Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲག་དམག་གི་འཇིག་རྟེན།

Posted on 2012-03-282012-03-28 By ཁ་བརྡ་ 6 Comments on དྲག་དམག་གི་འཇིག་རྟེན།

ནམ་མཁའ། ༢༧/༣/༢༠༡༢ལ་ཡོ་རུབ་ནས་བྲིས།

འཛམ་གླིང་འདིའི་སྒང་ལུས་སེམས་ལྷོད་པའི་སྒོ་ནས་འཚོ་བ་རོལ་ན་མི་འདོད་མཁན་སུ་ཞིག་ཡོད། ཡིན་ཡང་ཁ་སང་དེ་རིང་གངས་ཅན་ལྗོངས་ཡོངས་སུ་ལུས་སེམས་ལྷོད་པའི་ཉིན་མཚན་ཞིག་མེད་ལ།
ཁྲོམ་སྲང་དང་ལམ་ཕྲན་རེ་རེ་མཐོ་འབྲིང་སློབ་གྲྭའི་ཉེ་འགྲམ་སོགས་སུ་ཡང་ལག་ཏུ་མཚོན་ཆ་ཐོག་པའི་དྲག་དམག་གི་ཁེངས་ཡོད།

ང་ཚོ་བོད་མི་ཚོས་ལག་པའི་མཛུབ་མོ་ལྔ་བཅིངས་ཀྱི་ཁུ་ཚུར་དགུང་ལ་འཕྱར་ཏེ་༧གོང་ས༧མཆོག་བོད་ལ་གདན་འདྲེན་དགོས་བ་དང་བོད་སྐད་ཡིག་གི་རང་དབང་སོགས་ཀྱི་ཚིག་ཙམ་གྱི་འབོད་སྒྲའི་ལན་ལ། རྒྱ་གཞུང་གི་དྲག་དམག་ཚོས་མེ་མདའི་སྒྲ་སྟེར་གྱི་ཡོད་པས། བོད་ཀྱི་བྱིས་པ་བསམ་མི་ཤེས་པ་ཚོས་ཀྱང་བོད་རྒྱ་གཉིས་ཀྱི་བར་ནས་དགྲ་དང་གྲོགས་པོའི་དབྱེ་མཚམས་ཀྱི་ཚོར་བ་ཞིག་སྐྱེས་ཡོད།

སྔོན་མ་ང་ཚོ་བྱིས་པའི་དུས་ཀྱི་གློག་བརྙན་ལ་བལྟ་བའི་སྐབས་ཀྱི་བྱིས་པའི་སྐད་ཆ་འགའ་ད་དུང་ངས་ཡིད་ལ་འཆར་གྱི་འདུག དེ་དུས་ང་ཚོས་དགྲ་ཡ་དང་ཀྲུང་གོ་ཟེར་གྱི་ཡོད། མི་ངན་པ་ཆ་ཚང་དགྲ་དང་མི་བཟང་པོ་ཚང་མ་ཀྲུང་གོ་ཡིན་པའི་འདུ་ཤེས་ཡོད། ༢༠༠༨ནས་བཟུང་བོད་ཀྱི་བྱིས་པ་བསམ་མི་ཤེས་པ་ཚོས་ཀྱང་ཁོ་རྒྱ་མི་རེད་ང་རང་བོད་པ་ཞིག་ཡིན། འདི་འདྲའི་སེམས་ཁོང་དུ་ན་ཟུག་ཞིག་བརྗེད་མི་ཐུབ་ཞིག་བྱུང་ཡོད།
དེ་ནི་༢༠༠༨་ནས་བོད་གངས་རིའི་ལྗོངས་སུ་དྲག་དམག་གི་ཁེངས་ཏེ་།སྐད་འབོད་བྱེད་མཁན་གྱི་དཀྱིལ་ལ་མེ་མདའ་རྒྱབ་སྟེ་དམར་གསོད་བྱས་བའི་འབྲས་བུ་རེད། ཁ་སང་དེ་རིང་བོད་རིགས་བྱིས་པ་བསམ་མི་ཤེས་པ་ཚོས་ཀྱང་དྲག་དམག་ཚོའི་ལག་གི་མཚོན་ཆ་དང་ཁྲབ་རྨོག་སོགས་ང་ཚོ་བོད་མི་ཚོར་དྲག་མནོན་བྱེད་པའི་མཚོན་ཆ་ཞིག་ཡིན་པ་ངོས་འཛིན་ཐུབ་ཀྱི་ཡོད་པ་རེད།

དེས་རྐྱེན་རྒན་བྱིས་མེད་པར་སེམས་སུ་འཇིགས་སྣང་ཞིག་གི་དུས་ཚོད་ལ་ཕུད་འདེད་བྱེད་བཞིན་རྒྱལ་སྤྱིའི་སྟེང་དང་བཙན་བྱོལ་གཞུང་ལ་རེ་ལྟོས་ཆེན་པོ་ཞིག་གི་ངང་བསྡད་ཡོད་མོད། འོན་ཀྱང་བཙན་བྱོལ་གཞུང་གིས་གྲོས་ཆོད་སྒམ་མང་པོ་ཞིག་བཞག་ཡོད་ཀྱང་།བཞག་པ་བཞིན་ལག་ལེན་དུ་བསྟར་རྒྱུའི་དོན་ཚན་འགའ་ཡང་གཡས་སྐོར་དང་གཡོན་སྐོར་བྱེད་བཞིན་ཡོད། ལོ་ངོ་ལྔ་བཅུའི་རིང་གྲོས་ཆོད་བཞག་མོད།འོན་ཀྱང་དོན་འབྲས་སོན་པ་ཞིག་བྱུང་མེད།

ཐ་ན་བོད་མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་བོད་སྐད་ཡིག་གི་སློབ་གསོའི་ཁ་ཕྱོགས་ཙམ་ཡང་བསྒྱུར་ཐུབ་ཀྱི་མེད་པས།བཙན་བྱོལ་གཞུང་གི་སློབ་ཕྲུག་མང་པོ་དབྱིན་བོད་སྐད་ཡིག་གི་བར་ན་ཕུང་གསུམ་པ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་མུ་མཐུད་ལམ་ཁ་དེར་བགྲོད་བཞིན་པ་ང་ཚོས་མཐོང་གསལ་ཡིན། ཁ་སང་ཉིན་ཤས་གོང་ནས་མདོ་སྨད་རེབ་གོང་ནས་བྱིས་པ་ལོ་བདུན་བརྒྱད་ཅན་གྱི་སློབ་ཕྲུག་ཚོས་སྐད་ཡིག་རང་དབང་གི་ངོ་རྒོལ་བྱས་ཀྱང་ཕྱི་ལོགས་ཀྱི་སློབ་ཕྲུག་ཚོར་ད་རུང་གཉིད་དུ་ཡུར་ཡོད་པ་མཟད། བོད་སྐད་ཡིག་གི་ཚེ་སྲོག་འདི་ཅི་ལྟར་གནས་ཐུབ་མིན་ཕྱོགས་སུ་ཡང་ཐབས་ལམ་གསར་བ་ཞིག་འཚོལ་བའི་བསམ་བློ་གསར་བ་ཞིག་རྙེད་ཐབས་ལ་འབད་ཀྱི་མེད། དྲང་མོར་བཤད་ན་ལོ་ངོ་ལྔ་བཅུའི་རིང་ཡིག་བསྒྱུར་སྡེ་ཚན་ཞིག་བཙུགས་ཏེ། དེང་དུས་ཀྱི་ཚན་རིག་ལག་ཤེས་སོགས་ཀྱི་དེབ་བོད་ཡིག་ཐོག་བསྒྱུར་ཐུབ་ཡོད་ཚེ། དེ་རིང་་ཡིག་བསྒྱུར་སྡེ་ཚན་རྨང་གཞི་བརྟན་པོ་ཞིག་ཆགས་ཡོད་པ་མ་ཟད། ཐ་སྙད་སོགས་ཀྱང་གཏན་འབེབ་ཡག་པོ་བྱེད་ཐུབ་ཡོད།

རྒྱལ་སྤྱིའི་སྟེང་ནས་ཀྱང་ཚོང་རྫས་སུ་གྱུར་བའི་བོད་དོན་འདི། གོ་སྐབས་རེ་བྱུང་དུས་གླེང་སློང་ཆར་དུས་གྱི་སྦལ་བ་བཞིན་གྲགས་འགུལ་རེ་བྱེད། དེ་ནི་རྒྱ་ནག་གི་དབང་འཛིན་པ་ཚོའི་རྣ་ལམ་དུ་བྱང་ཆ་ཡོད་པའི་ཚིག་ཞིག་ཡིན་སྟབས་ནུས་པ་ཞིག་ཐོན་ཐུབ་མེད།རྒྱལ་སྤྱིའི་སྟེང་རྒྱ་གཞུང་ལ་རྒྱལ་ཁབ་གཞན་དག་ལ་གཏམ་བརྗོད་ནན་པོ་བྱེད་པ་བཞིན་ནམ་ཡང་བཤད་མི་ཐུབ། དེ་ནི་རྒྱལ་སྤྱིའི་སྟེང་ཁོང་ཚོར་རྒྱ་གཞུང་ལ་སྐྲག་པ་ཞིག་ཡིན་ནམ་ཟེར་ན།དེ་འདྲ་ཞིག་རྩ་བ་ནས་མིན་ཡང་ཁོང་ཚོས་རང་རང་རྒྱལ་ཁབ་དེའི་ཁེ་ཕན་ལ་བསམ་གཞིགས་བྱེད་ཀྱི་ཡོད།

ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་སྟེ་བཤད་ན། གལ་སྲིད་རྒྱ་ནག་གི་དཔལ་འབྱོར་ཉམས་ཆགས་སུ་སོང་བའི་ཉིན་མོ་རྒྱལ་སྤྱིས་བོད་དོན་འདི་ད་རུང་ཡང་ཚོང་རྫས་བྱེད་ཀྱི་རེད་དམ། དེ་མིན་རྒྱལ་སྤྱིས་རྒྱ་གཞུང་ལ་ཤུགས་ཆེན་ཞིག་ལབ་སྲིད་དམ། དེ་དུས་ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་འདི་ཚད་གང་ཞིག་ལ་སླེབས་ཡོད་དམ། དྲི་བ་འདི་ལྟ་བུ་གང་མང་ཞིག་ཁ་སང་དེ་རིང་ངའི་སེམས་ཁོང་དུ་རང་བཞིན་གྱིས་འཁོར་ཡོང་ལ།

རྒྱ་གཞུང་གི་མེ་མདའི་འོག་ནས་བོད་ནང་གི་སློབ་ཕྲུག་ཚོའི་ལག་ཏུ་སློབ་དེབ་རྒྱ་ཡིག་བཞག་པ་ནས་བཟུང་། མ་འོངས་པའི་སྲིད་འཛིན་ཞིན་ཅེན་ཕེན་ལ་ལམ་སྟོམ་གསར་བ་ཞིག་སྤྲད་པ་དང་བོད་རྒྱ་གྲོས་མོལ་གྱི་འབྲས་བུ་ཡང་ཚད་གང་ལ་སླེབས་ཐུབ་པ་ཕལ་ཆེར་བརྗོད་ཐུབ།

སྣ་ཚོགས།

Post navigation

Previous Post: གཞོན་ནུའི་ཚོགས་གཙོ་རྒྱ་གར་གནམ་ཐང་ནས་ཨ་རིར་ཕྱིར་སློག་བཏང་འདུག
Next Post: ཞི་བའི་འཐབ་རྩོད་། དེ་རིང་གི་བར་ཆད་ལས་ཐར་བ།

Comments (6) on “དྲག་དམག་གི་འཇིག་རྟེན།”

  1. བསྟན་འོད་། says:
    2012-03-28 at 10:57 pm

    ཁྱེད་གྱིས་གསུང་བ་དངོས་གནས་རེད་། ནམ་ཡང་རྒྱབ་སྐྱོར་ཡོད་།

  2. རག་ཕྱགས་རྡོར says:
    2012-03-29 at 12:39 am

    ལོ་ངོ་རྒྱ་ཁྲག་ག་ཚད་སོང་ན་ཡང་རྒྱ་བོད་བར་གྱི་གདད་དོན་དེ་གསེལ་ཐུབ་པའི་ནུས་པ་མེད་ཡིང་ན་ཡང་རྒྱལ་བ་རིན་པོ་ཆེ་སྐུ་འཚོ་བཞིན་དུ་བཞུགས་ཚེ་བོད་ཀྱིས་རྩོད་བཞིན་པའི་རང་སྲིད་རང་སྐྱོང་དེ་མིང་དོན་མཚུངས་པ་ཞིག་སྤྲད་ན་རྒྱ་བོད་བར་གྱི་ཞི་བའི་ཐབས་ལམ་ཞིག་ཡོད་སྲིད།།

  3. བསྟན་འཛིན་སྟོབས་ལྡན། says:
    2012-03-29 at 12:47 am

    བོད་ནང་འགྱུར་བ་འགྲོ་དགོས་ན་རྒྱྣག་ནང་འགྱུར་བ་ཐེབས་དགོས། རྒྱ་ནག་ནང་འགྱུར་བ་ཐེབས་པར་རྒྱ་རིགས་ཚོར་ད་ལྟའི་གུང་ཕྲན་གཞུང་ལ་བཟོད་མ་ཐུབ་པའི་བསུན་སྣང་སྐྱེས་ཏེ་ཐ་ན་རང་སྲེག་ཀྱང་གཏོང་ཐུབ་པ་ཆགས་དགོས། དེ་འདྲའི་རྒྱ་རིགས་དང་ལྷག་པར་ཆེན་པོ་ཧན་མི་རིགས་ནས་ཡར་ལངས་བྱས་ཚེ་ད་བཟོད་བོད་དོན་ལ་དྲག་ཤུགས་ཡོད་ཚད་ཀྱིས་རྩོད་ན་རྒྱལ་རྒྱུ་ཉག་གཅིག་ཡིན།

  4. བསྟན་འཛིན་སྟོབས་ལྡན། says:
    2012-03-29 at 12:50 am

    དམག་རྒྱག་པར་བྱུས་དགོས་པ་ནང་ལྟར་འཐབ་རྩོད་ལའང་ངེས་པར་དུ་བྱུས་ཡག་པོ་འདིང་དགོས་པ་དང་། བྱུས་དེར་དུས་དང་འཁོར་ཡུག་གི་རྒྱབ་སྐྱོར་ནི་མེད་དུ་མི་རུང་བ་ཞིག་ཀྱང་རེད།

  5. ནག་ཐར་སྐྱིད། says:
    2012-03-29 at 5:02 am

    ག་རེ་ཡིན་ན། རག་ཕྱགས་རྡོར་མིང་ཅན་འདིས་ཧོན་བཤད་འདྲ་རྒྱག་གི་འདུག རྒྱུ་མཚན་འདྲ་འདྲེན་རྒྱུ་ཡོད་ན་ལས་སེམས་པ་ཐང་ཐང་མེད་པའི་གྲལ་ལ་འཇོག་རྒྱུ་ཡིན།

  6. ཤེལ་དཀར་བུ། says:
    2012-04-18 at 1:28 am

    ཡ་ད་ཆོག་གི་ཁ་སྨྲ་ཞེ་དྲག་མ་བྱེད་ཤ་ཚ་་་་་་་ད་མོ་སྨན་རྩིས་ཁང་གི་ནད་ཁང་ནང་མལ་དུ་གུམ་སྟེ་འགྱོད་པ་རྟས་མ་ཟིན་པར་ཡོད་སྐད་འདུག་སྙིང་རྗེ་་་་་་སྣིང་རྗེ་་་་་་་སྣིང་རྗེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme