Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲི་བ་གལ་ཆེན་ཞིག

Posted on 2008-06-28 By dhatsenpa 3 Comments on དྲི་བ་གལ་ཆེན་ཞིག

༧རྒྱལ་བ་རིན་པོ་ཆེས། མ་འོངས་པར་ཏྰ་ལའི་བླ་མ་ཡི་ཤེས་བླ་ཆེན་པོབ་ལྟར་འོས་འདེམས་བྱེད་དགོས་མིན་སྐོར་བཀའ་སློཔ་ཐེངས་གཅིག་མིན་དུ་གནང་བ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་ཏུ་ཁོ་བོས་མཐོང་། ག་རེ་རེད་ཟེར་ན། དེ་ནི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཞིག་ཆགས་རྒྱུ་ཡིན་པ་རེད། བོད་མིའི་སྤྱི་ཚོགས་ནང་དེའི་སྐོར་བགྲོ་གླེང་བྱས་པ་དེ་འདྲ་ད་སྔ་མ་མཐོང་བས། ངས་དེ་རིང་འདིར་རྣམ་དཔྱོད་ཡངས་པའི་ཤེས་ལྡན་པ་ཁྱེད་རྣམས་ལ་འདིའི་སྐོར་དགེ་སྐྱོན་ཅི་ཡོད་ཀྱི་དྲི་བ་ཞུ་འདོད་བྱུང་བས་དགོངས་ཚུལ་ལྷུག་པར་གནང་བར་ཞུ་བ་དང་ཆབས་ཅིག་རང་ཉིད་ཀྱི་བསམ་ཚུལ་མདོར་བསྡུས་ཤིག་ཀྱང་ཞུ་བར་འདོད།
ད་མུས་བཞིན་ཡང་སྲིད་བཙལ་བ་ཡིན་ན། མི་མང་གི་སེམས་ནང་རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་དངོས་ཡིན་པས་ཁོང་ཚོར་སྤྱན་རས་གཟིགས་དངོས་ཀྱི་བྱིན་རླབས་ཐད་ཀར་ཐོབ་ཀྱི་ཡོད་པ་རེད། གལ་སྲིད་རྗེས་མ་ཞིག་ལ་འོས་འདེམས་ཀྱི་ལམ་ནས་བསྒྲུགས་པ་ཡིན་ན། དེའི་སྐབས་རྒྱལ་བ་རིན་པོ་ཆེ་ལྷ་མ་ཡིན་པར་མིར་ཆགས་པ་རེད། དེའི་སྐབས་ཁོང་གི་ལྷ་ཡི་བྱིན་རླབས་དག་ཀྱང་ཉསས་རྒྱུ་ཡིན་པ་རེད། ཡིན་ན་ཡང་མི་ཡི་ནང་ནས་མི་རྩེ་ཕུད་ཅིག་ཡིན་པ་དེ་བཤད་ཅི་ལ་དགོས།
ངས་ནམ་རྒྱུན་ཕྱི་གླིང་པ་རྣམས་ལ་སྤོབས་པ་དང་བཅས་འདི་ལྟར་བརྗོད་ཀྱི་ཡོད། ཡི་ཤེས་བླ་ཆེན་པོབ་ག་ཚོད་མང་མོས་ཡིན་ན་ཡང་ཁོང་མི་ཡིན་པ་རེད། ཏྰ་ལའི་བླ་མ་ལྷ་རེད། ཁོང་གཉིས་ཀྱི་ཁྱད་པར་དེ་ཡང་ལྷ་དང་མིའི་ཁྱད་པར་རེད་ཟེརགགྱི་ཡོད།
མདོར་བསྡུས་ན། ཇི་སྲིད་མི་མང་གི་སེམས་ནང་རྒྱལ་བ་རིན་པོ་ཆེར་སྤྱན་རས་གཟིམས་ཀྱི་འདུཤེས་ཡོད་པ་དེ་སྲིད་དུ་་ཡང་སྲིད་འཚོལ་ཞིབ་བྱ་རྒྱུ་དེ་ལམ་ཁ་ཡག་ཤོས་མ་ཡིན་ནམ། རྗེས་མ་མི་མང་ཕལ་ཆེ་བར་རྒྱལ་བ་རིན་པོ་ཆེར་མི་ཡི་འདུ་ཤེས་ལས་མེད་པའི་སྐབས་དེར་ད་གཟོད་འོས་འདེམས་བྱས་ན་དུས་ལ་བབ།

རྩོམ་རིག

Post navigation

Previous Post: མི་རིགས་དབྱེ་འབྱེད།
Next Post: ལྷ་སྲས་ཡེ་ཤུ།

Comments (3) on “དྲི་བ་གལ་ཆེན་ཞིག”

  1. བློ་བཟང་རྒྱལ་མཚན། says:
    2012-04-09 at 6:34 am

    དེ་བདེན་པ་རེད། ད་ལྟ་ཡང་སྲིད་འཚོལ་ཞིབ་བྱེད་རྒྱུ་དེ་རང་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-04-09 at 6:46 am

    ལྷ་དང་མི་ཡིས་ཁྱད་འབྱེད་མི་རིགས་ཀྱང་། ༸སྐུ་གོང་མའི་རྣམ་ཤེས་མུ་མཐུད་པ་ཡིན་མིན་དེ་གལ་ཆེ་ཤོས་རེད་ལགས། དེ་ཉིད་ང་ཚོའི་ཐུན་མོངས་མ་ཡིན་པིའ་ཁྱད་ཆོས་ཀྱང་དེ་ག་རང་རེད་དོ། །

  3. མིག་བརྒྱད་པ། says:
    2012-04-09 at 9:40 am

    ཏྰ་ལའི་བླ་མ་ལྷ་རེད། ཟེར་བ་དེ་མོས་མཐུན་མེད། ཏྰ་ལའི་བླ་མ་ཟེར་བའི་མཚན་གནས་དེ་སོག་བོད་ཀྱི་འབྲེལ་བའི་ཐོག་ནས་བྱུང་བ་རེད། སྐྱེ་བ་སྔ་ཕྱི་ཁས་ལེན་པའི་ལུགས་སྲོལ་ལྟར་ཡང་སྲིད་བཙལ་འཚོལ་གྱི་བརྒྱུད་རིམ་དེའི་ཁྲོད་ནས་བལྟས་ན་ཡང་ཏྰ་ལའི་བླ་མ་སྐུ་ཕྲེང་འདི་བ་མཁྱེན་པའི་ཡོན་ཏན་དང་མཛད་པའི་ཡོན་ཏན་གང་ཅིའི་ཐད་ནས་སྐུ་ཕྲེང་གོང་མ་ལས་ལྷག་པ་ཞིག་བྱུང་ཡོད་པ་རེད། བོད་ཀྱི་ཆོས་ལུགས་དབུ་ཁྲིད་ཐད་ནས་འོས་འདེམས་བྱེད་ན་ཡང་མི་ཆོག་པ་ཡོད་པ་མ་རེད། བོད་རྒྱ་ཆེ་མི་དམངས་ཀྱིས་ཐག་ཆོད་བྱེད་ངེས་རེད། རྒྱལ་བ་པཎ་ཆེན་དང་དེ་བཞིན་ས་སྐྱ་གོང་མ། ཀརྨ་བ་སོགས་བོད་ཀྱི་ཆོས་རྒྱུད་ཁག་གི་བླ་ཆེན་རྣམ་པའི་གོ་གནས་དེ་ཡང་རང་འཇགས་བསྡད་གི་རེད། དེ་བགྱུར་བ་གཏོང་ཐུབ་ཀྱི་མ་རེད། གདུལ་བྱ་ཡོད་པ་དེ་སྲིད་དུ་ལས་དང་སྨོན་ལམ་གྱི་དབང་གིས་ཕེབས་ངེས་རེད། གལ་ཏེ་གདུལ་བྱ་རྫོགས་སོང་ན་དེ་ནས་བཟུང་སྟེ་ཡང་སྲིད་ལམ་ལུགས་ཀྱང་མཇུག་རྫོགས་གི་རེད། ཡེ་ཤུ་བླ་ཆེན་གྱི་གོ་གནས་འོས་འདེམས་བྱེད་པ་དེ་སྤྲུལ་སྐུའི་ལམ་ལུགས་མ་རེད། ཁོང་ཚོས་སྐྱེ་བ་སྔ་ཕྱི་ཁས་མི་ལེན་ཙང་འོས་འདེམས་མ་བྱེད་ཐབས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme