Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་ལམ་དུ་བཏབ་པའི་ཙོང་སྒོག་ཚ་གསུམ།

Posted on 2016-05-302016-05-30 By ཁ་བརྡ 1 Comment on དྲ་ལམ་དུ་བཏབ་པའི་ཙོང་སྒོག་ཚ་གསུམ།

གཅེར་བུ་པ།
 

གཅིག

སྔོན་དེའི་སྐོར་ལ་ཐུག་པ་འཐུང་མཁན་མང་པོ་ཡོད་རེད་ཅེ་ན་སྐུ་དྲག་ཚོ་ཡི་བཤད་སྟངས་ཤིག་སྟེ། ཧང་སང་སང་གིས་གླེང་སློང་མང་པོ་བྱེད་མཁན་ཡོད་པར་གོ་བ་རེད་ཅེས་གསུངས། དེ་ནི་དངོས་གནས་མི་ཚོས་ཧང་སང་བའི་སྐབས་ངག་ནས་དོན་པའི་གདངས་ཀྱི་རྣམ་འགྱུར་ཞིག་ལ་བརྟེན་ནས་དེ་ལྟར་ལབ་པ་འདྲ།
ང་ཚོའི་དྲ་ངོས་སུ་རིག་གཞུང་གི་མ་ལག་འཐུས་ཚང་དུ་བཏང་བའི་སྐད་ཅའམ། དེ་འབྲེལ་གནད་སྨིན་གྱི་གཏམ་དང་རྩོམ་ཡིག་ནི་རབ་ཏུ་ཉུང་ལ། རེ་གཉིས་བུད་ནའང་དེའི་སྐོར་ལ་ཐུག་པ་འཐུང་མཁན་ཡོད་པ་མ་རེད། དེ་ཅི་ཕྱིར་ཞེ་ན་ཐུག་པ་གར་དྲགས་ནས་འཐུང་མི་ཐུབ་པ་རེད།

དེ་མིན་སྤྱི་བཤད་རབ་རིབ་དང་། གང་ཟག་སྒེར་སྐྱོན་རེ་གཉིས་ཀྱི་སྐོར་ནས་ནི་ཐུག་པ་རབ་ཏུ་ཤིན་ཏུ་མང་པོ་བཏུང་བ་རེད། བཏུང་རྒྱུ་རེད། དེ་ཅིའི་ཕྱིར་ཞེ་ན་ཁོང་ཚོའི་འཇུ་བྱེད་ཀྱི་ཕོ་ཁ་དང་། འཐུང་བྱེད་ཀྱི་ཁས་ནི་ཐུག་པ་སྩ་མོ་རིགས་ཁོ་ན་ལས་འཐུང་འཇུ་བྱེད་མི་ནུས་པ་རེད། དེ་ལྟར་ན་ད་ནི་འུ་ཅག་དངོས་གནས་ཐུག་པ་སྩ་མོར་གོམས་པའི་མི་རབས་ཤིག་ལ་འགྱུར་བཞིན་འདུག་ཨང་།

 

གཉིས།

སྔོན་སྡེ་བ་གཞུང་གི་སྐུ་དྲག་ཚོས་རྒྱ་གསེར་གྱི་ཕྱུ་པ་གྱོན་ནས་འགྲོ་བ་དང་། དགེ་བཤེས་ཚོས་སྟོད་འགག་གི་མཐའ་རྒྱན་དུ་རྒྱ་གསེར་ཉུང་ངུ་གླན་པ་གྱོན་ནས་འགྲོ་བ་གཉིས། མི་དག་གི་མིག་ལ་ཕྱི་མ་མཐོང་ཆེ་ཞིང་། དེས་རྒྱ་གསེར་ཅན་གྱི་སྟོད་འགག་གྱོན་འདུག་ཅེས་ཧ་སང་སང་བྱས་ནས་ལབ་པ་ལས་དེས་རྒྱ་གསེར་གྱི་ཕྱུ་པ་གྱོན་འདུག་ཅེས་ཧང་སང་པོ་བྱེད་མཁན་ཧ་ཅང་ཉུང་བ་རེད་ཟེར། རིན་ཐང་གྱི་དབང་དུ་བྱས་ན་ནི་ཕྱུ་པ་གཅིག་བཙེམ་རྒྱུ་ཡིས་རྒྱ་གསེར་གྱི་སྟོད་འགག་བཞི་ལྔ་ཞིག་བཙེམ་ཐུབ་པ་རེད་མོད། ག་རེ་བྱས་ནས་རྒྱ་གསེར་ཅན་གྱི་སྟོད་འགག་མཐོང་ཆེ་བ་དང་འུར་བ་ཡོང་བ་རེད་ཅེ་ན། གཅིག་ན་གྱོན་མཁན་གྱི་ཁྱད་པར་ཕྲན་བུ་ཡིན་སྲིད་མོད། ཡིན་ངོ་མ་ནི་མི་དཀྱུས་མའི་ལྟ་སྟངས་དང་མཐོང་སྟངས་ཀྱི་ལན་པ་རེད་སྙམ།

འུ་ཅག་གིས་དངོས་པོ་ཞིག་ལ་ལྟ་སྐབས་བསམ་རྒྱུ་ནི་ཆ་ཚང་མཐོང་སོང་བསམ་མོད། དོན་དངོས་སུ་ཟུར་གཅིག་ལས་མཐོང་བ་མ་རེད། དེ་ནི་འུ་ཅག་མང་ཆེ་བའི་མིག་ཤེས་ལ་ཟུར་གཅིག་རང་ལས་མཐོང་བའི་ནུས་པ་དབུལ་བས་རེད། དེ་བཞིན་ཀུ་ཤུ་སྡེར་མ་གང་གི་ནང་ལོགས་སུ་ཀུ་ཤུ་གཅིག་ཡོད་ཡོད་པ་ཡིན་ཡང་དམིགས་བསལ་མཐོང་བ་མ་རེད། ཡིན་ཡང་ཤིང་ཏོག་འདྲ་མིན་སྡེར་མ་གང་གི་ནང་དུ་ཀུ་ཤུ་ཞིག་ཡོད་ན་དེ་དམིགས་བསལ་མཐོང་ཆེ་བ་འདྲ་ཞིག་ཡོད་རེད། དེ་ཡང་རིན་ཐང་དང་མང་ཉུང་སོགས་ཀྱིས་དེ་དེ་ལྟར་མཐོང་བ་མ་རེད།

དཔེ་དེ་བཞིན་དུ་དྲ་ངོས་སོགས་ནས་ཚིག་ལ་ཁེན་ནས་ཁ་ཤོམ་འཐེན་པ་དང་། ཐུན་མོང་གི་དཔྱོད་ཡུལ་དག་ཡར་མར་ཡིན་མདོག་ཁ་བོ་བསྒྲིགས་པ། ད་དུང་སྔོན་མ་བྱུང་བ་དང་ཕྱིས་མི་འབྱུང་བའི་གསར་གཏོད་ཡིན་ནོ་ལོ་བྱས་བཞག་ཡོད་ཅེས་འུར་མཁན་དག་ནི། འུ་ཚོས་བཀྱགས་པ་རེད། འུ་ཚོར་གྲགས་པ་རེད། འུ་ཚོར་བྲིན་པ་རེད། ཡིན་ཡང་ངེས་དོན་གྱི་ལྟ་གྲུབ་ཡོད་མཁན་དག་གི་གསུང་དང་བརྩམས་ཆོས་དག་དེ་ཙམ་གྲགས་ཐུབ་པ་མ་རེད། གཏིང་དེ་ཤེད་དུ་ཡོད་ལ་མེད་ལའི་ངང་དུ་ལུས་འགྲོ་བ་རེད།

འདིས་ཅི་ཞིག་མཚོན་ཞེ་ན་འུ་ཚོ་ལྟ་མཁན་དང་འུར་མཁན་མང་ཆེ་བ་ནི་རིག་གཞུང་གི་རྐང་མར་མེད་པ། མཐོང་ཐོས་ཀྱི་རྒྱ་ཆུང་བ། མཐོང་བ་དང་ཐོས་པ་དག་ཀྱང་ཡིན་རྒྱུ་ནི་ཟུར་གཅིག་གི་ཟུར་ཙམ་ཡིན་ཡང་དྲན་རྒྱུ་ནི་ཆ་ཚང་མཐོང་ཡོད་སྙམ་མཁན་གྱི་བླུན་པོ་ཁ་ནག་དག་དག་ཡིན་པ་མི་མཚོན་ནམ།

 

གསུམ།

ང་ཚོས་རྟག་པར་རང་གིས་བྲིས་པ་དང་བསྒྲུབས་པ་དག་ལ་སྐྱོན་བརྗོད་དགོས་པ་རེད་དང་། སྐྱོན་བརྗོད་རོགས་བྱོས་ཞེས་ནང་མའི་ཚུལ་གྱིས་གཞན་ལ་བསྐུལ་བ་རེད། ཅི་ཕྱིར་སྐྱོན་བརྗོད་དགོས་པ་དང་སྐྱོན་མཐོང་དགོས་པ་ཧ་ཅང་གསལ་ཏེ། རང་ཉིད་ལ་ལེགས་བཅོས་ཤིག་ཡོང་ན་སྙམ་པས་རེད་མོད། དོན་ངོ་མར་ང་ཚོར་སྐྱོན་བརྗོད་རོགས་ཞེས་ལབ་པའི་སྤོབས་པ་གཏན་གཏན་ཡོད་མ་རེད།

ཅི་ཕྱིར་ཞེ་ན་རང་ཉིད་ནི་ཁེངས་སེམས་དང་ང་རྒྱལ་ཁོ་ནས་བཟུང་བསྡད་ཙམ། སྐྱོན་བརྗོད་རོགས་ཞེས་ལབ་ས་གང་དེས། ཁྱོད་ཀྱི་རྐང་པ་ཏོག་ཙམ་འཁྱོག་འདུག་ལབ་ན། ལམ་སང་ཕ་རོལ་པོ་དེས་རང་གི་རྐང་པ་འཁྱོག་མིན་ལ་ཡེ་ནས་མི་བལྟ་བར། ཧུན། ལྟོས་དང་ཁྱོད་ཀྱི་སྣ་དེ་ལས་སྡུག་ག་འཁྱོག་འདུག་ཅེས་ལབ་རྐྱང་བྱ་ཡོང་གི་རེད།

ད་འོ་ན་དང་པོ་སྐྱོན་བརྗོད་རོགས་དང་། ང་ལ་སྐྱོན་ཡོད་ཅེས་པའི་ཁ་ནང་གི་རྟུག་དྲི་ཙམ་ནི་མི་ཡི་མིག་སྔ་ལ་ལེན་པོ་མཐོང་ཕྱིར་ཙམ་ལས་དོན་ལ་ལེགས་བཅོས་ཀྱི་ཀུན་སློང་ཁེངས་དྲེགས་ཀྱིས་བཅོམ་ཚར་བ་རེད། བཤིག་ཚར་བ་རེད། དེང་སྐབས་རང་ཉིད་གཙོས་པའི་མི་མང་དག་ཅིག་ནི་དེ་འདྲ་རེད།

སྤྱིར་སྟངས་སྐད་ཆའི་ཁྲོད་དུ་མི་ནི་སྐྱོན་གྱི་ཕུང་པོ་རེད་དང་། སོ་སོ་སྐྱེ་བ་ཐ་མལ་པ་རེད་ཅེས་དང་། དེ་དག་ཡིན་པའི་ལུང་ཚིག་མདོ་དང་བསྟན་བཅོས་དག་ལས་གསུང་པ་བློ་ཐོག་ནས་ཤར་ཤར་ངང་སྐྱོར་སྐྱོར་ལ་ཡོད་པ་རེད་དེ། བློ་ཐོག་ནས་བསྐྱོར་བསྡད་པ་དེ་གས་མི་འགྲིག་པར། མི་ནི་ཅི་ཕྱིར་སྐྱོན་གྱི་ཕུང་པོ་ཡིན་པ་དང་། རང་རྒྱུད་ལ་ཅི་ཕྱིར་སྐྱོན་ཡོང་ཆོག་ཆོག་ཏུ་ཡོད་པ་དེར་ངེས་ཤེས་དྲངས་ཡོད་པ་མ་རེད།

ཡོད་རེད་ཅེས་མི་གཞན་གྱིས་ལབ་བསྡད་པ་དང་། སོ་སོས་སོ་སོར་ཉི་ཚེ་བ་རེ་འགའ་ཙམ་མཐོང་ཡོད་སྲིད་མོད། དེ་ག་ཙམ་ནི་གོང་ནས་བཤད་པའི་ཁེངས་དྲེགས་ཀྱིས་བཅོམ་ཚར་བས་ཕན་པ་མ་རེད། ད་འོ་ན་འུ་ཚོས་ཁེངས་དྲེགས་རི་ཙམ་ཞིག་ཁུར་ནས་སྐྱོན་བརྗོད་རོགས་ཞེས་ཁ་ཡི་ལྦུ་བ་ཕྱི་རུ་གཏང་ངམ། ཡང་ན་རང་རྒྱུད་ཁེངས་དྲེགས་ཀྱི་ནག་ནོག་དག་ལ་བྱི་དོར་ཞིག་བྱ།

2015. 5. 30. ཉིན་མོར་གཅེར་བུ་པ་འབོད་པས་བྲིས།

བསམ་ཚུལ།

Post navigation

Previous Post: བདམས་ཐོན་སྤྱི་འཐུས་རྣམ་པས་ལས་ཁུར་དམ་བཅའ་ཕུལ་བ།
Next Post: མི་ལོ་༧༩༩ འཁོར་བཞིན་པའི་འབྲི་གུང་༧སྐྱོབ་པའི་ལྔ་མཆོད་ཆེན་མོ།

Comment (1) on “དྲ་ལམ་དུ་བཏབ་པའི་ཙོང་སྒོག་ཚ་གསུམ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-05-31 at 1:38 am

    ཡག་པོ་བྲིས་འདུག་ཀྱང་འབྲི་མཁན་གྱི་མིང་དངོས་སུ་དོན་མི་ཐུབ་པར་བྱི་དོར་བྱ་འོང་སྙམ་ནས་ཁུམ་མིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme