Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་གྲོགས་ཚོ། ཁོ་བོར་གཤེ་ཡང་རུང་། སྨད་ཀྱང་ཆོག

Posted on 2009-12-18 By དགེ་རབ་ 3 Comments on དྲ་གྲོགས་ཚོ། ཁོ་བོར་གཤེ་ཡང་རུང་། སྨད་ཀྱང་ཆོག

(བསེ་རུ།)

དྲ་གྲོགས་ཚོ།
ང་ཚོས་འགུལ་སྐྱོད་བྱེད་དགོས། ཡར་ལངས་དགོས། ད་དུང་འགྲོ་དགོས། བསམ་བཞིན་དུ་ཡིག་ནོར་འདོར་གྱིན་འགྲོ་དགོས། བག་འཁུམ་མི་ཉན། འགྲོ་དགོས། སྐད་ཡིག་གི་ཚེ་སྲོག་གི་སླད་དུ། མི་རིགས་ཀྱི་བདེན་དོན་ཞིག་གི་ཆེད་དུ། ཇི་སྲིད་འདོད་དོན་མ་འགྲུབ་པ་དེ་སྲིད་དུ་འགྲོ་དགོས།
སྙིང་སྟོབས་དང་། སེམས་ཤུགས། ལྷག་བསམ། དཔྱོད་ཤེས་སོགས་ཡོད་པའི་ཐོག་ནས་འགྲོ་དགོས།།
དྲ་གྲོགས་ཚོ།
ཁོ་བོར་གཤེ་ཡང་རུང་། སྨད་ཀྱང་ཆོག བརྡུང་ན་ཡང་རུང་། བསད་ན་ཡང་འོས། ངས་ཡོད་ཚད་བདེན་དོན་ཞིག་གི་ཆེད་དུ་བཟོད་ནུས།
ཡིག་ནོར་ནི་ནམ་ཡང་ང་ཚོའི་སྐད་ཡིག་གི་དགྲ་བོ་ངོ་མ་དེ་རེད་ལ།
སྨྱུག་ཐོགས་པ་རང་ཉིད་ཀྱི་ཚེ་སྲོག་འཕྲོག་< WBR>བྱེད་ཅིག་ཀྱང་རེད། མདོར་ན་མིའི་རིགས་ཀྱི་བླ་སྲོག་ལ་འཇབ་རྒོལ་བྱེད་མཁན་ཞིག་ཀྱང་རེད། དེའི་ཕྱིར་ཡིག་ནོར་ནི་འཇིག་རྟེན་འདིའི་གཤེད་མ་ཞིག་རེད་ཅེས་ཁོ་བོས་གླེང་།།
དྲ་གྲོགས་ཚོ།
ང་ཚོས་ཉེན་ཁའི་རང་བཞིན་གླེང་གིན། དེ་ལས་ལྡོག་ཐབས་ལ་དོ་སྣང་བྱེད་ཀྱིན་སོང་ན།
ནམ་ཞིག་ང་ཚོས་ཡིག་ནོར་གྱི་རྒྱུན་འདི་འགོག་ཐུབ། ང་ཚོས་རང་ཉིད་ཀྱིས་རང་ཉིད་ལ་ཞུ་དག་གཏོང་གིན། ང་ཚོས་རང་ཉིད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་གིན། ཡིག་ནོར་གྱི་དགྲ་བོ་དེ་ཉོན་མོངས་དུག་གསུམ་དུ་བལྟ་མི་རུང་། ཡིག་ནོར་གྱི་དགྲ་བོ་དེ་དག་གཞོམ་པར་ངེས་པར་དུ་འཚང་ཡང་རྒྱ་མི་དགོས། དེའི་ཕྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དགོས་ཞེས་དེ་བས་འདིར་གླེང་གིན་མེད།།
དྲ་གྲོགས་ཚོ།
ཚང་མར་རྣམ་དཔྱོད་ཀྱི་རྩལ་རེ་ཡོད་པ་བདེན་ན། མི་རིགས་ཀྱི་སྐད་ཡིག་ལ་བཅངས་པའི་བརྩེ་བ་རྣལ་མ་ཞིག་ཡོད་པ་བདེན་ན། བོད་མི་རིགས་ལ་བཅངས་པའི་ལ་རྒྱ་ངོ་མ་ཞིག་ཡོད་པ་བདེན་ན། རང་ཉིད་ཀྱིས་གང་བྲིས་པའི་རྩོམ་རིགས་དང་མཆན་བུ། བསམ་འཆར་ཁག་གི་ནང་ཡིག་ནོར་གྱི་སྲིན་འབུས་མ་ཁྱབ་པ་ཞིག་ཅིས་ནས་ཀྱང་གནང་རོགས།།
དྲ་གྲོགས་ཚོ།
ཡིག་ནོར་ནི་བསམ་བཞིན་དུ་འབྲི་མཁན་ཞིག་གླིང་འདི་ན་མེད་སྲིད་ཀྱང་། མ་བརྟག་མ་དཔྱད་པ་དང་། འགན་ཁུར་གྱི་བསམ་བློ་མེད་པ། ཁ་ནས་གང་ཐོན་འབྲི་བ། ཚིག་མཛོད་དང་དག་ཡིག་ཁག་དང་ཁ་ཐག་རིང་དྲགས་པ། བརྡ་སྤྲོད་གཞུང་ལུགས་ལ་སྦྱངས་པ་དམན་པའམ་མ་བསྟུན་པ། སྐད་ཡིག་གི་གཞི་རྩའི་རྨང་གཞི་མེད་པ། རང་རང་གི་ལུང་ཚན་བྱེ་བྲག་པའི་སྐད་ལ་བསྟུན་ཆེ་དྲགས་པ་སོགས་མདོར་ན། ཡིག་ནོར་ཡོང་རྐྱེན་འདི་དག་ཙམ་མ་ཟད་ད་དུང་གཞན་དང་གཞན་ཡོད་ངེས་པས། དྲ་གྲོགས་ཚོས་ཡིག་ནོར་ཡོང་རྐྱེན་གང་དང་གང་ཡོད་འདིར་གསུངས་རོགས།
དྲ་གྲོགས་ཚོ།
གོང་བཀོད་འདི་དག་ནི་ཁོ་བོས་མཚམས་མཚམས་སུ་ཡིག་ནོར་དང་འབྲེལ་བའི་མཆན་བུ་ཁག་ཅིག་དྲ་གྲོགས་ཁག་ཅིག་ལ་ལན་འདེབས་དང་རེ་སྐུལ་གྱི་ཚུལ་དུ་བཏབ་པ་ཁག་ཡིན་ལ། དེ་རིང་སླར་ཡང་བསྐྱར་ཀློག་ཅིག་བྱས་ཏེ། དེར་ཁ་སྣོན་དང་བཟོ་བཅོས་ཅུང་ཙམ་བྱས་ཏེ་དྲ་ངོས་འདིར་ཡིག་ནོར་དང་འབྲེལ་བའི་སྐོར་ཀློག་པ་པོ་ཚོར་དགོངས་ཚུལ་ཅི་ཡོད་རྟོགས་སླད་ཟིན་བྲིས་ཀྱི་ཚུལ་དུ་བཅོས་ཡོད།།
དྲ་གྲོགས་ཚོ།
ཕེབས་དང་། ང་ཚོས་ཡིག་ནོར་ཟེར་ན་ཅི་ཞིག་དང་། དེ་ཇི་ལྟར་མེད་པར་བཟོ་བ། ཅིའི་ཕྱིར་མེད་པར་བཟོ་བ་སོགས་མནོ་བསམ་རེ་གཏོང་གིན་གནས་འདི་ནས་རང་རང་གི་དགོངས་ཚུལ་རེ་གསུངས་པར་ཕེབས་དང་། བསེ་རུས་ཁྱེད་རྣམས་ལ་སེམས་ཀྱི་ལྷ་དར་དཀར་པོ་རེ་བཏེགས་ཏེ་གནས་འདི་ན་ཕེབས་བསུ་ཞུས་ཏེ་གནས་ཡོད། དྲ་གྲོགས་ཚོ་ཕེབས་དང་། །

རྩོམ་རིག

Post navigation

Previous Post: ཀྲུའུ་ཝེན་ཆུན་གྱིས་རྒྱ་རི་རིན་པོ་ཆེར་ལན་བརྒྱབ་འདུག ད་རྒྱ་རི་རིན་པོ་ཆེས་དེ་ལ་ལན་ཞིག་སྐྱོན་དགོས་ཀྱི་འདུག
Next Post: མདང་ནུབ་ངས་གློག་ཀླད་ཁ་ཕྱེ་བའི་དུས།

Comments (3) on “དྲ་གྲོགས་ཚོ། ཁོ་བོར་གཤེ་ཡང་རུང་། སྨད་ཀྱང་ཆོག”

  1. མདོ་ལྷ་ཁམས་པ། says:
    2009-12-18 at 8:40 pm

    རིགས་ཞེན་དྲི་མེད་སེམས་ཀྱི་ཁ་བཏགས་ཞིག །
    དབྱམས་གསལ་སྦྱོར་བའི་མགྲོན་དུ་ཕེབས་རྣམས་ལ། །
    བསེ་རུའི་རྭ་ལྟར་རིན་བྲལ་ཚིག་གི་ཕྲེང་། །
    འདི་ན་སྤེལ་བ་སྙིང་ནས་བསྔགས་པའི་ཡུལ། །
    འོན་ཀྱང་།
    དྲ་ཐོག་གི་ཡིག་ནོར་གཏན་འགོག་བྱ་དགོས་ན་དྲ་ཐོག་ནས་དྲག་ཆས་ཉེན་རྟོག་པ་འགའ་སྐོར་གཡེང་བྱ་དགོས།
    རྩེད་མོ་དང་སྦྲགས།

  2. མགོན་པོ་ཕྱག་གཉིས་པ། says:
    2009-12-18 at 9:34 pm

    ཚིག་མཛོད་དང་དག་ཡིག་ནང་གི་ཡིག་ནོར་དེ་ཚོ།
    བཞེད་པ་མི་མཐུན་པའི་དུས་གསུམ་གྱི་རྣམ་གཞག་དེ་ཚོ།
    ཡི་གེའི་ནང་འབྲི་རྒྱུན་མེད་པའི་ཁ་སྐད་དེ་ཚོ།
    ག་འདྲ་བྱས་འབྲི་དགོས་པ་རེད།
    བོད་ཡིག་འབྲི་སྦྱོངས་བྱེད་མཁན་ལེའུ་དང་པོ་བ་དེ་ཚོ་གཏན་འགོག་བྱེད་གི་ཡིན་ག་རེ་བྱེད་གི་ཡིན།
    ཡིག་ནོར་ཡིག་ནོར་ཟེ་ནས་ཡི་གེ་འབྲི་སྤྱོད་སྤེལ་གསུམ་བྱེད་པའི་ལམ་ཁ་མ་འགག་པ་ཞིག་ཇི་ལྟར་བྱེད་དགོས་པ་རེད།
    ལུང་ཁུག་གི་ཁ་སྐད་དེ་ཚོ་སྤྱི་སྐད་ནང་ཇི་ལྟར་ལེན་དགོས་པ་རེད།
    ད་རུང་དྲི་བ་མང་པོ་མང་པོ་ཞིག་ཡོད་དེ་ཆང་ཁམ་གང་དང་མཉམ་མར་ལྐོག་སེ་མིད་གི་ཡིན།

  3. ཁ་ཕྱོགས་མེད says:
    2009-12-19 at 2:29 am

    ལྷག་བསམ་ཡངས་པའི་དག་ཡིག་མཁན་པོ་བསེ་རུ་ལགས་བོད་ཀྱི་སྐད་ཡིག་ཐོག་འགན་ཆེན་པོ་ཁུར་བ་ཐུགས་རྗེ་ཆེ།་་་་་་་་་་འོན་ཀྱང་མཁན་པོ་རང་ཉིད་ནས་གཟབ་དགོས་པའི་ཡུལ་ཡོད་པས་དགོངས་འཇགས་འཚལ།
    དཔེར་ན།་་་་་གོང་བཀོད་འདི་དག་ནི་ཞེས་བྲིས་འདུག་མོད་གོང་དུ་བཀོད་ཟིན་པ་དེ་ལ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལྟར་ན་འདི་སྒྲ་མི་འཇུག་རིང་བ་ཡིན་པས་དེ་སྒྲ་སྦྱོར་དགོས།
    གནད་འདིའི་རིགས་ལ་དག་ཡིག་ཀློག་པ་དང་ཕྲད་ཀྱི་སྦྱོར་ཚུལ་ངེས་པ་ཙམ་གྱིས་ཕན་ཐོགས་དཀའ་བས་མཁན་པོ་ཉིད་ནས་ཀྱང་གཟབ་ན་བཟང་གི།
    དག་ཡིག་ཟེར་ནོ་འདི་བྲིས་ན་ཡོང་བ་ལས་མ་བྲིས་པ་ལོ་མང་སོང་ན་རང་བཞིན་གྱིས་མེད་པར་གྱུར་འགྲོ་བ་ཞིག་རེད།་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme