Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོལ་ཚོགས་སྒོ་བརྒྱབ་ཡོད་དམ།

Posted on 2016-03-152016-03-15 By ཁ་བརྡ 7 Comments on དོལ་ཚོགས་སྒོ་བརྒྱབ་ཡོད་དམ།

unnamed——-རྭ་འཕྲིན
 
ཡང་དོལ་ཚོགས་སྐོར་ལ་བསམ་ཚུལ་ཐུང་ཐུང་ཞིག་ཞུ་འདོད་བྱུང་། ཉེར་ཆར་ང་ཚོའི་སྤྱི་ཚོགས་ཁྲོད་ལ་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ་ཞིག་སྒོ་བརྒྱབ་ཡོད་པ་དང་༧ གོང་ས་མཆོག་ལ་ངོ་རྒོལ་མཚམས་འཇོག་བྱས་ཡོད་པའི་གསར་འགྱུར་སྙན་མོ་ཞིག་ཐོན་ཡོད། སྤྱིར་ཡིན་ན་དོལ་ཚོགས་དང་འབྲེལ་ཡོད་ཀྱི་ལས་ཁུངས་དང་ཚོགས་པ་གཅིག་གི་སྒོ་བརྒྱབ་པ་ཡིན་ན་ང་ཚོར་མཚོན་ན་མཐུན་རྐྱེན་ཞིག་རེད། ཡིན་ན་ཡང་ཚོགས་པ་འདི་སྒོ་བརྒྱབ་པ་ནས་བཟུང་དོལ་ཚོགས་མེད་པ་ཆགས་ཡོད་དམ། མདོར་ན་ད་ནས་བཟུང་དོལ་རྒྱལ་ཚོགས་པས་ཁྱི་སྐད་རྒྱག་རྒྱུ་དེ་མཚམས་བཞག་པ་རེད་དམ་ཟེེར་ན་རྩ་བ་ཉིད་ནས་ཡོད་མ་རེད་བསམ་གྱི་འདུག

ངའི་བསམ་ཚུལ་ལ་ཚོགས་པ་འདི་སྒོ་རྒྱག་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་ཁོང་ཚོའི་ནང་ཁུལ་ལ་མ་མཐུན་པ་ཆགས་ཀྱིན་ཡོད་པ་དེ་གསལ་བོར་མཚོན་ཐུབ་ཀྱི་འདུག གལ་ཏེ་ཁོང་ཚོ་མ་གྲོས་གཅིག་མཐུན་གྱི་སྒོ་ནས་ཐག་གཅོད་བྱས་པ་ཡིན་ན་ཉི་མ་དེར་དོལ་ཚོགས་ཡོངས་སུ་རྫོགས་པ་དུས་མཉམ་དུ་ཅིའི་ཕྱིར་སྒོ་མ་བརྒྱབ་པ་རེད། བྱང་ཨ་རི་དང་རྒྱ་གར་ལྡི་ལི་སོགས་ན་ཡོད་པའི་ལྷ་མི་སྲུང་སྐྱོབ་ཚོགས་པ་དང་ནེའུ་ཡོག་གི་དམངས་ཁྲོད་ཁ་བརྡ་ལ་སོགས་པའི་ལྟེ་གནས་དག་ལ་གྲག་འགུལ་ཅི་ཡང་མེད་པའི་ཐོག་ནས་ད་དུང་གནས་བསྡད་ཡོད་རེད། འདིས་མ་མཐའ་ཡང་དོལ་ཚོགས་ནང་ཁུལ་དུ་མཐུན་པོ་མེད་པ་གསལ་བོ་མཚོན་ཐུབ་བོ། །

གསར་འགྱུར་དེར་བཀོད་པའི་གནས་ཚུལ་ལྟར་ན་དོལ་ཚོགས་ཀྱི་རྒྱབ་ན་རྒྱ་ནག་གཞུང་ཡོད་མེད་ལ་རོ་ཡེ་ཊིར་གསར་ལས་ཁང་གིས་ལོ་འགའི་རིང་ཞིབ་འཇུག་དང་རྒྱུས་ལོན་བྱས་མཐར། ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ བཅུ་གཉིས་པའི་ནང་སྙན་ཞུ་ཞིག་ཕུལ་ཏེ། རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ་འདི་ལ་རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་རོགས་སྐྱོར་བྱས་ཏེ་༧གོང་ས་མཆོག་གི་རྒྱལ་སྤྱིའི་སྟེང་གི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཆེད་ངོ་རྒོལ་དང་། མཚན་སྨོད་སོགས་ཀྱི་ལས་འགུལ་སྤེལ་རྒྱུར་སྐུལ་འདེད་བྱས་ཡོད་པའི་སྐོར་གཞུང་གི་ཡིག་ཆ་སོགས་ལས་བདེན་རྟགས་ར་སྤྲོད་བྱས་འདུག་ཅེས་བཀོད་ཡོད་པ་རེད། གནས་ཚུལ་འདི་ལ་བསམ་བློ་བཏང་བ་ཡིན་ན་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ་འདི་རྒྱ་ནག་དང་ངན་འབྲེལ་ཡིན་པ་ཐེར་འདོན་བྱས་ཏེ་སྒོ་བརྒྱབ་པ་རེད་ཟེར་བ་འདྲ་བོ་ཞིག་ཆགས་ཡོད་ལ། དེ་ལྟར་ཡིན་ན་དྲི་བ་ཞིག་རང་བཞིན་གྱིས་སླེབས་ཡོང་གི་ཡོད་རེད།

རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་ཟེར་བ་འདིས་དོལ་ཚོགས་ཡོངས་ཀྱི་ཚབ་མཚོན་ཐུབ་བམ། ཐུབ་ན་དོལ་ཚོགས་ཡོངས་ལ་རྒྱ་ནག་གི་དཔལ་འབྱོར་རྒྱབ་སྐྱོར་ཐོབ་ཀྱིན་ཡོད་པ་ཅིའི་ཕྱིར་ཐེར་འདོན་མ་བྱས་པ་རེད། གལ་ཏེ་བྱས་ཡོད་ན་དོལ་ཚོགས་ཡོངས་སུ་རྫོགས་པ་དུས་མཉམ་དུ་སྒོ་མི་རྒྱག་དོན་ཅི་རེད། འདི་དག་ལ་སོགས་པའི་དོགས་གཞི་མོད་པོ་ཞིག་གི་ཁྲོད་ནས་གནས་ཚུལ་འདི་ང་ཚོར་མཚོན་ན་གྲོགས་ཤིག་ཡིན་པའམ་ཡང་ན་གེགས་ཤིག་ཡིན་པ་སོགས་ནི་ད་དུང་ཡང་ཧ་ཅང་གལ་ཆེ་བའི་བསམ་བློ་གཏོང་གནས་ཤིག་ཆགས་འདུག་བསམ།

དཔེར་ན། ཚང་མས་ཤེས་གསལ་ལྟར་དོལ་ཚོགས་ལ་རྒྱ་ནག་གི་དཔལ་འབྱོར་གྱི་རོགས་སྐྱོར་བྱེད་ཀྱིན་ཡོད་པ་གསལ་བོ་རེད། ད་གནད་འགག་གཙོ་བོ་དེ་གང་རེད་ཅེ་ན། རྒྱ་ནག་གཞུང་གིས་དོལ་རྒྱལ་ཚོགས་པ་ལ་དཔལ་འབྱོར་གྱི་རོགས་སྐྱོར་བྱས་ན་ཁྲིམས་འགལ་ཞིག་ཡིན་ནམ། གལ་ཏེ་ཁྲིམས་འགལ་ཆགས་མེད་ན་མ་འོངས་པ་ལ་མུ་མཐུད་ནས་འདི་ལྟར་འགྲོ་རྒྱུ་རེད་མ་གཏོགས་གཞན་འགྱུར་བ་ཅི་ཡང་ཐེབས་ཀྱི་མ་རེད་བསམ། མ་ཚད་ཚུར་འཁོར་ནས་ང་ཚོར་ཉམ་ཐག་ལ་རོགས་སྐྱོར་བྱེད་བཅུག་མ་སོང་ཟེར་བ་སོགས་ཀྱི་ནག་ཉེས་ཀྱང་འཛུགས་མི་སྲིད་པ་མ་རེད། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ཁྲོད་ནས་དོལ་ཚོགས་ལ་ཉེས་འཛུགས་དུ་མ་ཞིག་བྱེད་ཀྱིན་ཡོད་པ་ལས་རྒྱ་ནག་དང་ངན་འབྲེལ་བྱས་ཏེ་དཔལ་འབྱོར་གྱི་ངན་དངུལ་ལེན་གྱིན་ཡོད་ཅེས་ཐེར་འདོན་གཅིག་གནང་ཡོད་རེད།

གཞན་༧ གོང་ས་མཆོག་ལ་མཚན་སྨོད་དང་བོད་ནང་ཁུལ་ལ་དཀྲུགས་ཤིང་། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་གནོད་ག་ཚོད་བསྐྱལ་ཡོད་པ་དེ་དག་བཤད་མི་དགོས་པ་ཞིག་རེད། བྱས་ཙང་ད་ལྟའི་ཆ་ལ་ང་ཚོའི་ངོས་ནས་རྒྱལ་སྤྱིའི་ཤུགས་ལྡན་ཚོགས་པ་སྒོ་བརྒྱབ་སོང་ཟེར་ནས་དགའ་སྤྲོའི་ངང་མི་སྡོད་པར། ལྷོད་ཡེངས་མེད་པའི་ཐོག་ནས་མུ་མཐུད་དུ་དོལ་རྒྱ་མཉམ་འབྲེལ་ཡིན་པ་དངོས་སུ་ཕྱི་གསལ་ནང་གསལ་གྱིས་མདུན་དུ་ཐོན་ཡོང་བ་ཡིན་ན། ང་ཚོས་ཅི་ཞིག་བྱ་དགོས་སམ་ཞེས་པའི་དྲི་བ་འདི་ལ་གྲ་སྒྲིག་དང་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་ངོ་། །

སྤྱི་ལོ་༢༠༡༦ ལོའི་ཟླ་༣ ཚེས་༡༦ ཉིན་ཨ་རིའི་རྒྱལ་ས་ནས།

བསམ་ཚུལ།

Post navigation

Previous Post: བོད་ཆོལ་ཁ་གསུམ་ཞེས་པ་ལ་དཔྱད་པའི་བསམ་ཚུལ།
Next Post: ངའི་འོས་ཤོག་འདི་༧གོང་ས་མཆོག་གིས་གནང་བའི་དམངས་གཙོའི་འོས་འགན་སྒྲུབ་བྱེད་ཡིན།

Comments (7) on “དོལ་ཚོགས་སྒོ་བརྒྱབ་ཡོད་དམ།”

  1. ཨ་རོགས་ཁམས་པ། says:
    2016-03-16 at 12:16 am

    ཉེ་ཆར་བློ་སེང་ལ་སྐྱོན་བརྗོད་བྱེད་མཁན་དག་གིས་སྲིད་སྐྱོང་གིས་དོལ་ཚོགས་སྣང་མེད་བཞག་པར་སྐྱོན་བརྗོད་བྱས་སྟབས་དོལ་ཚོགས་ནས་ང་ཚོ་སྣང་མེད་བཞག་པ་དེ་གནད་འགག་ཅིག་མིན་པའི་བརྡ་ལ་སྒོ་རྒྱག་ཁུལ་བྱས་ནས་བློ་སེང་ལ་ལྐོག་ནས་རྒྱབ་སྐྱོར་བྱ་གི་ཡོད་རེད། འདི་རྒྱ་ནག་གིས་དོལ་ཚོགས་བརྒྱུད་ནས་བློ་སེང་ལ་རྒྱབ་སྐྱོར་བྱ་སྟངས་ཤིག་མིན་ནམ་སྙམ། གཟབ་གཟབ་བྱོས།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-03-16 at 2:03 am

    བོད་པ་ནང་ཁུལ་ལ་གནོན་ཤུགས་སྤྲོད་སྟངས་དང་། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་སྟངས་གཉིས་ལ་ཁྱད་པར་ཅིག་ཡོད་དགོས་ངེས་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2016-03-16 at 3:20 am

    ིདིལླི་ཨེམ་ཊི་ལ་སྲིད་སྐྱོང་གིས།
    https://www.facebook.com/fan.page.of.dr.lobsangsangay/videos/980170848743137/

  4. རྭ་འཕྲིན says:
    2016-03-16 at 10:31 am

    ད་སྐབས་ཕྱི་ལོག་བོད་པ་ཚོ་སྲིད་སྐྱོང་སྐོར་ལ་མགོ་འཁོར་ནས་བསྡད་འདུག། གནད་དོན་འདི་ཕལ་ཆེར་སྣང་མེད་འདྲ་བོ་བཞག་འདུག་མོད། ངའི་དུས་ནམ་ཡང་སྣང་མེད་དུ་མི་འཇོག་ཁོ་ཐག་ཡིན།
    ཨ་རི་ན་ཡོད་པའི་རྒྱལ་སྤྱི་ཤུགས་ལྡན་ཞིག་གི་སྒོ་བརྒྱབ་ཡོད་པ་ཐོས་སོང་། ངའི་བསམ་བློ་ནོར་མེད་ན་འདི་དག་ཚང་མ་དོལ་ཚོགས་སྲ་བརྟན་ཡོང་ཆེད་ཀྱི་ཐབས་ལམ་ཞིག་ཨེ་ཡིན་ན་བསམ་གི་འདུག། མ་གཞི་རྒྱ་ནག་དང་འབྲེལ་ཡོད་ལས་ཁུངས་སྒོ་རྒྱག་གི་ཡོད་མདོག་བྱེད་ཀྱིན་ཡོད་རེད། འདི་ལྟར་བྱས་ན་ཤུལ་ན་ཡོད་པའི་དོལ་ཚོགས་གཙང་མ་བཟོ་རྒྱུའི་ཆེད་ཨེ་ཡིན་ན་བསམ་ནས་དོགས་པ་སྐྱེས། ཀུན་གྱིས་གཟབ་གཟབ་བྱེད་དགོས།

  5. འབྲོང་བུ་སོག་ཚ། says:
    2016-03-18 at 10:58 am

    ཁྱི་ལ་ཕར་རྡོ་མ་བཞུས་དང་། ཚུར་ཟུག་ཡོང་གི་མ་རེད། དཔེར་ན་སྔར་གྱི་ཆུ་སྒང་དང་། གཅིག་སྒྲིལ་ཚོགས་པ། ད་ལྟའི་དོལ་རྒྱལ་ཚོགས་པ་ཚང་མ་དང་པོ་ང་ཚོས་ཕར་བཞུས་ནས་བསྡད་པ་རེད། ལོ་རྒྱུས་ཀྱི་བྱུང་རིམ་ལ་གཟིགས་ནས་མ་འོངས་འགྱུར་བ་གཏོང་རྒྱུར་གལ་ཆེན་པོ་རེད།

  6. རྭ་འཕྲིན says:
    2016-03-19 at 2:39 pm

    འབྲོང་བུ་ལགས། དཔེ་འཇོག་དེ་ཅུང་ཙམ་གོ་ལོག་འདུག། ཁྱི་ཟུག་དུས་རྡོ་ཡིས་གཞུས་ན་ད་གཟོད་སོ་རྒྱག་ཐུབ་གི་མ་རེད།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-03-20 at 1:59 am

    ཚན་རིག་དང་ནང་ཆོས་སྐོར།
    https://www.facebook.com/CryptikMovement/videos/10154030519229485/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme