Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

“ དྲན་པ། “དེང་དུས་བོད་ཀྱི་རི་མོའི་འགྲེམས་སྟོན།

Posted on 2015-02-272015-02-27 By ཕུན་ཚོགས་ཚེ་རིང་ 2 Comments on “ དྲན་པ། “དེང་དུས་བོད་ཀྱི་རི་མོའི་འགྲེམས་སྟོན།

འདུས་བྱུང་ཕུན་ཚོགས་ཚེ་རིང་གིས་མཚམས་སྦྱོར་བྱས།

DSC_0270དེ་ཡང་ནུབ་ཕྱོགས་རྗར་མེ་ནི་བོད་ཀྱི་ཁང་པའི་ནང་ལོ་རེར་སྒྱུ་རྩལ་འགྲེམས་སྟོན་ཐེངས་གཉིས་རེ་གཉེར་བཞིན་ཡོད་ཅིང་། འདི་ལོ་ཡང་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་ནས་བདུན་པའི་ཚེས་གསུམ་བར་ “དྲན་པ་“ ཞེས་པའི་མིང་བྱང་འོག་བོད་ཀྱི་དེང་རབས་སྒྱུ་རྩལ་བ་བསམ་བྱུང་ལགས་ཀྱི་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་སྤེལ་མུས་རེད། ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་སྒྱུ་རྩལ་འགྲེམས་སྟོན་གྱི་འགོ་དངོས་སུ་བཙུགས་ཏེ། ནང་དོན་དང་སྒྱུ་རྩལ་མི་འདྲ་བའི་བརྩམས་ཆོས་རྣམ་གྲངས་བཅུ་འགྲེམས་སྟོན་བྱས། སྒྱུ་རྩལ་བརྩམས་ཆོས་ཁག་གི་ནང་དོན་ཡང་ངོ་བོ་མི་འདྲ་བ་གསུམ་ལ་དབྱེ་ཆོག་སྟེ། དང་པོ། སྒྱུ་རྩལ་བ་རང་ཉིད་བཙན་བྱོལ་དུ་འབྱོར་ནས་དུས་ཚོད་རིང་པོར་མ་ཕྱིན་པའི་བག་ ཆགས་དང་། ལྷག་པར་དུ་བརྒྱུད་རིམ་དེའི་ནང་ལོགས་ལ་བོད་ཀྱི་ཆོས་དང་། ལྟ་བ་དང་། འདུ་ཤེས་བཅས་ལ་འཛིན་པའི་བསམ་བློ་དྲག་པོ་དང་ཚོར་འདུ་ཟབ་མོ་དེ་སྒྱུ་རྩལ་གྱི་ལམ་ནས་ཕྱི་རུ་མངོན་པར་བྱས་ཡོད། གཉིས་པ། ཁོར་ཡུག་དང་། ཕྱི་ནང་གི་རིག་གནས་ལ་ཤན་ཤུགས་སམ། དེ་ལ་འཛིན་པའི་འདུ་ཤེས་ཁག་མངོན་པར་བྱས་ཡོད། གསུམ་པ། འགྲེམས་སྟོན་གྱི་མིང་བྱང་དང་དོན་མཚུངས་པར་བྱས་འདུག་པ་སྟེ། སྒྱུ་རྩལ་བ་རང་ཉིད་ཕ་ཡུལ་དུ་ཡོད་སྐབས་དང་། ལྷག་པར་དུ་བྱིས་དུས་ཀྱི་དྲན་སྣང་དང་། འཆར་སྣང་དང་། མཐོང་སྣང་རྣམས་མངོན་པར་བྱས་ཡོད། དེ་ཡང་སྒྱུ་རྩལ་བ་ཁོང་གིས་གསུངས་དོན། ⟪ ངས་བརྩམས་ཆོས་གསུམ་པ་རྩོམ་སྐབས། ང་རང་ད་ལྟའི་སྡོད་ས་འདི་ནི་སྤྱིར་བཏང་ཁ་ཁུ་སིམ་པོ་དང་། ཡང་སྒོས་བོད་པ་མང་པོ་མེད་པའི་ཁོར་ཡུག་ཅིག་རེད། ང་རང་གིས་རི་མོ་འབྲི་བའི་སྐབས་སུ་བསམ་བློའི་ནང་ཆུང་དུས་ཀྱི་ཚོར་བ་དང་། མཐོང་སྣང་རྣམས་ལྷང་མེར་མངོན་འོང་བ་ལས། འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་མི་འབྲི་བར་། བསམ་བློའི་ནང་གང་ཤར་ཡོང་བ་རྣམས་རི་མོའི་ལམ་ནས་བྲི་རྐྱང་བྱེད་བཞིན་ཡོད། དུས་ཡུན་ཧ་ཅང་རིང་པོ་དེའི་ནང་ཕ་ཡུལ་གྱི་ཕྱིའི་བཀོད་པར་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་རུང་། ངའི་བསམ་པའི་ནང་གི་ཕ་ཡུལ་ནི་ཆུང་དུས་ཀྱི་འཆར་སྣང་ཇི་བཞིན་ད་དུང་ཡང་རི་མོར་ བཀོད་ཡོད་པ་ལྟར་ཁྲ་ལམ་མེར་གསལ་འདུག ⟫ ཅེས་གསུངས།

48

སྒྱུ་རྩལ་བ་ཁོང་རང་ཉིད་ཀྱི་འགྲེལ་བཤད་འདི་ལ་བལྟས་འོང་ན། སྒྱུ་རྩལ་བ་ཁོང་ནི་ཕ་ཡུལ་དང་། ཕ་ཡུལ་གྱི་མི་སྣ་དང་། དེ་བཞིན་ཕ་ཡུལ་གྱི་ལས་དབང་བཅས་ལ་བསམ་གཞིགས་རྒྱུན་པར་གནང་གི་ཡོད་པ་ནི་བཤད་ མི་དགོས་པར་ཤུགས་ཀྱིས་གོ་འོང་བ་ཞིག་གོ ། འགྲེམས་སྟོན་དབུ་འབྱེད་ཉིན་བོད་ཀྱི་དེང་རབས་རི་མོ་ལ་རྒྱུས་མངའ་ཧ་ཅང་ཟབ་མོ་ཡོད་མཁན་ལྕམ་(Elke Hessel)ཨེ་ཁ་ཧེ་སེལ་གྱིས་བོད་ཀྱི་དེང་རབས་རི་མོའི་རྒྱབ་ལྗོངས་དང་། འཕེལ་རིམ་སྐོར་གཟིགས་མོ་བ་རྣམ་པར་ངོ་སྤྲོད་དཔེ་མེད་གནང་ཞིང་། དེ་བཞིན་རྗར་མེ་ནི་རོལ་མོ་བ་ཞིག་གིས་ཀྱང་རོལ་དབྱངས་ཐོག་ནས་དགའ་བསུ་ཞུས། སྒྱུ་རྩལ་འགྲེམས་སྟོན་འདི་ནི་རྗར་མེ་ནི་བོད་ཀྱི་ཁང་པས་གཉེར་ཞིང་། ཕང་ཕོ་ཌི་གྲོང་ཁྱེར་ཤེས་རིག་ལས་ཁུངས་(Kulturamt der Stadt Frankfurt)ཀྱིས་ནམ་རྒྱུན་བོད་ཀྱི་ཁང་པའི་མཛད་རིམ་མང་པོར་གདེང་འཇོག་དང་། རྒྱབ་སྐྱོར་གནང་མུས་ཐོག །དམིགས་བསལ་འགྲེམས་སྟོན་ཁག་ལ་དཔལ་འབྱོར་གྱིས་རྒྱབ་སྐྱོར་གནང་སྲོལ་ཡོད་པ་ལྟར་ད་ཐེངས་ཀྱང་འགྲེམས་སྟོན་འདིའི་འགྲོ་སོང་བརྒྱ་ཆ་ཉི་ཤུ་ཤེས་རིག་ལས་ཁུངས་ཀྱིས་བཏང་།

བོད་ཀྱི་དེང་རབས་སྒྱུ་རྩལ་བ་བསམ་བྱུང་ལགས་ནི་ཕ་ཡུལ་བོད་དུ་འཁྲུངས་ཤིང་། བོད་དང་རྒྱ་ནག་ནང་ལོགས་ལ་སློབ་སྦྱོང་གནང་མྱོང་ཡོད། ད་ཆ་ནུབ་ཕྱོགས་སུད་སིར་རྒྱལ་ཁབ་ཏུ་བཞུགས་ཏེ། ས་ཆ་དེར་མུ་མཐུད་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོ་བརྩམས་དང་རྩོམ་མུས་རེད་འདུག ། ཁོང་ནི་བོད་མི་དེང་རབས་སྒྱུ་རྩལ་ཐོག་ཏུ་ཁྱད་ལས་ཀྱི་སློབ་སྦྱོང་གནང་མཁན་མང་པོ་མེད་པའི་ཁྲོད་ནས་གཅིག་རེད་ལ། ལྷག་པར་དུ་བོད་དང་རྒྱ་ནག་ནང་ལོགས་ཀྱི་གཙུག་ལག་སློབ་གྲྭ་ནས་ཐོན་མཚམས། ལོ་ཤས་རིང་ས་གནས་དེ་ག་རང་ལ་ལས་ཀ་གནང་སྟེ། རིམ་པས་བཙན་བྱོལ་ནང་ཕེབས་པའི་སྒྱུ་རྩལ་བ་དང་། ཤེས་ཡོན་ཅན་ཞིག་རེད།

DSC_0392

རྗར་མེ་ནི་བོད་ཀྱི་ཁང་པ་ནི ༢༠༠༥ ལོར་དབུ་བརྙེས། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་འཛིན་དབུ་ཁྲིད་ཀྱི་ཐོག་ནས་མགོན་སྐྱབས་འོག །བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་སྟེ་ཆོས་ཕྱོགས་ཀྱི་ དབུ་ཁྲིད་གནང་དང་གནང་མུས་རེད་ལ། སྤྱིར་བཏང་བོད་ཀྱི་ཁང་པས་ལོ་གཅིག་ལ་ཁྱོན་བསྡོམས་བོད་ཀྱི་རིག་གཞུང་དང་འབྲེལ་ བའི་མཛད་རིམ་ཁག་སུམ་བརྒྱ་ལྷག་གཉེར་བཞིན་ཡོད།

གསར་འགྱུར།

Post navigation

Previous Post: དོན་དངོས་ཁ་འཐོར་འཛིན་སྐྱོང་འོག་གནས་པའི་མི་སེར་རྒྱལ་ཁབ་དང་བོད།
Next Post: བོད་སྨན་རིན་ཆེན་རིལ་བུའི་སྐོར་གྱི་གསལ་བཤད་དང་བསྟེན་ཐབས།

Comments (2) on ““ དྲན་པ། “དེང་དུས་བོད་ཀྱི་རི་མོའི་འགྲེམས་སྟོན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-02-28 at 2:28 am

    ་་་་་་་་་ རྒྱབ་སྐྱོར་གནང་མུས་ཐོག །དམིགས་བསལ་འགྲེམས་སྟོན་ཁག་ལ་དཔལ་འབྱོར་གྱིས་རྒྱབ་སྐྱོར་གནང་སྲོལ་ཡོད་པ་ལྟར་ད་ཐེངས་ཀྱང་འགྲེམས་སྟོན་འདིའི་འགྲོ་སོང་བརྒྱ་ཆ་ཉི་ཤུ་ཤེས་རིག་ལས་ཁུངས་ཀྱིས་བཏང་། ་་་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-02-28 at 2:28 am

    བོད་རིགས་ཡར་རྒྱས་ཀྱི་མཚོན་རྟགས་ཅིག་རེད་སྙམ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme