Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་འགྱུར་བྱི་དུག་མ། ༼བོད་འབྱོར།༽

Posted on 2013-02-202013-02-20 By ཁ་བརྡ་ 10 Comments on དྲན་འགྱུར་བྱི་དུག་མ། ༼བོད་འབྱོར།༽

གངས་ལྷ།

ཁ་སང་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལ་ཆེད་ཞིབ་པ་དགེ་རྒན་ཆེན་མོ་ཀུན་དགའ་དབང་ཕྱུག་དང་མཇལ་འཛོམས་སྐབས་ཁོང་གིས་ཁོང་ཟི་ལིང་རླངས་འཁོར་འབབ་ཚུགས་ནས་སྐབས་རེར་སྐུ་ལ་ན་བཟའ་དཀར་པོ་དང་སྒོམ་ཐག་གསོལ་ཡོད་པའི་རྣལ་འབྱོར་བ་འགའ་རེ་ཐུག་པར་བཀའ་བརྒྱུད་པ་ཡིན་རྒྱུ་རེད་བསམ་གུས་པས་བཅར་ནས་རྗེ་བཙུན་མི་ལའི་བསྐོར་བཀའ་འདྲི་འདྲ་ཞུ་དུས་ཁོང་རྣམ་པས་དབུ་འཕྲེད་དུ་གཡུགས་ནས་མི་ཤེས་དང་མིན་གསུང་གི་འདུག་པས་ཁོང་ལ་ཡི་ཆད་ཐེངས་འགར་བྱུང་སོང་གསུངས། དེ་སྐབས་སུ་ངའི་སེམས་ནས་དོན་དག་གཅིག་ཡིད་ལ་འཁོར་ཡོང་བ་ནི། ༢༠༠༨ ཟླ་ ༢ པའི་ནང་ང་རང་དགའ་ཕྱོགས་ཤིག་གིས་རྗེ་བཙུན་སྒྲུབ་གནས་འཚོལ་མཇལ་ཆེད་བལ་པོར་བསླེབས་པ་ན། མཆོད་རྟེན་ཁུལ་དུ་ཡོད་པའི་བཀའ་དགོན་རྣམས་ལ་སོང་ནས་ལ་ཕྱི་སོགས་བལ་པོའི་ཕྱོགས་སུ་ཡོད་རིགས་རྣམས་འདྲི་གཅོད་བྱེད་དུས། མཆོད་རྟེན་རྣམ་གསུམ་ལྟ་བུ་ཡོངས་གྲགས་དང་། ལྷག་ཏུ་ཡང་ལེ་ཤོད། གློ་ཆུ་མིག་བརྒྱ་རྩ་རྣམས་སུ་སོང་ན་བཟང་རབས་མང་པོ་གསུངས་ཡོང་བ་ལས་མི་ལའི་སྒྲུབ་གནས་དག་གོ་ཐོས་ཅན་ཆེས་ཉུང་། གོ་མྱོང་མཁན་ཚོས་ཀྱང་འཇལ་སྐོར་རི་བའི་གནས་ལ་བརྩི་ཡི་མི་འདུག །ཡང་བསྐྱར་ཨུ་ཚུགས་ཀྱིས་སྐད་ཆ་རེ་དྲིས་ན་འགའ་ཤས་ནས་ཇ་རེ་བླུག་ཡོང་བ་དང་། འགའ་རེས་ནི་ཆེས་སུན་སྣང་གིས་དོན་དག་གཞན་རེ་གླེང་བསླངས་ནས་མགྱོགས་པོར་ཕྱིར་དོན་འགྲོ་ཐབས་གནང་གི་འདུག །ནམ་རྒྱུན་བཀའ་ཞེན་ཆེ་བས་ཉིན་བཞིན་ཀར་མཁྱེན་དང་བར་བསམ་སྒྲོལ་གསུམ། བེར་ཅན་གྱི་གསོལ་ཀ་སོགས་རྒྱང་གྲགས་བརྒྱུད་སྐད་ཤུགས་ཆེན་པོ་ཉེ་འཁོར་བ་དག་རྣ་བ་ཚ་ཚར་འདོན་མཛད་པའི་ཕྱག་ཆེན་དང་ནཱ་རོའི་ཆོས་དྲུག་གི་སྒྲུབ་བླ་བསྟན་པའི་རྒྱལ་མཚན་མཆོག་ལ་བཀའ་འདྲི་ཞུས་པས། ལ་ཕྱི། ཆུ་དབར། གཉི་ཤང་། ཡོལ་མོ་སོགས་ནི་གང་དུ་ཡོད་པ་དང་དེར་འགྲོ་མཁན་ཨི་ཡོད་ཀྱང་མི་ཤེས་པས་ཁྱོད་རང་སྡུག་ཉོ་དགོས་དོན་མི་འདུག། དེས་ན་གློ་ཆུ་མིག་བརྒྱ་རྩར་སོང་དང་དེ་རུ་གཏེར་ཆུ་དང་། གྲུབ་ཆུ་ངོ་མཚར་བ་མཇལ་རྒྱུ་ཡོད་ལ་བྱིན་རླབས་ཤིན་ཏུ་ཆེ། འགྲོ་གྲོན་གྱི་དངུལ་ཡང་ཁོ་བོས་རོགས་བྱེད་ཆོག་གསུངས། ཁོང་གི་གསུང་དེ་ལ་ང་རང་གནས་མཇལ་བ་ཞིག་ཡིན་པའི་ངོས་ནས་ལེགས་སོ་དང་། བཀའ་དྲིན་ཆེ་ཞུ་འོས་ཀྱང་། ང་དེ་ལས་ཟློག་སྟེ་རྗེ་མར་པའི་གསུང་ལས། ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་འགྲོ། །གསུངས་པ་དེ་ཡིད་ལ་འཁོར་ནས། ང་ལས་ཅི་ལ་ཐུག་རུང་སྒྲུབ་གནས་རྩ་ཆེན་དེ་དག་རྩད་ཆོད་པ་ཞིག་དང་མཇལ་ཐུབ་པ་ཞིག་མི་བྱེད་རེ་བསམ་ཞེ་མནའ་བྱེད་དགོས་པ་རེ་བྱུང་། དེ་རྗེས་གཉི་ཤང་བ་བླ་མ་ཤེས་རབ་རྒྱལ་མཚན་ལས་གཉི་ཤང་གུར་རྟ། ཤེལ་དཀར་དགོན་གྱི་མཁན་རྒན་ཕྲིན་ལས་ཆོས་འཕེལ་མདུན་ནས་ལ་ཕྱི་དང་ཆུ་དབར་བཅས་གང་དུ་ཡོད་པ་དང་། ཇི་ལྟར་བྱེད་བསླེབ་ཐུབ་པའི་ལམ་སྟོན་བཀའ་དྲིན་ཐོབ་བྱུང་། ལྷག་པར་མཁན་ཕྲིན་ལས་ཆོས་འཕེལ་ལགས་ཀྱིས་དེ་སྔོན་རྗེ་བཙུན་སྒྲུབ་གནས་མཇལ་མྱོང་ཡོད་པ་ཁ་ཤས་ཞིབ་བཤད་དང་། ད་དུང་མ་མཇལ་བ་དག་མཇལ་མོས་ཆེ་ཚུལ་སྤྱན་ཆབ་ཉིལ་བཞིན་དད་མོས་ཆེན་པོའི་སྒོ་ནས་གསུངས་སོང་བས་དེའི་སྐབས་མི་མང་ཁ་མཐུན་ཆེ་བས་སམ། ཡི་ཆད་དྲགས་པས་ང་རང་གི་དབང་རྩ་ལ་སྐྱོན་ཞིག་ཡོད་པ་མིན་ནམ་སྙམ་པའི་ཡིད་གཉིས་དེ་གཞི་མེད་དུ་གོ །དེང་གི་སྒྲུབ་བརྒྱུད་འཛིན་པ་ཚོའི་ཞལ་རས་ཀྱང་གསལ་རྗེན་དུ་མཐོང་སོང་བ་དེ་རེད།

སྤྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༢༡ ཉིན།

སྣ་ཚོགས།

Post navigation

Previous Post: ཀ་ཕྲེང་བདེན་པའི་ཐོག་མདའ།
Next Post: ༢༠༡༣ ལོའི་བོད་ཀྱི་མཛངས་མ་སླེབས་འདུག

Comments (10) on “དྲན་འགྱུར་བྱི་དུག་མ། ༼བོད་འབྱོར།༽”

  1. དགེ་ལེགས། says:
    2013-02-20 at 2:20 am

    ༄།།དེང་སང་མདོ་སྨད་རེབ་གོང་ལུང་བ་ན།།
    ༄།།དེང་སང་བོད་འདི་ཆོས་ལྡན་ཞིང་མིན་ཏེ།།ཆོས་མིན་གཡོ་སྒྱུའི་བྱ་བྱེད་ཁ་དར་ཞིང་།།ཆོས་བྱེད་འགོ་ཁྲིད་ཕལ་ཆེར་ཕྱོགས་རིས་ཅན།།བླ་སྤྲུལ་མཚན་ལྡན་ཆོས་བཞིན་སྤྱོད་པ་ཉུང་།།

    བསྟན་འགྲོ་སྤྱི་ལ་བསམ་བློ་མི་གཏོང་ཞིང་།།རང་གི་དགོན་དང་ལྷ་སྡེར་ཞེན་ཁུལ་གྱིས།།དམངས་ལ་ཆོས་བརྒྱུད་འཐེན་འཁྱེར་སློབ་པ་དང་།།ཆོས་ལ་སྤོང་ལེན་ཁྲོམ་བསྒྲགས་བྱེད་པ་དང་།།གདུགས་འོག་ཁྲི་ཁར་ཆོས་བཤད་མི་འཁྱོངས་བར།།བོད་འབངས་ནང་བཤིག་མཁན་ཚོས་བཀྲ་མ་ཤིས།།དེང་སང་མདོ་སྨད་རེབ་གོང་ལུང་བ་ན།།མ་ཎི་ཡིག་བདུན་མ་འདོན་ཟེར་བ་དང་།།སྔགས་པ་བོན་པོ་ཟེར་ནས་ཕྱོགས་རིས་བྱེད།།བན་བོན་ཕྱོགས་འཛིན་སྐྱིད་སྡུག་གཅིག་མི་བགྱིད།།ལ་ལས་ཤོག་སྦག་བརྒྱབ་ནས་ལོ་ཡང་སར།།སྤྱི་དོན་ཡལ་བར་འབོར་རྣམས་བདུད་ཀྱི་བུ།།ཁ་ཅིག་དབང་བསྐུར་མང་པོ་ཉོ་འཚོང་བྱེད།།དམ་ཉམས་ས་སྟེང་གང་བ་འགྲན་བཞིན་བྱེད།།ཁས་བླངས་དམ་ཚིག་དབང་གི་གྲལ་ནས་བརྗེད།།ཆོས་བརྒྱད་རྩོད་པའི་དབང་བསྐུར་མང་ཐལ་ལོ།།དེ་དག་དེ་འདྲས་བོད་ཁམས་ཕུང་བ་ཡིན།།མདོར་ན་དགྲ་དགའ་གཉེན་སྡུག་འགོ་བ་སྟེ།།ཕུང་འདྲེ་དེ་དག་ཁ་ལུད་བཞིན་དུ་འདོར།།བོད་ལ་དགོས་པ་རྡོག་རྩ་གཅིག་སྒྲིལ་ཡིན།།དཔའ་བོ་དཔའ་མོའི་ཞལ་ཆེམས་སྙིང་ལ་ཆོངས།།བསྟན་པ་འཛིན་ལ་མཚན་ལྡན་བླ་མ་མཁོ།།ཆོས་ལ་དགོས་པ་དད་པ་དག་སྣང་ཡིན།།དབང་གི་སྲོག་རྩ་དམ་ཚིག་སྡོམ་པ་ཡིན།།དེང་སང་སྤྲུལ་སྐུ་ཕལ་ཆེར་བདུད་ཀྱིས་བསླུས།།མཚན་ལྡན་ཡིན་མིན་བརྟག་པ་འདི་ལྟར་བྱ།།སྤྲུལ་སྐུ་ཡིན་ལ་བླ་མ་མིན་པ་གཅིག །དཔེར་ན་ཡོོན་ཏན་ཅང་མེད་སྤྲུལ་སྐུ་ཚོ།།བླ་མ་ཡིན་ལ་སྤྲུལ་སྐུ་མིན་པ་གཉིས།།དཔེར་ན་དགའ་ལྡན་གསེར་ཁྲི་ལྟ་བུ་སྟེ།།སྤྲུལ་མིང་མེད་ཀྱང་ཆོས་ཀྱི་ཡོན་ཏན་རྫོགས།།ངེས་དོན་བླ་མའི་མཚན་ཉིད་ཚང་བའི་ཕྱིར།།གཉིས་ཀ་ཡིན་པ་གསུམ་པ་༧རྒྱལ་དབང་བཞིན།།གཉིས་ཀ་མིན་པ་བོད་ན་ཐ་ར་ར།།མུ་བཞིའི་ཐིག་འདི་༧གོང་ས་མཆོག་གིས་བཏབ།།བཏབ་པ་ཇི་བཞིན་བོད་པས་ཉམས་སུ་ལེན།།དཀོར་ཟན་ཕུང་འདྲེ་དེ་ཚོ་ཁྲོམ་གཏོར་འོས།།བསྟན་འགྲོའི་ཆོམ་རྐུན་དེ་ཚོ་བག་ཡོད་གྱིས།།

    ཆོལ་གསུམ་བོད་པ་ཕུ་ནུ་མིང་སྲིང་སྟེ།།འབུད་ན་སྒང་གཅིག་ལྷུང་ན་ཁུག་གཅིག་ཡིན།།བསྟན་པ་རིས་མེད་དར་ཞིང་རྒྱས་པ་དང་།།རྩམ་ཟན་འགྲོ་བའི་སྡུག་བསྔལ་སེལ་བར་སྨོན།།གཞིས་བྱེས་མཇལ་འཛོམས་དགའ་སྟོན་འཕེལ་གྱུར་ཅིག།

  2. ནུབ་ཕྱོགས་གངས་ཕྲུག་ says:
    2013-02-20 at 2:37 am

    གནའ་རབས་བཀའ་བརྒྱུད་བླ་མ་རྣམས།
    །བྲག་ཕུག་སྟོང་པར་སྒོམ་སྒྲུབ་གནང་།
    །དེང་སང་བཀའ་བརྒྱུད་བླ་ཆེན་རྣམས།
    །སྐར་ལྔའི་མགྲོན་ཁང་སྐྱིད་ཉལ་བྱེད།

  3. ལོང་བ། says:
    2013-02-20 at 3:02 am

    ཁྱེད་ཀྱིས་ངོ་མ་འཚོལ་ཞིབ་ཆེད་ཡིན་ན། རྒྱུས་ཡོད་ལ་འབྲེལ་གཏུགས་གནང་གལ་ཆེ། ལ་ཕྱི་སོགས་སུ་འབྲི་ཁུང་པའི་སྒྲུབ་ཁང་ཁ་ཤས་ཡོད་པ་ཐོས།

  4. ཚེ་རྡོར། says:
    2013-02-20 at 4:52 am

    གངས་ལྷ་ལགས། ཁྱེད་ཀྱིས་རང་ཉིད་མར་མི་དག་གསུམ་སོགས་གང་རུང་སྤྲུལ་སྐུ་ཡིན་མདོག་མིན་ནམ། ང་ཚོར་དོགས་པ་ཆེ།

  5. ཚེ་རིང་སྐྱབས་ says:
    2013-02-20 at 1:45 pm

    ༄༅།འདི་ལོའི་བོད་ཀྱི་མཛེས་མའི་འགྲེན་ཚོགས་འདི་རྒྱལ་ཁའི་ངང་ཚོགས་ཐུབ་ནས་བྲོལ་ཐུབ་བ་བྱུང་བ་དེ་རྒྱལ་ཁ་རླབས་ཆེན་ཞིག་རེད་འདུག།
    མཛེས་མའི་དོ་སྒྲིགས་ལས་བྱེད་བློ་བཟང་རྒྱལ་ནི་བོད་མི་ས་དབྱ་དྲུག་གི་ཞབས་འདྲེན་མཁན་ཞིག་མ་རེད་ན་གང་རེད།
    འཛམ་གླིང་འདི་སྟེང་བོད་དོན་དང་འབྲེལ་བའི་མཛེས་མའི་འགྲེན་སྡུར་ཡ་རབས་སྤྱོད་བཟང་ཞིག་གི་ཐོག་ནས་གནང་མཁན་ཞིག་ཡིན་ན།
    དོན་ཚན་དང་བོད་པ་གཙང་མ་ཞིག་དང་
    དོན་ཚན་གཉིས་པ་བོད་ཡིག་མཐོ་སློབ་མཐོན་པའི་ལགས་འཁྱེར་ཡོད་ཁན་
    དོན་མཚན་གསུམ་པ་ཆོས་གསུམ་གང་རུང་གྱི་ཕ་སྐད་གཙང་མ་
    ཞིག་དགོས་ངེས་ལས་དེ་ལྟ་བུའུ་བོད་མེད་དམར་ཧྲེང་མ་འདི་ཚོ་བོད་ཕྱི་ནང་གཉིས་ཀྱི་ཞབས་འདྲེན་ཁན་ཞིག་མ་རེད་ནམ།
    ཡང་དེ་ཚོ་བློ་དབང་ཁོ་རང་གི་འདོད་ཆགས་ཕེལ་ཡུལ་གྱི་གོ་སྐབས་བཟུང་བ་ལས་མི་རིགས་ལ་འཕེན་ལས་དོན་གང་ཡང་མིན་པ་དེ་དངོས་གསལ་དོལ་པོ་ཕྱིན་པ་ཞིག་མ་རེད་དམ་ཀློག་པ་པོ་ཁྱེད་གསུང་དང་ད་ལོ་བོུ་གཅིག་ལས་མེད་པ་དེ་འོ་བོད་པ་འི་རྫོགས་ཟིན་པ་ཡིན་ནམ་ཧཧཧཧཧཧཧཧཧཧཧཧཧ།

  6. བསམ་ཤེས། says:
    2013-02-20 at 11:08 pm

    དུས་རབས་ཉེར་གཅིག་གི་བཀའ་བརྒྱུད་བསྟན་པ་ནུབ་རིའི་ཕ་རོལ་དུ་བཞོལ་བའི་སྐབས་འདིར། སངས་རྒྱས་གཉིས་པ་དཔལ་རྒྱལ་དབང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་མཆོག་ཕེབས་ནས། གྲུབ་རྒྱུད་འདིའི་བསྟན་པའི་མེ་རོ་གསོ་བའི་སྨོན་ལམ་ཟབ་པར་འདེབས་ཀྱི། བྱིན་གྱི་རློབས་སུ་གསོལ། 

    ད་ལྟའི་བཀའ་བརྒྱུད་པའི་བླ་མ་ཕལ་མོ་ཆེ་བཀའ་བརྒྱུད་ཀྱི་གཞུང་དང་མན་ངག་ཐར་ཕྱིན་པར་ཉམས་ལེན་གནང་མཁན་ཆེས་ཉུང་། ལ་ལ་གཙོ་བོ་ཆོས་ཚོགས་དང་ནུབ་ཕྱོགས་ལ་སྒོར་མོའི་དོན་དུ་གཤེགས། ལ་ལ་ནང་མི་བཟའ་ཟླ་བུ་ཕྲུག་གི་འཚོ་བའི་འཁུར་པོས་མནན། ལ་ལ་སྦྱིན་བདག་དང་འཁོར་མི་ཉུང་བ་དག་གི་ངོ་ཁ་གསོ་ཨེ་ཐུབ་རེད། ཕལ་མོ་ཆེ་བཀའ་སྙིང་འདྲེས་མའི་ཆོ་ག་དང་འཕྲིན་བཅོལ་གཙོ་བོར་བཞེས། ལུགས་འདིའི་མཛོད་ཆེན་ཁག་བརྒྱད་དང་། ཕྱག་ཆེན་གི་མན་ངག སྔགས་བླ་མེད་ཀྱི་དབང་ལུང་མན་ངག་ཉམས་བཞེས་གནང་མཁན་ཤིན་དུ་ནས་དཀོན། དཔེར་ན་བཀའ་བརྒྱུད་མེས་པོ་རྗེ་མར་པའི་མན་ངག་སྙིང་པོ་གསང་བ་འདུས་པའི་རིམ་ལྔའི་ཉམས་བཞེས་ཆ་ཚང་བ་མཁྱེན་མཁན་གྱི་བཀའ་བརྒྱུད་བླ་མ་མེད་པ་ལྟ་བུར་གྱུར་འདུག དཔྱད་པ་གནོངས་རོགས།

  7. ཨ་ཕྱི་ཆོས་སྒྲོན says:
    2013-02-21 at 6:47 am

    གནས་མཆོག་ལ་ཕྱི་ལ་བདག་པོ་དང་སྒྲུབ་བརྒྱུད་གོང་མའི་ཤུལ་འཛིན་ནུས་པ་རྒྱལ་བ་འབྲི་གུང་པ་གཅིག་པུ་རེད། དེ་མིན་་་་་་་

  8. མེ་ཏོག་དཀར་པོ says:
    2013-02-21 at 7:29 am

    རྒྱལ་ཀུན་ཕྲིན་ལས་རང་གཟུགས་༧དཔལ་ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ་མཁྱེན། ཚེ་རབས་ཀུན་ཏུ་བརྩེ་བས་རྗེས་སུ་བཟུང་དུ་གསོལ། དེང་དུས་སྒྲུབ་བརྒྱུད་གོང་མའི་མཚན་འཆང་ནས་ཤིང་སྣ་འདེབས་འཛུག་དང་། གཟན་བཤམ་གྱོན་སྟངས་ཁོ་ན་བསྟན་པའི་སྙིང་པོ་བཟུང་བ་འདི་དག་ཐུགས་རྗེ་ལྕགས་ཀྱུས་འཛིན་དུ་གསོལ།

  9. BONPO says:
    2013-02-21 at 8:04 am

    ལས་ཅི་ལ་ཐུག་ཀྱང་བོད་ཡུལ་དུ་སྡོད། །འཆི་བ་སྲོག་ལ་བབས་ཀྱང་བོད་ཡུལ་དུ་སྡོད། །
    ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་མ་འགྲོ། །འཆི་བ་སྲོག་ལ་བབས་ཀྱང་རྒྱ་གར་ལ་མ་འགྲོ། །

  10. མེ་ཏོག་དཀར་པོ says:
    2013-02-21 at 8:36 am

    ཡབ་རྗེ་གྲུབ་རིགས་འཛིན་པ་འདི་དག་གི་དྲིན་ལས་བོད་དུ་སྐྱིད་པའི་ཉི་མ་ཤར་སོང་བ་རེད། བཀའ་དྲིན་ཆེའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme