྱ་མཚོ། says:
    2009-09-08 at 8:47 pm

    ཆོས་ཚིག་མང་དྲགས་ནས་ངའི་ལུས་ངག་ཡིད་གསུམ་ལ་ no touch. hahahha

  5. རིན་ཆེན says:
    2009-09-08 at 9:36 pm

    བེ་རི་ལགས་ཁྱེད་ཀྱི་སྙན་ངག་ཆ་ཚང་མི་སེམས་འགུལ་ནུས་ཤིང་ཚོར་བ་སྦྱིན་ཐུབ་ལ་ནང་དོན་ཕུན་སུམ་ཚོགས་པ་ཤ་སྟག་འདུག་་་་་་་་་་་་་་་་་་་

    ཁྱེད་རང་གི་སྙན་ངག་མང་ཆེ་བར་ཁ་ནས་ལབ་བདེ་བའི་ཁྱད་ཆོས་དམིགས་བསལ་ཞིག་འདུག་པས་དཔྱད་རྩོམ་དང་ལྷུག་རྩོམ་མ་ཡིན་པའི་རྩོམ་ཆ་ཚང་ཞེ་དྲག་སྙན་པོ་འདུག་་་་་་་་་་་་་་་

    མུ་འཐུད་བྲིས་རོགས་གནང་་་་་་་་་་་་་་

    ཐུགས་རྗེ་ཆེ་་་་་་་་་་་་་་་་

  6. ་དབང་རྒྱལ་ནས། says:
    2009-09-10 at 2:01 am

    རྒན་བེ་རུ་མཆོག་ནས་དྲི་མེད་ལྷ་དར་དཀར་པོ་ཞེས་པ་སྙན་ཙོམ་དེ་ཚིག་བསྡུས་ལ་དོན་རྒྱས་པ་། རྟ་བདེ་ལ་དོན་འདུས་པ་ཞིག་གསལ་ཀྱང་མི་མཐུད་ནི་སྩོམ་རོག་ཞུ་རྒྱུ་ཡིན། ཀུན་དགའ་ནས་ཞ་དམར་དང་སི་ཏི་ཀརྨ་པ་དུ་མ་ཞེས་འབོད་པ་རྣམ་སེམས་དེ་དགོས་དོན་ཅི་ཡིན་ན། མ་གཞི་ནི་
    ཨ་མས་བུ་ལ་མི་ཚར་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཞེས་པས་ཚིག་དེ་ཨེ་གོ་ཐལ་།

  7. ་དབང་རྒྱལ་ནས། says:
    2009-09-10 at 2:05 am

    རྒན་བེ་རུ་མཆོག་ནས་དྲི་མེད་ལྷ་དར་དཀར་པོ་ཞེས་པ་སྙན་ཙོམ་དེ་ཚིག་བསྡུས་ལ་དོན་རྒྱས་པ་། རྟ་བདེ་ལ་དོན་འདུས་པ་ཞིག་གསལ་ཀྱང་མི་མཐུད་ནི་སྩོམ་རོག་ཞུ་རྒྱུ་ཡིན། ཀུན་དགའ་ནས་ཞ་དམར་དང་སི་ཏི་ཀརྨ་པ་དུ་མ་ཞེས་འབོད་པ་རྣམ་སེམས་དེ་དགོས་དོན་ཅི་ཡིན་ན། མ་གཞི་ནི་
    ཨ་མས་བུ་ལ་མི་ཚར་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཞེས་པས་ཚིག་དེ་ཨེ་གོ་ཐལ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme