Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲང་པོ་རེད་དམ།

Posted on 2013-05-152013-05-15 By ཁ་བརྡ་ 34 Comments on དྲང་པོ་རེད་དམ།

བོད་ལ་ཞེན།

བོད་ཀྱི་དུས་བབ་ཐོག་གཤམ་ལ་བཀོད་པའི་གསར་འགྱུར་འདི་འདྲ་ཞིག་འདུག དེ་ལ་ལྟ་དུས་ང་རང་ལ་དོགས་པ་འགའ་ཞིག་བྱུང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་དགེ་ལྡན་པའི་གདན་ས་གསུམ་ནས་མ་གཏོགས་ཆོས་བརྒྱུད་གཞན་པ་ནས་བསླབ་པ་མཐར་སོན་པའི་མཁན་པོ་དང་སློབ་དཔོན་རྒྱུ་མཚན་གང་གིས་གདན་འདྲེན་མ་ཞུས་པ་རེད་དམ། གོང་ས་མཆོག་གི་དགོངས་པར་ཚན་རིག་སྦྱོང་ཟེར་བ་དེ་དགེ་ལྡན་པ་ཁོ་ན་ལ་ཟེར་བ་རེད་དམ། དགེ་ལྡན་པའི་དགེ་གཤེས་རྣམས་མ་གཏོགས་ཆོས་ལུགས་གཞན་པའི་མཁན་སློབ་ཚོ་དང་སློབ་མའི་བར་འབྲེལ་བ་མི་དགོས་པ་རེད་དམ། མཐོ་རིམ་སློབ་གྲྭ་དེའི་སློབ་མ་ཚོ་དགེ་ལྡན་པ་ཤ་ཏག་རེད་དམ། ད་དུང་དྲི་བ་མང་པོ་ཞིག་འདུག་ཀྱང་་་་་་་་་་་་་་་་་་་་ གསར་འགྱུར་ནི་དེ་རེད། འདོན་སྤེལ། ༢༠༡༣/༠༥/༡༤
ཏཱ་ལའི་བླ་མ་མཐོ་སློབ་ཏུ་ཟླ་གསུམ་རིང་ལྷོ་ཕྱོགས་གདན་ས་གསུམ་ནས་ཕེབས་པའི་དགེ་བཤེས་ལྷ་རམས་པ་ཚོར་དབྱིན་ཡིག་སློབ་ཁྲིད་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད་འདུག

རྒྱ་གར་གྲོང་ཁྱེར་བྷིང་ལོར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ། རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་གྱི་བསླབ་པ་མཐར་སོན་གྱི་དགེ་བཤེས་ལྷ་རམས་པ་༡༣ ཙམ་ལ། ཕྱི་ཟླ་༣ ཚེས་༡ ནས་ཕྱི་ཟླ་༦ ཚེས་༡ ཉིན་བར་དུས་ཡུན་ཟླ་གསུམ་རིང་། དབྱིན་ཡིག་སློབ་ཁྲིད་ཀྱི་ལས་གཞི་ཞིག་མགོ་འཛུགས་གནང་ཡོད་པ་དང་། ཉེ་ཆར་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་མི་མང་སྤྱི་འཐུས་དང་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་བུ་མོ་ཚེ་རིང་ལཊ་སུ་བཅར་འདྲི་ཞུས་པར། མཐོ་སློབ་དེར་དགེ་བཤེས་ལྷ་རམས་པ་རྣམས་གདན་ཞུས་ཐོག་དབྱིན་ཡིག་བསླབ་ཁྲིད་དགོས་པའི་དགོས་དམིཊ་གཙོ་བོ་བར་ལམ་གདན་ས་ཁག་གི་དགེ་ལུཊ་རྒྱུགས་སྤྲོད་ཁོངས་ཚན་རིག་སློབ་ཚན་བཞག་ཡོད་ཅིང་། ལས་གཞི་དེར་དམིཊ་ཏེ་ཚན་རིག་གི་ཐ་སྙད་གང་འཚམ་བོད་ཡིག་ཏུ་བསྒྱུར་ཏེ་བེད་སྤྱོད་གཏོང་གི་ཡོད་ཀྱང་། ནང་ཆོས་དང་ཚན་རིག་བར་ཞིབ་བསྡུར་དང་ལྷག་པར་དུ་ཚན་རིག་ཤེས་བྱ་སློབ་སྦྱོང་བྱེད་པར་དབྱིན་ཡིག་ཤེས་ཚད་ཡག་པོ་མེད་ན་འགྲིག་ཐབས་མེད་སྟབས་གདན་ས་ཁག་གི་དགེ་བཤེས་ཚོར་དབྱིན་ཡིག་སྦྱོང་མགོ་བཙུགས་སྐོར་བརྗོད་བྱུང་།

ཡང་ཁོང་མོས་མུ་མཐུད་དུ་བརྗོད་པར། ཐེངས་འདིར་གདན་ས་ཁག་ནས་དགེ་བཤེས་ལྷ་རམས་པ་༣༠ གདན་ཞུ་གནང་ཡོད་ཀྱང་དངོས་སུ་ཕེབས་མཁན་དགེ་བཤེས་༡༣ ཙམ་བྱུང་ཡོད་པ་དང་། གཞན་རྣམས་དཔེ་ཁྲིད་ལ་འགྲོ་དགོས་པ་དང་ཡིག་རྒྱུགས་ལ་ཁེལ་བ། སྒེར་དོན་སོཊ་ཀྱིས་དུས་ཐོག་འབྱོར་ཐུབ་མེད་པ་དང་། སྐབས་དེར་སྐུའི་གསུང་སྒྱུར་དགེ་བཤེས་རྡོ་རྗེ་དགྲ་འདུལ་གཙོས་མཁས་པ་ཁག་ཅིག་གིས། མཐོ་སློབ་དེར་༸གོང་ས་མཆོག་གིས་གསུང་བཞིན་པའི་ཆོས་དང་མ་འདྲེས་པའི་ཐོག་ཀུན་སྤྱོད་ཡར་རྒྱས་གཏོང་ཕྱོགས་(Secular ethics)ཐོག་གཏམ་བཤད་སྤེལ་ཡོད་སྐོར་བརྗོད་བྱུང་།

ཁོང་མོས་མུ་མཐུད་དུ་བརྗོད་དོན་ལ། དབྱིན་ཡིག་སློབ་ཁྲིད་དེ་ཏཱ་ལའི་བླ་མ་མཐོ་སློབ་ཀྱིས་གོ་སྒྲིག་ཞུ་དོན། དགེ་བཤེས་རྣམ་པ་དང་མཐོ་རིམ་སློབ་མ་ཚོའི་བར་འབྲེལ་ལམ་བཟང་དུ་གཏོང་ཆེད་དང་། དགེ་བཤེས་ལྷ་རམས་པ་མང་པོ་ཞིག་འཛིན་གྲྭ་ཐོན་རྗེས་ཡར་མར་དབྱིན་ཡིག་སློབ་སྦྱོང་ལ་ཕེབས་ཏེ་འགྲོ་སོང་ཆེན་པོ་གཏོང་གི་ཡོད་སྟབས། དཀའ་ངལ་དེ་རིགས་སེལ་ཐབས་ལ་མཐུན་འགྱུར་ཞུས་པ། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་ཕྲུག་རེར་ཟླ་རེའི་འགྲོ་སོང་ཧིན་སྒོར་ ༣༥༠༠ རེ་ཡིན་ཡང་། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་དགེ་བཤེས་རྣམ་པར་ཧིན་སྒོར་༢༥༠༠ ལས་སྤྲོད་དགོས་ཀྱི་མེད་པ་དང་། ཨ་རི་ནས་ཡིན་པའི་དགེ་རྒན་ཉམས་མྱོང་ཅན་ཞིག་དང་། ཏཱ་ལའི་བླ་མ་མཐོ་སློབ་སློབ་སྤྱི་གཞོན་པ་འབུམ་རམས་པ་པདྨ་དབྱངས་ཅན་ལཊ་གཉིས་དབྱིན་ཡིག་དགེ་རྒན་དུ་བསྐོ་བཞག་བྱས་ཡོད་ཚུལ་སོགས་ངོ་སྤྲོད་གནང་སོང་།

གསར་འགོད་པས་ཏཱ་ལའི་བླ་མ་མཐོ་སློབ་ཏུ་དབྱིན་སྦྱོང་བཞིན་པའི་སེར་སྨད་དགེ་བཤེས་ལྷ་རམས་པ་བློ་བཟང་དབྱིག་གཉེན་ལགས་སུ་བཅར་འདྲི་ཞུས་པར། དབྱིན་ཡིག་སྦྱོང་དོན་གཙོ་བོ་ཟ་སྐད་འཐུང་སྐད་ཙམ་མིན་པར་༸གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་དགོས་པའི་ལམ་སྟོན་གནང་བ་ལྟར། དུས་རབས་དང་མཐུན་པའི་ནང་པ་ཞིག་བྱ་དགོས་ན་དེང་དུས་ཤེས་ཡོན་དབྱིན་ཡིག་མེད་དུ་མི་རུང་བ་ཆཊ་ཡོད་སྟབས་ཆེད་དུ་དབྱིན་ཡིག་སྦྱོང་དུ་ཡོང་ཚུལ་དང་། མ་གཞི་ཁོང་ལ་དབྱིན་ཇིའི་རྨང་གཞི་ཡག་པོ་མེད་ཀྱང་དགེ་རྒན་ཚོས་འཛིན་གྲྭ་ཚོཊ་སྟངས་དང་། སློབ་གྲྭའི་ཁོར་ཡུག་གི་མཐུན་རྐྱེན་འཛོམས་པོ་ཡོད་པ་བཅས་ཀྱིས་དུས་ཡུན་ཐུང་ངུའི་ནང་གང་འཚམ་ཡར་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་པ་དང་། གལ་སྲིད་ཟླ་གསུམ་གྱི་སློབ་ཁྲིད་དེར་གྲུབ་འབྲས་ཡག་པོ་བྱུང་ན་སློབ་སྤྱི་མཆོག་གིས་བསྐྱར་དུ་སློབ་སྦྱོང་དུས་ཡུན་ཟླ་༣ ནས་༦ དང་། དེ་ནས་ལོ་༡ དང་༢ གཉིས་སུ་སྤར་འཆར་ཡོད་སྐོར་བརྗོད་བྱུང་བས་དེ་ལ་ཧ་ཅང་དགའ་ཡོད་སྐོར་བརྗོད་བྱུང་།

ད་ཆར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཁྱོན་དགེ་ལས་༤༠ ལྷག་དང་སློབ་ཕྲུག་༡༩༠ ཙམ་ཡོད་འདུག

སྣ་ཚོགས།

Post navigation

Previous Post: སྙན་ངག་པ། ཁྱོད་གཏན་ནས་འཆི་མི་ཉན།
Next Post: སྦྲང་ཆར་མངར་མོ།

Comments (34) on “དྲང་པོ་རེད་དམ།”

  1. བན་དེ་བ། says:
    2013-05-15 at 2:22 am

    གསར་འགྱུར་བདེན་པ་ཞིག་བཤད་འདུག ས་རྙིང་བཀའ་ཇོ་བོན་སོགས་ལ་ལྷ་རམ་མེད་པ་ཡིན་རྒྱུ་རེད། དགེ་བཤེས་ལྷ་རམ་པ་མ་གཏོགས་ཚུད་ཀྱི་མེད་ཟེར།

  2. པདྨ says:
    2013-05-15 at 2:53 am

    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་ས་དགེ་བཀའ་རྙིང་ཚན་རིག་བཅས་པར་རིས་སུ་མ་ཆད་པའི་སློབ་གྲྭ་ཞིག་རེད། །

  3. སྤོབས་པ་མཐའ་ཡས། says:
    2013-05-15 at 3:39 am

    དེང་སང་ལྷ་རམས་པ་ཟེར་རྒྱུ་ཞིག་མེད། དེང་སང་ལྷོ་རམས་པ་ཟེར་དགོས་པ་རེད། ལྷ་རམས་པ་ཟེར་དུས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྟེང་དུ་དམ་བཅའ་བཞག་པའི་རབ་འབྱམས་པ་རེད། དེང་སང་རྒྱ་གར་ལྷོ་ཕྱོགས་དུ་དམ་བཅའ་བཞག་པའི་ལྷ་ོརམ་པ་རེད་མ་གཏོགས་ལྷ་ལྡན་དུ་དམ་བཅའ་བཞག་པའི་ལྷ་རམ་པ་མ་རེད།

  4. མེ་ཏོག་དཀར་པོ says:
    2013-05-15 at 3:42 am

    གང་ལྟར་དགེ་ལུགས་པས་ད་དུང་མནར་གཅོད་གཏོང་གི་འདུག ཞིབ་འཇུག་བྱས་ཏེ་སྐྱོན་ཐེར་འདོན་བྱ་ངེས་ཡིན། ལྟོས་ཨ།

  5. གཞིས་ཆགས་བུ། says:
    2013-05-15 at 5:40 am

    བོད་ལ་ཞེན།
    ཁྱེད་བོད་ལ་ཞེན་རྒྱུ་ཡིན་ནམ། ཡང་ན་རྒྱ་ལ་ཞེན་པ་ཡིན་ནམ། སྐྱོན་འཛུགས་དང་ཚད་མེད་བྱེད་རྒྱུའི་གནས་ཚུལ་གཅིག་ཀྱང་ཐོབ་མེད་པ་ལྟ་བུའི་རྙོག་དྲ་ཞིག་སློང་འདུག་ག

    མ་གཞི་ཞིབ་འཇུག་ཡག་པོ་བྱེད་ནས་གཏམ་ཞིག་བཤད་ན། དེ་ལ་བྲོ་བ་ཡོད་ལ། དེ་ལ་བདེན་པ་ཡོད།

    མདོར་ན། ཁྱེད་ནི་བོད་ལ་ཞེན་རྒྱུ་མིན་པར་རྒྱ་ལ་ཞེན་པ་ཞིག་ཡིན་ཁོ་ཐག་རེད་འདུག

  6. མེ་ཏོག་དཀར་པོ says:
    2013-05-15 at 5:47 am

    མ་གཞི་དགེ་ལུགས་པ་འདི་ཚོ་ག་ས་ག་རུ་སིམ་འཛུལ་གྱིས་བོད་ཀྱི་ནང་པ་ཡིན་ན་དགེ་ལུགས་པ་ཡིན་པས་ཁྱབ་ཟེར་བའི་ལྟ་གྲུབ་ཅིག་བོད་པ་མང་ཆེ་བའི་ཀླད་པར་བཅུགས།

  7. ཀརྡོ་གཉེར་ཕྱག་པ་ says:
    2013-05-15 at 5:58 am

    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བྱ་གཞག་ལ་སྐཡོན་འདོན་དག་ཐེར་བྱ་འོས་ཀྱི། དགེ་ལྡན་པ་སྤྱི་ལ་སྐྱོན་བརྗོད་བྱས་ནོར་འགྲོ་བགྱིད་ཡོད་རེད་གདའ། ལགས་མ་རེད་པེ། ལགས།

  8. ཆོས་འཕེལ་དར་རྒྱས་ says:
    2013-05-15 at 6:58 am

    ངས་བལྟས་ན་ལས་འགུལ་དེ་དགེ་བཤེས་ལྷ་རམ་པ་ལ་ཆེད་དུ་དམིགས་པ་ཡིན་ན་མ་འོང་བར་ཇོ་བཤེས། ས་བཤེས། བོན་བཤེས། ཀ་བཤེས་སོགས་ལ་ཡང་གོ་སྐབས་ཡོང་གི་རེད།

  9. ཏི་སི། says:
    2013-05-15 at 6:59 am

    རང་རང་སོ་སོས་འདོད་མོས་ཡོད་ན་ཏ་ལའི་བླ་མ་མཐོ་སློབ་ལ་ཕེབ་ན་འགྲིག་རེད། དཔེར་ན་ཡོངས་འཛིན་གླིང་སྤྲུལ་མཆོག་དང་། རྒྱལ་དབང་༧ཀརྨ་པ་མཆོག་ཀྱང་མཚན་རིགས་བགྲོ་གླེང་ལ་ཕེབས་དང་ཕེབས་བཞིན་པ་རེད། དོན་མེད་ལ་ཆགས་སྡང་བགྲོ་བཀུར་མ་གནང་རོག

  10. མེ་ཏོག་དཀར་པོ says:
    2013-05-15 at 8:08 am

    གོ་སྐབས་མཉམ་དུ་ཐོབ་དགོས། གོ་རིམ་དེ་འདྲར་ངོ་བརྒོལ།

  11. བན་དེ་བ། says:
    2013-05-15 at 8:19 am

    མེ་ཏོག་ལགས་གང་ལྟར་ནང་པའི་དགེ་བཤེས་ཚོར་གོ་སྐབས་ཐོབ་པ་རེད་་་་་དེ་འགྲིག་གི་མི་འདུག་གམ་དགེ་ལྡན་པ་ཕལ་ཆེ་བ་བློ་རྒྱ་ཅུང་ཆེ་བར་མཐོང་་་ཆོས་ལུགས་ཀྱི་སྡང་ཞེན་ཀྱང་ཅུང་ཆུང་བར་མཐོང་་་་་

  12. གནམ says:
    2013-05-15 at 8:34 am

    སོ་སོ་སྡེ་གང་ཞིག་ལ་གཏོགས་ཡོད་པ་ཤེས་ན། སྐྱོན་ཡོད་པ་མ་རེད། དེ་མིན། ཨོང་རྩམ་སྐྱ་བསྐུས་ནས་རྒོ་ཅབས་དང་མགོར་རུ་ཐུར་བཙུགས་ནས་ཤྭ་ཅབས་བྱེད་ན་དཀའ་ངལ་ཞིག་ཡོད་པ་ཏན་ཏན་རེད།
    མེ་དཀར་འདིས་ནམ་ཡིན་ལ་ཨ་ཡས་ཟིག་གི་བཤད་རྒྱུ་རྐྱང་བཤད་ནས་འདུག་གི་རེད། ཧ་ཧ།

  13. མངའ་རིས་འཕྲིན་ལས། says:
    2013-05-15 at 8:47 am

    དྲ་གྲོགས་མང་པོ་ཞིག་གི་དངོས་ཡོད་རྒྱུ་མཚན་དུ་བྱས་ཏེ་དགོངས་ཚུལ་གསུང་འདུག་དགའ་བསུ་ཡོད། གནས་ཚུལ་དེ་ལྟ་བུ་ད་རེ་ཐོག་མ་མ་རེད་གཟིགས་དང་། ད་བར་སློབ་གྲྭའི་ཆོས་དགེ དམག་སྒར་གྱི་ལྷ་གསོ་བ་སོགས་ཚང་མ་ཆོས་ལུགས་བྱེ་བྲག་པ་གཅིག་ལས་སུ་ལའང་ད་བར་གོ་སྐབས་སྤྲད་མ་མྱོང་པ་རེད། ད་རེབ་ཀྱི་དབྱིན་ཡིག་སྦྱོང་བརྡར་ནང་དུའང་དེ་ག་རང་རེད། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ད་དུང་མི་ཡུལ་ལ་གཞིས་ཆགས་ནས་སྔར་སྲོལ་རྒྱུད་འཛིན་ཁོ་ནའི་ཆེད་ནམ་ཡང་འགྲུབ་ཐབས་མེད་པའི་ཆབ་སྲིད་ཀྱི་ལྟ་གྲུབ་གཅིག་བཤད་ནས་ཁོ་ཚོའི་གར་བཤད་དང་གང་འདོད་བྱེད་སའི་འཇིག་རྟེན་གྱི་ཁམས་ཤིག་རྨི་ལམ་བཏང་ནས་སྡོད་ཐབས་བྱེད་ཀྱིན་པ་རེད།

  14. ཐབས་ཇུས་ཅན says:
    2013-05-15 at 9:08 am

    ཚང་མས་མངའ་རིས་འཕྲིན་ལས་ལ་དོགས་ཟོན་བྱེད།

  15. གངས་རི་བུ་རྒོད། says:
    2013-05-15 at 9:20 am

    མངའ་རིས་ཀྱི་ལབ་པ་དེ་ལ་རྒྱབ་སྐྱོར་ཡོད་དངོས་ཡོད་དང་དྲང་པོ་བཤད་འདུག སྤྱིར་བཏང་མངའ་རིས་འཕྲིན་ལས་ཟེར་བའི་མཆན་རྣམས་ངོ་དགའ་སྤྲེལ་ལད་དང་དགའ་མིན་དགའ་མདོག་ཆེན་པོ་ལ་ངོ་བསྲུང་དང། ཆུང་བ་ལ་ཁྱད་སོད་མི་བྱེད་པར་དྲང་པོ་བཤད་མཁན་ཞིག་རེད་འདུག ཁོ་བའི་མཆན་ལ་ཕོག་མཁན་ཡོད་ཚེ་རང་སྐྱོན་ཕྱི་ལོག་ཏུ་མངོན་པ་རེད། མཚངས་ལ་ཕོག་པ་རེད་དེ་ཚོ་དགོས་པ་ཞིག་རེད།

  16. བློ་བཟང་། says:
    2013-05-15 at 9:54 am

    ཆོས་ལུགས་འཐེན་འཁྱེར་དུག་རེད། ཐོབ་ཐང་རྐྱང་མ་རྩོད། ལས་འགན་འཁུར། བོད་དོན་རྩོད་སྐབས་མིག་ལམ་དུ་སུ་མང་བ་མངོན་གྱིས་འདུག་གམ། ནང་འཁྲུག་རྒྱག་ན་ཚར་ཡ་ཡོད་པ་ཞིག་མ་རེད། ལོ་རྒྱུས་ནས་ཁ་གྲགས་ཡོང་། བོད་བསྟན་སྲིད་ལ་ཕན་པ་བྱུང་ན་སུས་སློབ་སྦྱོང་གནང་ཡང་ཁྱད་མེད། གདུང་རྩེ་གཏོན་སྟངས་ནོར་སོང་། བོད་རིགས་ནང་་་་་མི་གཅིག་ཕྱུག་པོ་ཡིན་ནའང་དགའ་འོས། མི་གཅིག་ཤེས་ཡོན་ཆེ་ནའང་དགའ་འོས་པའི་དུས་ལས་རིགས་རུས་རྩོད་པའི་དུས་མིན། ཕྲག་དོག་ཟེར་བ་ཉོན་མོངས་རེད། ཕྲ་མ་ཟེར་བ་མི་དགེ་བ་རེད། ཁྱེད་ཀྱི་ཆོས་ལུགས་དེ་ཅི་འདྲ་ཞིག་ཡོད་དམ། ནང་པའི་ཆོས་ལུགས་ལ་དེ་འདྲ་ཞིག་ཡོད། དེ་ལས་བོད་རྩོད་བོད་དོན་རྩོད་ཁྱེད་བོད་པ་ཞིག་ཡིན་ན་་་་

  17. སྤྱང་ཤོག says:
    2013-05-15 at 10:19 am

    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས་དགེ་ལྡན་པའི་གདན་ས་གསུམ་ནས་མ་གཏོགས་ཆོས་བརྒྱུད་གཞན་མཉམ་ཞུགས་མི་ཆོག་པ་ཡིན་རྒྱུ་མ་རེད།

  18. བོད་ལ་ཞེན། says:
    2013-05-15 at 2:28 pm

    བོད་མི་ཚང་མ་ནང་པ་སངས་རྒྱས་པའི་ཆོས་ལུགས་གཅིག་ཡིན་ཀྱང་ཆོས་བརྒྱུད་གཅིག་མ་རེད། དེར་བརྟེན་ཆོས་བརྒྱུད་བྱེ་བྲག་པ་གང་ཡང་རུང་བ་ཞིག་གི་ཚོགས་པ་མིན་པར་སྤྱི་པའི་ཚོགས་པ་ཞིག་ཡིན་ན་ཆོས་བརྒྱུད་ཚང་མ་ལ་ཐོབ་ཐང་སོགས་གང་ཡོད་ཀྱང་འདྲ་མཉམ་དུ་བསྒོ་དགོས། དེ་མིན་ཆོས་བརྒྱུད་གང་ཡང་རུང་བ་ཞིག་ལ་དམིགས་གསལ་བྱེད་ན་འཐེན་འཁྱེར་ངོ་མ་དེ་རེད། ངས་དེ་ན་བཤད་པ་ཡང་ཏ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བྱེད་སྟངས་དེ་དྲང་པོ་མི་འདུག འདྲ་མཉམ་མི་འདུག་ཟེར་གྱི་ཡོད། སྤྱིར་དགེ་ལྡན་པ་ལ་བཤད་ཀྱི་མེད།

  19. རིགས་ལྡན་རྒྱལ་པོ says:
    2013-05-15 at 11:07 pm

    ཏཱ་ལའི་བླ་མའི་མཐོ་སློབ་ནི། ཆོལ་ཁ་དབྱེར་མེད། ཆོས་ལུགས་རིས་མེད། མ་ཚད་ཆོས་དད་ཡོད་མེད་ཀྱང་ཁྱད་མེད་དུ་སྐབས་དོན་དགོས་ངེས་ཆ་རྐྱེན་ཚང་ན་སུ་རུང་གོ་སྐབས་ཡོད་པ་ཐག་གིས་ཆོད་པ་ངས་འགན་འཁུར་བླང་སྤོབས་ཡོད་ཅེས་ཞུས་ཐལ་མ་ཕྱིན་སྙམ་མོ།། རིས་ཕྱེ་དབྱེ་འབྱེད་ཡོད་ན་ཡོད་ཁུངས་དངོས་ར་འཕྲོད་པ་བཏོན་དགོས་པ་ལས་དེ་མིན་སུས་ཀྱང་ཆ་མི་འཇོག་པ་ཞིག་རེད།

  20. བློ་བཟང་། says:
    2013-05-15 at 11:22 pm

    ཨ་རོགས། མི་ཚང་གཅིག་ནང་ཨ་ཕ་ལས་ཨ་མས་དངུལ་མང་བ་བཟོས་ན་ཨ་མར་སྡང་དགོས་སམ། ཕན་ས་ནང་དེ་རེད། ལས་ཀ་སོ་སོ་ནས་ཡོད། ལས་འགན་སོ་སོ་ནས་ཡོད། ཆོས་ལུགས་སྤྱི་མཐུས་ཐོབ་ཐང་འདྲ་མཉམ་དུ་ཡོད། བླ་ཆེན་མི་ཆེན་རྣམས་ལ་མཐོང་ཆེན་འདྲ་མཉམ་དུ་འདུག མི་མང་ནང་མང་ཆེ་བ་ནས་ཆོས་ལུགས་ཚང་མར་རྩིས་བཀུར་འདྲ་མཉམ་དུ་མཐོང་། རང་རང་གི་དབང་ལུག་མན་ངག་རྣམས་འཛིན་བསྐྱོང་གནང་བར་གོ་སྐབས་འདྲ་མཉམ་དུ་ཡོད། ད་དུང་མི་མང་ནང་ཀརྨ་པ་དང་ས་སྐྱ་དག་ཆེན་སོགས་ཀྱི་བཀའ་ཆོས་ཡོད་ན་མང་བ་དང་། དགའ་ལྡན་ཁྲི་པའི་བཀའ་ཆོས་ཡོད་ན་དེ་ཙམ་མི་མངོན། འོན་ཀྱང་དེ་ལ་སྐྱོན་མེད། རང་མོས་རེད། ཁྱེད་ལ་དཔེ་མཚོན་མཐོ་སློབ་དེ་ཙམ་ལས་མེད་ན། ད་དུང་ངང་བསྒུག་དགོས་པ་ཞིག་མ་མཐོང་ངམ།
    ཡི་ཤུའི་ཆོས་ལུགས་ནས་ནང་པ་གང་ཐུབ་རང་ཕྱོགས་སུ་བསྒྱུར་ནས་ཡོད། དེ་ལ་ཐུགས་ཕྲལ་མེད་པ་གང་ཡིན་ནམ། རྒྱ་དམར་པོས་ཆོས་རྒྱུད་བཞིའི་ཆོས་ལུགས་པ་ལ་མནར་གཅོད་དང་། རྩ་གཏོར་གཏོང་བཞིན་ཡོད་དེ་ལ་ཐུགས་ཚབས་མེད་པ་གང་ཡིན་ནམ། རྒྱུ་ཚན་གཅིག་རང་ཡོད་པ་ནི། དེ་ཚོ་ངས་གླགས་མི་ཁེལ། བོད་མི་དེ་ཚོ་ངས་ཏག་ཏག་བཟོ་ཐུབ་ཟེར་རྒྱུ་ལས་ཅི་ཡོད། དེ་ལ་སྟག་ཞུམ་ཟེར། ནང་ལ་སྟག་དང་ཕྱི་རུ་ཞུམ་ནས་ཡོད་པ། བོད་ལ་ཞེན་ཁྱེད་ནས་སྤུ་རིས་གཅོད་དེ་བྲིས་པ་ལ་ཡི་རངས་ཡོད་། ཡིན་ནའང་ཚོར་བ་རྣོན་པོའི་རྗེས་མི་དྲངས། དེ་མིན་ངས་འདིར་བྲིས་པ་ནི་གཙོ་བོ་སྤྱི་སྒོས་ཀྱི་དབྱེ་འབྱེད་མེད་པ་དང་། བོད་དོན་གྱི་ཕུག་བསམ་མེད་པ་ཚོར་ཐལ་མོ་སྦྱར་བའོ།།

  21. མེ་ཏོག་དཀར་པོ says:
    2013-05-15 at 11:58 pm

    ཆོས་ལུགས་འཐེན་འཁྱེར་དུག དུག་བཏབ་མཁན་དགེ་ལུགས་པ།

  22. ཀརྡོ་གཉེར་ཕྱག་པ་ says:
    2013-05-16 at 12:46 am

    དགེ་སློང་རྣམ་པར་དག་པ་མང་བ་ཡོད་མཁན་ནི་དགེ་ལུགས་པ།

  23. ་ཤར་པ་ says:
    2013-05-16 at 7:09 am

    ཚན་རིགས་དང་མཉམ་དུ་འགྲོ་ཐུབ་པའི་བཀའ་པོད་ལྔ་ལ་སྦྱང་པ་མཐར་ཕྱིན་ན་ཚང་མ་ལ་གོ་སྐབས་ཡོད་ད་ཡོད་། ས་སྐྱ་དང་ བཀའ་རྒྱུད་པ་དང་ རྙིང་མ་བ་དང་ ཐ་ན་བོན་པོ་ལ་ཡང་གོ་སྐབས་ཡང་ཆ་བརྒྱ་༡༠༠ནས་ཡོད་པ་ལོས་ཡིན། ཆགས་སྡང་གི་སྐད་ཆ་མ་བཤད་ན་ལེགས། ཚན་རིགས་པ་ལས་སླ་པོ་དེ་འདྲ་མ་རེད་། དང་པོ་སོ་སོ་གཞུང་པོད་ཏེ་ལྔ་ལ་རིགས་པ་དང་བཅས་ཤེས་པ་གལ་ཆེ་། ཚན་རིགས་པ་བླ་མ་དད་པ་ཅིག་པུས་མི་འགྲིག་པས་ནང་དོན་རིགས་པ་ཡག་པོ་མ་ཤེས་ན་ཞབས་འདྲེན་ཞུ་ངེས་སོ

  24. ་ཤར་པ་ says:
    2013-05-16 at 7:21 am

    ཁྱོད་བོད་ལ་ཞེན་མ་ཡིན་པར་བོད་དོན་གཏོར་མཁན་ཞིག་རེད། རྒྱལ་བ་རིན་པོ་ཆེ་གང་གི་དགོངས་གཞི་ཟབ་མོ་ནི་ཆོས་དང་ཚན་རིགས་མཐུན་པར་བྱུང་ན་འཇིགས་བརྟེན་འདིའི་གང་ལ་ཚན་རིགས་གནས་པ་དེ་སྲིད་དུ་ནང་ཆོས་གནས་པའི་ཆེད་དུ་རེད། དེ་ཡི་ཆེད་དུ་མཐོ་རིམ་སློབ་གྲ་གཙུགས་པ་རེད། ཆོས་སྡེ་ཆེན་པོ་གང་ནས་ཡིན་ཡང་འགྲོ་ཆོག་གི་རེད་། ག་བ་ཡོངས་མི་ཆོག་ལབ་འདུག་སྟོན་དང་ ཡིན་དང་ཡིན་གྲ་པ་ཡིན་པ་ཙམ་གྱི་མི་འགྲིག་པ་ཚད་ལོན་པའི་ཤེས་ཚད་དང་ལག་འཁྱེར་ལོས་དགོས། བོད་ལ་ཞེན་ཁྱོད་ཀླེད་མེད་ལྐུག་པ་རང་མགོ་ཐོ་བའི་བཅོམ་མཁན་ཡིན་པ་དང་ ཆོས་སྡེ་ཕན་དཀྲུག་ཤིང་བརྒྱབ་མཁན་ཡིན་པ་ནི་གོར་མ་ཆག་གོ།

  25. ལུང་རྟོགས། says:
    2013-05-16 at 8:42 am

    ཤར་པའི་སྐད་ཆ་བཤད་སྟངས་ལ་ལྟས་ན་དགེ་ལུགས་པ་ལས་ཆོས་རྒྱུད་གཞན་ལ་ཚན་རིག་པ་དང་བགྲོ་གླེང་བྱེད་ཐུབ་པའི་མཁས་པ་མེད་པ་ལྟ་བུ་བཤད་འདུག འདི་ནི་རང་ལྟ་མཆོག་འཛིན་ཞེས་པ་དེ་རེད། ཏཱ་ལིའི་བླ་མའི་མཐོ་སློབ་ཁང་གི་གནང་སྟངས་འདི་ཡང་དེ་ཙམ་བློ་ལ་འགྲོ་བ་ཞིག་མ་རེད། འོན་ཀྱང་ཆོས་རྒྱུད་གཞན་གྱི་མཁས་པ་ལ་མ་འོང་པར་གོ་སྐབས་སྤྲད་ཡ་ཡིན་ན་ནི་གནས་ཚུལ་ཁ་ཁ་རེད། དེ་མིན་ན་ངོ་རྒོལ་ཡོད།

  26. བན་དེ་བ། says:
    2013-05-16 at 9:44 am

    ༢༣༽ ་ཤར་པ་ནས།
    སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༦ གི་ཆུ་ཚོད་ ༧ སྐར་མ་ ༠༩
    ཚན་རིགས་དང་མཉམ་དུ་འགྲོ་ཐུབ་པའི་བཀའ་པོད་ལྔ་ལ་སྦྱང་པ་མཐར་ཕྱིན་ན་ཚང་མ་ལ་གོ་སྐབས་ཡོད་ད་ཡོད་། ས་སྐྱ་དང་ བཀའ་རྒྱུད་པ་དང་ རྙིང་མ་བ་དང་ ཐ་ན་བོན་པོ་ལ་ཡང་གོ་སྐབས་ཡང་ཆ་བརྒྱ་༡༠༠ནས་ཡོད་པ་ལོས་ཡིན། ཆགས་སྡང་གི་སྐད་ཆ་མ་བཤད་ན་ལེགས། ཚན་རིགས་པ་ལས་སླ་པོ་དེ་འདྲ་མ་རེད་།༽
    ཤར་པས་གཞན་ལ་ཆགས་སྡང་ཤོད་ཀྱི་འདུག་ཟེར། རང་གིས་ཅི་བྲིས་འདུག་ཁ་ནང་དུ་བསྐོར་རོགས།
    ཐ་ན་་་་་་་་་་་་་་་་་་་་?

  27. བསམ་གཏན་སྒྲོལ་མ། says:
    2013-05-16 at 10:29 am

    མེ་ཏོག་དཀར་པོ་ཟེར་དེ་དང་བོད་ལ་ཞེན་ཟེར་བ་དེ་ཚོར་ཡ་མ་བྱས་ན་ཡག་པོ་འདུག
     ཁྱི་ལ་ཁ་རྩེ་བ་ལྟར་སྐད་ཤུགས་ཆེ་རུ་བཏང་བ་རེད།
    མི་ཡག་པོ་མི་འདུག་པས་རྗེས་ཕྱོགས་ནས་སུས་ཀྱང་ཡ་མ་བྱེད་རོགས། 
    ག་དུས་ཡིན་ན་སྒེར་དོན་གྱི་ནད་མ་འཁྱོག་པར་བསྡད་མཁན་གྱི་གྲས་རེད།
    བཤད་ཡ་ཚང་མ་ལ་ཡོད་རེད།
    བཤད་མ་ཤེས་པ་དང་བཤད་མ་ཐུབ་པ་སུ་ལ་ཡང་ཡོད་མ་རེད།

  28. བོད་ལ་ཞེན། says:
    2013-05-16 at 11:14 am

    གསར་འགྱུར་ནང་ལྟོས་དང་གསལ་པོ་རེད། དགེ་ལྡན་པའི་དགེ་བཤེས་༣༠་གདན་འདྲེན་ཞུས་ཀྱང་དངོས་སུ་ཕེབས་མཁན་༡༣ བྱུང་བ་བཤད་འདུག དེར་བརྟེན་ངས་ ཆོས་ལུགས་གཞན་པ་གདན་འདྲེན་ག་རེ་བྱས་ནས་མ་ཞུས་པ་རེད་ཟེར་གྱི་ཡོད།

  29. བོད་ལ་ཞེན། says:
    2013-05-16 at 11:19 am

    དགེ་བཤེས་གསུམ་བཅུའི་ས་དམིགས་ཡོད་སར་ཆོས་ལུགས་གཞན་པ་གཅིག་ཀྱང་མེད་པ་གང་རེད། དེ་ལ་འགྲོ་ས་གསུམ་མགཏོགས་མེད། དང་པོ་ཆོས་ལུགས་གཞན་པ་ཚང་མ་དབྱིན་སྐད་བྱང་ཆུབ་པ་ཡིན་པ་རེད། གཉིས་པ་ཆོས་ལུགས་གཞན་པ་དབྱིན་སྐད་ཤེས་མི་དགོས་པ་རེད། གསུམ་པ་མཐོ་སློབ་ཁང་དེས་ཕྱོགས་རིས་བྱས་པ་རེད།

  30. བློ་བཟང་། says:
    2013-05-16 at 9:54 pm

    འདིར་གཟིགས་
    http://www.youtube.com/watch?v=Jh5JvJKfGRo&feature=youtu.be

  31. བོད་ལ་ཞེན། says:
    2013-05-16 at 11:29 pm

    བློ་བཟང་ནི་བློ་བཟང་རང་རེད།

  32. བསམ་གཏན་སྒྲོལ་མ། says:
    2013-05-17 at 9:02 am

    སྐབས་ཤིག་ང་རྡ་སར་ལ་ཕྱིན་པ་ཡིན། ངོ་ཤེས་མང་བོ་ཞིག་དང་ཐག་ནས་སྐད་འདྲ་མིན་བཤད་བསྡད་པ་ཡིན། ངའི་གྲོགས་མོ་ཨ་ནེ་དང་ཕ་ཡུལ་གཅིག་པ་འགའ་ཤས་ཀྱང་ཡོད། ཁོ་ཚོ་དང་མཉམ་དུ་ངོ་ཤེས་གསར་བ་འགའ་ཤས་ཀྱང་ཡོད། ང་ཚོའི་གླེང་བ་དང་རྒྱ་བོད་དང་ཐེ་ཝན་སོགས་ཀྱི་སྐོར་རེད།
    སྐབས་ཤིག་ཕོ་གསར་ཚོས་སྐད་ཆ་འཕྲོས་ནས་ནང་ཆོས་ཀྱི་སྐོར་གླེང་སོང་། བླ་མ་རྫུན་མ་དང་ཆོས་སྐྱོང་རྫུན་མའི་སྐོར་ཡང་གླེང་སོང་། དེ་ནས་ཕོ་གསར་ཞིག་གི་བོད་ཀྱི་ཆོས་འདི་རྩ་མེད་མ་བཟོས་ན་བོད་པ་བདེ་སྐྱིད་མེད་ཟེར། རྒྱུ་མཚན་ནི་སྔོན་ཆད་བོད་ཀྱི་ཆོས་ལུགས་དང་གྲུབ་མཐའ་ནང་ཕན་ཚུན་མ་མཐུན་པས་མི་བསོད་ཁྲག་སྦྱོར་གྱི་ལས་རྒྱུན་མ་ཆད་པའི་གཏམ་རྒྱུར་སྐྱུར་མོ་དག་འཆད་སོང། སྐབས་དེར་ང་ཕོ་གསར་དེའི་སྟེང་དུ་དགའ་མ་སོང་། གང་ཡིན་ཟེར་ན་ངའི་བྱ་སྤྱོད་དག་ཆོས་ཀྱི་སྒང་ལ་གཡུགས་ན་འགྲིག་གི་མ་རེད་བསམ་སོང་།ཡིན་ན་ཡང་ངའི་ལན་བརྒྱག་ཤེས་མ་སོང་། དེ་སང་བསམ་བློ་བཏང་ན་ཕོ་གསར་དེའི་སྐད་ཆ་ལ་ཡང་བདེན་པའི་ཆ་ཅིག་འདུག ཆོས་དང་ཆོས་པ་གཉིས་སོ་སོར་དགར་ནས་ལས་ཀ་བྱས་ཤེས་ཀྱི་མ་རེད། ད་ཆ་ངོ་དེབ་དང་བོད་ཀྱི་དྲྭ་ཚུགས་དག་ན་གླེང་བཞིན་པ་ནི་ཆོས་བརྒྱུད་ཀྱི་འཐེན་འཁྱེར་དང་ཕྱོགས་སློང་ཁོ་ན་རེད། ང་ཆོའི་ཆོས་ལུགས་ཁག་མེད་པ་འམ་ཡང་ན་ཁྲིམས་ཅིག་བཟོ་དགོས་ངེས་རེད་སྙམ། ངས་སེམས་ལ་མེས་དཔོན་དག་སླེབས་ནས་ང་ཚོའི་སླར་ཡང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་མ་བཟོས་ན་ཆོས་བརྒྱུད་ཁག་གི་གྲྭ་རྫུན་འདི་ཚོས་བོད་ལ་བདེ་སྐྱིད་ཅིག་ཡོང་གི་མི་འཇུག་ཁོ་ཐག་རེད་སྙམ།

  33. གླིང་གཅེར་བུ། says:
    2013-05-17 at 10:03 am

    བོད་ལ་ཞེན་འདི་དོན་ངོ་མའི་བོད་ལ་སྡང་མཁན་ཞིག་ཡིན་པ་འདྲ། དགོས་པའི་སྨྱུག་ཁ་དེ་ཡང་སྐོར་དགོས་སའི་དགྲ་ལ་བསྐོར་མ་ཐུབ་ན། ཕྱོགས་རེས་དང་འཐེན་འཁྱེར་གྱི་ནང་རྙིང་རུལ་བོ་དག་སྔོགས་མ་ཡོང་ན་མི་ཆོག་གམ། དེང་སང་གི་ཤེས་ཡོན་པ་ཡིན་ཟེར་མཁན་འདི་ཚོར་མ་གཞི་ནས་འགོས་ནད་རིགས་ཤིག་ཡོད། སྤྱི་ཚོགས་ལ་དགག་སྒྲུབ་བྱེད་མི་ཤེས་ན་ཡང་ཨུ་ཚུགས་བྱེད་པ་འདི་འགོས་ནད་ནང་གི་འགོས་ནད་གཉེན་ཚབ་ཅན་ཞིག་རེད། གནད་དོན་ཆུང་ཙག་རེ་ཁུར་ཡོང་ནས་ཆེན་པོར་བསྒྲག་ཐབས་དང་གནད་དོན་ཡོད་མེད་ལ་མི་དཔྱོད་པར་ཨག་སྐད་འདོན་པ་ནི་ད་བཟོད་ཁོ་པ་དག་གི་ཁ་དང་ཀླད་པའི་ཤོང་ཚད་ཙམ་ཡིན་སོང་བ་རེད། ཞོར་དུ་ཞུ་རྒྱུ་ཞིག་ལ་ད་དུང་དོན་དངོས་གནས་ཚུལ་ཤེས་མི་ཤེས་མང་པོ་ཞིག་གིས་སྔ་གཞུག་ཀུན་ཏུ་༼ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་༽ལ་ཁ་རྡུང་གཏང་དང་གཏོང་བཞིན་པ་དག་ལ། ཁྱེད་ཅག་གིས་དོན་དངོས་གནས་ཚུལ་མ་ཤེས་བར་དོན་མེད་དུ་སྐད་ཆའི་ལབ་རྡོལ་མི་འཕེན་རོགས་ཞུ། དོན་དམ་པར་ཉིད་ཀྱིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐོར་ནས་ཤེས་འདོད་ན་སྐུ་ཉིད་ཚོ་ག་དུས་ཕེབས་ན་ཕེབས་རྐྱང་གནང་དང་། ང་ཚོས་ཉིད་ལ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ངོ་གདོང་དངོས་ཡོད་དེ་འགྲེལ་ཆོག
    འཇུག་དུ་མི་རིགས་གཅིག་གྱུར། ཕོ་མོ་འདྲ་མཉམ། ཆོལ་ཁ་རེས་མེད། ཆོས་རྒྱུད་ཁྱད་མེད། ལྟ་བ་མཉམ་གནས། དགེ་སློབ་མཛའ་མཐུན། འདི་ནི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་གཞི་རྩའི་དམིགས་ཡུལ་ཡིན། ཞེས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དྲ་ཁང་ནས།

  34. མེ་ཏོག་དཀར་པོ says:
    2013-05-17 at 10:35 am

    བོད་ལ་ཞེན་གྱིས་དུས་བབས་ནང་ནས་མཐོ་སློབ་དེའི་སྐོར་དྲངས་པ་ལས་ཁ་རྡུང་བཏང་མིན་འདུག དོགས་པ་བྱུང་འདུག་ནི་ཁག་གང་ནས་ཡོད་དེ། དགེ་ལུགས་པའི་དགོན་པ་གསུམ་ནས་མ་གཏོགས་དབྱིན་ཇི་སྦྱོང་འདོད་ཅན་གྱི་ནང་པའི་གཙུག་ལག་སློབ་ཐོན་པ་མེད་པ་རེད་དམ། ད་དུང་་་་་ད་གཡུག་ཞོག
    ཁ་བཙུམ་མ་སྡོད་ན་རེ་རེ་ནས་བཤད་གི་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme