Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲི་བ་ཞིག

Posted on 2014-02-082014-02-08 By ཁ་བརྡ་ 72 Comments on དྲི་བ་ཞིག

བོད་འབར་སྐད་ཡིག་ནི་སྐད་རྒྱུད་གཅིག་ཡིན་པའི་རྒྱུ་མཚན་གང་ཡིན་ནམ།

ནུབ་ཕྱོགས་ཀྱི་བོད་རིག་པའི་མཁས་པ་དག་གིས་དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་སྐད་ཡིག་དང་འབར་མའི་སྐད་ཡིག་གཉིས་ཐག་ཉེ་ཤོས་ཡིན་པར་གསུངས་པར་ཁུངས་གཏུག་གི་འདུག་ཅེས་ལབ་འདུག་ཀྱང་། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་གང་གི་ནང་ཡོད་མེད་གསལ་བོ་མེད་པར་བརྟེན། དེ་མཁྱེན་མཁན་ཡོད་ཚེ། འདིར་མཁོ་སྤྲོད་ཡོང་བའི་རེ་འདུན་ཞུ།

དམ་ཆོས་བསམ་འཕེལ་གྱིས་ཕྱི་ལོ༢༠༡༤ ཕྱི་ཟླ༢ ཚེས་༨ ཉིན་ཧོ་ལན་ཌི་ནས།

བགྲོ་གླེང་།

Post navigation

Previous Post: ངའི་སྤྱི་འཐུས་ཚངས་དབྱངས་རྒྱ་མཚོ་ཡིན།
Next Post: མཐོ་དམན་སུ་ལ་ཕོག་ན་དྲང་གཏམ་ཡིན།

Comments (72) on “དྲི་བ་ཞིག”

  1. རྭ་རྒྱ་བློ་དབང་། says:
    2014-02-08 at 9:41 am

    བོད་དང་འབར་མའི་སྐད་ཙམ་མ་ཟད། ཨེ་ཤ་ཡ་ཤར་ཕྱོགས་ཀྱི་སྐད་རིགས་ཆེས་མང་པོ་ཞིག་འདིའི་ཁོངས་སུ་གཏོགས་པ་དང་། འདི་ལ་རྒྱ་ནག་དང་བོད་ཀྱི་སྐད་ཁྱིམ་མམ་ཡང་ན་བོད་དང་འབར་མའི་སྐད་ཁྱིམ་ཀྱང་ཟེར། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ནང་འདིའི་སྐོར་བཀོད་ཡོད་མོད། དེ་ཙམ་གསལ་བོ་མ་རེད། རྒྱ་ནག་དམངས་ཁྲོད་དུ་སྐད་རིགས་མང་པོ་ཞིག་ཡོད་པ་དང་། སྐད་རིགས་ཆེན་པོའི་གྲས་སུ་ཁི་ཅ་སྐད་དང་། ཐེ་ཡས་སྐད། ཀྲི་ཅང་སྐད། ཧྲན་ཏུང་སྐད་སོགས་ཡོད་པ་དག་གི་ཁྲོད་དུ་བོད་སྐད་ཀྱི་བརྡ་རྙིང་དང་གཅིག་མཚུངས་སུ་སོང་བའི་བརྡ་ཆད་དང་བརྗོད་ལུགས་ཆེས་མང་པོ་འདྲེས་ཡོད་པ་རེད། མ་ཟད་དེང་སྐབས་རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་གྱི་རི་རྒྱུད་བརྒྱུད་དེ་ཐེ་ལན་ཌི་དང་། འབར་མ་སོགས་ཀྱི་མི་རྒྱུད་དང་སྐད་ཀྱི་བརྒྱུད་ཁོངས་ཀྱང་བོད་དང་གཅིག་མཚུངས་སུ་འདོད་ཀྱི་ཡོད་པ་རེད། འདི་ལ་མི་རྒྱུད་རིག་པ་དང་། སྐད་བརྡ་རིག་པ་སོགས་ཕྱོགས་མང་པོ་ནས་བརྟགས་དཔྱད་བགྱིས་པའི་གྲུབ་དོན་ཞིག་རེད། འོན་ཀྱང་། རང་ཅག་གི་ནང་དུ་ད་དུང་འདི་དག་ལ་དཔྱད་པ་གཏོང་མཁན་མེད་པའི་ཚོད་དུ་འདུག ལོང་བྱུང་ན་དྲ་ཐོག་འདིར་དེའི་སྐོར་གྱི་བསམ་ཚུལ་ཐུང་ངུ་ཞིག་འབུལ་ངེས་ཡིན།
    http://en.wikipedia.org/wiki/Sino-Tibetan_languages
    http://www.krysstal.com/langfams_sinotibe.html
    http://aboutworldlanguages.com/sino-tibetan-language-family

    འདི་དག་ནི་འདིའི་སྐོར་གྱི་དཔེ་སྟོན་ཙམ་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 9:44 am

    འབར་བོད་སྐད་གཉིས་ཀྱི་གཞི་རྩ་གྲངས་ཀ་དང་། ས་ཆུ་མེ་རླུང་དེ་ཚོ་འདྲ་མཚུངས་ཙམ་ཡོད་པ་འདྲ།
    http://aboutworldlanguages.com/tibeto-burmese-branch

  3. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 9:51 am

    འབར་མ་ཚོས་རང་གི་མི་བརྒྱུད་བོད་ནས་མཆེད་པར་གྲགས། དགེ་ཆོས་ཀྱི་གསུང་ནང་ཡོད་མེད་མི་ཤེས་ལགས།

  4. ཁྱུང་ཆེན། says:
    2014-02-08 at 10:02 am

    འདི་འདྲའི་ཞིབ་འཇུག་པ་ཐབས་ཆག དང་པོ་རང་གིས་གསུང་རྩོམ་བཀླགས་ཏེ་རྙེད་མ་སོང་ན་དྲི་བ་གཏོང་དགོས་པ་ལས། ལས་ཀ་རྫུན་མ་ལས་སྟངས་འདི་རིགས་ལ་གཏོར་མ་རྒྱོབ། དགེ་ཆོས་རིན་པོ་ཆེའི་གསུང་འབུམ་ནང་དེ་ལྟར་གསུངས་ཡོད་པ་རེད། ངས་དྲན་གྱི་འདུག ང་མཇལ་མྱོང།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 10:03 am

    http://en.wikipedia.org/wiki/Tibeto-Burman
    བོད་མི་ས་ཡ་དྲུག་དང་། བོད་རིགས་བོད་སྐད་སྨྲ་མཁན་ས་ཡ་བརྒྱད་ཙམ་ཡོད་པའི་ཁུངས་ཅིག
    The group is named after its most widely spoken members, Burmese (over 32 million speakers) and the Tibetic languages (over 8 million)…………

  6. དྲན་དཀར་དཔལ་ཡོན་ says:
    2014-02-08 at 10:08 am

    བོད་འབར་གཉིས་ཀྱི་སྐད་ལ་འབྲེལ་བ་ལོས་ཡོད་བསམ་གི ལྕམ་ཨ་འང་སན་གྱི་སྐད་ཆ་འདི་ལ་ཉན་ན་བཟང་། འབར་མའི་རིགས་ལ་དགར་ན་གཉིས་སུ་དགར་ཆོག་པ་དང་ཁོང་གི་རིགས་ནི་བོད་ཀྱི་རིགས་སུ་གཏོགས་པས་བོད་པར་དམིགས་བསལ་དགའ་བོ་ཡོད་ཅེས། འདི་བདེན་པ་ཡིན་ཚེ་དེ་ག་རང་སྐད་ཀྱི་འབྲེལ་བ་འགྲུབ་པ་རེད། དགེ་ཆོས་ཀྱི་སྐད་ཆ་དེ་འདྲ་གོ་མ་མྱོང་།

  7. ཅོག་མྱི། says:
    2014-02-08 at 10:43 am

    ངའི་སོ་ཞེ་༼Sushi༽ལས་རོགས་ཤིག་འབར་མའི་མི་རེད། ཁོང་གིས་འབར་མ་ཡོངས་རྫོགས་བོད་ནས་མཆེད་པ་མ་རེད། འབར་མའི་མངའ་སྡེ་ཁྱུང་ཟེར་བ་དེ་བོད་ནས་མཆེད་པ་དང་། ཁྱུང་ངམ་ཁྱུན་མངའ་སྡེའི་མི་བརྒྱུད་ཐམས་ཅད་ཀྱིས་རང་ཉིད་བོད་ཀྱི་བརྒྱུད་པར་ངེས་འཛིན་བྱེད་ཀྱིན་ཡོད་ཟེར། 

  8. བཀྲ་བྷོ། says:
    2014-02-08 at 11:00 am

    གསེར་ཐང་ན་འདུག། གྲོགས་པོ་ལགས། མིག་གི་རྒྱ་བསྐྱེད་དང་། མཐོང་རྒྱུ་ཇེ་མང་ཡིན།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-08 at 11:13 am

    བོད་དང་བྷར་མ་སྐད་ཚིག་མང་པོ་གཅིག་པ་ཡིན་པ་ལ་ཨིན་སྐད་དུ། ནུབ་ཕྱོགས་པའི་མཁས་པ་འགའ་ཞིག་གིས་བརྟག་བྱས་ཟིན་པ། ཊིབཊོ་བརྨིའི་སྐད་ཅེས་བྲིས་པ་ཏན་ཏན་ཡིན་ཀྱང་། ཞིབ་པར་གླེང་མི་ཐུབ། སྣ་ཁུང་དང་། ཚ་སོགས་གཅིག་པར་འབོད་པར་ཁོ་བོས་ལོ་ངོ་དྲུག་ཅུ་ཙམ་སྔོན་དུ་ཝཱ་རཱ་ཎ་སཱིར་ཐོས་ཀྱང་སྣང་རྟགས་ཆེར་མ་བྱས།
    ཐང་ཞུ་འདི་བོད་རང་གི་ཡིན་པའི་སྒྲུབ་བྱེད་ཞར་དུ། དགེ་འདུན་ཆོས་འཕེལ་ཞབས་ཀྱིས་དེབ་ཐེར་དཀར་པོ་དབུས་ཀྱི་སྤར་མ། ཤོག་གྲངས་༧པའི་རྒྱབ་ཤོག་དང་། གསུང་འབུམ་དེབ་གསུམ་པའི་ཤོག་གྲངས་༢༢༡ན་བྷར་མ་པ་རྣམས་ནི་བོད་རིགས་ལས་མཆེད་པ་ཁོང་ཅག་གི་རྒྱལ་རབས་སུ་ཡང་གསལ་བ་བཞིན་ལ། ཞེས་གསུངས་སོ།

  10. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 12:13 pm

    འབར་མའི་མངའ་སྡེ་ཁྱུང་ཟེར་བ་དེ་བོད་ནས་མཆེད་པ་བདེན་ན། ཁྱུང་སྡེ་དེ་ས་ཁྲའི་ནང་ལ་བོད་དང་ས་འབྲེལ་བྷར་མ་དེར་ཡོད་དགོས་ངེས་རེད།

  11. འཚོ་བྱེད་བུ says:
    2014-02-08 at 12:31 pm

    བོད་འབར་སྐད་ཡིག་གི་འབྲེལ་བའི་སྐོར་ལ་ཨ་རི་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་Christopher I. Beckwith ཡིས་ཞིབ་འཇུག་གནང་ཡོད་ལ། ཁོང་གི་འདིའི་ཐད་ལ་ Deictic class marking in Tibetan and Burmese དང་ Medieval Tibeto-Burman Languages དཔྱད་རྩོམ་ཁ་ཤས་བྲིས་ཡོད། ཁོང་དང་ཁོང་གི་དཔྱད་རྩོམ་ཁག་ལ་འབྲེལ་འཇོག་བྱས་ན་བློ་སྒོ་འབྱེད་པའི་ཕན་པ་རེ་ཡོད་སྙམ།

  12. དམ་ཆོས་བསམ་འཕེལ། says:
    2014-02-08 at 1:28 pm

    རྣམ་པ་ལྷན་རྒྱས་ཚོས་བསམ་འཆར་ལྷུག་པོ་བཏོན་ཞིང་སློབ་སྟོན་བྱས་པ། དྲྭ་བའི་འབྲེལ་ཐག་མཁོ་སྤྲོད་གནངས་པ་སོགས་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ། འདིའི་སྐོར་ལ་ང་ཚོས་ངེས་པར་ཏུ་ཁུངས་བཙལ་ནས་ཉམས་ཞིབ་དཔྱིས་ཕྱིན་པ་ཞིག་བྱ་རྒྱུ་ནི་ཆེས་གལ་ཆེན་ཞིག་ཁོ་བོས་མཐོང་།

  13. དམ་ཆོས་བསམ་འཕེལ། says:
    2014-02-08 at 1:30 pm

    ལ་དྭགས་བློ་བཟང་འཇམ་དཔལ་ལ་བཀའ་དྲིན་ཆེ།

  14. དམ་ཆོས་བསམ་འཕེལ། says:
    2014-02-08 at 1:32 pm

    བོད་འབར་སྐད་ཁག་ཅེས་པའི་བརྡ་ཆད་ཀྱི་ལོ་རྒྱུས་མདོར་བསྡུས།
    ཧ་ལམ་1850ལོའི་ཡས་མས་སུ། བརྡ་སྤྲོད་རིག་པའི་མཁས་པས་བོད་ཡིག(དུས་རབས་བདུན་པར་དར་བ)དང་འབར་ཡིག(དུས་རབས་བཅུ་གཉིས་དར་བ)གི་ཡིག་ཚགས་ཞིབ་འཇུག་རྒྱུད་རིམ་དུ། སྐད་རིགས་དེ་གཉིས་ལ་ཚད་ངེས་ཅན་ཕྱོགས་ནས་འབྲེལ་བ་དམ་པོ་ཡོད་པ་ངོས་བཟུང་པ་དང་། དེ་ནས་བཟུང་། དབྱིན་ཇིའི་མཁས་པ་དང་ཧིན་རྡུ་དང་འབར་མར་མངག་པའི་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་དཔོན་རིགས་དག་གིས་ཀྱང་། ཅུང་མ་ལག་ལྡན་པའི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས། ས་ཁུལ་དེ་དག་གི་ཕྱི་རོལ་པར་གསང་བར་ལུས་པའི“ཚོ་ཁག”(tribal)དུ་མའི་སྐད་རིགས་ལ་བརྟག་དཔྱོད་དང་ཕབ་ལན་བྱས། དེར་བསྟུན་ནས་ས་ཁུལ་དེ་དག་གི་ཚོ་ཁག་གི་སྐད་རིགས་དང་། བོད་སྐད་དང་འབར་སྐད་དེ་ཡི་གེའི་སྲོལ་རྒྱུན་ཡོད་པའི་སྐད་རིགས་བར་དུ་ཉེ་རྒྱུན་གྱི་འབྲེལ་བ་ཡོད་པ་ངོས་བཟུང་། ཞིབ་འཇུག་དེ་དག་གི་ནང་། ཇོ་ཇི་ཀི་རེ་སོནGeorge Abraham Griersonགྱི《ཧིན་རྡུ་སྐད་རིགས་ཀྱི་བརྡ་སྤྲོད་རིག་པའི་བརྟག་དཔྱོད》(1903-1928)ཅེས་པའི་བརྩམས་ཆོས་ནང་། དེབ་གསུམ་དུ་བོད་འབར་སྐད་རིགས་སྐོར་ཞིབ་མོར་བཀོད་ཡོད་ལ། བརྩམས་ཆོས་དེས་དུས་སྐབས་དེའི་བོད་འབར་སྐད་རིགས་ཞིབ་འཇུག་ཕྱོགས་ཀྱི་ཆེས་མཐོ་བའི་ཆུ་ཚད་མཚོན་པའི་གོ་གནས་བཟུང་། །

    དེ་ནས་མཁས་པ་འགའ་ཤས་ཀྱིས་བོད་སྐད་དང་རྒྱ་སྐད་གཉིས་ཀྱི་བར་ཉེ་རྒྱུད་ཡོད་མེད་ཕྱོགས་ནས་ཞིབ་འཇུག་བྱས་མོད། འོན་ཀྱང་འབྲེལ་ཡོད་དངོས་དཔང་ཉུང་བ་དང་། མཁས་པ་ཚོས་གནའ་བོའི་བོད་འབར་སྐད་རིགས་སླར་བཞེངས་བྱེད་མ་ཐུབ་པས། གཏན་ཚིགས་ཀྱིས་སྒྲུབ་ཐུབ་པའི་སྡོམ་ཚིག་ཀྱང་འཇོག་མ་ཐུབ། 1930ལོར་ཨ་མེ་རི་ཁའི་མཁས་པ་རོ་པོ་ཐི་ཧྲེར་ཧྥུརRobert Shaferལ། པེ་ནེ་ཏི་ཁི་ཐི Paul K. Benedict ཡིས་རོགས་སྐྱོར་བྱས་ཏེ། ས་ཁུལ་དེ་ནས་བྱ་བ་སྒྲུབ་པའི་མི་སེར་སྤེལ་ཡུལ་གྱི་དཔོན་རིགས་དང་ཆོས་ལུགས་སྤེལ་མཁན་ཚོས་བསྒྲིགས་པའི་མིང་མཛོད་དང་སྐད་རིགས་ཞིབ་འཇུག་ཡིག་ཆ་རྨང་གཞི་བྱས་ནས། ཐེངས་དང་པོ་རྗེས་སུ་བོད་འབར་སྐད་ཁག་ཏུ་རིགས་འབྱེད་པའི་སྐད་རིགས་ལ་ཞིབ་ཆ་ལྡན་ཞིང་མ་ལག་ཚང་བའི་སྒོ་ནས་ཞིབ་འཇུག་བྱས། དེར་བརྟེན་ནས་སྐད་རིགས་དེ་དག་བར་གྱི་ཉེ་རྒྱུད་འབྲེལ་བའི་ཕྱོགས་ནས་ཀྱང་ངོས་འཛིན་གསལ་བོ་ཡོད་པར་གྱུར། སྐབས་དེའི་ཞིབ་འཇུག་གྲུབ་འབྲས་ཕྱོགས་ནས།《 རྒྱ་བོད་བརྡ་སྤྲོད་རིག་པ》(Sino-Tibetan Linguistics)ཞེས་པའི་དེབ་གསུམ་ཅན་གྱི་ཞིབ་འཇུག་བརྩམས་ཆོས་ཡོད་པར་གྱུར། །

    1966ལོར་ཧྲེར་ཧྥུར་གྱི་བརྩམས་ཆོས་པར་དུ་བསྐྲུན། བརྩམས་ཆོས་དེའི་མིང་ལ《རྒྱ་བོད་སྐད་རིགས་མཚམས་སྦྱོརཟེར》(Introduction to Sino-Tibetan)། བརྩམས་ཆོས་དེའི་ནང་དུ། ཐའེ་སྐད་རྒྱ་བོད་སྐད་ཁྱིམ་དུ་བཀོད་པ་མ་ཟད། བོད་འབར་སྐད་ཁག་གི་སྐད་རིགས་སོ་སོའི་བར་གྱི་འབྲེལ་བ་དང་རིགས་འབྱེད་གསལ་བོ་བྱས། སྐད་རིགས་རིགས་འབྱེད་མ་ལག་དེར་བལྟས་མ་ལུགས་མཐུན་ཡིན་པའི་ཚོར་བ་ཡོད་སྲིད་ནའང་། སྐད་རིགས་འགའ་ཤས་ཀྱི་གདོད་མའི་རྒྱུ་ཆ་ཉུང་བས། རིགས་འབྱེད་དེར་ཡང་གནད་དོན་མི་ཉུང་བ་ཞིག་ཡོད། །

    དཔྱད་གཞི་རྒྱུ་ཆ་གཅིག་མཚུངས་ཡིན་ན་ཡང་། པེན་ནེ་ཏི་ཁི་ཐི་ལ་་ཧྲེར་ཧྥུར་དང་གཅིག་མཚུངས་མིན་པའི་ལྟ་བ་བྱུང་ཡོད། ཁོང་གིས1972ལོར་པར་དུ་བསྐྲུན་པའི《རྒྱ་བོད་སྐད་རིགས་སྤྱི་བཤད》(Sino-Tibetan: A Conspectus) (བརྩམས་ཆོས་དེ1941ལོའི་ཡས་མས་སུ་བརྩམས།)དུ། ཕྱོགས་གཅིག་ནས་ཐའེ་སྐད་དེ་རྒྱ་བོད་སྐད་ཁྱིམ་དུ་མ་བཞག་པ་དང་། ཕྱོགས་གཞན་ནས་འབར་མ་བྱང་ཕྱོགས་ཀྱི་ཁ་ཆིན་སྐད(Kachin)དེ་བོད་འབར་སྐད་རིགས་གཞན་པའི“ཁྱབ་སྤེལ་ལྟེ་བ”ལ་ངོས་བཟུང་ཞིང་། ཁ་རེན་སྐད་དེ་སྐད་རིགས་ལྟེ་བ་དེར་མི་གཏོགས་པར་ངོས་འཛིན་བྱས་ཡོད། པེན་ནེ་ཏི་ཁི་ཐིའི་བརྩམས་ཆོས་དེར་ཐག་གཅོག་བྱེད་དཀའ་བའི་གནད་དོན་མི་ཉུང་བ་ཞིག་ཡོད་ན་ཡང་། མིག་སྔའི་བརྡ་སྤྲོད་རིག་པའི་མཁན་པོ་མང་ཤས་ལྟ་ན།《རྒྱ་བོད་སྐད་རིགས་སྤྱི་བཤད》པར་དུ་བསྐྲུན་པ་ནས་བཟུང་། རྒྱ་བོད་སྐད་ཁྱིམ་གྱི་ཞིབ་འཇུག་ཕྱོགས་ནས་དུས་རབས་གསར་བ་ཞིག་གི་འགོ་བརྩམས་པ་མ་ཟད། བོད་འབར་སྐད་ཁག་གི་རིགས་འབྱེད་ལ་བརྟེན་ནས་དེའི་ཕྱོགས་ཀྱི་ཞིབ་འཇུག་ལ་ཡིད་ཆེས་ཡོད་རུང་པའི་རིག་པའི་གཞུང་ལུགས་ཀྱི་ཚོད་དཔག་གལ་ཆེན་ཡོད་པར་གྱུར། །

  15. དམ་ཆོས་བསམ་འཕེལ། says:
    2014-02-08 at 1:35 pm

    སྤྱི་བཤད།

    འཛམ་གླིང་འཁོར་མོ་ཡུག་འདི་བདག་བཟུང་བྱེད་བཞིན་པའི་མི་རིགས་དང་རྒྱལ་ཁབ་དེ་དག་གི་སྐད་རིགས་དང་ཡི་གེ་ལ་ཡུལ་དེ་ཚོའི་ལོ་རྒྱུས་དང་དཔགས་པའི་ཉམས་ཞིབ་པ་ཚོས་ཞིབ་དཔྱད་བྱས་པ་ལས་བྱ་རྒྱུ་མང་བའི་དུས་རབས་འདིར། ཁོ་བོས་ཀྱང་སྟེས་དབང་ཞིག་གིས་རྟོག་འཆར་ཐུང་ངུ་ཞིག་གླེང་ན་འདོད།

    ལོ་རྒྱུས་གཏིང་ཟབ་ལ་ཕུ་ཐག་རིང་བ། ཡར་རབ་ཤེས་ཡོན་གྱིས་ཕྱུག་པའི་བོད་གངས་ཅན་པའི་ཞིང་འདིར་མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་ནས་གླེགས་བམ་གྱི་བྲག་རི་བརྩིགས་ཡོད་པའི་འབེལ་གཏམ་རྣམས་དེང་དངོས་གཙོ་ཚན་རིག་གི་ལམ་ནས་བདེན་ཁ་ཡང་ཡང་སྟེར་གྱིན་པར་མ་ཚད། དཔེ་མཚོན་ཆུང་ངུ་ཞིག་གླེང་ན་ཡུལ་གཞན་ཤར་གླིང་ཨེ་ཤ་ཡའི་ས་བབ་ཆགས་སྟངས་སྐོར་གྱི་མཁས་པ་སུས་ཀྱང་བཞེད་མ་མྱོང་བའི་གཏམ་རྒྱུད་ཅིག་སྟེ། མི་ལོ་ཉིས་སྟོང་གོང་ཙམ་དུ་བོད་ཡུལ་རྣམས་ཆུས་ཁེངས་ཡོད་པ་དང་། དེ་ནས་གློ་བུར་ས་འགུལ་རྒྱུག་པ་ལྟར་ཆུ་རྣམས་གང་ཞིག་ཏུ་ཐིམས་རྗེས་བོད་དེ་མཐོ་སྒང་དུ་བུད་སོང་བ་འདྲ་བའི་ང་ཆེ་ང་བཙན་གྱི་གསུང་འབུམ་དང་ཡིག་ཚང་སོགས་སུ་བསྐྱར་གླེང་ཡང་གླེང་བརྒྱ་ཕྲག་འགའ་བྱས་ཡོད་ཀྱང་། ལོ་ངོ་འདི་དག་གི་རིང་དངོས་ཁམས་ཚན་རྩལ་གྱི་མཐོ་རླབས་ཉིན་རེ་ནས་ཉིན་རེར་གནའ་བོའི་ལོ་རྒྱུས་ཀྱིས་ཕྱུག་པའི་ཡུལ་ལུང་དེ་དག་ལ་འཕྱུར་རྗེས། ད་གཟོད་རང་རེའི་མེས་པོའི་ཡུལ་གྲུ་འདིར་ལོ་ངོ་ཆིག་ཁྲིའི་གོང་གི་དུད་འགྲོའི་དུས་སྒྲོམ་དང་། མི་ལོ་སྟོང་ཕྲག་ལྔ་དྲུག་གོང་གི་མིའི་རྐང་རྗེས་དང་ཤིང་ལོའི་རྗེས་སོགས་དང་། མི་ལོ་སྟོང་ཕྲག་གསུམ་བཞིའི་གོང་གི་རྡོ་བརྐོས་ཡིག་རིགས་སོགས་ས་སྟེང་དུ་བུད་དང་འབུད་བཞིན་ཡོད་སྟབས་ཉིན་ཞིག་འགོ་མཇུག་ཆ་ཚང་བའི་ལོ་རྒྱུས་ཀྱི་སྒྲོམ་བུ་ཞིག་འཛམ་གླིང་གི་སྐྱེ་བོ་ཡོངས་ཀྱི་སྤྱན་ལམ་དུ་དོན་མི་སྲིད་པ་མ་རེད། སྐབས་དེར་ང་ཆེ་ང་བཙན་གྱི་གསུངས་རབས་གླེགས་བམ་དེ་དག་གད་སྙིགས་ཀྱི་ཕུང་པོ་རི་ཙམ་འགྱུར་རྒྱུ་ཐེ་མི་ཚོམ། དེ་ནི་ལས་འབྲས་ཀྱིས་མཛུབ་མོ་སྐོར་བཞིན་པས་རེད་ལ། སྔོན་གཤེགས་རིག་འཛིན་རྣམས་ཀྱི་བཀའ་ལུང་ལ་སླུ་བ་མེད། བདེན་པ་ནི་ནམ་ཞིག་བདེན་པར་ལས་གཡོལ་ས་མེད་པས་རེད།

    ངན་ལོབ་ཏུ་སོང་བའི་བསྐྱར་གླེང་ཡང་གླེང་དེ་དག་ལས་ཆེས་ཉེས་ཁ་ཆེ་བ་ཞིག་ནི་མི་ལོ་སྟོང་ཕྲག་ལྔ་དྲུག་གི་ལོ་རྒྱུས་ལྡན་པའི་བོད་གངས་ཅན་ལྗོངས་འདིར་དུས་རབས་བདུན་པ་ཡན་ཆོད་ཀྱི་ང་ཚོའི་མེས་པོ་ཚོ་དམུས་ལོང་ཁྱུ་ཞིག་བསྒྲུབས་ཡོད་ལ། འཛམ་གླིང་གི་ལོ་རྒྱུས་ཡིག་ཚང་དུ་འགོད་རིན་ཆོག་པའི་བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་བཟུང་དཔའ་མཛངས་བློ་གྲོས་ལྡན་པའི་རྒྱལ་རབས་སུམ་བཅུའི་གྲངས་ཀྱི་རྒྱལ་པོ་རྣམས་གླེན་པ་ཁུ་ཚུར་ཙམ་རེ་བསྒྲུབས་ཡོད་པ་ནི་བཤགས་ན་དག་དཀའ་བའི་སྡིག་ཉེས་ཚབ་ཆེན་ཞིག་བསགས་པ་རེད་དྲན།

    སྤྱིར་རིག་པས་བརྟག་ན་མི་རིགས་ཞིག་གི་སྐད་དང་ཡི་གེའི་བྱུང་རིམ་ནི་ཐོག་མར་ཡི་གེ་བྱུང་རྗེས་དེ་ནས་སྐད་རིགས་བྱུང་བ་ནི་གཏན་ནས་མི་སྲིད་སྟབས། སྐད་རིགས་ལས་རིམ་པར་ཡི་གེའི་འཕེལ་རིམ་དར་དགོས། ཡི་གེ་གསར་གཏོད་པོ་རྣམས་ཇི་ཙམ་ལྐུག་ཀྱང་སོ་སོའི་མི་རིགས་དེའི་བརྡ་དང་ཐ་སྙད་གང་ཞིག་བེད་སྤྱོད་ཀྱི་འདུག་གཟིགས་རྗེས། དེ་ནས་དེ་དང་འཚམ་པའི་བརྡ་དང་ཡིག་རིགས་ཇི་ཞིག་བཟོས་ཡོད་པས་ལས། ཡུལ་ལུང་གཞན་ཞིག་གི་སྐད་ལ་བརྟེན་ནས་སོ་སོའི་རྒྱལ་ཁབ་ཀྱི་ཡི་གེ་ཞིག་བཟོས་པ་དང་ད་དུང་འགོ་མཇུག་ལྷུ་མི་འཐུག་པའི་ལྷ་སྒྲུང་དང་ཀླུ་སྒྲུང་ཡོད་ཚད་སྒྲོག་བསྡད་ན། སོ་སོར་ཡོད་པའི་རིག་གཞུང་རྩ་ཆེན་འདི་དག་མི་རིགས་གཞན་དག་ནས་ཕབས་བཤུ་དང་གཡར་པོ་བྱས་པ་ཙམ་ལས་རང་ཉིད་ནི་ཅི་ཡང་མེད་པའི་སྤྲང་པོ་ལག་སྟོང་ཞིག་ཏུ་སྒྲུབ་བཞིན་འདུག་པས་སྐད་གསང་སྒྲོག་པའི་སྤོབས་པ་ལྡན་མེད།

    གང་ལྟར་བློ་གཟུ་བོར་གནས་པའི་དཔྱད་ཞིབ་པ་དག་གིས་འདི་དང་འདི་ལྟ་བུའི་སྐོར་ལ་དཔྱད་བརྗོད་འདྲ་མིན་སྤེལ་བཞིན་ཡོད་ལ། ང་ཚོས་ཀྱང་གོ་སྐབས་དེ་དང་བསྟུན་ནས་སོ་སོའི་རྣམ་དཔྱོད་དང་དཔགས་པའི་དཔྱད་ཞིབ་བྱ་དགོས། ཉེ་བའི་ཆར་བདག་གི་གྲོགས་པོ་ཞིག་གི་རྒྱུད་འབར་མའི་མཁས་པ་ཞིག་དང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བས། དེ་དང་བསྟུན་འབར་མའི་ཤེས་རིག་དང་སྐད་ཡིག་གི་སྐོར་ལ་དེབ་འགའ་ཀློག་རྒྱུའི་གོ་སྐབས་ཀྱང་བྱུང་།

    ཐོག་མའི་འབར་བོད་ཀྱི་འབྲེལ་བ།

    འབར་མ་རྒྱལ་ཁབ་ནི་ལྷོ་ཤར་ཨེ་ཤ་ཡའི་ཁོངས་སུ་ཡོད་ལ་མི་འབོར་ 60,280,000 དང་། མི་ལོ་ ༡༢༠༠༠ ལྷག་གི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཞན་གྱི་ལོ་རྒྱུས་སྤྱི་མཚུངས་ལྟར་འབར་མ་ཡང་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་རིམ་པར་འགྱུར་ལྡོག་ཕྱིན་རྗེས། ད་ལྟའི་ང་ཚོས་འབོད་བཞིན་པའི་འབར་མ་ཞེས་པའི་མིང་ཐོག་ས་ནི་མཱོན་ (Mon) ཞེས་པའི་མི་རིགས་ཞིག་དང་། ཡང་ན་པྱུ་ (Pyu) ཞེས་པའི་བོད་མིའི་རིགས་ལས་ཆད་པར་འདོད་མཁན་མི་འདྲ་བ་འགའ་ཞིག་ཡོད། མཱོན་ཞེས་པའི་མི་རིགས་འདིས་ཕྱི་ལོའི་གོང་གི་ལོ་སྟེ་ ༡༥༠༠ BC ལོར་ཡས་མས་ནས་ཨེ་རཱ་ཝ་ཌི་ (Irrawaddy) ཞེས་པའི་གཙང་པོའི་རྒྱུད་དུ་གཞིས་བཟུང་ནས་ཕྱི་ལོའི་གོང་གི་དུས་རབས་བཅུ་པའི་ནང་དུ་འབར་མའི་ལྷོ་ཕྱོགས་ཀྱི་ཡུལ་སྤྱི་ལ་དབང་སྒྱུར་བའི་འགོ་ཚུག འོན་ཀྱང་དེའི་གོང་གི་ལོ་སྟོང་ཕྲག་བརྒྱད་དགུའི་རིང་ལ་ཡུལ་སྤྱི་ལ་དབང་སྒྱུར་བའི་མི་རིགས་ཞིག་གམ་རྒྱལ་རབས་ཤིག་བྱུང་མེད་པ་འདྲ།

    དེ་རྗེས་ཕྱི་ལོའི་གོང་གི་དུས་རབས་དང་པོའི་ནང་དུ་བོད་སྐད་སྨྲ་བའི་འབར་མའི་མི་རིགས་པྱུ་ (pyu) ཞེས་པ་དེ་ཚོས་གོང་གི་ཨེ་རཱ་ཝ་ཌིའི་ས་ཁུལ་ཁག་བདག་བཟུང་བྱས་ཏེ་རིམ་པར་གྲོང་ཁྱེར་འགའ་ཞིག་གསར་འཛུག་བྱས། དུས་ཡུན་གང་འཚམས་རིང་ཨེ་རཱ་ཝ་ཌིའི་དབུས་ཁུལ་དུ་ཕྱི་ལོའི་དུས་རབས་དགུ་པའི་ནང་དུ་ནཱན་ཚཱའོ་ (Nanzhao) ཡིས་དབང་སྒྱུར་མ་བྱས་བར་པྱུ་ཡི་རྒྱལ་རབས་འགའ་ཞིག་བྱུང་ནས་སྟོབས་འབྱོར་དང་དབང་ཐང་ཆེན་པོ་རྒྱས་ཡོད་འདུག གོང་གི་ནཱན་ཚཱའོ་མི་རིགས་ནི་ད་ལྟའི་ང་ཚོས་འབོད་ཀྱིན་པའི་ཁམས་ཡུན་ནན་གྱི་མི་རིགས་རེད་ལ། མི་རིགས་འདིས་ཕྱི་ལོ་ ༨༤༩ ལོར་པཱ་གྷན་རྒྱལ་རབས་(Pagan Kingdom)དབུ་བཙུག་ནས་ད་ལྟའི་འབར་མའི་མངའ་རིས་ཀྱི་གཞི་ཚུགས།

    གང་ལྟར་གོང་གི་ཕྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་དུ་འབར་མའི་མཱོན་པ་དབང་བསྒྱུར་མཁན་གྱི་བོད་སྐད་སྨྲ་བའི་པྱུ་ཞེས་པའི་འབར་མ་ནི་བོད་རིགས་ཡིན་པ་སྨྲོས་མེད་རེད་ལ། དེ་རྗེས་པྱུ་མི་རིགས་དབང་བསྒྱུར་བའི་ནཱན་ཚཱའོ་འམ་ཡུན་ནན་མི་རིགས་ནི་བཀྲུས་ན་མ་དག་པའི་བོད་རིགས་གཙང་མ་ཞིག་རེད།

    འབར་བོད་བར་གྱི་སྐད་ཡིག་གླེང་བ།

    ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མི་རིགས་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་གཉིས་ལ་གཞིགས་ན། དེའི་སྐད་ཡིག་དང་རིག་གཞུང་རྣམས་ཕན་ཚུན་ཤན་ཞུགས་པ་ནི་སྨྲོས་མ་དགོས་པ་རེད།

    འབར་མའི་ཡི་གེ་ག་དུས་བྱུང་མིན་དང་དེའི་བྱུང་ཁུངས་སོགས་ཀྱི་ཐད་མཁས་པ་རྣམས་ལ་འདོད་ཚུལ་མི་འདྲ་བ་ཡོད་པར་ངེས། དཔེར་ན་འབར་མའི་རིག་གཞུང་དང་ལོ་རྒྱུས་ལ་ཉམས་ཞིབ་ཡུན་རིང་གནང་བའི་མཁས་པ་འགས་འདི་འདྲ་གསུངས་ཡོད། “འབར་མའི་གཞུང་འབྲེལ་གྱི་མ་སྐད་དངས་མ་ནི་བོད་ཀྱི་སྐད་ཡིག་དང་རྒྱ་ནག་གི་སྐད་དང་འབྲེལ་ཡོད་” (Ethnologue; Languages of the World by Raymond G. Gordon ཞེས་པ་ལས་གསལ།) ཅེས་དང་། ཡང་མཁས་པ་གཞན་དག་འགས། “འབར་མའི་ཡིག་གཟུགས་ནི་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡི་གེ་ལས་འཕེལ་རྒྱས་བྱུང་བ་ཡིན། ” ཞེས་དང་། ཡང་གཞན་འགའ་ཞིག་གིས་ “འབར་མའི་ཡིག་གཟུགས་ནི་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་པཱ་ལིའི་ཡི་གེ་བེད་སྤྱད་མྱོང་བ་ལས་རིམ་པར་བྱུང་བ་” སོགས་འདོད་ཚུལ་མི་འདྲ་བ་འགའ་ཞིག་འདུག

    གང་ལྟར་འབར་མའི་ཡིག་གེ་ལ་ཀ་རྨད་ ༣༣ ཡོད་ལ། སྡེ་ཚན་བདུན་གྱི་དང་པོ་ཀ་སྡེའི་ཁོངས་སུ་ཡི་གེ་ལྔ། གཉིས་པ་ས་སྡེའི་ཁོངས་སུ་ཡི་གེ་ལྔ། གསུམ་པ་ཏ་སྡེའི་ཁོངས་སུ་ཡི་གེ་ལྔ། བཞི་པ་ཏ་སྡེ་གཉིས་པའི་ཁོངས་སུ་ཡི་གེ་ལྔ། ལྔ་པ་པ་སྡེའི་ཁོངས་སུ་ཡི་གེ་ལྔ། དྲུག་པ་ཇ་སྡེའི་ཁོངས་སུ་ཡི་གེ་བཞི། བདུན་པ་ཐ་སྡེའི་ཁོངས་སུ་ཡི་གེ་བཞི་དང་བཅས་རེད། དེ་དག་གི་སྒྲ་གདངས་ནི་ཕལ་ཆེར་བོད་ཀྱི་ཀ་རྨད་ཀྱི་སྒྲ་གདངས་དང་གཅིག་མཚུངས་རེད་ལ། ཡིག་གཟུགས་ཀྱི་འགྲོས་ཀྱང་བོད་ཡིག་དབུ་མེད་ལས་འཁྱུག་བྲིས་དང་ཤིན་ཏུ་ཐག་ཉེ། དབྱངས་ཟེར་བ་ཞིག་ལོགས་སུ་གྲངས་འདྲེན་ཚུལ་མེད་ཀྱང་ཡི་གེའི་སྦྱོར་བ་སྐབས་སུ་གྲངས་ལས་འདས་པ་ཞིག་ཡོད་ལ། དེ་དག་གི་སྦྱོར་ཚུལ་ཡང་བོད་ཡིག་གི་མགོ་ཅན་སྨད་འདོགས་རྩིགས་བསྒྲགས་ཀྱི་འགྲོས་ལྟར་རྒྱས་པར་འཆད་ཀྱིན་འདུག

    ཨང་གྲངས་ཀྱི་ཐད་ལ་འབར་མའི་ཨང་གྲངས་གསུམ་པ་དང་བཞི་པ། བདུན་པ་ཕུད་པའི་དེ་མིན་ཨང་གྲངས་རྣམས་ཀྱི་སྒྲ་གདངས་དང་དབྱིབས་གཟུགས་རྣམས་ནི་བོད་སྐད་ཀྱི་ཨང་གྲངས་དང་ཤིན་ཏུ་ཐག་ཉེ་བར་མ་ཟད་གཅིག་པའི་ཚུལ་དུའང་མང་ཞིག་སྣང་།

    དེ་དང་དེ་འདྲའི་རྒྱུ་མཚན་མང་པོ་ཞིག་གིས་འབར་བོད་བར་གྱི་སྐད་ཡིག་ལ་ཉམས་ཞིབ་བྱ་དགོས་པའི་གནད་མང་པོ་ཞིག་མཐོང་གི་འདུག དཔེར་ན་གོང་གི་མཁས་པ་དེ་ཚོས་འབར་མའི་ཡི་གེ་དེ་བོད་སྐད་ལས་བརྡ་དྲངས་ཏེ་བྱུང་བར་འདོད་པར་གཞི་བཅོལ་ཚེ་དཔྱད་པར་བྱ་བ་འདི་ཡོད་དེ། བོད་ནས་ཆད་པའི་པྱུ་(Pyu)ཞེས་པའི་མི་རིགས་དེ་ཚོས་ཕྱི་ལོའི་གོང་གི་དུས་རབས་དང་པོའི་ཡས་མས་ནས་ཕྱི་ལོའི་དུས་རབས་དགུ་པ་བར་ཨེ་རཱ་ཝ་ཌིའི་དབུས་(སྐབས་དེར་འབར་མའི་རྒྱལ་ཁབ་ལ་ཟེར་)ཁུལ་གྱི་རྒྱལ་རབས་བསྐྱོངས་ཡོད་ལ། ལོ་ངོ་བརྒྱ་ཕྲག་དེ་དག་གི་རིང་ཡི་གེ་མེད་པར་རྒྱལ་སྲིད་སྐྱོང་ཐུབ་པའི་གོ་སྐབས་མེད་པར་སེམས།

    རྒྱུ་མཚན་ནི། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་འཛམ་གླིང་འདིར་སྙན་གྲགས་ཅན་གྱི་རོམ་མེན་དང་ཨེ་ལྗེབ། གྷི་རིའི་སི་སོགས་ཀྱི་གནའ་བོའི་ལོ་རྒྱུས་ནང་དུའང་ཆེའི་སྔ་མོའི་རྒྱལ་པོ་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་སྐྱོང་ཞིང་ཕན་ཚུན་བརྡ་སྤྲོད་དགོས་ཚེ་ཡིག་རིགས་དང་གཟུགས་བརྙན་སོགས་ཤིང་ཤུན་དང་པགས་རིགས་སོགས་ལ་བྲིས་ནས་གཏོང་གི་ཡོད་པའི་ལོ་རྒྱུས་གསལ་ཐིང་རེད། སྐབས་དེ་དུས་ཀྱི་ནུབ་ཕྱོགས་པའི་རྒྱལ་པོ་དེ་དག་ལ་བེད་སྤྱོད་རྒྱུའི་ཡིག་རིགས་འདྲ་མིན་ཡོད་ཆོག་པ་ཞིག་དང་། ཤར་ཕྱོགས་པའི་རྒྱལ་པོ་དེ་དག་གླེན་པ་ལུག་འདྲ་བ་རྐྱང་རྐྱང་ཇི་ལྟར་ཡིན།

    དེ་ལྟར་གོང་གི་པྱུ་(Pyu)ཞེས་པའི་བོད་མིའི་རིགས་ཀྱིས་འབར་མའི་རྒྱལ་ཁབ་སྐྱོང་སྐབས་ནས་ཡི་གེ་ཡོད་པར་ངེས་ལ། ཡི་གེ་དེའང་ད་ལྟའི་ང་ཚོས་བེད་སྤྱོད་བཞིན་པའི་བོད་ཡིག་འདི་རང་ཡིན་པར་སྙམ། གལ་སྲིད་དུས་རབས་བདུན་པའི་ནང་དུ་བོད་ཡིག་དང་དུས་རབས་བརྒྱད་པའི་ནང་དུ་འབར་ཡིག་གཉིས་རྒྱ་གར་གྱི་ཡི་གེ་ལས་དཔེ་བླངས་ཏེ་བཟོས་ཡོད་ཚེ། ད་ལྟའི་འབར་བོད་བར་གྱི་སྐད་ཡིག་གཉིས་ཀ་ཆེས་འདྲ་བ་དང་ཐ་ན་ཨང་ཀི་ཚུན་ཀྱང་ཕལ་ཆེར་གཅིག་མཚུངས་ཡིན་པའི་རྒྱུ་མཚན་གང་ག་ཐུག དངོས་གནས་བྱས་ན་བུ་ལ་ཕ་ཡི་གདོང་རིས་དང་སྐད་ངོ་ཡོད་དགོས་མོད། འབར་བོད་གཉིས་ཀྱི་ཡི་གེ་ལ་གཉིས་ཀས་དཔེ་ལེན་སའི་རྒྱ་གར་སྐད་རིགས་ཀྱིས་ལྷད་ཞུགས་པ་ཕལ་ཆེར་མཐོང་རྒྱུ་མེད་པའི་རྒྱུ་མཚན་ཀྱང་ཡོད་དགོས།

    ཐོན་མི་ཨ་ནུས་བོད་ཡིག་བཟོས་པའི་སྒྲུང་གཏམ་འགའ་ཞིག་ཡོད་ཀྱང་བོད་ཀྱི་ཨང་ཀི་བཟོས་པའི་ལོ་རྒྱུས་ད་བར་མ་མཇལ། འོན་ཀྱང་འབར་བོད་གཉིས་ཀྱི་ཨང་ཀི་ནི་ཕལ་ཆེར་གཅིག་མཚུངས་རེད་འདུག་གོ།

    འདི་ལྟར་བོད་ཡུལ་ཙམ་དུ་མ་ཚད་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་ཤོས་གཉིས་པ་སྟེ་འབར་མའི་རྒྱལ་ཁབ་ནང་དུའང་ཕྱི་ལོའི་གོང་གི་དུས་རབས་ནས་དབུ་བརྩམས་ཏེ་བོད་ཡིག་དང་བོད་སྐད་བེད་སྤྱོད་མཁན་ཡོད་ཚེ། ང་ཚོའི་མེས་པོ་ཚོས་བཞག་གནང་བའི་ཕ་ནོར་སྐད་དང་ཡི་གེའི་ལོ་རྒྱུས་འདི་ཇི་ཙམ་གཏིང་ཟབ་པ་དང་ཕུགས་བཙན་པ། ང་ཚོས་རྒྱལ་ཁབ་གཞན་ལས་དཔེ་བཤུ་བྱ་མི་དགོས་པར་རྒྱལ་ཁབ་གཞན་གྱིས་ང་ཚོའི་སྐད་དང་ཡི་གེ་བེད་སྤྱད་ཡོད་པའི་ལོ་རྒྱུས་སོགས་མཇལ་རྒྱུ་ཡོད་བཟོ་འདུག་གོ། །།

    རྩོམ་ཐུང་འདི་ཉིད་འབར་མའི་གཙུག་ལག་སློབ་གྲྭའི་མཁས་དབང་སྐུ་ཞབས་ཐེཨེན་ཛོ་ལགས་དང་བཀའ་མོལ་བྱུང་རྗེས་གཤེན་ཚེ་ཚང་གིས་ནུབ་ཕྱོགས་འབྲས་ལྡན་གྲོང་དུ་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་བྲིས།། །།

  16. དམ་ཆོས་བསམ་འཕེལ། says:
    2014-02-08 at 1:46 pm

    བོད་འབར་སྐད་ཁག་མཚམས་སྦྱོར་མདོར་བསྡུས།

    རྩོམ་པ་པོ། རིག་འཛིན་གྱིས་བསྒྲིགས་ཏེ་བསྒྱུར།

    བོད་འབར་སྐད་ཁག་ནི་རྒྱ་བོད་སྐད་རྒྱུད་ཀྱི་ནང་ཚན་སྐད་ཁག་ཅིག་ཡིན། སྐད་ཁག་དེ་རང་རྒྱལ་གྱི་ལྷོ་ནུབ་ས་ཁུལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དུ་མ་དང་། ཧིན་རྡུའི་ཤར་བྱང་ས་ཁུལ། བལ་ཡུལ། ཕ་ཁི་སི་ཐན།འབྲུག་ཡུལ། འབར་མ།ཐེ་རྒྱལ་ཁབ། ཡོ་ནན་སོགས་ས་ཁུལ་དང་རྒྱལ་ཁབ་ཏུ་ཁྱབ་ཡོད། དཔེར་ན། འབར་མའི་སྐད་དང་བོད་སྐད། མན་ཉི་ཕུར་སྐད། འཇང་སྐད། རྒྱ་རོང་སྐད་སོགས་སྐད་ཁག་དེའི་ནང་ཚན་སྐད་རིགས་ཡིན། Ethnologue: Languages of the World (2005) 《རིགས་རྒྱུད་རིག་པ་སྟེ་འཛམ་གླིང་གི་སྐད་རིགས》སོགས་ཡིག་ཆ་ལྟ་ན། མིག་སྔར་སྐད་རིགས389ལྷག་སྐད་ཁག་དེར་གཏོགས་ལ། བོད་འབར་སྐད་ཁག་ནི་ད་ལྟའི་བརྡ་སྤྲོད་རིག་པ་ཞིབ་འཇུག་ཏུ་རྒྱ་སྐད་དང་ཉེ་འབྲེལ་ཡོད་པར་ཁས་ལེན་པའི་སྐད་ཁག་གཅིག་པུའང་ཡིན། འབར་མའི་སྐད་ནི་བོད་འབར་སྐད་ཁག་ཏུ་སྤྱོད་མཁན་ཆེས་མང་པའི་སྐད་རིགས་ཡིན་ལ། སྤྱོད་མི་ཁྲི3200ལྷག་ཡོད་པ་དང་། དེ་མིན་མི་ཁྲི600ལྷག་གིས་བོད་སྐད་དང་། ཡང་ན་བོད་འབར་སྐད་ཁག་གི་སྐད་རིགས་གཞན་པ་བེད་སྤྱོད་བཞིན་ཡོད། །
    མཚམས་སྦྱོར་མདོར་བསྡུས།
    བོད་འབར་སྐད་ཁག་གི་ཁྱབ་རྒྱ་ཆེ་བ་མ་ཟད། སྐད་རིགས་མང་ཞིང་ཕན་ཚུན་བར་ཁྱད་པར་ཆེ་བས། བོད་འབར་སྐད་ཁག་ལ་དུས་ཡུན་ཧ་ཆང་རིང་བའི་ལོ་རྒྱུས་ཡོད་པ་མཚོན། སྐད་ཁག་དེའི་ལོ་རྒྱུས་ཀྱི་དུས་ཡུན་ཕྱོགས་ནས་ཧིན་ཡོ་སྐད་རྒྱུད་དང་གཅིག་མཚུངས་ཀྱི་གོ་གནས་ཡོད་པ་རེད། བོད་འབར་སྐད་ཁག་ཏུ་སྡོམ་པའི་སྐད་རིགས་ཀྱི་གྲངས་ཚད་ཅི་འདྲ་ཡོད་པའི་ཕྱོགས་ནས།ད་ལྟའི་སྐད་རིགས་དབྱེ་འབྱེད་མ་ལག་ཆ་ཚང་མིན་པ་དང་།དེང་རབས་སྐད་རིགས་ཞིབ་དཔྱོད་ཆ་ཚང་མིན་པ་བཅས་ཀྱི་རྐྱེད་གྱིས།གཏན་བཅད་ཀྱི་གྲངས་ཚད་བྱུང་མེད། །
    བོད་འབར་སྐད་ཁག་གི་སྐད་རིགས་མང་ཆེ་བར་ཡི་གེ་མེད་པ་དང། དུས་ཡུན་རིང་པོའི་ཡིག་རྒྱུན་ཡོད་པའི་སྐད་རིགས་ལ་བོད་སྐད་དང་འབར་མའི་སྐད། མི་ཉག་སྐད། རོང(ལེ་ཕུ་ཚ)སྐད།དབྱིས་སྐད་བཅས་ཡོད། བོད་ཡིག་ནི་དུས་རབས་བདུན་པར་ཧིན་རྡུའི་ལེགས་སྦྱར་ཡི་གེར་བརྟེན་ནས་གསར་བཏོད་མཛད་པ་ཡིན་ལ། རྒྱ་བོད་སྐད་རྒྱུད་ཀྱི་ཆེས་སྔ་ཞིང་ཆེས་ཚགས་དམ་པའི་སྒྲ་སྦྱོར་ཡིག་རིགས་ཡིན། རྒྱ་བོད་སྐད་རྒྱུད་ལ་རྒྱུས་ལོན་གསལ་བོར་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། །
    བོད་འབར་སྐད་ཁག་ཅེས་པའི་བརྡ་ཆད་ཀྱི་ལོ་རྒྱུས་མདོར་བསྡུས།
    ཧ་ལམ་1850ལོའི་ཡས་མས་སུ། བརྡ་སྤྲོད་རིག་པའི་མཁས་པས་བོད་ཡིག(དུས་རབས་བདུན་པར་དར་བ)དང་འབར་ཡིག(དུས་རབས་བཅུ་གཉིས་དར་བ)གི་ཡིག་ཚགས་ཀྱི་ཞིབ་འཇུག་རྒྱུད་རིམ་དུ། སྐད་རིགས་དེ་གཉིས་ལ་ཚད་ངེས་ཅན་ཕྱོགས་ནས་འབྲེལ་བ་དམ་པོ་ཡོད་པ་ངོས་བཟུང་པ་དང་། དེ་ནས་བཟུང་། དབྱིན་ཇིའི་མཁས་པ་དང་དབྱིན་ཇིས་ཧིན་རྡུ་དང་འབར་མར་མངག་པའི་མི་སེར་སྤེལ་ཡུལ་གྱི་དཔོན་རིགས་ལ་སོགས་པས་ཀྱང་། མ་ལག་ལྡན་པའི་ཞིབ་འཇུག་བྱེད་ཐབས་ལ་བརྟེན་ནས། ས་ཁུལ་དེ་དག་གི་ཕྱི་རོལ་པར་གསང་བར་ལུས་པའི“ཚོ་ཁག”(tribal)དུ་མའི་སྐད་རིགས་ལ་བརྟག་དཔྱོད་དང་ཡི་གེར་བཀོད། དེར་བསྟུན་ནས་ས་ཁུལ་དེ་དག་གི་ཚོ་ཁག་གི་སྐད་རིགས་དང་། བོད་སྐད་དང་འབར་སྐད་སོགས་ཡིག་སྲོལ་ཡོད་པའི་སྐད་རིགས་བར་དུ་ཉེ་རྒྱུད་ཀྱི་འབྲེལ་བ་ཡོད་པ་ངོས་བཟུང་། ཞིབ་འཇུག་དེ་དག་གི་ནང་། ཇོ་ཇི་ཀི་རེ་སོན་གྱིGeorge Abraham Grierson《ཧིན་རྡུ་སྐད་རིགས་ཀྱི་བརྡ་སྤྲོད་རིག་པའི་བརྟག་དཔྱོད》(Linguistic Survey of India)(1903-1928)ཅེས་པའི་བརྩམས་ཆོས་བྱུང་ཞིང་། དེའི་དེབ་གསུམ་དུ་བོད་འབར་སྐད་རིགས་སྐོར་ཞིབ་མོར་བཀོད་ཡོད་ལ། བརྡ་རིགས་མཁས་པ་མང་ཤས་ལྟ་ན། བརྩམས་ཆོས་དེ་དུས་སྐབས་དེའི་བོད་འབར་སྐད་རིགས་ཞིབ་འཇུག་ཕྱོགས་ནས་ཆེས་མཐོ་བའི་ཆུ་ཚད་ལ་སླེབས་ཡོད་པ་རེད། །
    དེ་ནས་མཁས་པ་འགའ་ཤས་ཀྱིས་བོད་སྐད་དང་རྒྱ་སྐད་གཉིས་བར་ཉེ་རྒྱུད་འབྲེལ་བ་ཡོད་མེད་ཕྱོགས་ནས་ཞིབ་འཇུག་བྱས་མོད། འོན་ཀྱང་འབྲེལ་ཡོད་དངོས་དཔང་ཉུང་བ་དང་། མཁས་པ་ཚོས་གནའ་བོའི་བོད་འབར་སྐད་རིགས་སླར་བཞེངས་བྱེད་མ་ཐུབ་པས། གཏན་ཚིགས་ཀྱིས་སྒྲུབ་ཐུབ་པའི་སྡོམ་ཚིག་འཇོག་མ་ཐུབ། 1930ལོར་ཨ་མེ་རི་ཁའི་མཁས་པ་རོ་པོ་ཐི་ཧྲེར་ཧྥུརRobert Shaferལ། པེ་ནེ་ཏི་ཁི་ཐི Paul K. Benedict ཡིས་རོགས་སྐྱོར་བྱས་ཏེ། ས་ཁུལ་དེ་དག་གི་མི་སེར་སྤེལ་ཡུལ་གྱི་དཔོན་རིགས་དང་ཆོས་ལུགས་སྤེལ་མཁན་ཚོས་བསྒྲིགས་པའི་མིང་མཛོད་དང་སྐད་རིགས་ཞིབ་འཇུག་ཡིག་ཆ་རྨང་གཞི་བྱས་ནས། ཐེངས་དང་པོར་བོད་འབར་སྐད་ཁག་གི་སྐད་རིགས་སུ་བགྲངས་པའི་སྐད་རིགས་ལ་ཞིབ་ཆ་ལྡན་ཞིང་མ་ལག་ཚང་བའི་སྒོ་ནས་ཞིབ་འཇུག་བྱས། དེར་བརྟེན་ནས་སྐད་རིགས་དེ་དག་བར་གྱི་ཉེ་རྒྱུད་འབྲེལ་བའི་ཕྱོགས་ནས་ཀྱང་ངོས་འཛིན་གསལ་བོ་ཡོད་པར་གྱུར། སྐབས་དེའི་ཞིབ་འཇུག་གྲུབ་འབྲས་ཕྱོགས་ནས།《 རྒྱ་བོད་བརྡ་སྤྲོད་རིག་པ》(Sino-Tibetan Linguistics)ཞེས་པའི་དེབ་གསུམ་ཅན་གྱི་ཞིབ་འཇུག་བརྩམས་ཆོས་ཡོད་པར་གྱུར། །
    1966ལོར་ཧྲེར་ཧྥུར་གྱི་བརྩམས་ཆོས་པར་དུ་བསྐྲུན། བརྩམས་ཆོས་དེའི་མིང་ལ《རྒྱ་བོད་སྐད་རིགས་མཚམས་སྦྱོར》(Introduction to Sino-Tibetan)ཟེར། བརྩམས་ཆོས་དེའི་ནང་དུ། ཐའེ་སྐད་རྒྱ་བོད་སྐད་རྒྱུད་དུ་བཀོད་པ་མ་ཟད། བོད་འབར་སྐད་ཁག་གི་སྐད་རིགས་སོ་སོའི་བར་གྱི་འབྲེལ་བ་དང་རིགས་འབྱེད་གསལ་བོ་བྱས། སྐད་རིགས་རིགས་འབྱེད་མ་ལག་དེར་བལྟས་མ་ཐག་ལུགས་མཐུན་ཡིན་པའི་ཚོར་བ་ཡོད་སྲིད་ནའང་། སྐད་རིགས་འགའ་ཤས་ཀྱི་གདོད་མའི་རྒྱུ་ཆ་ཉུང་བས། རིགས་འབྱེད་དེར་ཡང་གནད་དོན་མི་ཉུང་བ་ཞིག་ཡོད། །
    དཔྱད་གཞི་རྒྱུ་ཆ་གཅིག་མཚུངས་ཡིན་ན་ཡང་། པེན་ནེ་ཏི་ཁི་ཐི་ལ་ཧྲེར་ཧྥུར་དང་གཅིག་མཚུངས་མིན་པའི་ལྟ་བ་བྱུང་ཡོད། ཁོང་གིས1972ལོར་པར་དུ་བསྐྲུན་པའི《རྒྱ་བོད་སྐད་རིགས་སྤྱི་བཤད》(Sino-Tibetan: A Conspectus) (བརྩམས་ཆོས་དེ1941ལོའི་ཡས་མས་སུ་བརྩམས།)དུ། ཕྱོགས་གཅིག་ནས་ཐའེ་སྐད་དེ་རྒྱ་བོད་སྐད་རྒྱུད་དུ་བཞག་མེད་པ་དང་། ཕྱོགས་གཞན་ནས་འབར་མ་བྱང་ཕྱོགས་ཀྱི་ཁ་ཆིན་སྐད(Kachin)དེ་བོད་འབར་སྐད་རིགས་གཞན་པའི“ཁྱབ་མཆེད་ལྟེ་བ”ལ་ངོས་བཟུང་ཞིང་། ཁ་རེན་སྐད་དེ་སྐད་རིགས་ཁྱབ་མཆེད་ལྟེ་བ་དེར་མི་གཏོགས་པར་ངོས་འཛིན་བྱས་ཡོད། པེན་ནེ་ཏི་ཁི་ཐིའི་བརྩམས་ཆོས་དེར་ཐག་གཅོག་བྱེད་དཀའ་བའི་གནད་དོན་མི་ཉུང་བ་ཞིག་ཡོད་ན་ཡང་། མིག་སྔའི་བརྡ་སྤྲོད་རིག་པའི་མཁན་པོ་མང་ཤས་ལྟ་ན།《རྒྱ་བོད་སྐད་རིགས་སྤྱི་བཤད》པར་དུ་བསྐྲུན་པ་ནས་བཟུང་། རྒྱ་བོད་སྐད་རྒྱུད་ཀྱི་ཞིབ་འཇུག་ཕྱོགས་ནས་དུས་རབས་གསར་བ་ཞིག་གི་འགོ་བརྩམས་པ་མ་ཟད། བོད་འབར་སྐད་ཁག་གི་རིགས་འབྱེད་ལ་བརྟེན་ནས་དེའི་ཕྱོགས་ཀྱི་ཞིབ་འཇུག་ལ་ཡིད་ཆེས་ཡོད་རུང་པའི་རིག་པའི་གཞུང་ལུགས་ཀྱི་ཚོད་དཔག་གལ་ཆེན་ཡོད་པར་གྱུར། །
    བོད་འབར་སྐད་ཁག་གི་རིགས་འབྱེད་མ་ལག
    《རིགས་རྒྱུད་རིག་པ་སྟེ་འཛམ་གླིང་གི་སྐད་རིགས》(2005)སུ། བོད་འབར་སྐད་ཁག་ལ་ད་དུང་ཧི་མ་ལ་ཡ་སྐད་ཚན་དང་ཅིང་ཕོ་སྐད་ཚན། ཁི་ལོན་སྐད་ཚན། ཁུ་ཁི་ཆིན་ན་ག་སྐད་ཚན། འབར་མའི་སྐད་ཚན། མན་ཉི་ཕིར་སྐད་ཚན། མི་ཁིར་སྐད་ཚན། ཨ་ས་མིར་བྱང་ཕྱོགས་སྐད་ཚན། ནུའུ་སྐད་ཚན། འཇང་སྐད་ཚན། ཐུའུ་ཅ་སྐད་ཚན། པའེ་སྐད་ཚན། མི་རུ་སྐད་ཚན་བཅས་སྐད་ཚན་བཅུ་གསུམ་དུ་འབྱེད་ཡོད་པ་དང་། སྐད་ཚན་དེ་དག་ལས་ཧི་མ་ལ་ཡའི་སྐད་ཚན་གྱི་སྐད་རིགས་གྲངས་ཀ་ཆེས་མང་ཤས་ཡིན་ལ། དེར་སྐད་རིགས145 གཏོགས།
    བོད་འབར་སྐད་ཁག(389)
    པའེ་སྐད། (3)
    ལྷོ་ཕྱོགས་ཁ་སྐད ། ཏ་ལི་སྐད།(bfs)
    དབུས་ཁུལ་ཁ་སྐད།མེན་ཅ་སྐད། ཅེན་ཁྲོན་སྐད།(bca)
    བྱང་ཕྱོགས་ཁ་སྐད།པེ་ཅང་གཙང་བོའི་པའེ་སྐད།(bfc)
    ཧི་མ་ལ་ཡ་སྐད་ཚནHimalayish (145)
    མ་ཧ་ཁི་རན་ཐེ་སྐད་ཚོགས།Mahakiranti (51)
    བོད་ཁ་ནའོ་རི་སྐད་ཚོགས།Tibeto-Kanauri (93)
    ལེ་ཆ་སྐད། Lepcha (1)
    བོད་སྐད་ཚན། Tibetic (71)
    བྷོ་ཏི་སྐད།Bodish (1)
    རྟ་མང་སྐད། Tamangic (15)
    བོད་སྐད། Tibetan (53)
    ཧི་མ་ལ་ཡ་སྐད་ཚོགས།
    ཅིང་ཕོ་ཁོན་ཡ་བྷོ་དོ་སྐད་ཚན།Jingpho-Konyak-Bodo (25)
    ཅིང་ཕོ་སྐད། (3)
    ལུའི་སྐད། Luish (1)
    ཁོན་ཡ་བྷོ་དོ་གྷ་རོ་སྐད། Konyak-Bodo-Garo (21)
    བྷོ་དོ་གྷ་རོ་སྐད། Bodo-Garo (13)
    ཁོན་ཡ་སྐད། Konyak (8)
    ཁ་རེན་སྐད་ཚན། Karen (20)
    ཕ་ཨོ་སྐད། Pa’o (1)
    ཕ་ཝོ་སྐད། Pwo (4)
    ས་ཀོ་པའི་སྐད། Sgaw-Bghai (14)
    པུ་ཧི་སྐད། Bghai (5)
    པུ་རེག་སྐད། Brek (1)
    ཁ་ཡ་སྐད། Kayah (5)
    ས་ཀོ་སྐད། Sgaw (3)
    ཁུ་ཁི་ཆིན་ན་གྷ་སྐད། Kuki-Chin-Naga (74)
    ཁུ་ཁི་ཆིན་སྐད། Kuki-Chin (49)
    དབུས་ཁུལ་སྐད་ཚན། (10)
    བྱང་ཕྱོགས་སྐད་ཚན། (26)
    ལྷོ་ཕྱོགས་སྐད་ཚན། (13)
    ན་གྷ་སྐད། Naga (25)
    ཨན་ཁ་མི་ཕོ་ཁྲི་རི་སྐད། Angami-Pochuri (9)
    ཨོ་སྐད།Ao (4)
    ཐང་ཁུལ་སྐད།Tangkhul (3)
    བཟེ་མེ་སྐད། Zeme (8)
    ལོ་ལོ་འབར་མ་སྐད་ཚན། རྒྱ་ཡིག་ཏུ་འབར་དབྱིས་སྐད་ཚན་ཟེར། Lolo-Burmese (73)
    འབར་མའི་སྐད་ཚོགས། Burmish (14)
    བྱང་ཕྱོགས་སྐད་ཚན(6)
    ལྷོ་ཕྱོགས་སྐད་ཚན།(7)
    ལོ་ལོ་སྐད་ཚོགས། རྒྱ་ཡིག་ཏུ་དབྱིས་ཚོགསཟེར། Loloish (57)
    བྱང་ཕྱོགས་སྐད་ཚན། (27)
    ལི་སུའུ་སྐད་ཚོགས། Lisu (2)
    ལི་སུའུ་སྐད། (lis)
    ལི་ཕོ་སྐད། (lpo)
    ས་མེ་སྐད། Samei (smh)
    དབྱིས་སྐད། Yi (24)
    ལྷོ་ཕྱོགས་སྐད་ཚན། (19)
    འཇང་སྐད། (nbf) (1)
    མའེ་ཐའེ་སྐད། Meitei (1)
    མན་ཇི་ཕུར་སྐད། (mni)
    མི་ཁིར་སྐད། (2)
    ཨམ་རི་སྐད། Amri (ajz)
    ཁར་པི་སྐད། Karbi (mjw)
    ཨ་ས་མིའི་བྱང་ཕྱོགས་སྐད་ཚན། North Assam (13)
    ནུའུ་སྐད་ཚན། Nungish (5)
    ལྡོང་འཇང་སྐད་ཚན། Tangut-Qiang (15)
    འཇང་སྐད་ཚོགས།(Qiangic) (11)
    རྒྱ་རོང་སྐད།(rGyarong) (4)
    ཐུའུ་ཅ་སྐད། (2)
    བྱང་ཕྱོགས་ཐུའུ་ཅ་སྐད། (tji)
    ལྷོ་ཕྱོགས་ཐུའུ་ཅ་སྐད། (tjs)
    ནུབ་ཕྱོགས་བྷོ་ཏི་སྐད། West Bodish (1)
    ཏུ་ར་སྐད། Dura (drq)
    མ་རོ་སྐད། (mro) (1)
    ཡིག་ཆའི་ཡོང་ཁུངས་ནི《རིགས་རྒྱུད་རིག་པ་སྟེ་འཛམ་གླིང་གི་སྐད་རིགས》(2005)། Ethnologue: Languages of the World (2005)
    གསལ་བཤད། གོར་རྟགས་ནང་གི་གྲངས་ཀ་ནི་སྐད་ཚན་དེར་གཏོགས་པའི་སྐད་རིགས་ཀྱི་གྲངས་ཀ་ཡིན།
    ཟུར་ལྟའི་ཡིག་ཆ།

    Benedict, Paul K. 1972. Sino-Tibetan: A Conspectus. New York: Cambridge University Press.
    Ethnologue: Languages of the World. 2005. Language Family Trees: Sino-Tibetan, Tibeto-Burman [online]. Dallas, Tex.: Ethnologue: Languages of the World, [cited 2 February 2005]. Available from World Wide Web: [1].
    Grierson, Sir George Abraham. 1903-1928. Linguistic Survey of India. Calcutta : Office of the Superintendent of Government Printing, India.
    Shafer, Robert. 1966. Introduction to Sino-Tibetan. Wiesbaden: Otto Harrassowitz.
    STEDT, Department of Linguistics, University of California. nd. Description of the Sino-Tibetan Language Family [online]. Berkeley: STEDT, Department of Linguistics, University of California, [cited 21 November 2004]. Available from World Wide Web: [2].

  17. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 2:24 pm

    བོད་ཡིག་གི་རྣམ་དབྱེ་བདུན་རྒྱ་གར་སྐད་ལ་དཔེ་བལྟས་ནས་གཏན་འབེབས་བྱས་པ་འདྲ་འདུག་ཀྱང་། ཐོན་མིས། ཡིག་གཟུགས་ཀ་སོགས་དང་། ཙ་ཚ་ཛ་ཝ་ཞ་ཟ་འ་སོགས་དང་། ར་མགོ་ལ་མགོ་ལ་མགོ་ས་མགོ དང་། ཡ་ཏག་ར་ཏག་ལ་ཏག་དང་། སྔོན་འཇུག རྗེ་འཇུག ཡང་འཇུག ཕྲད་མང་པོ་དེ་ཚོ་གང་ནས་བྱུང་དང་། གང་ལ་དཔེ་བྱས་པ་ཡིན་ནམ། ལགས།

  18. རྭ་རྒྱ་བློ་དབང་། says:
    2014-02-08 at 2:34 pm

    རྒྱ་དང་བོད་འབར་མ་གསུམ་གྱི་སྐད་རྒྱུད་གཅིག་པ་མ་ཟད། དེ་གསུམ་གྱི་ཁྱབ་ཁོངས་སུ་བསྡུ་ཐུབ་པའི་སྐད་རིགས་ཀྱང་ཧ་ཅང་མང་པོ་ཞིག་ཡོད་པ་བདེན་པ་རེད། སྐད་རྒྱུད་གཅིག་པ་དེས་ཐོག་མའི་མཆེད་ཁུངས་ཀྱང་ཚད་ངེས་ཅན་ཞིག་གི་ཐད་ནས་གཅིག་གྱུར་ཡིན་པ་མཚོན་ཞིང་། གང་ནས་སུ་མཆེད་མིན་ཏེ་བཤད་དཀའ་སྟེ། འབར་མ་ནས་བོད་མཆེད་ཡོད་སྲིད་ལ། བོད་ནས་རྒྱ་མཆེད་ཡོད་ཀྱང་སྲིད། གང་ལྟར་ཆེས་གནའ་བོའི་དུས་ཤིག་ལ་ཨེ་ཤ་ཡ་ཤར་ཕྱོགས་ཀྱི་མི་རིགས་འདི་དག་གིས་སྐད་ཆ་གཅིག་བཤད་ཀྱི་ཡོད་པ་བདེན་དཔང་བྱེད་ཐུབ་པ་ལས། བཤད་རྒྱུའི་སྐད་ཆ་དེ་བོད་སྐད་ཡིན་ནམ་ཡང་ན་འབར་སྐད་ཡིན་ད་དུང་ཡང་ཐག་གཅོད་དཀའ་བ་ཞིག་ཡིན། དེར་མ་ཟད། དུས་པྱིས་སུ་དར་བའི་བོད་ཀྱི་བཀའ་བསྟན་འགྱུར་གྱིས་མཚོན་པའི་རིག་གནས་དང་། རྒྱ་ནག་གི་ཏོ་ཅོ་དང་བོད་ཀྱི་བོན་ཆོས་སོགས་ཀྱང་སུ་སྔ་སུ་བདེན་སྐད་རིགས་ཀྱི་མཆེད་ཁུངས་འདིའི་ནང་དྲངས་དགོས་དོན་མེད་པ་ཞིག་རེད། ད་དུང་ཤེས་དགོས་པ་ཞིག་ལ། ལེགས་སྦྱར་དང་པ་ལི་ནས་བྱུང་བའི་བཀའ་བསྟན་འགྱུར་ལ་མཚོན་ན་སྒྱུར་མཁན་དང་། བསྒྱུར་དུས་ལ་སོགས་པ་ཧ་ཅང་གསལ་བའི་ངང་ཡིག་ལམ་དུ་འཁོད་པ་མ་ཟད། མང་པོ་ཞིག་གི་བསྒྱུར་གཞི་ནི་ད་དུང་ཡང་རྒྱ་གར་སྐད་ཡིག་ཐོག་ཏུ་འཚོལ་ཐུབ་པས་འདི་དག་གི་གནའ་རབས་ཀྱི་ཨེ་ཤ་ཡ་ཤར་མ་དང་། ཡང་ན་བོད་དང་འབར་མ་སོགས་སུ་གཏུགས་འདོད་པ་ནི་བླུན་བཤད་ལས་མི་འདུག ད་དུང་འབར་མའི་ཡིག་གཟུགས་རྒྱ་གར་ལྷོ་ཕྱོགས་ནས་མཆེད་པ་དང་། བོད་ཡིག་རྒྱ་གར་དབུས་ནས་མཆེད་པ་ནི་བལྟས་ཙམ་གྱིས་ལྐུགས་པ་འདྲ་མིན་ན་གསལ་བོར་ཤེས་ངེས་པ་ཞིག་རེད། ཡིག་གཟུགས་རྒྱ་གར་ལ་དཔེ་བླངས་པའི་སྐད་གཤིས་ན་རྒྱ་གར་སྐད་ཀྱི་ཤན་ཤུགས་ཡོད་དགོས་པར་འདོད་པ་ནི་སྤྱིར་བཏང་ནས་ཆེས་དགོད་བྲོ་ཞིག་རེད་མོད། འོན་ཀྱང་། བོད་སྐད་ལ་རྒྱ་གར་སྐད་ཀྱི་ཐ་སྙད་ཧ་ཅང་མང་ལ། བསྟན་བཅོས་སུ་ཕར་ཟད། ཐ་ན་དམངས་ཁྲོད་དུ་རྒྱུན་འབྱམས་ལ་སོང་བའི་ཐ་སྙད་ཀྱང་གྲངས་ལས་འདས་ཏེ་དཔེར་མཚོན་ནི་ཀ་ར། སྟུ་ལ་སོགས་སོ། །

  19. རྭ་རྒྱ་བློ་དབང་། says:
    2014-02-08 at 2:40 pm

    ངས་བཏབ་པའི་མཆན་ཁ་ཤས་འགྲོ་གི་མི་འདུག དེ་ག་རེ་ཡིན་ནམ།

  20. རྭ་རྒྱ་བློ་དབང་། says:
    2014-02-08 at 2:43 pm

    བོད་དང་འབར་མའི་སྐད་ཙམ་མ་ཟད། ཨེ་ཤ་ཡ་ཤར་ཕྱོགས་ཀྱི་སྐད་རིགས་ཆེས་མང་པོ་ཞིག་འདིའི་ཁོངས་སུ་གཏོགས་པ་དང་། འདི་ལ་རྒྱ་ནག་དང་བོད་ཀྱི་སྐད་ཁྱིམ་མམ་ཡང་ན་བོད་དང་འབར་མའི་སྐད་ཁྱིམ་ཀྱང་ཟེར། དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ནང་འདིའི་སྐོར་བཀོད་ཡོད་མོད། དེ་ཙམ་གསལ་བོ་མ་རེད། རྒྱ་ནག་དམངས་ཁྲོད་དུ་སྐད་རིགས་མང་པོ་ཞིག་ཡོད་པ་དང་། སྐད་རིགས་ཆེན་པོའི་གྲས་སུ་ཁི་ཅ་སྐད་དང་། ཐེ་ཡས་སྐད། ཀྲི་ཅང་སྐད། ཧྲན་ཏུང་སྐད་སོགས་ཡོད་པ་དག་གི་ཁྲོད་དུ་བོད་སྐད་ཀྱི་བརྡ་རྙིང་དང་གཅིག་མཚུངས་སུ་སོང་བའི་བརྡ་ཆད་དང་བརྗོད་ལུགས་ཆེས་མང་པོ་འདྲེས་ཡོད་པ་རེད། མ་ཟད་དེང་སྐབས་རྒྱ་གར་ཤར་ཕྱོགས་ཀྱི་ཨ་སམ་གྱི་རི་རྒྱུད་བརྒྱུད་དེ་ཐེ་ལན་ཌི་དང་། འབར་མ་སོགས་ཀྱི་མི་རྒྱུད་དང་སྐད་ཀྱི་བརྒྱུད་ཁོངས་ཀྱང་བོད་དང་གཅིག་མཚུངས་སུ་འདོད་ཀྱི་ཡོད་པ་རེད། འདི་ལ་མི་རྒྱུད་རིག་པ་དང་། སྐད་བརྡ་རིག་པ་སོགས་ཕྱོགས་མང་པོ་ནས་བརྟགས་དཔྱད་བགྱིས་པའི་གྲུབ་དོན་ཞིག་རེད། འོན་ཀྱང་། རང་ཅག་གི་ནང་དུ་ད་དུང་འདི་དག་ལ་དཔྱད་པ་གཏོང་མཁན་མེད་པའི་ཚོད་དུ་འདུག ལོང་བྱུང་ན་དྲ་ཐོག་འདིར་དེའི་སྐོར་གྱི་བསམ་ཚུལ་ཐུང་ངུ་ཞིག་འབུལ་ངེས་ཡིན།
    http://en.wikipedia.org/wiki/Sino-Tibetan_languages
    http://www.krysstal.com/langfams_sinotibe.html
    http://aboutworldlanguages.com/sino-tibetan-language-family

    འདི་དག་ནི་འདིའི་སྐོར་གྱི་དཔེ་སྟོན་ཙམ་རེད།
    མཆན་འདི་ཆེས་ཐོག་མར་བཏབ་ཀྱང་སོང་མི་འདུག

  21. རྭ་རྒྱ་བློ་དབང་། says:
    2014-02-08 at 3:27 pm

    བོད་དང་ཁྲག་རྒྱུད་གཅིག་པའམ་བོད་སྐད་དང་སྐད་རྒྱུད་གཅིག་པ་མཐའ་དག་བོད་ནས་མཆེད་མི་དགོས་པར་བོད་དང་བོད་ཀྱི་སྐད་ཀྱང་གཞན་ཞིག་ནས་མཆེད་མི་ཆོག་པ་མེད་པ་དེ་སེམས་ལ་ཟུངས།

  22. དམ་ཆོས་བསམ་འཕེལ། says:
    2014-02-08 at 3:41 pm

    སྐད་བརྡ་ལ་བརྟེན་ནས་སྐད་ཡིག་བྱུང་བས་བོད་ཀྱི་སྐད་བརྡ་ནི་རྒྱ་ཡི་སྐད་བརྡ་ལས་ཀྱང་སྔ་བར་འདོད་ཀི

  23. ཀརྡོ་གཉེར་ཕྱག་པ་ says:
    2014-02-08 at 3:41 pm

    ཙ་ཚ་ཛ་ཞ་ཟ་འ་རྣམས་ལ་ཙ་ལག་ཡོད་པའི་ཡི་གེའི་གཟུགས་དང་། སྒྲ་གདངས་ཇི་མ་ཇི་བཞིན་ཡོད་པའི་ཡུལ་གཞན་ཅིག་ད་བར་ཕལ་ཆེར་མཐོང་ཐོས་མ་བྱུང་བས། དེའི་ཁུངས་ཅིག་རྙེད་ཐུབ་པའི་རེ་བ་ཅིག་འདུག་སྙམ་ལགས།

  24. ཡེ་ཤེས་རྡོ་རྗེ། says:
    2014-02-08 at 3:55 pm

    ང་ལའང་དྲི་བ་ཞིག་ཡོད།
    སྐད་རྒྱུད་གཅིག་ཟེར་ན་ག་རེ་རེད།
    སྐད་ཡིག་གཉིས་ཐག་ཉེ་ཤོས་ལ་ཟེར་རམ། 
    དེས་ན་ཐག་ཉེ་ཤོས་ཟེར་བ་དེ་ག་རེ་ལ་གོ་དགོས་སམ། སྒྲ་གདངས་ཐག་ཉེ་ཤོས་ཟེར་གྱི་ཡོད་དམ་ཡང་ན་ཡིག་གཟུགས་ཐག་ཉེ་ཤོས། ཡང་ན་དེ་གཉིས་ཀ།

    སྐད་དེ་གཉིས་ཀྱི་འབྲེལ་བ་སྟོན་པའི་ཚིག་ལ་གོང་དུ།
    སྐད་རྒྱུད།
    སྐད་ཁྱིམ།
    སྐད་ཁག
    སྐད་རིགས་ཞེས་སོགས་མང་དུ་འབྱུང་ཞིང་། དེ་ལས་ཀྱང་གལ་ཆེ་བ་གཅིག་ནི་སྐད་དེ་གཉིས་ཀྱི་འབྲེལ་བ་བཤད་པར། ང་ཚོའི་ཁྲོད་དུ་འབར་སྐད་བཤད་མཁན་ནི་ཧ་ལམ་མེད་ཚོད་དུ་སྣང་།
    དེ་ལས། རྒྱ་སྐད་དང་བོད་སྐད་གཉིས་འབྲེལ་བ་ཆེ་རབས་བཤད་མཁན་འདུག་པས། རྒྱ་བོད་གཉིས་ཀའི་སྐད་ལ་རྒྱུས་མངའ་ཡོད་མཁན་ཚོས་དེ་གཉིས་ཀྱི་འབྲེལ་བར་ཅིག་དཔྱོད་དང་།

  25. རྭ་རྒྱ་བློ་དབང་། says:
    2014-02-08 at 3:57 pm

    དམ་ཆོས་བསམ་འཕེལ་ལགས། སྐད་སྔོན་དང་ཡི་གེ་རྗེས་ནས་བྱུང་བ་སྐད་རིགས་ཚང་མ་རེད། རྒྱུ་མཚན་དེས་བོད་སྐད་སྔ་བར་སྒྲུབ་མི་ཐུབ། བོད་ཡོད་པ་ནས་བོད་སྐད་ཡོད་པས་ཁྱབ་སྟབས་བོད་རྒྱ་གཉིས་སུ་སྔ་ཤེས་དགོས་པ་རེད། པེ་ཅིང་སྤྲ་མིའི་འགྱུར་རྡོ་ལ་བརྟེན་ནས་ད་ལྟའི་རྒྱ་ཡུལ་དུ་མི་བྱུང་བའི་ལོ་རྒྱུས་ཧ་ཅང་རིང་བར་སྒྲུབ་ཀྱི་ཡིད་རེད། བོད་ཡུལ་ལ་པེ་ཅིང་སྤྲ་མི་ལས་སྔ་བའི་དཔང་རྟགས་དེ་སྔ་ཐོན་མེད་པ་འདྲ། ཚང་སྒྲུབ་བཞིན་པ་ནི་མཚོ་ནང་ནས་ས་སྒང་ཐོན་རིམ་བཞིན་སྐམ་ས་ནས་མིའི་རིགས་ཐོག་མར་བྱུང་བར་འདོད་པའི་རིགས་ལམ་གཅིག་བུ་ནི་བོད་སྔ་བའི་རྒྱབ་རྟེན་རེད། འོན་ཀྱང་འདི་ལ་ད་དུང་མཐིལ་ཕྱིན་པའི་དཔྱད་པ་ཐོན་ཡོད་པ་མ་རེད

  26. རྭ་རྒྱ་བློ་དབང་། says:
    2014-02-08 at 4:00 pm

    ཙ་ཚ་ཛ་སོགས་ཀྱིནགདངས་ཡོད་པའི་མི་རིགས་ཡོད་རེད། སོག་པོ་གཅིག་རེད། ད་དུང་ཡོད་རྒྱུ་རེད།

  27. རྭ་རྒྱ་བློ་དབང་། says:
    2014-02-08 at 4:22 pm

    མི་ལ་མི་རྒྱུད་ཡོད་པ་ལྟར་རེད། མི་རྒྱུད་གཅིག་ནས་མཆེད་ན་ཐོག་མ་ཞིག་ལ་ཕ་མ་གཅིག་ལས་མཆེད་དགོས་པ་ལྟར་སྐད་རིགས་ཀྱང་དེ་ལྟར་དབྱེ་བ་དགར་གྱི་ཡོད་རེད། ཆེས་སྔ་བའི་ཐ་སྙད་དེ་གྲངས་ཚིག་དང་། མིའི་ཡན་ལག་གི་མིང་། ས་ཆུ་མེ་ནམ་མཁའ་སོགས་ཀྱི་མིང་གི་ནང་འདྲ་མཚུངས་སྒྲ་འདྲ་བ་མང་ན་དེས་ཐོག་མའི་སྐད་རིགས་གཅིག་ཡིན་པའི་རྟགས་སྟོན་གྱི་ཡོད་པར་འདོད་པ་རེད། ད་དུང་སྒྲ་གདངས་མང་ཉུང་དང་དམ་ལྷོད་སོགས་ཕྱོགས་མང་པོར་ལྟ་གི་ཡོད་རེད། བརྟགས་དཔྱད་འདི་བྱེད་སྐད་བརྡ་རིག་པ་ཟེར་བ་ཞིག་ཡོད་པ་རེད། དེ་ལ་མཁས་པ་ཚོས་ཉོག་རྫོབ་མང་པོ་འདི་བཟོས་པ་རེད།

  28. ཡེ་ཤེས་རྡོ་རྗེ། says:
    2014-02-08 at 4:44 pm

    གྲངས་ཚིག མིའི་ཡན་ལག་གི་མིང་། ས་ཆུ་ནམ་མཁའ་སོགས། ཧ་ཧ་ཧ།
    ཏག་ཏག་དེ་འདྲ་ཞིག་ཡིན་ས་རེད།
    རྒྱ་ནག་གི་ནཱན་ཁེ་སློབ་གྲྭ་ཆེན་མོར་སྐད་བརྡ་རིག་པའི་མཁས་མིང་འཛིན་མཁན་ཁམས་དཀར་མཛེས་ནས་ཡིན་པ་ཨ་ཚོགས་ཟེར་བ་ཞིག་ཡོད་པ་ལྟར་ན། བོད་སྐད་དང་རྒྱ་སྐད་གཉིས་ཀྱི་”སྐད་རྒྱུད”གཅིག་ཡིན་པ་ནི། དཔེར་ན། མིའི་ཡན་ལག་ལས་མིག་ལ། 
    མིག་ – 目(mu) ཞེས་འདི་གཉིས་ཀྱི་མིང་གཞིའི་སྒྲ་ནི་ མ་/m རེད་ཟེར། 
    དེས་ན་ བོད་སྐད་དུ་ མིག་ལ་ མིག་རེད་དམ། མྱིག་རེད། ཡང་ན། སྤྱན་རེད། དེ་དག་ལས་སྔ་བ་གང་རེད། 
    ཡང་ན་འདི་ནི་ “མཁས་རྫོབ” རེད། ཚིག་སྙན་པོ་འདུག

  29. རྭ་རྒྱ་བློ་དབང་། says:
    2014-02-08 at 5:16 pm

    སྐད་བརྡ་རིག་པ་ལ་རིག་པ་དེའི་གནས་ལུགས་དང་དཔྱད་ཐབས་ཡོད་རེད། དེ་མི་ཤེས་མཁན་གྱིས་དེ་མི་འགྲིག་ལབ་ན་དེ་རྫོབ་ཅིག་ཡིན་པ་ཁོ་ཐག་རེད། མཁས་རྫོབ་མིན་ན་བླུན་རྫོབ་ཡིན་ངེས། ལར་ནས་མྱིག་མིག་ཏུ་བཅོས་པ་དེ་ཡང་སྤྱི་ཆོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ལ་ལྟོས་ནས་བཅོས་པ་ལས་མྱིག་གི་གདངས་དེ་བཙན་པོ་ཚོས་དབང་ཡོད་ཀྱིའ་མིག་ཏུ་བཅོས་པར་གོ་བ་བླངས་ན་གཏན་ནས་མི་འགྲིག་སྟེ། བཙན་པོ་ལོ་པན་ཚོས་ཅིའི་ཕྱིར་དེ་ལྟའི་དགོས་མེད་ཀྱིས་བྱ་བ་སྒྲུབ་དགོས་སོང་བ་རེད། དངོས་གནས་ཧ་ཧ་ཧ་རེད། འདང་ཡག་པོ་རྒྱོབས།

  30. ཡེ་ཤེས་རྡོ་རྗེ། says:
    2014-02-08 at 6:00 pm

    སྐད་བརྡ་རིག་པའི་གནས་ལུགས་དང་དཔྱད་ཐབས་ཤེས་རྒྱུ་ཕར་ཞོག་ཆ་རྒྱུས་ཙམ་ཡང་མེད། ངོ་མ་ཡིན། 
    ད་དུང་བོད་སྐད་དང་འབར་སྐད་ཀྱི་འབྲེལ་བ་ཡང་མི་ཤེས་ལ་ཤེས་འདོད་ཀྱང་མེད་པ་མ་ཟད། དགེ་ཆོས་ནི་འདིའི་ཁུངས་གཏུགས་ས་གལ་ཆེན་ཞིག་ཏུ་མི་མཐོང་།
    ཡིན་ནའང་ངས་ཤེས་འདོད་པ་ནི། 
    མིག – སྤྱན་ – མྱིག་ གསུམ་གྱི་འབྲེལ་བ་དེ་རེད། 
    དེ་ཡང་ཉ་ཉོག་མང་པོ་དང་མ་བསྲེས་པར་ཚིག་རང་སྟེང་ (etymology) ལ་གཞོལ་ན་བསམས། 

  31. ཡེ་ཤེས་རྡོ་རྗེ། says:
    2014-02-08 at 6:15 pm

    འདང་ནི་རྟག་པར་བརྒྱག་གི་ཡོད། ཡིན་ནའང་ཡག་པོར་བརྒྱག་གི་ཡོད་མེད་མི་ཤེས།
    ངས་དྲན་ཚུལ་གཞན་ཞིག་ཞུ།
    “ཅིའི་ཕྱིར” ཟེར་བ་འདིར།  ད་སྐབས་ཨམ་སྐད་དུ་ “ཆི་གཟིག་ག” དང་ ལྷ་སའི་སྐད་དུ་ “ག་རེ་བྱས་ནས” ཞེས་ཟེར་སྲོལ་ཞིག་ཡོད་པ་ལྟར། འདི་གཉིས་ལས་ཨམ་སྐད་ཀྱི་ “ཆི་གཟིག་ག” ཟེར་བ་དེ་
    རྒྱ་སྐད་ཀྱི་ “为什么,为何” དང་ཚིག་གི་འགྲོ་སྟངས་གཅིག་ཏུ་འབབ་པར་མཐོང་། འདང་རྒྱག་ས་གཙོ་བོ་ནི་ “ཆི་གཟིག་ག” ཞེས་པ་དེ་ལས་ “ག” ཡིན། “ག” ཡིག་འདིས་འདིར་ལ་དོན་ལས་དགོས་ཆེད་ཀྱི་ནུས་པ་འདོན་བཞིན་ཡོད་པ་ཞིག་ཏུ་མཐོང་། ཚིག་གི་གྲུབ་ཆའི་ཆ་ནས་བལྟས་པ་ཙམ་ཡིན།

  32. འཇིགས་མེད་ནུབ་པ་ says:
    2014-02-08 at 6:17 pm

    གནད་དོན་འདི་དང་འབྲེལ་བའི་སྐོར་ལ། ཨོ་སི་ཁྲི་ལིས་ཡའི(Australia)གཙུག་ལག་སློབ་ཆེན་(La Trobe University)ཡི་དགེ་རྒན་ཆེན་མོ་(David Bradley)དེས་ཞིབ་འཇུག་དཔྱད་རྩོམ་ཞིག་བྲིས་ཡོད་ཅིང་དེ་ཡི་ཁ་བྱང་ལ་(Standards, Writing and Speaking in Tibean and Other Tibeto-Burman Languages)ཟེར། གོང་དུ་འཚོ་བྱེད་བུ་ཡིས་ངོ་སྤྲོད་བྱས་བའི་དཔྱད་རྩོམ་དེ་དག་ཀྱང་ཀློགས་ཐུབ་ན་ཡག

    གཙོ་བོ་ཞིབ་འཇུག་དཔྱད་རྩོམ་ཁག་ལ་བལྟ་རོགས།

    གཞན། བོད་ལ་ཡོད་པ་དེ་བསམ་ཚུལ་ཡིན། རྫོགས་རྒྱུ་མེད་པའི་བསམ་ཚུལ་ཡིན།

  33. རྭ་རྒྱ་བློ་དབང་། says:
    2014-02-08 at 6:25 pm

    དྲང་མོར་བཤད་ན་ངས་ཀྱང་མི་ཤེས་མོད། བསམ་བློ་བཏང་ན་མིག་དང་མྱིག་གཉིས་ལ་དར་སྔ་ཕྱིའི་ཁྱད་པར་འཇོག་ཧ་ཅང་དཀའ་བར་འདོད། གནའ་སྔ་མོ་ཞིག་ནས་རེ་འགས་མྱིག་དང་རེ་འགས་མིག་ཟེར་གྱི་ཡོད་ཤག་རེད་སྙམ། ཡིག་ཐོག་གི་མྱིག་མིག་ལ་བསྒྱུར་བའང་མྱིག་གི་ཚབ་ཏུ་མིག་བཀོལ་མཁན་མང་པོ་ཞིག་ཡོད་པས་རེད་མ་གཏོགས། སྐབས་དེའི་རྒྱལ་བློན་ཚོར་དབང་ཇི་འདྲ་ཆེ་རུང་དམངས་ཁྲོད་མྱིག་ལ་མིག་ཟེར་མཁན་མེད་ན་དེ་ལྟར་སྒྱུར་ཐུབ་པ་ཞིག་མ་རེད་ལ། སྒྱུར་དགོས་དོན་ཀྱང་ཡོད་པ་མ་རེད། གོ་དོན་ཐད་ནས་མིག་ལ་ཨི་ཁུང་གི་གོ་དོན་ཡོད་པ་དང་། སྤྱན་ལ་མཐོང་བའི་གོ་དོན་ཡོད་འདུག་སྙམ། ཡུལ་གྱི་མིང་ཡིད་ཅན་ལ་ཐོགས་པ་དང་ཁྱད་གཞི་ཁྱད་ཆོས་ལ་སོགས་འདོད་རྒྱལ་རང་ཡིན་པས་གཏན་ཁེལ་བའི་སྒྲིག་ལམ་ཡོད་པར་མི་མཐོང་།

  34. ཡེ་ཤེས་རྡོ་རྗེ། says:
    2014-02-08 at 9:12 pm

    རེད་རེད། བོད་སྐད་དང་འབར་སྐད་གཉིས་མ་བསྡུར་གོང་ལ།
    རང་གི་སྐད་ལས། “མིག – མྱིག་” གཉིས་ཀྱི་གདངས་དང་གཟུགས་ཀྱི་སྐོར་ལ་ངེས་ཆ་ཞིབ་ཙམ་ཡོང་རྒྱུར་བགྲོ་གླེང་གནང་མཁན་ཡོད་ན་རྗེས་སུ་ཡི་རངས་ཞུ།

  35. ཡེ་ཤེས་རྡོ་རྗེ། says:
    2014-02-08 at 11:01 pm

    འབར་ཡིག་གི་གཟུགས།
    ျမန္မာအစုိးရအဖြဲ႕ အတြင္း ႏွစ္ဘက္ ကြဲေနေၾကာင္း HRW ေျပာၾကား
    ၿပီးခဲ့တဲ့ နွစ္နွစ္ခဲြအတြင္း ျမန္မာနိုုင္ငံ မွာ ျပဳျပင္ေျပာင္းလဲမႈေတြ အေတာ္မ်ားမ်ား ရိွခဲ့ေပမယ့္ အစိုုးရအဖဲြ႔ ထိပ္ပိုုင္းေခါင္းေဆာင္ေတြၾကားထဲ မွာ ျပဳျပင္ေျပာင္းလဲေရးကိုု တစိုုက္မတ္မတ္ႀကိဳးစားလိုု သူေတြနဲ႔ အရိွန္ေလ်ွာ့ခ်လိုုက္လိုု သူေတြဆိုုၿပီး ဘက္နွစ္ ဘက္ကဲြျပားေနတာ အထင္အရွားေတြ႔ ရိွခဲ့ရေၾကာင္း လူ႔အခြင့္အေရး ေစာင့္ၾကည့္ေလ့လာေရးအဖဲြ႕ Human Rights Watch (HRW) အဖဲြ႔က ဒီေန႔ ေျပာလိုုက္ပါတယ္။

  36. གནམ says:
    2014-02-09 at 12:46 am

    མྱིག་སྔོན་མ་རེད། མིག་བརྫ་མ་རེད། སྤྱན་མིག་གི་ཡང་བརྫ་ལ་རེད། འདི་ཙམ་ཤེས་ཡོད་པས། སྤོབས་པ་སྐྱེས་ནས། གད་མོ་དགད་ནས་བསྡད་ཡོད།
    དང་པོ་ཡུལ་ལུང་ཆུས་གང་ཡོད་ཟེར་ན། ལྐུག་པའི་བཤད་ཚུལ་ལ་ལུང་གི་མ་དཔྱད་པས་རེད། ཁྱེད་རང་ཚོས་རྩོད་དང་། ངས་ཉན་ནས་འདུག་དགོས།

  37. ཆུ་ཐིགས་སྔོན་མོ says:
    2014-02-09 at 3:07 am

    མཁས་པ་མང་པོ་ཐོན་ནས་དཔྱད་མཆན་མང་པོ་བཀོད་འདུག་་་་འགའ་རེས་མུན་ནག་མདའ་འཕེན་བྱས་འདུག་་་་འགའ་རེས་ཕྱོགས་ཙམ་རེ་གསུང་འདུག་་་ཧཧཧ

  38. མེ་ཏོག་དཀར་པོ says:
    2014-02-09 at 4:34 am

    རྒྱ་གར་དང་པ་ཀིས་ཏན་གྱི་ཁ་ཆེ་དང་བོད་པ་འདྲ་གི་ཡོད་པ་འདྲ། ཨ་ཕ་ལ་ཨ་བ། ཨ་མ་ལ་ཨ་མི་ཟེར་འདུག

  39. བོད་ལ་ཞེན says:
    2014-02-09 at 4:55 am

    སྐད་ཀྱི་འབྲེལ་བ་ཞིབ་འཇུག་བྱེད་སྐབས་སྐད་སོ་སོའི་བྱ་བ་དང་བྱ་ཡུལ་བྱེད་པོ་སོགས་ཀྱི་འགྲོ་སྟངས་ལ་ཁྱད་ག་འདྲ་ཡོད་མེད། སྒྲ་གདངས་ལ་ཁྱད་ག་འདྲ་ཡོད་མེད་སོགས་གཙོ་བོར་བཟུང་དགོས་པ་ལས་སྐྱེད་མ་ལ་བོད་སྐད་ནང་ཨ་མ་ཟེར་བ་དང་སྐད་རིགས་གཞན་པ་ཞིག་གིས་ཀྱང་ཨ་མ་ཞེས་འབོད་པ་འདྲ་བ་ལྟ་བུ་མིང་གཅིག་གཉིས་འདྲ་བ་ཙམ་གྱིས་འབྲེལ་བ་གང་ཡང་མཚོན་མི་ནུས། དེ་བཞིན་རྒྱལ་རོང་སོགས་བོད་ཀྱི་ས་སྟོད་སྨད་བར་གསུམ་གྱི་སྐད་ཐམས་ཅད་བོད་སྐད་ཡིན་པ་ལས་བོད་སྐད་ལས་ལོགས་སུ་གཅིག་ཀྱང་མེད་པར་ཡང་ཤེས་དགོས།

  40. ནམ་མཁའ says:
    2014-02-09 at 5:14 am

    སྐད་ཐག་ཉེ་བོ་དང་ཚིག་འགའ་འདྲ་མཚུངས་ཡོད་པ་ཙམ་གྱིས་མི་རིགས་ཀྱི་མཆེད་ཁུངས་བཤད་དཀའ་མོ་རེད། དཔེར་ན་འཛམ་གླིང་གི་སྐད་རིགས་མང་པོའི་ནང་ཨ་ཕ་ཨ་མ་ཟེར་བའི་འབོད་སྟངས་ཧ་ཅང་ཐག་ཉེ་བོ་དང་འདྲ་མཚུངས་རེད།ཕྱི་རྒྱལ་གྱི་ཕལ་སྐད་མང་པོའི་ནང་ཨ་ཕ་ལ་པྰ་པ་དང་ཨ་མ་ལ་མྰ་མྰ་ཟེར་ནས་འབོད་ཀྱི་འདུག
    མ་ཟད་འཇའ་པན་གྱི་སྐད་ཡིག་ནང་གྲངས་ཀ་༡ནས་༢༠བར་བརྩི་སྟངས་བོད་སྐད་དང་གཅིག་མཚུངས་རེད།
    ད་རུང་འཇའ་པན་གྱི་མི་ཡི་མིང་ལ་ཡང་བོད་སྐད་དང་གཅིག་མཚུངས་འདུག ངའི་ངོ་ཤེས་འཇའ་པན་བུ་མོ་ཞིག་གི་མོའི་བུ་མིང་ལ་༼ཐར་ལོ༽ཟེར་གྱི་འདུག་པས་ཁྱེད་ཀྱི་བུ་མིང་དེ་འཇའ་པན་གྱི་མིང་རེད་དམ།བོད་སྐད་རེད་ཅེས་དྲིས་པ་ཡིན།འཇའ་པན་གྱི་སྐད་ཀྱི་མིང་ཡིན་ཟེར། འདི་འདྲའི་འདྲ་མཚུངས་མང་པོ་རེད།ད་རུང་ཧྥུ་རན་སི་ཡི་སྐད་ནང་ང་ཚོའི་མགོ་ལ་གྱོན་པའི་ཞྭ་མོའི་མིང་ལ་ཁོང་ཚོས་ཀྱང་༼ཞྭ་པོ་༽ཟེར་གྱི་འདུག་ལ། རི་དྭགས་༼ཝ་མོ་༽ལ་ཁོང་ཚོས་༼ཝུ་ན༽ཞེས་འབོད་ཀྱི་འདུག་པས་འདིའི་རིགས་མཆེད་ཁུངས་གང་ལ་གཏུགས་རྒྱུ་ཡིན་ནམ།

  41. མེ་ཏོག་དཀར་པོ says:
    2014-02-09 at 5:17 am

    མཆན་ ༣༧ པ་ནི་བོད་སྐད་དང་ཕྱོགས་རེ་ཙམ་འདྲ་བ་ན་བོད་ལས་མཆེད་པར་ཨ་མཐས་སུ་འཛིན་མཁན་དག་ལ་ཆེད་དུ་གཟས་པ་ཙམ་ཡིན།

  42. ཡེ་ཤེས་རྡོ་རྗེ། says:
    2014-02-09 at 10:01 am

    ཞབས་མཆན་འདི་ཚོ་ཅིག་བཀླགས་པ་ན། ཚེ་འདས་གྲོགས་པོ་མགོན་པོ་ཕྱག་གཉིས་ཤིན་ཏུ་དྲན་པ་ཞིག་འདུག

  43. དྲན་དཀར་དཔལ་ཡོན་ says:
    2014-02-09 at 12:10 pm

    བརྩེ་བའི་མེ་ཏོག་དཀར་པོ་ཁམས་བཟང་། ཞི་མིས་མྱཱ་འང་ཟེར་གིན་ཡོད། གཟིགས་ཀྱིས་མྱཱང་ཟེར་གིན་ཡོད། འདི་གཉིས་མཆེད་ཁུངས་གཅིག་པར་བཤད་ཆོག རྒྱུ་མཚན་དེ་ཙམ་མིན། མི་རྣམས་མཆེད་ཁུངས་གཅིག་ཡིན་འདིས་སྐད་འདྲ་ས་དགོས་པར་བསྟན་ཡོད་ཀྱང་། མི་འདྲ་ས་མེད་པར་བསྟན་མེད། བོད་དང་འབར་མ། བོད་དང་ཉི་ཧོང་། བོད་དང་རྒྱ། འདི་དག་ལ་ལྟོས་ས་ལྟོས་འཇོག་གིས་ཉེ་རིང་འོང་གི་ཡོད། མཆན་སོ་བདུན་པ་ཡག་པོ་བཏབ་འདུག དཔྱད་ཞིབ་དྲང་པོ་གནང་ན་གྲུབ་འབྲས་འབྱུང་ངེས་པ་རེད།

  44. ཀརྡོ་གཉེར་ཕྱག་པ་ says:
    2014-02-09 at 12:20 pm

    བཙན་པོའི་རྒྱལ་རབས་ནང་ལ། ཚན་རིག་པས་བཤད་པའི་མི་རིགས་ཐོག་མའི་འབྱུང་ཁུངས། ཨ་ཕི་རིཀ་ནས་ལུང་པ་མང་པོ་བརྒྱུད་ནས། སྟོད་མངའ་རིས་སུ་འབྱོར། དེ་ནས་རྒྱ་ནག་དང་ཉེ་ཧོང་སོགས་སུ་འཕེལ་བར་བཤད་འདུག་པས། དཔྱད་པར་འཚལ།

  45. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-10 at 8:51 am

    སྔོན་འཇུག་དང་མགོ་ཅན་གྱི་སྒྲ་རྣམས་ལ་དང་པོ་ལ་ལྔ་དང་། གཉིས་པ་ལ་གསུམ་དུ་བསྟན་ཡོད་ཀྱང་། དོན་དུ་གཅིག་པར་མཐོང་། སྒྲ་གདངས་གསལ་པོར་མ་འབོད་པའི་རྐྱེན་གྱིས་སྔོན་འཇུག་ད་ཡིག་དེ་ར་མགོ་དང་། ས་མགོ་དང་། སྔོན་འཇུག་རང་དུ་ཡང་ས་རུ་འབོད་པ་སྔོན་མ་ན་བྱུང་ཡོད་པ་དང་། དིང་དུས་ཡི་གེ་ཇི་བཞིན་པར་ཨིན་ཡིག་སོགས་ཡིག་རིགས་བཞན་དུ་འབྲི་བ་ན། སྔོན་འཇུག་ཅན་དང་། མགོ་ཆན་གྱི་སྒྲ་རྣམས་འབྲི་བ་ན། སྔོན་འཇུག་ཅན་དང་། མགོ་ཅན་གཉིས་ཀྱི་བར་དུ། ཁྱད་པར་མེད་པར་འབྲི་དགོས་པར་མཐོང་། དེས་ན། སྔོན་འཇུག་ཡི་གེ་དག་མིང་གཞི་ཡི་གེ་རྣསས་ཀྱི་སྟེང་དུ་འབྲི་བ་སྟབས་མི་བདེ་བས། མིང་སོ་སོར་ཆགས་པ་མ་གཏོགས་དོན་ལ་ཁྱད་མེད་པར་མཐོང་བ་འདི་ལ། འཐད་ལྡན་གྱི་དགག་པ་ཡོད་ན། ཁོ་བོའི་རྨོངས་མུན་རྣམ་རྟོག་སེལ་བ་ལ་ཕན་པས། རིགས་པ་དང་ལྡན་པའི་ལན་ལ་སྒུག་གོ །

  46. ཀརྡོ་གཉེར་ཕྱག་པ་ says:
    2014-02-10 at 12:45 pm

    རྒན་འཇམ་དཔལ་ལགས་ཀྱི་གསུང་དེ། གསལ་པོར་གོ་ཐུབ་མ་སོང་། གསལ་ཁ་ཅིག་བྱུང་ན་ལེགས།

    བསྒྲགས། འདི། བསགརགས། བྲིས་ན་དཀའ་རུ་འགྲོའམ་སླ་རུ་འགྲོ ཡང་ན་ཀློག་སྟངས་ལ་ཁྱད་བཞུགས་སམ།

  47. ཡེ་ཤེས་རྡོ་རྗེ། says:
    2014-02-10 at 3:04 pm

    ལ་དྭགས་པས། 

    ༡༽ “སྔོན་འཇུག་ཅན་དང་། མགོ་ཆན་གྱི་སྒྲ་རྣམས་འབྲི་བ་ན། སྔོན་འཇུག་ཅན་དང་། མགོ་ཅན་གཉིས་ཀྱི་བར་དུ། ཁྱད་པར་མེད་པར་འབྲི་དགོས་པར་མཐོང་།” ཞེས་བཤད་པ་ནི། 
    སྒོ་ནི་ མགོ་ ལྟར་དུ་ སགོ་ ཞེས་འབྲི་དགོས་པར་བཞེད་དམ། 

    ༢༽ “སྒྲ་གདངས་གསལ་པོར་མ་འབོད་པའི་རྐྱེན་གྱིས་སྔོན་འཇུག་ད་ཡིག་དེ་ར་མགོ་དང་། ས་མགོ་དང་། སྔོན་འཇུག་རང་དུ་ཡང་ས་རུ་འབོད་པ་སྔོན་མ་ན་བྱུང་ཡོད་པ་དང་།” ཞེས་པ་འདིར་དཔེ་ཞིག་འགོད་རོགས་ཞུ།

  48. བསམ་ཤེས། says:
    2014-02-10 at 5:27 pm

    རྒན་ལ་དྭགས་ལགས་ཀྱི་ཚན་རིག་པའི་སྙིང་ནས་འཇུས་སོང་། ཁ་སང་གློག་ཀླད་ཚན་རིག་པ་ཞིག་དང་བཀའ་མོལ་བྱུང་བས། ཁོང་གིས་གསུང་བ་བཞིན། བོད་ཡིག་འདི་ནམ་ཡང་ལུགས་མཐུན་ཚན་རིག་དང་མཉམ་གཤིབ་ཐོག་གློག་ཀླད་དང་གྲངས་གནས་ཀྱི་འཕྲུལ་རྩལ་ལ་བསྐྱོད་མི་ཐུབ་ཟེར། རྒྱུ་མཚན་ནི་ཡི་གེ་ལ་བང་རིམ་གསུམ་དང་བཞི་བཅས་ཡོད་པས། དེ་དེང་གི་ཚན་རིག་གི་སྐད་ཡིག་དང་མི་མཐུན་ཟེར། མདོར་ན་སྐད་ཡིག་གཞན་གྱི་རྗེས་ལུས་རེད་ཟེར། དཔེར་ན། བསྒྲིགས་ལྟ་བུར། དེང་དུས་ཀྱི་གྲངས་གནས་རིག་པའི་གློག་འཕྲུལ་ཐོག་བཀོལ་ཐབས་མེད། གྲངས་གནས་རིག་པའི་གཏན་འབེབ་ལ་ཡིག་འབྲུ་གཅིག་ལ་གྲངས་གནས་གཅིག་བརྩི་བར་བྱེད། སྒྲ་ལྟ་བུ་ནི་གྲངས་གནས་གསུམ་བགོས་དགོས། དེས་ན། སགར། ལྟ་བུ་ལས་བཀོལ་ཐབས་མེད།

    བདག་ཅུང་བདེ་པོ་མ་བྱུང་རུང་། ཁོང་གིས་གློག་ཀླད་ཁ་ཕྱེ་ནས་གོམ་པ་རེ་རེ་བཞིན་ངོ་སྤྲོད་བྱེད་སྐབས་ཁོང་གི་ཇི་བཤད་གོ་ཚོད་སོང་། གལ་སྲིད་ང་ཚོ་མ་འོངས་པ་ན་བོད་ཡིག་ནང་ལ་གློག་འཕྲུལ་གྱི་གཉེན་ཆས་དང་ལས་འགོད་དམ་ཕོ་རོ་གྷོ་རམ་བཟོ་དགོས་ན། བརྩེགས་ཡིག་རྣམས་བཀོལ་ཐབས་མེད་ཟེར།

    དེར་བརྟེན། ཕུགས་ལ་ཚན་རིག་ཐོག་ལ་བོད་ཡིག་སྤྱོད་དགོས་ན། ཡིག་བརྩེགས་ཚང་མ་འཕྲེད་ལ་འབྲི་དགོས་འདུག དཔེར་ན། བསྒྲིགས་ལྟ་བུར། བསགར༡་གས། ལྟ་བུ་དང་། བཀྲ་ཤིས་ལྟ་བུ། བཀར་ཤ་༡། ༡དེ་དབྱངས་ཡིག་མཚོན། ཡིག་བརྩེགས་ཡོང་ཆོག་གི་མིན་དུག

    བསམ་ཚུལ་ཡོད་ན་གསུངས་རོགས།

  49. གནམ says:
    2014-02-10 at 6:56 pm

    བསམ་ཤེས། ཁྱོ་སྐྲག་མི་དགོས། ཡོང་མི་སྲིད་པ་ཞིག་སྲིད་དུ་འཇུག་པ་ལ་གསར་གཏོད་ཟེར། དེ་འདྲའི་མི་ང་དང་ང་ལྟུ་བུ་ཧ་ཅང་མང་། ཁྱོ་ལྟ་བུས་རྒྱུ་ནོམ་པའི་འགྲོ་སྒོ་གཏོང་ཐུབ་ན། སྐྱག་པ་ལ་འབེལད་པོ་ཡོད་པ་རེད།
    ཁྱེད་རང་གི་གློག་ཀླད་པ་དེར། རྒྱ་ཡིག་ཡོང་ཐུབ་ས་ན། བོད་ཡིག་ཡོང་མི་ཐུབ་པའི་ཀླད་པ་དེ་ཀ་འདྲ་ཞིག་ཡོད་པ་རེད་ཞེས་འདྲི་རོགས་ཞུ། ཁོས་ཁྱོད་ལ་ལན་གསལ་པོ་ཞིག་ཐོབ་པའི་སྨོན་ལམ་ཡོད།

  50. གནམ says:
    2014-02-10 at 6:57 pm

    ལྟུ་ནི་ལྟ་བུ་བཅོས་ཡིན།

  51. ཡེ་ཤེས་རྡོ་རྗེ། says:
    2014-02-10 at 7:06 pm

    Unicode མ་བྱུང་གོང་ལ། བོད་ཡིག་ནི་ Wylie Transliteration ལ་བསྒྱུར་ན་གློག་ཀླད་ཀྱི་ལག་རྩལ་དང་མཐུན་ཤོས་དང་བདེ་ཤོས་རེད་ཅེས་བཤད་པའི་སྐད་ཆ་དེ་སྟོང་པ་ཆགས་པ་རེད།

    ད་ནི་ གྲངས་གནས་ ཟེར་པ་ཞིག་གི་ཆ་ནས་ “བོད་ཡིག་འདི་ནམ་ཡང་ལུགས་མཐུན་ཚན་རིག་དང་མཉམ་གཤིབ་ཐོག་གློག་ཀླད་དང་གྲངས་གནས་ཀྱི་འཕྲུལ་རྩལ་ལ་བསྐྱོད་མི་ཐུབ་” ཟེར་བའི་སྐད་ཆ་ཞིག་གོ་ཡོང་གི་འདུག

    གློག་ཀླད་ཀྱི་ལག་རྩལ་དེ་གནས་གཅིག་ཏུ་འཕེལ་མེད་བསྐྱེད་མེད་དུ་སྡོད་གི་མ་རེད། 

    མེད་པ་ཞིག་ཡོད་པར་བཟོས་ན་ “ཚན་རིག་གི་གསར་གཏོད” ་རེད། ཡོད་པ་ཞིག་མེད་པར་བཟོས་ན་ “རིག་གནས་གསར་བརྗེ་ཆེན་མོ་” རེད།

  52. ཡེ་ཤེས་རྡོ་རྗེ། says:
    2014-02-10 at 7:27 pm

    གོང་གི་མཆན་དེ་ Wylie གྱི་ལུགས་སུ་བྲིས་ན་འདི་ལྟར་རེད།

    Unicode ma byung gong la bod yig ni Wylie Transliteration la bsgyur na glog klad kyi lag rtsal dang mthun shos dang bde shos red ces bshad pa’i skad cha de stong pa chags pa red/

    da ni grangs gnas zer pa zhig gi cha nas “bod yig ‘di nam yang lugs mthun tshan rig dang …..

    Unicode མ་དར་གོང་ལ་ བོད་ཡིག་ཏུ་ ཨེ་མེལ་ འདི་ལྟར་བྲིས་པ་ཡིན། 

    ད་ཁྱེད་རང་ཚོས་ མགོ་ཅན་དང་འདོགས་ཅན་དོར་དགོས་རེད་ཟེར་པ་འདྲ་པོ་དང་། བར་སྟོང་འཇོག་དགོས་རེད་ཟེར་པ་འདྲ་པོ་རྙོག་དྲ་མང་པོ་བཤད་མ་སྡོད། ཐད་ཀར་ Wylie ལ་བསྒྱུར་བཞག་ན་ཁྱེད་རང་ཚོ་ “སླ་བཅོས་རིང་ལུགས་པ་” ཚོའི་སེམས་ཁྲལ་སེལ་པ་རེད། 

  53. བསམ་ཤེས། says:
    2014-02-10 at 8:40 pm

    གནམ་ལགས་དང་ཡ༣་རད༤ར་ལགས་དང་། ངས་ཁཡ༣་གཉ༡ས་ཀཡ༡་འདར༡་བ་འད༡་གལ༤ག་ཀལད་མཁས་དབང་ལ་སཀད་ཆ་དར༡ས་ནས་མགཡ༤་པ༤་ལན་སཏ༣ར་འ༤ངས།

  54. ཡེ་ཤེས་རྡོ་རྗེ། says:
    2014-02-10 at 8:49 pm

    1. བསྒྲིགས་
    2. བསགར༡གས
    3. bsgrigs

    འདི་གསུམ་ལས་གང་དགོས་མིན་གྱི་ཐད་ལ་རྒན་གཞོན་དར་གསུམ་གྱི་ལོ་ཚད་བགོས་ནས། མང་མོས་འོས་འདེམས་ཞིག་བྱས་པ་ཡིན་ན། གང་འདྲ་ཆགས་ཡོང་ངམ།

  55. ཡེ་ཤེས་རྡོ་རྗེ། says:
    2014-02-10 at 8:54 pm

    “མགཡ༤་པ༤་”
    རྗེས་འཇུག་དང་ཡང་འཇུག་དོར་བ་དེའང་གློག་ཀླད་མཁས་པ་ མནར་མནར་ ལགས་ཀྱི་ ཚན་རིག་གི་དགོངས་ཚུལ་རེད་དམ།

  56. བསམ་ཤེས། says:
    2014-02-10 at 8:56 pm

    ཡེ་རྡོར་ལགས།

    ངའི་མཆན་གོང་མ་འདི་གཙོ་བོ་འཕྲུལ་རྩལ་པ་ཞིག་གི་བསམ་འཆར་འདིར་བཀོད་པ་ལས། བོད་ཡིག་ལ་སྒྱུར་བ་གཏོང་དགོས་པ་ཤོད་ཀྱི་མེད། ཁྱེད་རང་གི་འདོད་པ་སྟེ། ཝ་ལེ་བེད་སྤྱོད་གཏོང་བ་འདི་ཡང་རྒྱུ་མཚན་མེད་པ་མ་རེད། ང་ལ་འདེམས་དགོས་ན། ངས་ཝེ་ལེ་འདེམས་ས་རེད།

    གོང་ལ་གནམ་ལགས་ཀྱིས་འདྲི་བ་ཞིག་བཏོན་འདུག་པ་སྟེ། རྒྱ་ཡིག་གིས་ཇི་ལྟར་གློག་ཀླད་ཀྱི་འཕྲུལ་ཆས་བཟོ་ཐུབ་བམ་ཟེར་བ་འདི་གནད་འགག་འདུག ད་ལྟ་རང་ཁོང་ལ་གློག་འཕྲིན་ཐོག་འདྲི་བ་འདི་བསྐུར་བ་ཡིན་ལ་ལན་འབྱོར་ན་ཁྱེད་གཉིས་ལ་འབུལ་རྒྱུ་ཡིན།

  57. བསམ་ཤེས། says:
    2014-02-10 at 8:59 pm

    དགོངས་དག ངོ་མ་འཕྲུལ་རྩལ་སྐད་ཡིག་གི་དག་ཆ་ནོར་འདུག ཐ༢གས་རཇ༣་ཆ༣།

  58. ཡེ་ཤེས་རྡོ་རྗེ། says:
    2014-02-10 at 9:03 pm

    མགྱོགས་པོ་ལ་ “མགྱོ་པོ” ཟེ་བྲིས་ན་མ་འགྲིག་པ་མི་འདུག་གཱ ག་རེ་བྱས་ནས་ཡི་གེ་རིང་པོ་དེ་འདྲ་འབྲི་དགོས་རེད། རེད་པཱ། ད་དུང་ ཅེས་ཞེས་ཤེས་ ཟེ་ “ས་མཐར་དམིགས་བསལ་ཞེས་མ་གཏོགས། ཤིང་ཤིག་ཤེའོ་ཤེ་ན་ཐོབ་” ཟེར་བ་ལ་སོགས་ཀྱི་ཐོབ་ཐང་གི་རྩ་ཚིག་དེ་འདྲ་རྙོག་དྲ་ཚ་ལ། ང་ཚོའི་ཁ་ནས་ “ཟེ” ཟེ་ལབ་གི་མི་འདུག་གས། བྱས་ཙང་། ཁ་ནས་ག་རེ་ལབ་པ་ད་ག་རང་ཡི་གེ་བྲིས་བཞག་ན་མ་འགྲིག་པ་ག་རེ་ཡོག་རེད། རེད་པཱ། 
    ངའི་གྲོགས་པོ་རིག་གནས་གསར་བརྗེ་པ་ཞིག་གིས་ང་ལ་འདི་འདྲ་ཟེ་ལབ་སོང་། 
    བསམ་ཚུལ་ཡོད་ན་གསུངས་རོགས་གནང་།

  59. གནམ says:
    2014-02-10 at 9:14 pm

    གནམ་ལགས་དང་ཡ༣་རད༤ར་ལགས་དང་། ངས་ཁཡ༣་གཉ༡ས་ཀཡ༡་འདར༡་བ་འད༡་གལ༤ག་ཀལད་མཁས་དབང་ལ་སཀད་ཆ་དར༡ས་ནས་མགཡ༤་པ༤་ལན་སཏ༣ར་འ༤ངས།

    གནམ་ལགས་དང་ཡེ་རྡོར་ལགས(་དང་)། ངས་ཁྱོ་གཉིས་ཀྱི་(འདྲི་བ)་འདི་གློག་ཀླད་མཁས་དབང་ལ་སྐད་ཆ་དྲིས་ནས་(མགྱོ་པོ་)ལན་སྟེར་འོངས།
    ཨ་ལེ་དང་པོར། ཡིག་ནོར་དང་ཕྲད་ལྷག་ཚོ་ཏག་ཏག་བཟོས་དང་། དེ་ནས་ཅིག་བཤད་རྒྱུ་ཞིག་ཡོད་མདོག་མདོག་བྱས་ན། ཨོ་བོ་ཙི་མིན་འགྲོ།

  60. བསམ་ཤེས། says:
    2014-02-10 at 9:19 pm

    ཡེ་ཤེས་རྡོ་རྗེ་ལགས།

    གྲོགས་པོ་དེ་ལ་རྒྱུ་མཚན་འདུག སྐད་ཡིག་གཞན་དང་བསྡུར་ན། བོད་ཡིག་དེ་ཅུང་རྙོག་ཁྲ་ཚ་པོ་རེད། ང་ཚོས་བོད་ཡིག་ལ་སྒྱུར་བ་གཏང་ཐུབ་ཀྱི་རེད་ལ། བོད་ཡིག་དེ་འཛམ་གླིང་ཐོག་ལ་འབྲི་བདེ་ཀློག་བདེ་ཞིག་བཟོ་ཐུབ་ཀྱི་རེད། ང་ཚོར་བློ་རྩལ་དང་འཇོན་ཐང་འདི་ཡོད་མོད། དཀའ་ངལ་གཙོ་བོ་དེ། སྔར་ཡིག་ཐོག་ལ་ཕབ་ཟིན་པའི་བོད་ཀྱི་རིག་གནས་རྣམས། བཀའ་བསྟན་འགྱུར་དང་། ཤེས་བྱའི་མཛོད་ཀྱི་ལྡེ་མིག་ལྟ་བུའི་སྔོན་བྱོན་མཁས་དབང་རྣམས་ཀྱི་གསུང་རབ་འདི་དག་ཇི་ལྟར་བདག་པོ་རྒྱག་གམ། དཀའ་ངལ་འདི་རུ་འདུག

    དབྱིན་ཇི་ལྟ་བུ་ཡིན་ན། སྐད་ཡིག་ལ་སྒྱུར་བ་བཏང་ཡོད། དེ་བཞིན་གྷི་རིག་དང་ལ་ཌིན་སོགས་ལ་སྒྱུར་བ་ཕྱིན་ཡོད། བོད་ཡིག་ལ་སྐད་གསར་བཅད་ཐེངས་གཉིས་ལས་བྱས་མེད་པ་དང་གསུམ་པ་ཞིག་བྱེད་སྲིད་དམ། དགོས་པ་ནི་འདུག དཔེར་ན། དབྱིན་ཡིག་ནང་ལ་བཀོལ་བའི་རྟགས་ཏེ། – : ; སོགས་བོད་ཡིག་ནང་ལ་མིན་འདུག བྱས་ཙང་དཀའ་ངལ་འཕྲད་ཀྱི་འདུག དཔེར་ན། ཁྱེད་རང་གིས་གཤམ་གྱི་ཡིག་ཕྲེང་འདི་ཇི་ལྟར་འབྲི་འམ།

    Life on water – Story of my life

    Jade and Fire: A Novel of Emerging China

  61. གནམ says:
    2014-02-10 at 9:49 pm

    Life on water ནི། Story of my life

    Jade and Fire:ཟེར་ན། A Novel of Emerging China
    ཡོད་ས་ལ་ལྷག་མ་ཞིག། དགོས་ཨེ་ཡོད་དམ།

  62. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-10 at 11:20 pm

    ཡི་གེ་བྲིས་ཡོངས་གྲགས་ཆགས་པ་བསྒྱུར་དགོས་པ་གཏན་ནས་མ་ཡིན། འོན་ཀྱང་། སྔོན་འཇུག་གི་ཡི་གེ་ལྔ་་དང་། ཀ་ ག་ ང་ ཇ་ ཉ་ ཏ་ ད་ ན་ པ་ མ་ ཙ་ ཛ་ ཡི་གེ་བཅུ་གཉིས་པོ་འདི་རྣམས་ཀྱི་མགོར་ཡོད་པའི་ ར་ ལ་ ས་ གསུམ་དང་། ཀ་ ཁ་ ག་ ཐ་ ད་ ན་ པ་ ཕ་ བ་ མ་ ར་ ས་ རྣམས་ལ་། ཝ་ ཡ་ ར་ ལ བཞི་འོག་ཏུ་ཡོད་པའི་ཡི་གེ་བཅུ་གཉིས་རྣམས་སྲོག་མེད་དེ། དབྱངས་ཡིག་མེད་པ་འདྲ་མཉམ་དུ་མཐོང་། ལེགས་སྦྱར་གྱི་སྒྲའི་བསྟན་བཅོས་ལས། དབྱངས་ཀྱིས་དབེན་པ་འོག་མ་དང་སྦྱར་བར་བྱ། ཞེས་བཤད་པ་ལྟར། བོད་ཀྱི་ཡི་གེ་ཕལ་ཆེ་བ་ལ་འབྱུང་ཡང་། སྔོན་འཇུག་ལྔ་པོའི་ཡི་གེ་དག་ལ་དབྱངས་ཡོད་པ་དང་མེད་པའི་ཁྱད་པར་འཐོན་མེད་ཀྱང་། དོན་དུ། དེ་དག་ལ་དབྱངས་མེད་པས་དིང་སང་བརྗོད་ཐུབ་པར་དཀའ་བ་དང་། རྗེ་འཇུག་ལ་ཡང་སྒྲ་གདངས་ཀྱི་ཟུར་ཆག་པ་འདོན་པ་དང་། འབྲི་བ་ན་ཡང་། བོད་སྤྱིའི་སྐད་ཉམས་པའི་རྒྱུ་རྐྱེན་ཆེན་པོ་གསོག་བབཞིན་པར་སྣང་བས། བློ་གྲོས་ཀྱི་དཔལ་དང་ལྡན་པ་དག་གིས་དེ་དག་འགོག་པ་ལ་བརྩོན་དགོས་པ་གལ་ཆེ།
    འབྲི་ཚུལ་གནའ་བོ་དང་། དིང་དུས་ཅུང་མི་འདྲ་བ་རེ་ཡོད་པ། བོད་དང་བོད་སྐད་ལ་ཐུགས་གཉེར་ཆེན་པོ། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ཞབས་ཀྱིས། དེབ་ཐེར་དཀར་པོར་བཀོད་པ་དེ་ལ་ཅིས་ཀྱང་གཟིགས་དགོས།
    ཀ་རྡོ་གཉེར་ཕྱག་པ་མཆོག་ལ། བསྒྲགས། འདི། བསགརགས། དེ་ལྟར་འབྲི་དགོས་པ་མ་ཡིན་ཀྱང་། སྔ་མ་དེ་གནའ་བོའི་ཚུལ་དུ་ཀློག་པ་ལ་ཕྱི་མ་དེའི་ཡི་གེ་ཚང་མ་མགྱོགས་པར་འབོད་དགོས་པ་རྗེ་བཙུན་བསོད་ནམས་རྩེ་མོས་གསུངས།
    སྔོན་འཇུག་ད་ཡིག་ས་རུ་འབོད་པ་ཡོངས་གྲགས་ཆགས་པ་ནི། སྨིག་རྒྱུ། ལྟ་བུ་ཡིན། དེ་ཡང་། དམིགས་པར་རྒྱུ་བ་ཡོད་པ། སྨིག་རྒྱུ་ཆགས་པ་མ་ཡིན་ནམ། སྨིག་རྒྱུའི་སྒྲ་བཤད་ཅིག་མཛོད་ཅིག་ཞུ་བ་ལགས་སོ།

  63. ཡེ་ཤེས་རྡོ་རྗེ། says:
    2014-02-10 at 11:34 pm

    བསམ་ཤེས་ལགས།
    དངོས་གནས་ཡིན།
    1. བསྒྲིགས་
    2. བསགར༡གས
    3. bsgrigs
    ག་རེའི་ཐོག་ལ་ཕྱིན་ནའང་ངའི་རིག་པ་ཐེབས་ཆག་འདིས་མ་ཆོད་པ་མི་འདུག 
    བསྒྱུར་དགོས་རྒྱུ་ངོ་མ་དེ་བོད་ཡིག་མིན་པར། བོད་ཡིག་གི་སློབ་དེབ། སློབ་ཁྲིད་བྱེད་ཐབས། ཕ་མ་བུ་ཕྲུག་གི་སེམས་དང་ཀུན་སློང་། བོད་ཀྱི་སྐད་ཡིག་གི་བེད་སྤྱོད་ལ་གཞུང་གིས་མཐུན་རྐྱེན་སྦྱོར་ཐབས་བཅས་སོགས་རེད། དེ་མ་གཏོགས་སྐད་ཡིག་རང་སྟེང་ན་ཀློག་མ་བདེ་བ་དང་འབྲི་མ་བདེ་བ་ཟེར་བ་དེ་འདྲ་ཞིག་ཨེ་ཡོད། དེང་རབས་ཀྱི་བརྡ་ཆད་མང་པོ་ཞིག་བོད་ཡིག་ཏུ་ཆད་ལྷག་མཐོང་རུང་། བོད་ཀྱི་བརྡ་སྤྲོད་ནི་སྐྱོན་ཅན་ཞིག་ཏུ་མི་མཐོང་། གོང་དུ་ཁྱེད་ཀྱིས་བོད་ཡིག་གི་དཀའ་ངལ་ཞིག་གི་དཔེ་རུ་དྲངས་པའི་ཚིག་དེ་དག་ནི་ལྷག་བཅས་མ་ཤེས་པའི་སྐྱོན་ལས་བྱུང་པ་རེད། ཡང་གཅིག་བཤད་ན་ལྷག་བཅས་ཤེས་རུང་། ཀུན་སློང་མ་དག་ན་ཞན་ཆ་ཞིག་ཏུ་མཐོང་གི་རེད། 

  64. ཡེ་ཤེས་རྡོ་རྗེ། says:
    2014-02-10 at 11:44 pm

    ལ་དྭགས་རྒན་པོ་འདིས། ཀློག་སྟངས་ཞིག་བཤད་བཞིན་ཡོད་དམ། ཡང་ན། འབྲི་སྟངས་ཞིག་བཤད་བཞིན་ཡོད། ཀློག་མ་དག་ན་དེས་ཡི་གེའི་དག་ཆ་ལ་གནོད་པ་ནི་བདེན་ཏེ། དཔེར་ན། རྗེས་འཇུག་གི་སྒྲ་གསལ་པོར་མི་ཀློག་མཁན་ཚོས་མགྱོགས་པོ་ལ་མགྱོ་པོ་ཞེས་འབྲི་བ་ལྟ་བུ་དང་། རང་ཉིད་ཀྱང་ཞབས་ཀྱུའི་སྒྲ་དག་མོར་མི་ཀློག་མཁན་ཞིག་ཡིན་པས། ཐེངས་ཤིག་འཇལ་ཚད་ལས་ཁྲུ་གང་ཞེས་པའི་ཁྲུ་དེ་ཁྲི་རུ་ནོར་མྱོང་།

  65. མྱི་དཀར says:
    2014-02-11 at 12:35 am

    རྒན་ལ་དྭགས་པ་ལགས་(དམིགས་པ་རྒྱུ་བ་ཡོད་པ་)སྨིག་སྒྱུ་ཆགས་པའི་ཁུངས་བཙན་པོ་ཡོད་ན་གསུངས་རོགས།

  66. ཀརྡོ་གཉེར་ཕྱག་པ་ says:
    2014-02-11 at 3:57 am

    # 9 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
    February 11th, 2014 at 3:38 AM
    ལ་དྭགས་པ། ལ་དྭགས་པ། ལ། དག་ས་པ། ཞེས་ཀློག

    ཟངས་དཀར་པས། ཟངས་དཀར། ལ། ཟང་སས་དཀར། ཞེས་ཀློག

    གར་ཞ་པས། སྦྲང་ས། ལ། ས་བ་རང་ས། ཞེས་ཀློག་པར་གོ

    འདི་དག་བདེན་ན། རྒན་འཇམ་དཔལ་ལགས་ཀྱིས་གསུངས་པ་ལྟར། སྔར་ཐུ་མིའི་སྐབས་ནས། ཀློག་དང་སྦྱོར་འདྲེས་མའི་ཀློག་སྟངས་ཅིག་ཡོད་པར་ངེས་ཤིང་། སྒྲ་གདངས་དེས། དག་ཆ་འབྲི་སླ་བ་ལ་ཕན་པ་ཅིག་ཡོད་ངེས་ཀྱང་། དིང་གི་ཀླད་གསར་ཧོལ་རྒྱུག་ཅན་ལ་ཇི་ལྟར་ཕན་ཐུབ་བམ། ལགས།

    # 10 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
    February 11th, 2014 at 3:40 AM
    ཀློག་པར་གོ ཞེས་པ་འདི། འདི་དག་གི་ཁ་སྐད་ལ་འདུག་ཞེས་པའོ་དོན་ནོ།།

    # 11 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
    February 11th, 2014 at 3:44 AM
    ཀློག་དང་སྦྱོར་འདྲེས་མའི་ཀློག་སྟངས་
    འདི།
    ཀློག་དང་སྦྱོར་ཀློག་འདྲེས་མའི་ཀློག་སྟངས་

  67. ཀརྡོ་གཉེར་ཕྱག་པ་ says:
    2014-02-11 at 4:10 am

    དཔེར་ན།
    བསྒྲགས། འདི། བ་ས་གྲགས་སུ་ཡོད་པ་ལ། བ་ས་བསྒྲགས། ཞེས་མགྱོགས་པར་ཀློག་དགོས་པར་གསུངས་སམ།

  68. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-11 at 8:44 am

    གལ་ཏེ་ཡི་གེ་འབྲི་ཀློག་གི་སྲོལ་མ་ཆགས་པ་ཞིག་ན། རང་རེས་ཚན་རིག་གི་རྗེས་སུ་འབྲངས་ཏེ། ཡི་གེ་འབྲི་སྟངས་ཤིག་བཟོ་ཐུབ་ཀྱང་། ད་ཕྱིས་དྲགས་པས། དེ་ལྟར་བཟོ་བ་དེ་ཕན་པ་ལས་གནོད་ཆེ་བར་སྣང་། འོན་ཀྱང་། ཨིན་ཡིག་ལ་ཡི་གེ་དབྱངས་གསལ་བསྡོམས་པར་ཡིག་གཟུགས་ཉི་ཤུ་རྩ་བརྒྱད་ཙམ་ལས་མེད་ཀྱང་། ཡིག་གཟུགས་གཅིག་ལ་ཡང་འགྱུར་བཅོས་མེད་པར་ཨིན་སྐད་གང་ཡིན་དེ་དག་ཏུ་འབྲི་ཐུབ་པ་ལ་ནི། ངོ་མཚར་ལས་ཀྱང་ཆེས་ངོ་མཚར་ཞིག་གོ་བསམས། ཁོ་བོ་གཙང་དུ་ཡོད་སྐབས་འབྲུམ་ནད་ཆེས་ཡང་བ་ཞིག་གིས་ན། ཁྱིམ་མཚེས་ན་བཞུགས་པའི་བླ་རྒན་ཞིག་དང་། ཐོག་ཚད་སྟེང་ན་ཡོད་པའི་བདག་རང་ལས་ལོ་གཅིག་གིས་རྒན་པ་བཅས་གྲྭ་པ་གཉིས་གྲོང་སོང་། ཁོ་བོ་ལ་ཉམས་མྱོང་གཟུགས་པོ་ལ་ཚད་ཡོད་པ་དགོངས་གཅིག་ལས་མ་བྱུང་། འོན་ཀྱང་། གདོང་ལྤགས་དང་ལུས་ལ་འབྲུམ་པའི་འབུ་རུ་་འཐོན་ཡོད་པས། དེ་དག་མེད་པར་མ་འགྲོ་བར་དུ་ནང་ནས་ཕྱི་ལོགས་ལ་འགྲོ་མི་ཆོག་པས། ཁུ་ནུ་པ་སེམས་པ་རྡོ་རྗེ་མཆོག་སྟེ། ད་ལྟ་སློབ་དཔོན་ཆེན་པོ་ཡིན། ཁོང་ནས། ཧིནྡཱི་ཨིང་ལིཤ་ཊི་ཅར། ཞེས་པའི་དེབ་ཅིག་གཡར་ཡོད་པ་ལ་བརྟེན་ནས། ཨིན་ཡིག་རང་སྦྱོང་བྱས་པ་དེས་ཁ་བྱང་རིགས་འབྲི་ཐུབ། ལན་ཅིག་གཞིས་ཀ་རྩེ་རུ་ཐོག་མའི་སྦྲགས་ཁང་ཕྱེ་དུས། ཨིན་ཡིག་ཏུ་ཁ་བྱང་བྲིས་ཏེ་གཏོང་ཡིག་ལ་དྭགས་ལ་བཏང་བ་དང་། སླར་ལན་གྱི་ཁ་བྱང་བྲིས་པར་ཡིག་ལན་བསྐུར་གྲོགས་མངགས་པ་བཞིན་ཡིག་ལན་འབྱོར་བས། དགའ་བ་ཚད་མེད་པ་བྱུང་། དེ་ལྟར་སྦྱངས་ནས་ཤེས་ཐུབ་པ་ཡང་། ཨིན་ཡིག་གི་དབྱངས་གསལ་གྱི་ཡི་གེ་ལ་གྲངས་ཀ་མང་པོ་མེད་པ་དང་། ཧིནྡི་དང་བོད་ཡིག་བཞིན་བརྩེགས་མ་དང་དབྱངས་གསལ་གྱི་ཡི་གེ་རྣམས་ལ་འགྱུར་བཅོས་མེད་པས་ལས་སླ་བས་སྦྱང་ཐུབ་པ་ལགས་སོ།

  69. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-11 at 8:51 am

    གྲོང་སོང་། ཞེས་པ། གྲོངས་སོང་། ཞེས་བཅོས་སོ།

  70. ཡེ་ཤེས་རྡོ་རྗེ། says:
    2014-02-11 at 9:59 am

    ༡ དབྱིན་ཡིག་ནི་ཤེས་ན་སྦྱངས་ཐུབ་པ་ཞིག་དང་བོད་ཡིག་ནི་སྦྱངས་ན་ཤེས་མི་ཐུབ་པ་ཞིག་རེད་ཟེར་བཞིན་ཡོད་དམ།
    ༢ བོད་ཡིག་ནི་དེང་དུས་ཀྱི་ཚན་རིག་དང་མཐུན་པའི་སྐད་ཡིག་ཅིག་མ་རེད་ཟེར་བཞིན་ཡོད་དམ།
    ༣ བོད་ཡིག་ནི་འཛམ་གླིང་ཐོག་འབྲི་བདེ་ཀློག་བདེའི་སྐད་ཡིག་ཅིག་མ་རེད། འགྱུར་བ་གཏོང་དགོས་པར་འདུག་ཟེར་བཞིན་ཡོད་དམ།
    ཁྱེད་རང་ཚོས་གང་འདོད་འདོད་བཤད་རོགས་གནང་།

  71. ཡེ་ཤེས་རྡོ་རྗེ། says:
    2014-02-11 at 11:40 am

    དག་བཅོས།
    “༡ དབྱིན་ཡིག་ནི་ཤེས་ན་སྦྱངས་ཐུབ་པ་ཞིག” ཅེས་པ་དེ་ “དབྱིན་ཡིག་ནི་སྦྱངས་ན་ཤེས་ཐུབ་པ་ཞིག” ཏུ་བཅོས་ནས་ཀློག་རོགས།

  72. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-02-11 at 11:34 pm

    གོམས་ན་སླ་བར་མི་འགྱུར་བའི།
    དངོས་དེ་གང་ཡང་ཡོད་མ་ཡིན།
    བོད་ཡིག་དང་། ཨིན་ཡིག་གཉིས་སྦྱངས་ན། རང་རང་གི་དབང་པོ་དང་བསྟུན། རབ་འབྲིང་མཐའ་གསུམ་གྱི་སྒོ་ནས་ཤེས་ཐུབ་པ་ལ་རྩོད་པ་མེད། འོན་ཀྱང་། བོད་ཡིག་དང་། ཨིན་ཡིག་གཉིས་ལ་མང་ཉུང་གི་ཁྱད་པར་ཡོད། ཉུང་བ་དེ་རེ་རེ་བཞིན་ཤེས་པ་ལ་ཡུན་ཐུང་ངུར་འགོར་བ་དང་། མང་བ་དེ་རེ་རེ་བཞིན་ཤེས་པ་ལ་ཡུན་རིང་པོར་འགོར་བ་མངོན་སུམ་ཚད་མས་གྲུབ་པ་མ་ཡིན་ནམ། འོན་ཀྱང་བོད་སྐད་དང་། ཨིན་སྐད་ཤེས་པ་ལ་སྤྱིར་བཏང་དམིགས་བསལ་གྱི་ཁྱད་པར་ཞིག་མེད་པར་མཐོང་ངོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme