Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་གྲོགས་ཚོས་དཔྱད་བསྡུར་བྱེད་ས།

Posted on 2009-11-082009-11-09 By ཁ་བརྡ་ 22 Comments on དྲ་གྲོགས་ཚོས་དཔྱད་བསྡུར་བྱེད་ས།

འདོད་ལྷའི་བུ།

ངས་དེ་རིང་བོད་པའི་དམ་རྫས་སྦྱིན་སྟངས་ཀྱི་སྐོར་ལ་སྐད་ཆ་ཉུང་ཉུང་ཞིག་ཤོད་འདོད་བྱུང་། ང་ནུབ་ཕྱོགས་སུ་མ་སླེབས་བར་དུ་དམ་རྫས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་མྱོང་མེད། རང་གིས་ཡང་ལག་ཏུ་གང་ཐོན་ཞིབ་འཇུག་མེད་པར་ཟོས་པ་ཡིན། ན་ནིང་དགེ་ལུགས་པའི་དགེ་བཤེས་ཤིག་ལ་སྐད་བསྒྱུར་གྱི་རོགས་པ་བྱས་དུས། ཁོང་གིས་མགོ་སེར་ཞིག་ལ་དམ་རྫས་ཤིག་གནང་སོང་། ཁོང་གིས་གསུངས་ན་དམ་རྫས་དེའི་ནང་གསེར་གོང་རྡོ་རྗེ་འཆང་གི་ཤངས་ཁྲག་དང་། ཡོངས་འཛིན་གླིང་རིན་པོ་ཆེའི་སྐུ་ཤ་དམར་པོ་ཡོད་པས་རྩ་ཆེན་ཡིན་ཟེར། ང་ནུབ་ཕྱོགས་པའི་མིའི་ལྟ་བ་ལ་རྒྱུས་ཡོད་པས་ངས་ཐད་ཀར་བསྒྱུར་མེད། གསེར་གོང་ཚང་དང་ཡོངས་འཛིན་གླིང་གི་བྱིན་རླབས་ཡོད་ཅེས་པར་བསྒྱུར་བ་ཡིན། ཉེ་ཆར་ཉག་རོང་གི་རྙིང་མའི་བླ་མ་ཞིག་ལ་སྐད་བསྒྱུར་གྱི་རོགས་པ་བྱས་པ་ཡིན། ཁོང་གིས་དབང་གནང་ཚར་རྗེས་བུམ་ཆུ་བླུད་སོང་། མི་རིགས་ཇར་པན་ནས་ཡིན་པའི་བུ་མོ་གཞོན་ནུ་མ་གཉིས་ཀྱི་ལག་ནང་དུ་བུམ་ཆུ་བླུགས་སྐབས། བུམ་ཆུའི་ནང་དུ་སྙིག་རོ་ཅུང་འདུས་པས་བུ་མོ་གཉིས་ཀྱིས་འདི་ཅི་རེད་ཅེས་དྲིས་སོང་། བླ་མས་འདི་བུམ་རྫས་རེད། རྟེན་བྱིན་ཅན་མང་པོ་ཡོད། ཉག་བླ་ཚང་གི་གདུང་རུས་ངོ་མས་ཕབ་ལྟ་བྱས་ཡོད་ཟེར། ངས་ཡང་བསྐྱར་ཐད་ཀར་བསྒྱུར་ཕོད་མ་སོང་བས་ཡང་གཡོ་རྒྱུ་ཞིག་བྱས་ནས་བསྒྱུར་བ་ཡིན། བུ་མོ་གཅིག་གིས་ཐེ་ཚོམ་བྱས་ཏེ་འཐུང་མ་ནུས་པར་འདུག་པ་ལ། བླ་མས་ཕྱག་བརྡ་དང་བཅས་འཐུང་འཐུང་ཟེར། བུ་མོ་དེའི་འཁྲིས་ཀྱི་རྒན་མོ་ཞིག་གིས་ཀྱང་བུ་མོ་དེ་ལ་འཐུང་ཟེར་ནས་ཨུ་ཚུགས་བྱས་པས་བུ་མོས་འཐུང་སོང་། མཐའ་འཇུག་ང་ལ་བླུད་དུས་ངས་གཡོ་འཕྲུལ་ཞིག་བྱས་ནས་འཐུང་མེད། དེ་རྗེས་བྱིན་རྟེན་ཟེར་བ་འདི་ཚོར་ཞིབ་འཇུག་ཕྲན་བུ་ཞིག་བྱས་པ་ཡིན། མང་ཆེ་བའི་དཀར་ཆག་ནང་དུ་ཅིག་ཅིག་གི་སྐུ་ཤ། ཉིག་ཉིག་གི་གདུང་རུས། ག་གེ་མོའི་ཤངས་ཁྲག ཆེ་གེ་མོའི་ཆབ་ཆེན་ཟེར་བ་སོགས་བློ་ཡུལ་དུ་ཤོངས་དཀའ་བ་ཙམ་ཞིག་ཕྱོགས་བསྡུ་བྱས་འདུག ལོ་འགའ་ཞིག་གི་སྔོན་ནས་བོད་ནང་གི་བོད་མི་ཚོ་ཁ་ཆེའི་ཟ་ཁང་དུ་འགྲོ་རྒྱུ་ཉུང་ངུར་ཕྱིན་ཡོད། དེ་ནི་ཆོས་དཔོན་གྱི་ཁུ་བ་སྐམ་དུ་བཅུག་ནས་བྲོ་སྨན་དང་བསྲེས་ཏེ་བྱིན་རླབས་ཀྱི་རྟེན་དུ་མི་མང་པོ་ལ་བླུད་ཀྱི་ཡོད་པ་རེད་ཟེར་བའི་གླེང་ཕྱོགས་ཤིག་གིས་རེད། ངས་བལྟས་ན་ང་ཚོས་ཀྱང་འདི་ལྟར་བྱེད་རྒྱུ་མི་འདུག རང་རེའི་བླ་མ་ཚོ་ང་རང་ཚོ་ལ་རྩ་ཆེན་པོ་ཡིན་ཡང་མི་རིགས་གཞན་ལ་དེ་ཙམ་རྩ་ཆེན་པོ་ཡིན་རྒྱུ་མ་རེད། ད་དུང་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་གཞི་རྐང་ནས་མ་འདྲ་བ་རེད། ངོ་མ་བཤད་ན་མི་གྲགས་ཅན་མང་པོ་ཞིག་གི་ཤ་དང་རུས་པ་ཁྲག་རྣམས་ཕྱོགས་བསྡུས་བྱས་ནས་མི་ཞིག་ལ་ཟ་རུ་འཇུག་གི་ཡོད་པ་དེ་རེད། དེས་ན་རྗེས་ཕྱོགས་འདིའི་རིགས་ལ་གཟབ་དགོས་པར་འདུག་སྙམ། རྒྱལ་ཁྲིམས་ལ་ཡང་འགྲིག་གི་ཡོད་མེད་མི་ཤེས། བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་རག་དགོས་པ་རེད་མ་གཏོགས་སྐུ་ཤ་སྐུ་ཁྲག་ཟ་རྒྱུ་གལ་ཆེན་པོ་མ་རེད་ལ། གདམས་ངག་གི་རྒྱུད་པ་སྤེལ་རྒྱུ་ནས་སྐུ་ཤ་སྐུ་ཁྲག་ཁྱབ་སྤེལ་བྱེད་རྒྱུ་གལ་ཆེན་པོ་མ་རེད་བསམ། འོན་ཀྱང་ཁ་བརྡ་དྲ་ཐོག་འདིར་ཐོས་རྒྱ་ནམ་མཁའ་ལྟར་ཡངས་ཤིང་། ཤེས་རབ་རྒྱ་མཚོ་ལས་ཟབ་པ་ཧ་ཅང་མང་པོ་ཞིག་སྤུངས་གསོག་བརྒྱབ་འདུག་པས། ཁྱེད་རང་ཚོས་དགོངས་ཚུལ་ཞིག་གསུངས་རོགས་བྱས་ན་ག་འདྲ་འདུག འདོད་ལྷའི་བུས་ཕུལ།

རྩོམ་རིག

Post navigation

Previous Post: སྐད་ཆ་ལྡབ་ལྡིབ་འགའ་ལ་རང་ལན་སྐྱོན་པ།
Next Post: ནོས་ཁྲོན་དང་འཐེན་ཤུགས།

Comments (22) on “དྲ་གྲོགས་ཚོས་དཔྱད་བསྡུར་བྱེད་ས།”

  1. འོས་ལངས། says:
    2009-11-08 at 1:01 pm

    འདོད་ལྷའི་བུ་ཡི་བསམ་ཚུལ་དེ་བདེན་པ་རེད་ལ་མོས་མཐུན་ཡང་ཡོད། བྱིན་རྟེན་ཟེར་བ་དེ་ཚོའི་གྲས་ཁ་ཤས་ཤིག་ནི་བྱིན་རླབས་སུ་འགྲོ་རྒྱུ་ལས་དངངས་སྐྲག་སློང་ཚབ་ཏུ་འགྱུར་གྱི་འདུག གཞན་ཡང་བྱིན་རླབས་སུ་རློམ་བཞིན་ཕུ་ཆུ་རྒྱག་པ་དང་། ཁ་ཆུ་འདེབས་པ། མཆིལ་མ་བསྐུ་བ་སོགས་ཀྱི་ལས་རྣམས་ཀྱང་མིག་གིས་མཐོང་མི་བདེ་བ་ཞིག་རེད་ལ། ད་དུང་བླ་མ་ཁག་གི་གསང་བ་རྒྱ་ཅན་རིགས་ཀྱི་གསུང་རྩོམ་ནང་གི་གསང་རྫས་འགའ་ཞིག་མཐོང་དུས་དེ་བས་ཀྱང་སྐྱི་གཡའ་བ་ཞིག་འདུག

  2. མདོ་ལྷ་ཁམས་པ། says:
    2009-11-08 at 1:29 pm

    འདོད་ལྷའི་བུ།
    ཁྱེད་ཀྱིས་དཔྱད་ཞིབ་ལྟར། རང་རེའི་བླ་ཆེན་ཚོས་དབང་ལུང་སོགས་གནང་སྐབས་སུ་སྦྱིན་གནང་མཛད་པའི་བུམ་ཆུ་དང་། རྟེན་རྫས་རིལ་བུ་སོགས་ཀྱི་ནང་ན་བླ་མ་ཆེ་གེ་མོའི་ཤ་དང་། ཁྲག་དང་། རྣག་དང་། རུས་པ་དང་། རྐང་དམར་དང་། ཆབ་གསང་དང་། ཆབ་ཆེན་ལ་སོགས་པ་གང་རུང་ཡོད་པ་ཨེ་རེད།
    དེ་ལ་རྟེན་རྫས་ཡོད་མེད་ཀྱི་ས་མཚམས་འདྲ་ཅང་ཡོད་དམ།
    གོ་ན་རྣ་བའི་བདུད་རྩི་རང་རེད།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-11-08 at 7:09 pm

    དེས་ན་འུ་ཅག་བོད་པའི་སངས་རྒྱས་ཀྱི་རང་སིལ་ཟེར་ནས་རྩ་ཆེན་བྱེད་ཀྱི་ཡོད་པ་དེ་ཡང་སངས་རྒྱས་ཐུགས་རྗེ་ཅན་གྱི་རུས་པ་ལ་གོ་ཡི་ཡོད་པ་རེད་ལ། དེ་དག་ལ་རྩ་ཆེན་དུ་བཟུང་དེ་སྐུ་འདྲ་དག་གི་གཟུངས་མཇུག་བྱེད་པ་སོགས་བྱེད་ཀྱི་ཡོད་ལ། དེང་སང་ད་ལྟ་ཡང་རྟེན་སྐལ་ཟེར་༧གོང་ས་མཆོག་གི་གཟན་ཤབ་སོགས་ཀྱི་སྣེ་མོ་རེ་ལག་དུ་རེག་ན་སྐུ་འདྲའི་གཟུངས་མཇུག་དང་མི་རང་རང་གི་ཆེས་རྩ་ཆེ་བའི་དད་རྫས་ཤིག་བྱེད་ཀྱི་ཡོད་པ་དེར་བསམ་ཚུལ་གང་ཞིག་ཡོད་དམ།

  4. བོད། ལྷ་ཀླུ་གཉན་གསུམ། says:
    2009-11-08 at 7:10 pm

    རྟེན་སྐལ་ཟེར་ནས་

  5. yeshe says:
    2009-11-08 at 7:35 pm

    སྐྱེས་བུ་དམ་པའི་གདུང་དང་སྐུ་རུས་ལ་རྩ་ཆེར་བརྩི་སྲོལ་འདི་ནི་སངས་རྒྱས་སྐུ་བཞུགས་ནས་ཡོད་པ་རེད། དཔེར་ན་མདོ་སྡེ་གསེར་འོད་དམ་པ་དབང་གི་རྒྱལ་པོ་ལས་སངས་རྒྱས་ཀྱིས་བྱང་སེམས་སྟག་མོ་ལུས་སྦྱིན་གྱི་སྐུ་རུས་ས་འོག་ནས་བཏོན་ཏེ་དེའི་ཆེ་བ་གསུངས་ནས་ཉན་ཐོས་ཆེན་པོ་རྣམས་ལ་ཕྱག་མཆོད་བྱེད་དུ་བཅུག་གནང་བ་དང་། དེ་ལས་གཞན་པའི་མདོ་སྡེ་དག་ཏུ་ཡང་སངས་རྒྱས་ཀྱི་རིང་བསྲེལ་ལ་མཆོད་རྟེན་དང་བཀུར་བསྟི་བྱས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་འདུག དེའི་རྗེས་སུ་སངས་རྒྱས་ཀྱི་སྐུ་རུས་དང་ཁོང་གི་ཉན་ཐོས་ཆེན་པོ་དག་གི་སྐུ་རུས་ཀྱང་རྗེས་འཇུག་པ་དག་གིས་ཕྱག་མཆོད་ཀྱི་ཡུལ་དུ་ཁྱེར་ནས་མཆོད་རྟེན་བཞེངས་པ་ནི་ཐེག་པ་ཆེ་ཆུང་གསང་སྔགས་དང་བཅས་པའི་ཉམས་ལེན་པ་ཚོའི་ཁྲོད་ན་ཁྱད་མེད་དུ་ཡོད་ཅིང་། གསང་སྔགས་ཀྱི་ལུགས་ལ་ཤ་ལྔ་བདུད་རྩི་སོགས་དང་། ཐེག་ཆེན་རྐྱང་བའི་ལུགས་ལ་ཡང་བྱང་སེམས་སྐྱེ་བ་བདུན་པ་དང་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ལ་སྤྱད་ན་ལུས་སེམས་གནས་འགྱུར་ཏེ་མཁའ་སྤྱོད་སོགས་ཞིང་ཁམས་ཉུལ་བ་དང་། སེམས་ལ་རྟོགས་པ་ཐོལ་བརྒལ་བ་སྐྱེ་བ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་རེད། དེ་བཞིན་ཆོས་བརྒྱུད་གཞན་པར་ཡང་ཁ་ཆེ་བ་ཚོར་མཚོན་ན་དེང་སང་གྲོང་ཁྱེར་ཁ་མའི་རྡོ་ནག་དེའི་ནང་དུ་སྟོན་པ་མོ་ཧ་མན་གྱི་སྐྲ་ལོའི་ཉག་མ་འགའ་དང་ཁོའི་ལག་གྲི་ཡོད་ཟེར་ནས་དད་པ་ཚད་མེད་བྱེད་བཞིན་པ་ཡོད་པ་ལྟ་བུ་རེད། ངས་སྔོན་མ་ཞིག་བཤད་པ་བཞིན་གསང་སྔགས་དང་སྨན་གྱི་ལུགས་སྲོལ་ལ་དམ་རྫས་དང་སྨན་མིན་པ་ཞིག་ས་སྟེང་འདི་ན་ཡོད་པ་མ་རེད། ཡིན་ན་ཡང་དུས་རབས་གསར་བའི་ནང་དུ་འདི་ཚོ་ཕྱི་རྒྱལ་ཁག་ཏུ་ལག་ལེན་ཇི་འདྲ་ཞིག་བྱེད་དགོས་མིན་ནི་ཡུལ་དུས་གནས་སྐབས་དང་བསྟུན་དགོས་པ་ཞིག་རེད། རྒྱ་མི་ལྟ་བུ་ཡིན་ན་སྐྱོན་ཆེར་མེད་ཀྱང་། འཇུ་ཕེན་པ་དང་ཀོ་རི་ཡ་བ། དེ་བཞིན་ནུབ་ཕྱོགས་པ་ཚོར་འདི་རྩ་ཆེན་རེད་ཟེར་ནས་ཨུ་ཚུགས་བྱེད་དགོས་མི་འདུག བོད་བརྒྱུད་ནང་བསྟན་པའི་ཁྲོད་དུ་འདི་འདྲའི་ལུགས་སྲོལ་ཞིག་རྒྱ་གར་ནས་དར་ཁྱབ་བྱུང་སྟེ་ཡོད་པ་རེད། ཁྱོད་ཚོར་འདོད་པ་ཡོད་ན་དེ་བཞིན་དང་མེད་ན་དེ་ལུགས་རེད་ཟེར་ནས་བདམས་ཀ་སྤྲད་ན་ཤིན་ཏུ་ལེགས་པར་མཐོང་།

  6. yeshe says:
    2009-11-08 at 7:38 pm

    ཆད་པ།
    ཤ་ལྔ་བདུད་རྩི་སོགས་
    ཤ་ལྔ་བདུད་རྩི་ལྔ་ལ་སོགས་་

    ནོར་བཅོས།
    གྲོང་ཁྱེར་ཁ་མའི་
    གྲོང་ཁྱེར་མེ་ཁའི་

  7. yeshe says:
    2009-11-08 at 7:51 pm

    དེའི་ཕྱིར་ངས་ནུབ་ཕྱོགས་པ་ཚོར་ཁྱེད་ཅག་གསང་སྔགས་ལ་ཞེ་བོ་ཞིག་དགའ་གི་འདུག་སྟེ། ཁྱེད་ཅག་གསང་སྔགས་ཀྱི་གདུལ་བྱ་མ་རེད། གསང་སྔགས་ཀྱི་གདུལ་བྱ་ཟེར་དུས་ཆོས་དང་བླ་མ་ཡི་དམ་གསུམ་ལ་དད་པ་ཟེར་ན་མེ་འབར་བ་ལྟ་བུ་ཞིག་ཡོད་དགོས་པ་རེད། དེ་མེད་པར་ཆོས་ལ་སློབ་ཚན་ཞིག་གི་འདུ་ཤེས། བླ་མ་ལ་ངོ་ཤེས་ཤིག་གི་འདུ་ཤེས། ཡི་དམ་ལ་འདྲ་པར་ཞིག་གི་འདུ་ཤེས་ལས་མེད་པར་གསང་སྔགས་ཉམས་ལེན་བྱེད་རྒྱུ་ཟེར་བ་དེར་ང་ངོ་མ་དགོད་ཀྱི་ཡོང་གི དེ་ལས་ཁྱེད་ཅག་གིས་དམ་ཚིག་མཐོན་པོ་ཅང་བསྲུང་མི་དགོས་པའི་ཉན་ཐོས་སྡེ་བ་སྟེ་དེང་སང་ཟེན་ཆོས་ལུགས་སུ་འབོད་པ་དེ་འདྲ་ཉམས་ལེན་བྱས་ནས་དབུགས་གཏོང་ལེན་གྱི་གྲངས་ཀ་རེ་སྒོམས་དང་ཉོན་མོངས་མངོན་གྱུར་པ་རེའི་མགོ་གནོན་པ་དང་ལུས་སེམས་ལྷོད་པོ་རེ་ཡོང་རྒྱུར་ཕན་ཐོག་གི་རེད་ཅེས་རྗོད་བཞིན་ཡོད།

  8. མགོན་པོ་ཕྱག་གཉིས་པ། says:
    2009-11-08 at 8:20 pm

    དེས་ན་ཁྱེད་རང་ལ་གསང་སྔགས་བླ་མ་ཡི་དམ་ལ་དད་པ་མེ་འབར་བ་ཞིགཡོད་དམ།

  9. མགོན་པོ་ཕྱག་གཉིས་པ། says:
    2009-11-08 at 8:34 pm

    འདི་ཚོ་རིག་གཞུང་མ་འདྲ་བའི་ཁྱད་པར་རེད། རིག་གཞུང་མ་འདྲ་དུས་ཧང་སང་ན་ཕར་སང་ཚུར་སང་རེད། ང་ཧང་ས་དེ་སྐད་སྒྱུར་བས་ཐད་ཀར་མ་བསྒྱུར་བ་དེར་ཧང་སང་གི་འདུག
    ང་ཚོས་ཡག་པོ་གཅིག་པོ་ཕྱི་ལོགས་ལ་བསྟན་ཡག་པོ་མ་རེད་བསམ་པ་དེ་ཚོ་བསྐུངས་དེ་འདྲ་བྱས་ན་དེ་ལས་རྫབ་ཆེན་དང་སྐྱུག་བྲོ་བ་ཞིག་གང་ན་ཡོད། ཕྱི་གསལ་ནང་གསལ་ཟེར་བ་འདི་ཆབ་སྲིད་ཙམ་མིན་པར་ཆོས་རིག་གོམས་སྲོལ་ཚུན་ཆད་ལ་ཧ་ལས་པའི་གལ་ཆེན་པོ་ཡིན་པར་མཐོང་།

  10. གཞོན་ནུ་ཟླ་མེད says:
    2009-11-08 at 9:03 pm

    འདོད་ལྷའི་བུ་ལ་བཤད་རྒྱུ། ཁ་བརྡ་དྲ་ཁང་ན་ནུབ་ཕྱོགས་པའི་མི་ལ་རྒྱུས་ཡོད་པ་ཁྱོད་རང་གཅིག་བུ་མ་རེད། དེ་བཞིན་དུ་ནང་ཆོས་ཀྱི་དབང་རྫས་སོགས་ཀྱི་སྐོར་ལ་རྒྱུས་ཡོད་པ་ཡང་ཁྱོད་རང་གཅིག་བུ་མ་རེད། ཡིན་ན་ཡང་མི་རེ་ཟུང་གིས་ངོ་ནས་མ་ཤེས་པའི་དབང་གིས་དེ་འདྲ་བྱེད་སྲིད་པ་རེད། གལ་ཏེ་ཁྱེད་རང་གི་ངོ་ནས་མཐོང་ཡོད་ན་དེ་བདེན་སྲིད་པ་རེད། དེ་ཁོ་རང་ལ་ལབ་དགོས་པ་རེད། ཁོ་རང་ལ་ལབ་ནས་དེ་ནང་ཆོས་ཀྱི་འགྲོ་སྟངས་འེ་ཡིན་དང་། ཁྱད་པར་དུ་བླ་མའི་ཤ་དམར་སློབ་མའི་ཁ་ལ་འཇོག་པ་འདི་འདྲ་ཅིག་ཡོད་ན་དེ་ངེས་པར་དུ་ཁྲིམས་ཐོག་ནས་བཀག་འགོག་བྱེད་དགོས་པ་རེད།
    དེ་མིན་དད་དམ་གྱི་རྫས་ལ་སངས་རྒྱས་ཀྱི་རིང་བསྲེལ་ཟེར་ན་བོད་གཅིག་བུ་མ་རེད། རྒྱ་གར་ལྷོ་ཕྱོགས་ཧེ་རྡི་ར་བྷ་རྡིར་ས་འོག་ནས་ཐོན་པའི་སངས་རྒྱས་ཀྱི་རིང་བསྲེལ་དེ་ཚོ་རྒྱ་གར་གཞུང་ཁོ་རང་གིས་བདག་པོ་རྒྱགས་གི་ཡོད་པ་རེད། དེ་བཞིན་དུ་རྒྱ་ནག་ན་ཡང་སངས་རྒྱས་ཀྱི་རིང་བསྲེལ་ཡོད་པའི་མཆོད་རྟེན་ཁ་ཤས་ཡོད། དེ་བཞིན་དུ་འཇར་པན་ན་ཡང་ཡོད་པ་རེད། འོན་ཀྱང་འདི་དག་དད་པའི་རྟེན་ཡིན་པ་ལས་ཟ་རྒྱུ་དང་འཐུང་རྒྱུ་ཅིག་ཏུ་ཆོས་ལུགས་པ་སུས་ངོས་ནས་ཀྱང་བེད་སྤྱོད་གཏོང་གི་མེད།
    སྨན་སྣ་ནང་དུ་ཕྱི་རྒྱལ་གྱི་སྨན་དེ་ཚོའི་རྒྱུ་ཆ་ལ་ཡང་ཞིབ་འཇུག་ཅིག་བྱས་ནས་དེ་ནས་བཤད་ན་ཡག་ས་རེད། དེ་མིན་ཁ་ཆེས་ཟ་མ་ནང་དུ་ཁུ་བ་བླུག་གི་ཡོད་པ་དང་། བོད་ཀྱི་དམ་རྫས་ནང་དུ་ཅིག་ཅིག་འདུག་ཟེར་ནས་མཉམ་སྦྱར་བྱས་ཁ་ཆེའི་ལུགས་སྲོལ་དང་བོད་ཀྱི་ལུགས་སྲོལ་དེ་མཐའ་གཅིག་ཏུ་ནག་པོ་དང་། མགོ་སེར་གྱི་ལུགས་སྲོལ་དེ་ཚོ་མཐའ་གཅིག་ཏུ་དཀར་པོ་བཟོ་བ་འདི་ཡང་ཁ་ཤས་ཀྱི་ལྟ་བ་རེད།

  11. མདོ་ལྷ་ཁམས་པ། says:
    2009-11-08 at 9:55 pm

    དེ་འདྲ་རང་ད་མ་རེད། མགོན་ཕྱག་དང་གཞོན་ཟླ་གཉིས་ལགས།
    འདོད་ལྷའི་བུས་ཀྱང་མཐའ་གཅིག་ཏུ་བོད་ལུགས་དང་ཁ་ཆེའི་ལུགས་སྲོལ་ནི་རྦད་དེ་རྫོབ་བོ་ཅིག་དང་།
    མགོ་སེར་ཚོའི་ལུགས་སྲོལ་དེ་རྣམས་རྦད་དེ་དཀར་པོ་དཀར་རྐྱང་རང་རེད་ཟེར་མི་འདུག་ག
    མ་མཐར་ཡང་སངས་རྒྱས་ཀྱི་རང་བསྲེལ་དང་སྐྱེ་བོ་ཕལ་བའི་ཤ་ཁྲག་གཉིས་ཡོངས་སུ་མཚུངས་པ་རང་ཨེ་ཡིན།
    མ་གཞི་ནས་གསང་སྔགས་ཀྱི་མན་ངག་དེ་ཚོ་སྐྱེ་བོ་རང་ག་བ་ཚོར་ཕྱི་གསལ་ནང་གསལ་བཟོས་ན་དགེ་ལས་སྐྱོན་ཆེ་བ་ཡོད་པའི་རྒྱུ་མཚན་ཡང་གནད་འགག་ཅིག་ལ་ཐུག་མེད་དམ།

  12. རུ་དམ་ལུང་གི་བུ། says:
    2009-11-08 at 10:12 pm

    ལྷ་ཀླུ་གཉན་གསུམ་ལགས།
    (དེས་ན་འུ་ཅག་བོད་པའི་སངས་རྒྱས་ཀྱི་རང་སིལ་ཟེར་ནས་རྩ་ཆེན་བྱེད་ཀྱི་ཡོད་པ་དེ་ཡང་སངས་རྒྱས་ཐུགས་རྗེ་ཅན་གྱི་རུས་པ་ལ་གོ་ཡི་ཡོད་པ་རེད་ལ) རིང་སྲེལ་ཚང་མ་རུས་པ་དང་རུས་པས་ཡིན་རྒྱུ་མ་རེད་སྙམ།

  13. མེ་ཆ་། says:
    2009-11-08 at 11:28 pm

    དེ་དམ་རྫས་གནང་སའི་མི་དེའི་་སྤག་པའི་ཁ་དོག་ལ་རག་ལས་ཡོད་པ་མ་རེད་། ཡོངས་སུ་མ་སྨིན་སེམས་ཅན་ལ་གསང་བ་ཉིད་ནི་སྟན་མི་བྱ་ཞེས་བ་ཤེས་དགོས་བ་རེད་། སྐད་སྒྱུར་གྱི་བྱེད་སྟེང་འགྲིག་གི་རེད་། དགེ་ཤེས་ཀྱི་མང་འཛིན་པ་དེའི་བྱེད་སྟེང་མ་འགྲིག་པ་རེད་།

  14. dorjee says:
    2009-11-09 at 2:04 am

    འདོད་ལྷའི་བུ་ལགས་
    ཁྱེད་ཀྱི་བྱེད་སྟངས་ངོ་མ་འགྲིག་ནི་ཞིག་རེད། དེ་མིན་དམ་རྫས་འདི་ནང་དུ་མིའི་ཤ་ཁྲག་ཡོད་ཚུལ་ཕྱི་གླིང་བ་བཤད་ན་ཧང་སང་ནས་དེ་ག་རང་དམ་རྫས་ལ་ཞིབ་འཇུག་བྱེད་དེ། གལ་སྲིད་ནད་འབུ་རིགས་ཤིག་དེ་ནས་རྙེད་པ་ཡིན་ན་བླ་མའི་གསུང་ཆོས་གནང་མཚམས་བཞག་ནས་ཁྲིམས་ཐོག་ཏུ་འགྲོ་དགོས་རྒྱུ་རེད།
    དེའི་ཕྱི་གླིང་བ་ཙམ་མ་རེད་བོད་མིའི་ཁྲོད་དུ་བཀྲམ་སྲོལ་དེ་འགོག་དགོས་རྒྱུ་རེད། དེ་མིན་ཉེན་ཁ་ཆེན་པོ་རེད། བོད་ཀྱི་ནང་བསྟན་ཆོས་ལུགས་གནང་མཁན་ཚོའི་ལས་སྟངས་དེ་འདྲ་རེད་
    ཟེར་ནས་ཁྱབ་བརྡལ་དུ་སོང་ཞེན་པ་ལོགས་རེད། ངོ་མ་འཇིགས་ཅན་རེད། དེའི་རིགས་ལ་གཟབ་དགོས་ཀྱི་རེད་བསམ་གྱི་འདུག་ ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་བླ་མའི་ཤ་ཁྲག་
    བཟའ་བཏུང་བྱས་ནས་བྱིན་རླབས་འཇུག་པར་འདོད་ནི་ཆུ་ཡིས་སྡིག་པ་འཁྲུ་ཐུབ་པར་འདོད་པ་དང་ཁྱད་མེད་མོད་འོན་ཀྱང་ཆུས་སྡིག་པ་འཁྲུ་མ་ཐུབ་ཀྱང་གནོད་པ་མེད་ཤ་ཁྲག་སོགས་སྤྱོད་དུ་
    བཅུག་པས་ནད་རིགས་འདྲ་མིན་གྱི་དངོས་གྲུབ་རེད་གཏེར་སྲིད་ཀྱི་རེད། དེར་བརྟེན་རྗེས་ཕྱོགས་སུ་ཚང་མའི་གཟབ་དགོས་རྒྱུ་རེད།
    དོན་དག་ཆུང་ཆུང་མ་རེད། ངོ་མ་འཇིགས་ནི་ཞིག་རེད། ད་བདེ་མོ་བྱོས།

  15. དཔལ་དགྱེས་པ་རྡོ་རྗེ says:
    2009-11-09 at 5:29 am

    ༧ བྱམས་བརྩེ་ལྡན་པའི་དྲ་གྲོགས་ལགས། མ་མཐོང་རྒྱང་རིང་གི་སྐུ་མགྲོན་རྣམ་པ། ལྷག་བསམ་དྲང་བདེན་ལ་ཕྱོགས་པའི་སྤྲེལ་ཕྲུག་རྣམ་པ། རྣམ་དཔྱོད་མཁྱེན་ལྡན་གྱི་དགེ་བཤེས་དམ་པ། མཛེས་མཛངས་བྱམས་བརྩེ་མངའ་བའི་བུད་མེད་རྣམ་པ། གཞན་དོན་ཁོ་ན་ལ་སེམས་པའི་བླ་སྤྲུལ། རང་དོན་ཁོ་ན་སྒྲུབ་པའི་མི་ཆེན། དོན་མེད་ས་མཐར་འཁྱམ་པའི་སྤྲང་པོ། སྐྱ་གོ་སེར་གོ་ཆོག་པའི་ཁྱིམ་བདག བར་མ་དོ་ལ་ལུས་པའི་མི་རྐྱང་ཕོ་མོ། མདོར་ན་བྱིས་པ་ལོ་གསུམ་ཡན་ཆད་དང་རྒན་པ་ལོ་བརྒྱ་ལོན་པ་ཚུན་ཆོད་ཀྱིས་གསན་དང་། མི་རྒན་ང་ཉིན་མཚན་དུས་དྲུག་ལ་ཆོས་སྤྱོད་ཀྱིས་བྲེལ་ཡང་ཁོམས་སྐབས་སུ་དྲ་སྒོ་ཉུལ་བ་འདི་གཞིས་བྱེས་ཀུན་ལ་སེམས་ཁུལ་ཡོད་པས་ཡིན་ཀྱང་། བྱེས་པའི་གསར་རུ་ཚོ་དུད་ཆང་གི་བཟི། གཞིས་སྡོད་སྐུ་དྲག་ཚོ་རང་དོན་ལ་གཡེང་། བོད་པ་བྱིས་པས་སློབ་གྲྭ་མི་འགྲོ། རྒན་པས་དགེ་སྦྱོར་ཚོགས་བསགས་མི་བཙོན། ན་གཞོན་ཕལ་ཆེར་ལ་རྒྱ་མེད་པ་ཞིག་ཆགས་ན། བོད་མིའི་མིང་དོན་ཚོར་བ་རང་བཞིན་གྱིས་འགགས་ཚར་བ་རེད་སྙམ་མོ། །དམ་པའི་ཆོས་ལ་དད་གུས། འགྲོ་བ་ཀུན་ལ་བྱམས་བརྩེ། རང་གཞན་ལ་དྲང་བདེན། རང་ཉིད་མི་ལུས་དོན་ལྡན་ཞིག་བྱུང་ན་བོད་ཕྲུག་གམ་མི་རབ་རེད། ཡ་གྲོགས་པོ་ཚོ་སང་ཉིན་ལྷ་བབས་དུས་ཆེན་རེད། བདག་ཅག་གི་སྟོན་པའི་ཐུགས་རྗེ་དང་ཕྲིན་ལས། ང་ཚོའི་ཡབ་མེས་བཀའ་དྲིན་ཅན་དང་རང་ཆོས་རང་ལ་བསམ་ནས་དམ་བཅའ་གསར་བ་རེ་དང་འཇོག་ ན་ཅི་འདྲ། ཁ་སྙན་ངག་དང་ཁོག་བཏང་སྙོམས་སུ་མ་སོང་བར། གཞོན་པས་སློབ་སྦྱོང་། རྒན་པས་དགེ་སྦྱོར། དར་མས་ལ་རྒྱ། ཚང་མས་ཀུན་མཐུན་གྱིས་རང་ཆོས་རང་གིས་ཟིན་པའི་ཐབས་ཤེས། རང་རྒྱུད་རང་གིས་འདུལ་བའི་དམ་བཅའ། རང་སེམས་དབང་པོར་བཞག་པའི་དྲང་བདེན། ཕྱི་ལ་མེས་རྒྱལ་གྱི་འཁོར་ཡུག་གཙང་མ། ནང་དུ་རང་རྒྱལ་གྱི་སེམས་ངོ་ཤེས་པ། དོན་དུ་རང་གཞན་ལ་ཕན་བདེ་ཡོད་པ་ཞིག་བྱུང་ན། སྐྱིད་པའི་ཉི་མ་དང་། བདེ་བའི་དྭངས་མ། ཞི་བདེའི་གཞི་མ་ཡང་རེད། སྤྱན་མིག་ཡར་ལྟས་དང་རང་བརྒྱུད་ལེགས་ལམ་རེ་གནང་ན། བསྟན་འཛིན་རྒྱ་མཚོ་ལྟ་བུ་བླ་མ་རྣམ་དག ཚུལ་ཁྲིམས་བློ་གྲོས་ལྟ་བུ་མཁན་པོ་ཡང་དག པན་ཆེན་བཙོན་པ་ལྟ་བུ་སྤྲུལ་སྐུ་འཁྲུལ་མེད། བླ་མ་མུ་མཚོ་ལྟ་བུ་ཨ་ནེ་ཚད་ལྡན། ཨ་ཁུ་དོར་ལོ་ལྟ་བུ་དགེ་རྒན་ཚད་མ། ཏྰ་ལའི་བླ་མ་ལྟ་བུ་ཀུན་འདུས་ཆེན་པོ་དག་གི་གསུང་ལ་ཉན། དོན་ལ་གནས་པར་བྱས་ན་རང་རང་སོ་སོར་ངེས་ཤེས་འགོག་མེད་ཀྱི་ཚོར་འདུ་གསོན་པོ་ ཞིག་དང་། འདི་ཕྱི་ལེགས་ལམ་གྱི་བདེ་སྐྱིད་སྣང་བ་ཞིག་འབྱུང་ངེས། ང་སྐྱབས་བཅོལ་དུ་སོང་ནས་ལོ་དགུ་སོང་ཡང་། ཕ་ཡུལ་དེ་ཉི་མ་གཅིག་ལ་ཡང་བརྗེད་མ་མྱོང་ལབ་ཆོག བདེ་སྡུག་གི་འཚོ་བ་རོལ་སྟངས་ཀྱང་ཧ་གསལ་བོ་གོ་སོང་། འགའ་རེས་ཆབ་སྲིད་ལ་དོ་སྣང་གནང་བ་བཀའ་དྲིན་ཆེ་ཡང་། ཧ་ཅང་ཐལ་ཆེ་ནས་རྒྱ་དཀར་ནག་བལ་དབྱིན་སོགས་སུ་བོད་པའི་བླ་སྤྲུལ་ཡིན་ཟེར་ནས་ བླ་རྫུན་གྱི་འཁོར་ལོ་བསྐོར། བོད་པའི་ལ་རྒྱ་ཡིན་ཟེར་ནས་རང་ཁྱིམ་འཚོ་ཐབས་བྱས། བསྟན་པ་སྤྱི་ལ་ཁ་གཡར་ནས་བསྟན་བཤིག་བཟོ་བ་ཧ་ཅང་ཐལ་ལོ་སྙམ་མོ། དོན་ངོ་མ་བཤད་ན་བཟང་པོ་རྣམས་ལ་བཟང་རབས། ངན་པ་རྣམས་ལ་ངན་རབས་འཛམ་བུའི་གླིང་དུ་གོ་བ་ཞིག་བྱུང་ན་ཤིན་ཏུ་བཟང་སྙམ་མོ། ། དེ་མིན་མངར་སྐྱུར་གྱིས་བཟི་ཁ་མེད། སྨན་དུག་གི་ཁྱད་པར་མེད། བདེན་རྫུན་ལ་དབྱེ་བ་མེད། དགྲ་གྲོགས་ལ་ཁྱད་པར་མེད། ཕྱི་ནང་ལ་ཕྱོགས་རིས་མེད་ན་མདོ་ཤོར་ཟེར། དོན་མེད་ཀྱི་ལ་རྒྱ་རེད། དུས་རབས་གསར་བའི་ཡར་རྒྱས་ལ་ཆོས་དང་འཇིག་རྟེན་ལ་གོང་འཕེལ་ཅི་ནུས་གཏོང་བ་བརྩོན་པ་ནི་ང་ཚོའི་ལས་འགན་ཞིག་རེད་སྙམ་མོ། །
    ཕྱི་སྡོད་སྤུན་ཟླ་རྣམས་ལ་བརྩེ་ཞེན་དང་། ནང་གནས་བོད་རིགས་ཀུན་ལ་ཤ་ཞེན་དང་། །དོན་གནས་ཀྱི་བཀའ་གསུང་ཟབ་མོ་ཀུན་ལ་ཉམས་ལེན་རེ་བྱས་ན་མི་ཚེ་དོན་དང་ལྡན་པ། རང་ཆོས་གཙང་མ་ཟིན་པའི་ཐབས་ཤེས་ཞིག་ཡིན་པར་ཐེ་ཚོམ་མེད་དོ། །ང་ཚོ་མདོ་དབུས་ཁམས་ཀྱི་གཞིས་བྱེས་གཉིས་ཀ་ཡང་ཁ་འབྲལ་ཐབས་མེད་པའི་རྩ་བ་དམ་པ་དེ་ཡིན་ནོ། །
    རྣམ་རྟོག་མང་པོ་ཞིག་ཤར་བྱུང་ཡང་། ད་མ་ཁོམ་ཐལ། བདེ་མོ་བྱོས།
    ༢༠༠༩ ༡༡ ༨ ཉིན་ཤྲྰིས་གུས་ཕུལ། །

  16. རིག་མཆོག says:
    2009-11-09 at 9:50 am

    འདོད་ལྷའི་བུ་ལགས།
    ཁྱེད་ཀྱིས་གསུངས་པ་བདེན་པ་རེད།   ང་ཚོས་ཕྱོགས་ཡོངས་ནས་གཟབ་གཟབ་བྱེད་དགོས།   མ་གཞི་བླ་རྒན་དེས་བུམ་རྫས་ཀྱི་ནང་དུ་ཉག་བླ་ཚང་གི་གདུང་རུས་འཕེན་དོན་ཅི་ཡིན་ནམ།   དབང་ཅི་ཞིག་བསྐུར་བ་རེད་དམ།   བུམ་རྫས་མདོ་རྒྱུད་ནས་གསུངས་པའི་བུམ་རྫས་རྣམས་ཚང་དགོས་པ་ལས།   དེའི་ཁར་བླ་རྒན་རྣམས་ཀྱི་ཤ་ཁྲག་སོགས་སྣོན་དགོས་དོན་མེད།   དེ་བླ་རྒན་དེས་ནོར་བ་ཡིན་པས་ཁྱེད་ཀྱིས་ཐད་ཀར་བླ་རྒན་ཁོ་རང་ལ་གསལ་བཤད་གནང་བ་ཡག་པོ་འདུག   
    བླ་མ་ཟེར་བ་དེ་སོ་སོའི་ངོར་རྩ་ཆེན་པོ་དང་བྱིན་རླབས་ཅན་ཞིག་ཡིན་པ་ལས།   སེམས་ཅན་ཐམས་ཅད་ཀྱི་ངོར་དེ་འདྲ་མ་རེད།   དེ་ནི་བླ་མ་སངས་རྒྱས་དངོས་མཐོང་གི་དད་པ་བྱེད་ཚུལ་གྱི་རིགས་པས་ཀྱང་ཤེས་ཀྱི་རེད།   དེ་ཙམ་ཡིན།

  17. རིག་མཆོག says:
    2009-11-09 at 10:05 am

    འདོད་ལྷའི་བུ་ལགས།
    ཁྱེད་ཀྱིས་གསུངས་པ་བདེན་པ་རེད། ང་ཚོས་ཕྱོགས་ཡོངས་ནས་གཟབ་གཟབ་བྱེད་དགོས། མ་གཞི་བླ་རྒན་དེས་བུམ་རྫས་ཀྱི་ནང་དུ་ཉག་བླ་ཚང་གི་གདུང་རུས་འཕེན་དོན་ཅི་ཡིན་ནམ། དབང་ཅི་ཞིག་བསྐུར་བ་རེད་དམ། བུམ་རྫས་མདོ་རྒྱུད་ནས་གསུངས་པའི་བུམ་རྫས་རྣམས་ཚང་དགོས་པ་ལས། དེའི་ཁར་བླ་རྒན་རྣམས་ཀྱི་ཤ་ཁྲག་སོགས་སྣོན་དགོས་དོན་མེད། དེ་བླ་རྒན་དེས་ནོར་བ་ཡིན་པས་ཁྱེད་ཀྱིས་ཐད་ཀར་བླ་རྒན་ཁོ་རང་ལ་གསལ་བཤད་གནང་བ་ཡག་པོ་འདུག
    བླ་མ་ཟེར་བ་དེ་སོ་སོའི་ངོར་རྩ་ཆེན་པོ་དང་བྱིན་རླབས་ཅན་ཞིག་ཡིན་པ་ལས། སེམས་ཅན་ཐམས་ཅད་ཀྱི་ངོར་དེ་འདྲ་མ་རེད། དེ་ནི་བླ་མ་སངས་རྒྱས་དངོས་མཐོང་གི་དད་པ་བྱེད་ཚུལ་གྱི་རིགས་པས་ཀྱང་ཤེས་ཀྱི་རེད། དེ་ཙམ་ཡིན།

  18. བོད། ལྷ་ཀླུ་གཉན་གསུམ། says:
    2009-11-09 at 11:39 am

    རུ་དམ་ལུང་གི་བུ་ལགས། ཉིད་ཀྱིས་གསུངས་པ་དེ་ནི་བདེན་པ་རེད། རང་བསྲེལ་ཟེར་ན་ཡིན་གཅིག་མིན་གཅིག་རུས་པ་གཅིག་བུ་ལ་གོ་དགོས་པ་ཞིག་གཏན་ནས་མ་རེད་ལགས། སྐྱེ་ཆེན་དམ་པ་ཚོའི་སྐུ་ལུས་མེ་རུ་བསྲེག་རྗེས་སུ་རང་བསྲེལ་ཟེར་བ་ཞིག་འབབ་རྒྱུ་ཡོད་ཚུལ་བོད་ཡུལ་ན་ཡོངས་གྲགས་ཡིན་ནི་རེད།

  19. གཅན་བཟོད་རྒྱམ། says:
    2009-11-09 at 12:54 pm

    མེ་རུ་བསྲེས་རྗེས་ཟེར་ན་མ་གུས་པའི་ཚིག་གམ་ཡང་ན་ཚིག་གིས་མ་འདང་བ་འདྲ་ཟིག་མི་འདུག་གམ། རང་བསྲེལ་ཟེར་བ་ཞིག་འབབ་རྒྱུ་ཡོད་ན་ཇི་འདྲ་ཞིག་ཡོད་ནི་རེད། རང་བསྲེལ་མཐོང་མྱོང་ངམ། ཐོས་མྱོང་ངམ། གསལ་བོ་ཞིག་བཤད་རྒྱུ་ཡོད་དམ།ཧཧཧཧཧ།བཀའ་འགྱུར་དོ་དགོང་ཅུང་ཙམ་བཟི་མེད་ཀི་ན། མ་གཞི་བསྟན་འཛིན་བརྩོན་འགྲུས་མ་འགྲིག་པ་ཡིན། ཁོའི་ཁ་ནས་གང་བྱུང་མང་བྱུང་བཤད་མེད་རྒྱུ་ན་ངས་དོ་གདོང་ཆང་འདི་འཐུང་དོན་མེད་ཀ དེ་རེད་ལ་ཙེ། དྲ་གྲོགས་ཚོ། ཧཧཧཧཁྱི་ཆོ་སྤོ་ལངས་མི་ཉན་གོ

  20. གཅན་བཟོད་རྒྱམ། says:
    2009-11-09 at 12:55 pm

    གནན་ལག་གིས་བྲིས་མ་ཚར་གོང་ནས་བཏང་ཚར་འདུག ཡ་ད་ཉལ་གི་ཡིན། བདེ་མོ་བྱོས་གོ

  21. གངས་བུ། says:
    2009-11-10 at 2:14 am

    དེའི་རིགས་བླ་མ་ཁོ་རང་ལ་ཐད་ཀར་གསུངས་སྟངས་མ་འགྲིག་པའི་བསམ་ཚུལ་ཞུས་དགོས་པ་གལ་ཆེན་མཐོང་། འདོད་ལྷའི་བུ་ཡིས་སྐད་བསྒྱུར་གནང་སྟངས་ལ་མོས་མཐུན་ཡོད། རྗེས་མར་དེའི་རིགས་བྱུང་ཚེ་བླ་མ་སོགས་ལ་རང་གི་བསམ་ཚུལ་ཐད་ཀར་ཞུས་རོགས་གནང་། ཐུགས་རྗེ་ཆེ།

  22. ཨ་རིག་གླེན་རྒན says:
    2009-11-10 at 10:42 pm

    འདོད་ལྷའི་བུ་ཨ་མའི་བུ་ང་ཁྱོད་ཀྱིས་བྱེད་སྟངས་འདི་ལ་ཧ་ཅང་འཐད་གི ཁྱེད་ངོ་མ་འཆར་སྒོ་ཡག་ལ་རྣམ་དཔྱོད་ཅན་ཞིག་རེད། དོན་འདག་འདི་གསར་བ་མིན་ཡང་སྐད་ཆ་འདི་གསར་བ་རེད་འདི་ཇི་མ་ཇི་བཞིན་བསྒྱུར་མི་རུང་ལ་ཐད་ཀར་བླ་མར་ཞུ་མི་བདེ་འདི་དོན་དངོས་རེད་ལ་དགོས་དབང་ཡང་རེད། འདི་འདོད་ལྷའི་བུ་གཅིག་བུར་འཕྲད་པའི་ཐེ་ཚོམ་ཞིག་མིན་ཡང་སྐབས་བབ་འཕྲད་སེལ་ཙམ་གྱི་འདི་མུར་ལུས་བ་རེད།ཐོག་མར་ཁ་ནང་ལ་ཕྱོགས་ནས་གྲོས་བསྡུར་དེའང་འབྲི་མཁས་ལ་བཤད་ཕོད་པའི་དྲ་ཐོག་གི་ང་ཡིན་ཁོ་ཡིན་རྣམས་དང་ལྷན་ཏུ། བསམ་ཚུལ་ངོ་མ་ཡག་གི་རབ་ཡིན་ན་དུས་བབ་དྲ་ཚིགས་སུ་ཕེབས་ནས་ཆོས་དང་ལོ་རྒྱུས་གནའ་དེང་གི་རིག་གནསཀུན་ལ་མཁས་པའི་སྒོམ་སྡེ་ལྷ་རམས་པ་ལྟ་བུར་ཐད་ཀར་བཀའ་འདྲ་ཞུས་ན་ལེགས་ལམ་རེ་རྙེད་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme