Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་གནས་གསར་པ་སྒོ་འབྱེད་གསལ་བསྒྲགས།

Posted on 2010-07-062010-07-06 By ཁ་བརྡ་ 21 Comments on དྲ་གནས་གསར་པ་སྒོ་འབྱེད་གསལ་བསྒྲགས།

གཅན་བཟོད་རྒྱམ་ནས།

༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན་དགུང་གྲངས་དོན་ལྔ་དང་བོད་ལུགས་ཀྱི་དགུང་གྲངས་དོན་དྲུག་བཞེས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་
ངེད་ཅག་གིས་དུས་ཡུན་གང་འཚམ་རིང་གྲ་སྒྲིག་བྱས་པ་བརྒྱུད། ༼རང་དབང༽ཞེས་པའི་དྲ་རྒྱ་འདི་ལེགས་སྐྱེས་སུ་འབུལ་ཐུབ་པ་བྱུང་ཡོད། རང་རེའི་བོད་ཡིག་སྤྱོད་མཁན་དང་བོད་ཀྱི་སྐད་ཡིག་རིག་གནས་ལ་དོ་སྣང་ཤ་ཞེན་ཅན་རྣམས་ཀྱིས་དྲ་གནས་འདི་ཅི་དགར་ལོངས་སུ་སྤྱོད་རོགས་ཞུ།

རང་དབང་དྲ་རྒྱ་འདིར། རང་རིགས་བོད་ཡིག་སྤྱོད་མཁན་དྲ་གྲོགས་ཚོར་ཞབས་འདེགས་དང་རོགས་རམ་བྱེད་མཁན་དྲ་ ཞབས་པ་ཞིག་ལས། དྲ་གྲོགས་ཚོའི་རང་དབང་ལ་སྟངས་འཛིན་བྱེད་མཁན་དྲ་རྒྱ་དོ་དམ་པའམ་དྲ་དཔོན་སོགས་ སུ་ཡང་མེད། རང་དབང་དྲ་རྒྱའི་བདག་པོ་ནི་དེབ་སྐྱེལ་བྱས་ཟིན་པའི་དྲ་གྲོགས་ཐམས་ཅད་སྤྱི་ འདུས་ཀྱི་ཕུང་པོ་ཡིན།

རང་དབང་དྲ་ལམ་འདི་བེད་སྤྱོད་གཏོང་མཁན་ སུ་ཞིག་རྒྱབ་ལྗོངས་ཇི་ལྟར་ཡང་། རྩོམ་རིག་གསར་རྩོམ་དང་སྒྲུང་རྩོམ། ལོ་རྒྱུས། སློབ་གསོ། ཆབ་སྲིད་སོགས་ལ་རང་ཉིད་ཀྱི་བསམ་ཚུལ་དང་ཉམས་མྱོང་སྤེལ་རེས་ཀྱི་དམིགས་འདུན་ གཅིག་མཚུངས་ཡིན་པའི་ཡིད་ཆེས་བྱེད་བཞིན་པ་དང་། དྲ་གྲོགས་སྒེར་སོ་སོའི་བཟང་སྤྱོད་ལ་བློས་ཁེལ་བའི་ཐོག་ནས་སྟེགས་བུ་འདི་ བསྐྲུན་པ་ཡིན་པས། བོད་ཕྱི་ནང་གཉིས་སུ་གནས་པའི་རང་རིགས་དྲ་གྲོགས་ཕོ་མོ་གང་མང་གིས་སོ་སོའི་རྣམ་ དཔྱོད་རྩལ་ཏུ་སྤྲུགས་ཏེ་ལོངས་སུ་སྤྱོད་རོགས།

ང་ཚོར་དམིགས་ཡུལ་ཉག་ཅིག་ཡོད་པ་ནི། གང་ཐུབ་ཇི་ཐུབ་སྒོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་ལ་སྲི་ཞུ་ཕྲན་ཙམ་ བསྒྲུབ་རྒྱུ་དང་། མིང་དོན་མཚུངས་པའི་སྨྲ་བརྗོད་རང་དབང་ཞེས་པའི་ཐོབ་ཐང་འདི་ལོངས་སུ་སྤྱོད་ས་ ཞིག་བཟོ་རྒྱུ་དེ་ཡིན་མོད། དྲ་ཞབས་པར་ཉམས་མྱོང་དང་ཤེས་ཚད་གང་ཅིར་གདེང་སྤོབས་མེད་པས། དྲ་གྲོགས་ཚོས་སྐབས་འཕྲལ་སོ་སོར་བསམ་འཆར་སྤྱི་ལ་སྤུངས་ཏེ། ང་ཚོ་མཉམ་འབྲེལ་གྱིས་རང་དབང་དྲ་རྒྱ་འདི་ཚགས་ཚུད་ཡར་རྒྱས་ཡོང་བར་ནུས་པ་འདོན་ རོགས། །

རང་དབང་དྲ་ཞབས་པས། ཕྱི་ལོ་༢༠༡༠ ཟླ་༧ ཚེས་༦ ཉིན།

ང་ཚོའི་ཁ་བྱང་གཤམ་གསལ།

http://www.rangwang.net

http://www.rangwang.org

http://www.rangwang.biz

གསར་འགྱུར།

Post navigation

Previous Post: ཆོས་ཉིད་ཀྱིས་སྒོ་རྡུང་།
Next Post: ༧ཉིད་ཀྱི་འཁྲུངས་སྐར།

Comments (21) on “དྲ་གནས་གསར་པ་སྒོ་འབྱེད་གསལ་བསྒྲགས།”

  1. མདོ་ལྷ་ཁམས་པ། says:
    2010-07-06 at 12:09 pm

    ཨ་མའི་བུ།

  2. རྡོ་རྗེ། says:
    2010-07-06 at 12:36 pm

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད། དྲ་ལམ་འདི་རྒྱུད་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ཡར་ཟླ་བཞིན་འཕེལ་བའི་སྨོན་འདུན་ཞུ།

  3. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-07-06 at 11:19 pm

    རྟེན་འབྲེལ་ཞུ།

  4. རང་བཙན་ལྡེའུ་ says:
    2010-07-07 at 2:09 am

    ༧ གོང་ས་མཆོག་གི་སྐུའི་ཁྲུངས་སྐར་ཉིན་མོར་ ༼རང་དབང༽དྲ་རྒྱ་ཞིག་ཀྱང་ཁྲུངས་པར་ ལེགས་བསུའི་མཚམས་འདྲི་ཞུ་ཞིང་ བོད་དོན་ཐབས་བརྩོད་དང་ བོར་མི་རིགས་ རིག་གཞུང་བཅས་ཕྲུལ་ལས་དྲ་རྒྱ་འདི་རིགས་བརྒྱུད་ནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་།

  5. ཆུ་སྐྱེས་སྒྲོལ་མ། says:
    2010-07-07 at 2:19 pm

    གཅན་བཟོད་རྒྱམ་ལགས།
    ཁམས་བཟང་། མདུན་སྐྱོད་ཀྱིས་ལམ་སྣེ་འདྲེན་པར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བཞིན་ཡོད།

  6. གཞོན་ནུ་ཟླ་མེད། says:
    2010-07-07 at 6:12 pm

    གཅན་བཟོད་རྒྱམ་ཁྱོད་ཞེ་གི་ཙ་ཡ་ཟིག་རེད་ཀོ ལོ་རྗེས་མ་ང་རྒྱ་གར་ལ་ཡོང་ནི་རེད། དེ་དུས་ད་ངས་ཁྱོའི་སྐེ་ལ་ཁ་བཏགས་འདོམ་མཇའ་མ་ཟིག་འཕེན་ཡ། ད་འདི་ནས་ཁ་གཡང་ཟིག་བསྒྲགས་གི་ཡིན། ཁྱོའུ་ཁང་བཟང་འདིའི་ནང་ནས་ཕྱོགས་ཡོངས་ཀྱི་དྲ་རྒྱ་བེད་སྤྱོད་བྱེད་མཁན་རྣམས་ངོ་ཐུག་པར་ཤོག གསར་བ་རྣམས་ལ་བློ་བསྐྱེད་རེག་པར་ཤོག རྒན་འགོ་རྣམས་པ་གཏན་དུ་བཞུགས་པར་ཤོག གཞི་བྱེས་རྣམས་པ་ངོ་ཕྲད་པར་ཤོག ད་རུང་

  7. གཅན་བཟོད་རྒྱམ། says:
    2010-07-08 at 1:08 pm

    ཁྱེད་རྣམ་པས་རང་དབང་དྲ་བ་སྒོ་ཕྱེ་བར་རྟེན་འབྲེལ་གནང་བར་གུས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཁྱེད་ཅག་ཀྱང་དྲ་བ་འདིར་ཕེབས་ཏེ་ཁྱིམ་གཞིས་དྲོན་མོ་རེ་བཟུང་སྟེ་རང་གིས་གང་གླེང་འདོད་པ་དེ་དྲ་གྲོགས་རྣམ་པར་གསུང་བོར་གསུང་རོགས་ཞེས་ཀྱང་སྐུལ་ལོ།།
    ལྷག་པར་དུ་ཟླ་མེད་ཁྱེད་ལོ་རྗེས་མར་རྒྱ་གར་དུ་ཕེབས་དུས་ཞལ་མཇལ་ཡོང་བའི་སྨོན་ལམ་འདེབས། ད་ངེད་དྲ་བར་ཕེབས་ཏེ་ཉོག་གཡོ་སྟངས་དང་ཇ་སྐོལ་སྟངས་སོགས་ནས་བོད་ཀྱི་རིག་གནས་སྤྱི་བྱེའི་སྐོར་ལ་བགྲོ་གླེང་ལྷུག་པོར་གནང་རྒྱུ་གུས་པའི་རེ་བ་ཉག་གཅིག་དེ་ཡིན་ལ། རང་དབང་དྲ་བའི་འཚར་ལོངས་དང་སྐུ་ཚེ་ཡང་ང་དང་ཁྱེད་ཚོས་གཉོར་སྐྱོང་ལ་རག་ལོས་ཡོད་ན། དེ་དོན་བཞིན་བཙས་མ་ཐག་པའི་ཕྲུ་གུ་ལྟ་བུའི་རང་དབང་དྲ་བ་འདི་གཉོར་སྐྱོང་གང་ལེགས་ཡོང་བའི་འབོད་སྐུལ་ལན་བརྒྱ་སྟོང་དུ་ཞུའོ།།

  8. རྩམ་དགའ། says:
    2010-07-10 at 7:33 am

    བློ་མཐུན་བཟོད་རྒྱམ་བཅས་ནས་དྲྭ་རྒྱ་གསར་བ་ཞིག་སྒོ་འབྱེད་གནང་བར་སྙིང་ཐག་པ་ནས་དགའ་ནི་ཡིན་་་་་བཀྲིས་བདེ་ལེགས་ཞུ་བ་དང་ལྷན་ཅིག་་་་་བཀྲིས་པའི་ཁ་གཡངས་ཤིག་འཐེན་གིན་ཡིན་་་་་་
    བཀྲིས་པའི་དྲྭ་རྒྱ་འདི་ཡི་སྐུ་ཚེ་ཡིན་རིང་བརྟན་པའི་སྨོན་འདུན་ཞུའོ།

  9. གཅན་བཟོད་རྒྱམ། says:
    2010-07-10 at 11:58 pm

    གྲོགས་རྩམ་དགས་ཁ་གཡང་དང་བཅས་རྟེན་འབྲེལ་གནང་བར་སྙིང་ནས་དགའ། ཁྱེད་ཀྱི་རང་དབང་གླེང་སྟེགས་སུ་ཁྱིམ་གཞིས་ཤིག་འཛིན་པའི་རེ་བ་སྙིང་ནས་ཞུ།

  10. གཅན་བཟོད་རྒྱམ། says:
    2010-07-10 at 11:59 pm

    རང་དབང་གླེང་སྟེགས་ཞེས་པའི་དྲ་བ་སྒོ་ཕྱེས་རྗེས་དྲ་གྲོགས་མང་པོ་ཞིག་གིས་ནང་འཛུལ་བྱེད་མི་པའི་དཀའ་ངལ་འཕྲད་ཀྱིན་པའི་དྲི་བ་ཡོང་གི་འདུག སྤྱིར་རང་དབང་བེད་སྤྱོད་གཏོང་སྟངས་བདག་གི་དུས་བབ་ཟིན་བྲིས་དང་རང་དབང་གླེང་སྟེགས་རང་གི་ནང་དུའང་ཅུང་ཁ་གསལ་བཀོད་ཡོད་པས་དེར་གཟིགས་ནའང་འཐུས།
    ༡
    སྐུ་ཉིད་རང་དབང་དྲ་ལམ་དུ་ཕེབས་པར་ཐོག་མར་དེབ་སྐྱེལ་བྱེད་དགོས། ཉིད་ཀྱིས་དེབ་སྐྱེལ་མ་བྱས་ཚེ། དྲ་ཐོག་གི་རྩོམ་ཡིག་རྣམས་ཀློག་ཐུབ་པ་ཙམ་ལས། རང་གིས་རྩོམ་ཡིག་སྤེལ་མི་ཐུབ་ལ། གཞན་གྱི་རྩོམ་ཡིག་ལ་མཆན་ཡང་འདེབས་མི་ཐུབ། དེབ་སྐྱེལ་བྱེད་པར་དཀའ་ཚེགས་ཅི་ཡང་མེད། སྐར་མ་གཉིས་གསུམ་ནང་ཆ་ཚང་སྒྲུབ་ཐུབ།
    དྲ་རྒྱའི་མདུན་ཤོག་གཡས་གོང་གི་༼དེབ་སྐྱེལ།༽ལ་ཐེངས་གཅིག་བསྣུན་རྗེས། ཁྱེད་ཀྱི་སྨྱུག་མིང་(དྲ་ཐོག་ཏུ་སྨྱུག་མིང་ཤར་གྱི་ཡོད།)དང་མིང་ངོ་མ། གློག་འཕྲིན་ཁ་བྱང་དང་། སྐྱེས་ལོ་སྐྱེས་ཚེས་བཅས་གོ་རིམ་བཞིན་འགོད་དགོས། དེ་ནས་༼དེབ་སྐྱེལ་གྱིས་༽ མནན་རྗེས་དེབ་སྐྱེལ་བྱས་ཟིན་པ་དང་། ༼ཁྱེད་ཀྱི་གསང་ཚིག་གློག་འཕྲིན་ཁ་བྱང་བརྒྱུད་བཏང་ཟིན།༽ཞེས་པ་ཤར་འོང་། དེ་ནས་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་ཅི་ཞིག་བཀོད་ཡོད་ན་དེའི་ནང་དུ་ང་ཚོས་གསང་ཚིག་བསྐུར་ཡོད།༼གསང་ཚིག་གྲངས་ཀ་བརྒྱད་ཡོད། དཔེར་ན། W1123ku> ལྟ་བུ་ཡིན།༽ཉམས་འཇོག་བྱེད་ས་ཞིག་ལ་གསང་ཚིག་གི་གཞུག་ན་རྟགས་འདི་ >དང་ཡང་ན་ < འདི་རེ་ཡོང་། དེའི་རྗེས་ཀྱི་ཚེག་དེ་མི་དགོས། ད་ཁྱེད་ཀྱིས་ཚོད་ལྟ་ཞིག་བྱོས་དང་། ནང་དུ་འཛུལ་ཐུབ་བམ།
    ༢
    དེབ་སྐྱེལ་བྱེད་སྐབས་གློག་འཕྲིན་ཁ་བྱང་ཅི་ཞིག་བཀོད་ཡོད་པ་དེ་མདུན་ཤོག་གཡས་གོང་གི་༼Email༽འབྲི་སར་འགོད་རོགས། དེ་ནས་༼གསང་ཚིག༽འབྲི་སའི་ནང་དུ་ང་ཚོས་བསྐུར་བའི་གསང་ཚིག་(གྲངས་ཀ་བརྒྱད་ཡོད།)བཀོད་རྗེས་༼ནང་དུ་འཛུལ།༽ཞེས་པའི་མཐེབ་གཅུས་ཐོག་ཐེངས་གཅིག་མནན་ན་ནང་དུ་འཛུལ་ཐུབ།
    ༣ མདུན་ཤོག་གཡས་གོང་དུ་༼ཟིན་བྲིས།༽༼རྩོམ་གསར།༽༼བཟོ་སྒྲིག༽༼ཕྱིར་ཐོན།༽བཅས་མཐེབ་གཅུས་བཞི་ཡོད་པ་དེ་དག་ནི་ཁྱེད་ཀྱི་དྲ་གནས་དོ་དམ་བྱེད་སའི་ཐོ་གཞུང་ཡིན༌ལ། རང་འདོད་ལྟར་འདེམས་ཆོག
    ༤
    གལ་ཏེ་༼ཟིན་བྲིས།༽མནན་ན། རང་ཉིད་ཀྱི་པར་དང་ངོས་སྦྱོར་མངོན་ཡོང་། དེར་ཉིད་ཀྱིས་བྲིས་པའི་རྩོམ་རྣམས་ཉར་འཇོག་བྱེད་ཐུབ་ལ། རྩོམ་ཡིག་རྙིང་བར་བཟོ་བཅོས་ཀྱང་རྒྱག་ཐུབ།
    གཞན་དྲི་བ་དང་དགོངས་ཚུལ་གང་ཡོད་ལྷུག་པོར་གསུང་རོགས། འདི་བདག་གི་ཨེ་མེལ་ཁ་བྱང་ཡིན། tashi1@live.com
    ཁ་པར་ཨང་གྲངས་འདི་ཡིན།
    9816352383

  11. ཀླུ་སྨྱོན། says:
    2010-07-11 at 1:27 am

    འདྲ་པར་སྙིང་ལ་རྗེ་བོ་འགའ་མཐོང་སོང་། རྩོམ་ཡིག་སྐོར་ལ་ངས་ཅང་བཤད་མི་ཤེས།

  12. གཅན་བཟོད་རྒྱམ། says:
    2010-07-11 at 2:25 am

    ཀླུ་སྨྱོན་ལགས་རང་དབང་གླེང་སྟེགས་སུ་གཟིགས་སྐོར་ལ་ཕེབས་པར་སྙིང་ནས་དགའ། དྲ་བའི་སྐོར་ནས་བཀའ་སློབ་ལམ་སྟོན་དང་རྩོམ་ཡིག་རེ་ཡང་གནང་སྐྱོང་ཡོང་བ་ཞུ།

  13. གཞོན་ནུ་ཟླ་མེད། says:
    2010-07-11 at 2:52 am

    བཟོད་རྒྱམ་འདིས་སྒོ་འདི་མོ་དམ་པོ་ཟིག་བསྡམས་ནས་བཞག་ཡོད་ཀི གོང་གི་ཁ་ཕྱོགས་ལྟར་སོང་ན་ཡང་འགྲོ་ས་ཟིག་ཅང་མེད་ཀི སྨྱུག་མིང་ཟིག་དང་མིང་ངོ་མ་གཉིས་འབྲི་ས་འདུག དེ་མིན་འབྲི་ས་གང་ཡང་མི་འདུག ད་སང་ཉིན་ཟིག་ཀ་ཡང་བསྐྱར་ངས་ཚོད་བལྟ་ཟིག་བྱེད་ད། སྡེ་བའི་པོ་གོན་ཡན་ད་སྡེ་མིག་ཁུག་མ་ནང་དུ་བསྡུས་ནས་སྒོ་ཚང་མ་ལ་ཟྭ་རྒྱབ་བཞག་ཡོད་ནི་འདྲ་ཟིག་རེད་ད།

  14. གཅན་བཟོད་རྒྱམ། says:
    2010-07-11 at 3:14 am

    རྟ་མ་རྒྱུགས་ཐོར་མོ་ཁྱོད་ཁག་མེད།།
    མགོ་སྦུག་གི་འདུག་ནོ་དེ་དཔེ་ཡིན།།
    རོགས་མ་བརྩེ་བུ་མོ་ཁྱོད་ཁག་མེད།།
    མགོ་སྒུར་གི་འདུག་ནོ་དེ་དཔེ་ཡིན།།

    ཁ་སང་ཡང་དྲ་གྲོགས་འགས་སྨྱུག་མིང་དང་མིང་ངོ་མ་འབྲི་ས་མ་གཏོགས་མི་ཤར་གི་ཟེར། ཁྱད་མཚར་བ་ལ། དེ་ཅི་ཡིན་ནེ་ན། ངས་འདི་ནས་ཐེངས་མ་བརྒྱ་སྟོང་ལ་ཚོད་ལྟ་བྱས་ཀྱང་ཚང་མ་ལམ་སེང་ཤར་གི་འདུག ཟླ་མེད་ལགས། བདག་གི་གློག་འཕྲིན་ནང་དུ་ཁྱོད་ཀྱི་མིང་དང་སྨྱུག་མིང་། གློག་འཕྲིན་ཁ་བྱང་སོགས་སྐུར་དང་ངས་ད་ལྟ་རང་བཟོས་ཏེ་ཁྱེད་ལ་སྐུར་ཡོང་ཡ། ད་དུང་ཨ་ཁུ་ཀླུ་སྨྱོན་ལ་ཡང་ངས་རེ་བ་ཞུ་གིན་ཡོད་ཡ། tashi1@live.com འདི་ཡིན་ཡ།

  15. གཞོན་ནུ་ཟླ་མེད། says:
    2010-07-11 at 7:39 am

    ཨ་རོགས་བཟོད་རྒྱམ། ངས་ཆ་ཚང་བསྐུར་ཡོད། ད་ངའི་དངོས་མིང་དེ་ཕྱི་ལ་བཏོན་མ་ཡོང་འ། ང་ནི་རྒྱག་རེ་རྒྱག་མཁན་ཟིག་ཡིན་ནོ་ཤེས་ཀ་ཟེ།

  16. གཅན་བཟོད་རྒྱམ། says:
    2010-07-11 at 9:29 am

    ཟླ་མེད་ཡིན་ན་འདི། མིང་ཅི་ཡིན་ཞེས་དྲིས་དང་ན་དི་ར་ཟིག་སྐྱག་སོང་ངེ་ཅི་བྱེད། གཏོང་སོར་མི་གཏང་བར་གང་ཞིག་ལ་བཏང་དང་ང་། ངའི་གློག་འཕྲིན་ཁ་བྱང་གོང་དུ་བཞག་ཡོད་པ་དེའི་ནང་དུ་ཁྱོད་ཀྱི་མིང་ཟུར་ཙམ་སླེབས་མི་འདུག བསྐྱར་དུ་སྐུར་རོགས། tashi1@live.com
    ད་རེམ་མ་ཐོང་ཨེ་གོ

  17. མདོ་ལྷ་ཁམས་པ། says:
    2010-07-12 at 11:05 am

    མཐོང་ན་མཛེས་ཤིང། ཡིད་སྨོན་འཆོར་པའི་ སྣ་མང་ཤེས་བྱ་འཛོམས་པའི་དྲ་རྒྱ་མཚར་བོ་ཞིག འདིར་ཁྱེད་ལས་རོགས་ཡོངས་ཀྱིས་དུས་ཡུན་མི་ཉུང་ཙམ་ལ་ངལ་བ་བསྟེན་ཡོད་པ་ནི་ཤོད་མ་དགོས་པ་རེད།
    ཡིན་ན་ཡང་། དྲ་རྒྱའི་ཁོར་ཡུག་ལ་སྐོར་གཡེང་ཐེངས་འགའ་རྒྱབས་པ་ཡིན་མོད། མཛེས་སྡུག་ཡིད་དུ་འོང་བའི་དྲ་རྒྱའི་གླིང་ཀ་འདི་ལ་ནང་དུ་འཛུལ་སའི་སྒོ་ཞིག་ཡེ་ནས་རྙེད་རྒྱུ་མི་འདུག
    ཕལ་ཆེར་རྒྱང་བལྟ་ཁོ་ན་བྱེད་སའི་ལྡུམ་རའི་གླིང་ཀ་ཞིག་ནི་ཡིན་རྒྱུ་མ་རེད་སྙམ། འོན་ཀྱང་། མི་མང་སྤྱི་གླིང་ཞིག་ཡིན་པའི་ཆ་ནས་ཤར་ལྷོ་ནུབ་བྱང་སོ་སོར་ན་འཛུལ་ཆོག་ཆོག་གི་སྒོ་ཆེན་རེ་ད་ལོས་དགོས་ཡ། ཧེ་ཧེ་ཧེ།

  18. རྩམ་གཟན། says:
    2010-07-12 at 11:55 am

    གཅན་བཟོད་རྒྱམ་དང་གཞོན་ནུ་ཟླ་མེད་གཉིས་ཀྱི་བོད་ཀྱི་ཡིག་སྐད་ལ་གཏོར་སྐྱོན་གཏོང་གིན་འདུག

    ངས་ཁྱོད་གཉིས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    འབྲུག་པའི་ཡི་གེ་འབྲི་སྟངས་འདྲ་པོ་ཞིག་གི་ཐོག་ནས་ཁ་བརྡདྲ་རྒྱའི་རིན་ཐང་བརླགས་བཅུག་གི་འདུག

  19. གཞོན་ནུ་ཟླ་མེད། says:
    2010-07-12 at 6:55 pm

    ལྷག་བསམ་ནོར་གྱིས་ཕྱུག་པའི་དྲ་གྲོགས་རྩམ་གཟན་ལགས། ཁྱོད་ཀྱིས་གསུངས་པ་བདེན་ངེས་ཅན་རེད། སྤྱི་བཏང་གི་རྩོམ་ཡིག་འབྲི་སྐབས། གང་ཐུབ་ཐུབ་གཟབ་གཟབ་བྱེད་ཀྱི་ཡོད། འོན་ཀྱང་ཟློས་གར་གྱི་རིགས་ལ་སྙན་ངག་མེ་ལོང་སོགས་ན་སྐད་རིགས་བཞི་ལས་ཤ་ཟའི་སྐད་དེ་ཡག་ཤོས་སུ་གསུངས་འདུག ངེད་ཚོས་དགོད་བྲོའི་རིགས་ལ་ཤ་ཟའི་སྐད་བརྒྱབ་པ་ཡིན།
    དེ་བཞིན་དུ་ལོ་ཤས་གོང་དུ་༧ གོང་ས་མཆོག་གིས་ལྷ་མོའི་ཟློས་གར་ཡར་རྒྱས་དང་ཉམས་གསོ་བྱེད་དགོས་སྐོར་གསུངས་པའི་དགོངས་དོན་ལྟར། བཙན་བྱོལ་དུ་གནས་པའི་གཞི་ཆགས་ཁག་ནས་རང་རང་གི་རྣམ་དཔྱོད་བཏོན་ནས་ཡར་རྒྱས་གཏོང་པའི་ཐབས་ལམ་ལ། སྔར་ཡོད་ཀྱི་ཚད་བརྒལ་དབྱངས་རྟ་རིགས་ཉུང་འཕྲི་བྱས་པ་དང་། སྐད་རིགས་དེ་ཡང་གཞི་ཆགས་ཀྱིས་གོ་བ་དང་། གསར་འབྱོར་བ་ཚང་མས་གོ་བ་ཞིག་བཟོས་པས། ལྟད་མོ་བ་ཚང་མས་བསྔགས་བརྗོད་ཐོབ་པ་རེད། དེ་ནི་ཁ་སྐད་དང་། ཡུལ་སྐད་མང་ཙམ་དཀྲུགས་པའི་བྱས་རྗེས་རེད།

    དེ་བཞིན་དུ་ལུང་འདྲེན་ཞིག་བྱས་ན། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་འདི་འདྲ་ཞིག་གསུངས་ཡོད། རྒྱ་གར་ལ་སྐད་རིགས་བཞི་ཡོད་པ་དེ་བཞིན། བོད་གངས་ཅན་པའི་སྐད་ལ་ཡང་རིགས་བཞི་བསྒར་ཡོད། དེ་ན་སྐད་རིགས་བཞི་ལ་སྐབས་ཐོབ་ཀྱིས་ནུས་པ་རེ་འདོན་ས་ཡོད། དཔེར་ན་ངེད་ཚོས་བཤད་བཞིན་པ་འདི་ཡང་དེའི་རིགས་གཅིག་ཡིན།
    གོང་གི་འདི་ནི་ཁྱོད་གཅིག་བུ་ལ་ཞུ་བ་མིན། སྐུ་ཉིད་དང་མཚུངས་པར་ངེད་ཚོས་འབྲི་བཞིན་པ་ཁ་ཤས་ཀྱིས་བོད་ཀྱི་སྐད་རིགས་ལ་གཏོར་སྐྱོན་གཏོང་པའི་དགོངས་འཆར་ཡོད་མཁན་ཚང་མ་ལ་ཡིན་པས། དོགས་གནས་ཡོད་ན་བགྲོ་གླེང་ཡུན་གྱིས་ཞུ་ཆོག

  20. རྒྱ་མཚོ། says:
    2010-07-14 at 5:22 pm

    ང་ཐེངས་མང་རང་དབང་དྲ་རྒྱ་ཞུགས་རྩིས་བྱས་ཀྱང་དེབ་སྐྱེལ་བྱེད་མི་ཐུབ་པས་རྒྱུ་མཚན་ཅི་ཡིན་མི་ཤེས། སུ་ཞིག་ཤེས་ན་ཕྲན་ལ་གསལ་བཤད་གནང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།

  21. གཞོན་ནུ་ཟླ་མེད། says:
    2010-07-14 at 6:02 pm

    ཕལ་ཆེར་རང་དབང་དྲ་རྒྱའི་སྒོ་ལྕགས་དེ་མཇེ་ཡིས་འབྱེད་དགོས་ས་རེད། དམིགས་བསལ་གྱི་ལྡེ་མིག་ཞིག་མེད་པ་འདྲ་འདུག སྒོ་ཟྭ་དེ་གནའ་སྔོན་མའི་ལྷ་སའི་སྒོ་ལྕགས་ཆེན་པོ་དེ་ཡིན་ས་རེད། དེ་ཡིན་ན་ལྡེ་མིག་ཁྱོགས་ཚད་ཅིག་ཡོད་པ་རེད། རང་དབང་དྲ་རྒྱ་དེ་ཡང་འོག་གི་ལྡེ་མིག་ཁྱོགས་ཚད་དེས་ཚོད་ལྟ་ཞིག་བྱོས་དང་། འབྱེད་ཐུབ་ན་ང་ལ་ཡང་བརྡ་ཞིག་རྒྱོབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme