Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་ལམ་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ལ་མཉམ་ཞུགས་གནང་རོགས་གྱིས།

Posted on 2011-11-16 By དབང་ཕྱུག་ 7 Comments on དྲ་ལམ་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ལ་མཉམ་ཞུགས་གནང་རོགས་གྱིས།

ཀ་ཉག་ཚེ་རིང་གིས།

རྒྱ་ཆེ་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཚང་མ་ལ་ངས་ཀྱང་འདི་ནས་བསྐྱར་དུ་དྲན་སྐུལ་ཞིག་ཞུ་རྒྱུར། རྣམ་པ་ཚང་མ་གཤམ་གྱི་དྲ་ལམ་འདིར་ཞུགས་ནས། མཚན་རྟགས་འགོད་རོགས་གྱིས། དྲ་ལམ་གྱི་མཚན་རྟགས་འགོད་སྟངས་ནི། རང་ཉིད་ཀྱི་མིང་དང་། གློག་འཕྲིན་ཁ་བྱང་འགོད་རྒྱུ་ཙམ་ཡིན་པས་དེ་ལུགས་ཀྱིས་ལས་འགུལ་འདིར་མཉམ་ཞུགས་གནང་རོགས་ཞུ། http://standupfortibet.org/enough/dk-speakup-petition-1/
ལས་འགུལ་འདི་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་འབྲེལ་མཐུད་ཁང་གིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཚོགས་པ་འདི་ནི་རྒྱལ་ཁབ་མང་པོའི་ནང་གི་གཞུང་འབྲེལ་ཡིན་མིན་ཅི་རིགས་ཀྱི་བོད་དོན་གྱི་ཚོགས་པ་བརྒྱ་དང་སུམ་ཅུ་ལྷག་གི་བར་དུ་འབྲེལ་མཐུད་ཀྱི་ཕྱག་ལས་གནང་བཞིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་དེ་སྔ་རྒྱལ་སྤྱིའི་རང་བཞིན་གྱི་བོད་དོན་ལས་འགུལ་མང་པོའི་ནང་ནུས་པ་ངེས་ཅན་ཐོན་མྱོང་བའི་ཚོགས་པ་གལ་ཆེན་ཞིག་རེད། ཚོགས་པའི་ངོས་ནས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ བར་དུ་མི་ཁྲི་ལྔས་མཚན་རྟགས་འགོད་རྒྱུའི་རེ་བ་བཟུང་ཡོད་པ་དང་། ཉིན་མོ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་བྷེར་ཞི་བདེའི་གཟེངས་རྟགས་གནང་བའི་ཉིན་མོ་ཡང་ཡིན་ཞིང་། ཉིན་དེར་རྒྱལ་ཁབ་མང་པོའི་ནང་གི་བོད་དོན་ཀྱི་ཚོགས་པ་ཁག་ཐུན་མོང་གི་ནུས་པ་གཅིག་ཏུ་སྤུངས་ནས། རྒྱལ་ཁབ་མང་པོས་མཉམ་འབྲེལ་སྒོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། གནོན་ཤུགས་སྤྲོད་རྒྱུའི་ལས་འགུལ་ཞིག་འགྲོ་བཞིན་པ་དངོས་སུ་ལག་བསྟར་ཡོང་བའི་རེ་བ་གནང་གི་ཡོད་པ་དེའི་རྒྱབ་ལྗོངས་སུ་ཕུལ་རྒྱུ་ཡིན་འདུག་པས། དེ་ལུགས་ཀྱིས་ཐུགས་སྣང་ཆེན་པོས་རང་ཉིད་ཀྱི་ནང་མི་གཉེན་ཉེ་ཚང་མས་མཚན་རྟགས་འགོད་རྒྱུ་དང་། གྲོགས་པོ་ངོ་ཤེས་གང་མང་མཉམ་ཞུགས་ཡོང་བའི་སྐུལ་མ་གནང་རྒྱུ་བཅས་ལ་དྲན་སྐུལ་ཙམ་དུ།

ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༥ ལ།

གསལ་བསྒྲགས།

Post navigation

Previous Post: མ་བཤད་ཐབས་མེད་ཀྱི་སྐད་ཆ་འགའ།
Next Post: དཔེ་སྟོན་སློབ་གྲ འབྱུང་འགྱུར་གྱི་གཞི་འཛིན།

Comments (7) on “དྲ་ལམ་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ལ་མཉམ་ཞུགས་གནང་རོགས་གྱིས།”

  1. སྒྲོལ་མ། says:
    2011-11-16 at 10:50 am

    རླབས་ཆེ་བའི་ལས་འགུལ་འདི་ལ་བོད་རིགས་ཚང་མས་རྒྱབ་སྐྱོར་བྱེད་ངེས་རེད།

  2. བསྟན་འཛིན་རྒྱ་མཚོ says:
    2011-11-16 at 3:08 pm

    བསྟན་འཛིན་རྒྱ་མཚོ

  3. ཡང་དག་དགེ་བསྙེན་ says:
    2011-11-16 at 4:19 pm

    ལས་འགུལ་བཟང་བྱུང་།

  4. ཀུན་གསལ་ཟླ་བ། says:
    2011-11-16 at 4:44 pm

    དཔེ་ཡག་པོ་རེད་ཡིན་ན་ཡང་ད་དུང་ངོ་དེབ་སོགས་སུ་ཁྱབ་སྒྲགས་བྱེད་ཐུབ་ན་དེ་ལས་དགེ་མཚན་ཨེ་ཡོད་སྙམ། བསམ་ཚུལ་ཙམ་ཡིན།

  5. Dhipam Surya says:
    2011-11-17 at 8:51 am

    ལས་འགུལ་སྤེལ་བ་རྒྱབ་སྐྱོར་ཡོད།

  6. ཆབ་བྲག་ལྷ་མོ་སྐྱབས། says:
    2011-11-17 at 10:57 am

    བདེན་པ་དང་འཚེ་མེད་ཀྱི་ལས་གཞི་རྒྱ་ཆེ་འདི་རིགས་ལ་རྒྱབ་སྐྱོར་ལོས་ཞུ། ཚང་མས་རང་རང་གི་ང་དེབ་སོགས་སུ་བླངས་ནས་ཁྱབ་བསྒྲགས་གནང་རོགས།

  7. tenzinpema says:
    2011-11-22 at 3:17 am

    ལསའགུལ་བ་གྲ་ཀ་ཉག་ཚེ་རིང་ལ་རྒྱབ་བསྐྱོར་རྒྱ་ཐམ་པ་ཡོད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme