Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོལ་ཚོགས་པས་ནག་ཉེས་ངོས་ལེན་བྱས་པ།

Posted on 2016-05-242016-05-24 By ཁ་བརྡ 3 Comments on དོལ་ཚོགས་པས་ནག་ཉེས་ངོས་ལེན་བྱས་པ།

གནས་ཚུལ་གཏོང་མཁན། ངག་དབང་།

 
ཕྱི་ལོ་༢༠༡༤ ཟླ་བ་༡༠ ལོ་མཇུག་ཏུ་༧གོང་ས་མཆོག་འདི་ག་ས་གནས་སུ་ཆིབས་བསྒྱུར་སྐབས་དོལ་ཚོགས་ནས་བྱ་ངན་བརྩམས་པ་ཁྲིམས་ཐོག་ཏུ་དེབ་སྐྱེལ་བྱས་པ་དེ་བཞིན་དེ་རིང་ཕྱི་ལོ་༢༠༡༦ ཟླ་བ་༥ ཚེས་༢༣ ཉིན་འདི་ག་ས་གནས་བྷོསྭ་ཊོན་མངའ་ཁོངས་ཀྱི་ཁེམ་བི་རིཇ་རྫོངས་ཁུལ་ཁྲིམས་ཁང་(Cambridge Distric Court) ཏུ་མཐའ་མའི་ཐག་གཅོད་ཆེད་སྔ་དྲོའི་ཆུ་ཚོད་ ༩ ཐོག་ངོས་ཕྱོགས་གཉིས་ཀ་ཁྲིམས་བཀུག་གནང་བྱུང་། ཆུ་ཚོད་ ༩།༣༠ ཐོག་ནག་ཉེས་པ་བློ་བཟང་རྒྱལ་མཚན་ནམ་(རྡོ་བ་རྒྱག་པ་)ཁོ་པའི་ཁྲིམས་རྩོད་པ་དང་བོད་པ་སྐད་སྒྱུར་བཅས་གསུམ་ནས་གནའ་སྐྱེལ་དམ་འབུལ་རྗེས་ས་གནས་སྲིད་གཞུང་གི་ཁྲིམས་རྩོད་པས་བློ་བཟང་རྒྱལ་མཚན་གྱི་ཉེས་དམིགས་ཆ་ཚང་ཁྲིམས་དཔོན་ཆེན་མོར་སྙན་སེང་ཞུས་རྗེས་དོལ་ཚོགས་པའི་ཁྲིམས་རྩོད་པས་གནད་དོན་དེའི་སྐོར་བློ་རྒྱལ་དང་གྲོས་བསྡུར་བྱ་དགོས་པས་དུས་ཚོད་འཕྲན་བུའི་འབོད་བསྐུལ་གྱིས་ཆུ་ཚོད་ ༡༠།༤༥ བར་ཁོ་པ་ཚོ་གྲོས་བསྡུར་རྗེས་ཆུ་ཚོད་ ༡༡ པ་མ་ཟིན་ཙམ་ལ་ཁྲིམས་དཔོན་ཆེན་མོ་མཆོག་གི་མདུན་དུ་སྐད་སྒྱུར་བརྒྱུད་ནག་ཉེས་ངོས་ལེན་བྱས་པར་ཁྲིམས་དཔོན་མཆོག་ནས་ད་རེས་ཁྱེད་རང་གིས་ནག་ཉེས་ངོས་ལེན་བྱས་པ་འདིས་ད་ལྟ་ཁྱེད་རང་ཨ་རིའི་མི་སེར་ཆགས་མེད་པས་མ་འོངས་པར་ཁྱེད་རང་ཨ་རིའི་མི་སེར་ཆགས་རྒྱུར་འགོག་རྐྱེན་ཆགས་སྲིད་པ་དེ་ཤེས་ཀྱི་ཡོད་དམ་ཞེས་སྐད་སྒྱུར་བ་བརྒྱུད་བཀའ་འདྲི་གནང་བར་ཤེས་ཀྱི་ཡོད་ཅེས་ལེན་འདེབས་བྱས་སོང་།unnamed-2

ཡང་ཁྲིམས་དཔོན་ནས་ནག་ཉེས་ངོས་ལེན་བྱས་ན་ཁྱེད་རང་ཉེན་རྟོགས་པས་ཚོད་ལྟའི་དུས་ཡུན་ལོ་གཅིག་འཇོག་རྒྱུ་དང་ལོ་དེའི་རིང་ནག་ཉེས་ཆེ་ཆུང་ལ་མ་ལྟོས་པར་དཔེ་ན། སྣུམ་འཁོར་གཏོང་ཆོག་ལག་འཁྱེར་མེད་པར་སྣུམ་འཁོར་གཏོང་བ། རྒྱ་ལམ་གྱི་གློག་དམར་པོར་སྣུམ་འཁོར་གཏོང་བ། ཆང་རག་དང་ཉལ་ཐག་སོགས་བེད་སྤྱོད་འོག་སྣུམ་འཁོར་གཏོང་བ། གཞན་ལ་སྣུམ་འཁོར་གྱིས་བརྡུང་པ་དང་། གཞན་ཡང་སྲང་ལམ་མམ་ཁྱིམ་ཁང་སོགས་གང་སར་འཁྲུག་པ་རྒྱབ་པ་སོགས་ཀྱི་ཁྲིམས་འགལ་རིགས་བྱས་ཚེ་འཛིན་བཟུང་གི་ནག་ཉེས་ལ་ཞིགས་པས་བཙོན་བཅུག་ལོ་གཉིས་དང་ཕྱེད་ཀའམ། ཨ་རི་ནས་ཕྱིར་འབུད་བྱེད་པ། ཨ་རིའི་མི་སེར་ཆགས་རྒྱུ་མེད་པ་སོགས་ཡོང་སྲིད་པ་ཤེས་སམ་ཞེས་བཀའ་འདྲི་གནང་སྐབས་ཤེས་ཀྱི་ཡོད་ཅེས་ལེན་འདེབས་བྱས་སོང་། དེ་ནས་ཡང་ཁྱེད་རང་གནོད་འཚེ་ཕོག་ཡུལ་ངག་དབང་ནོར་བུའི་ཉེ་འགྲམས་སུ་འགྲོ་བ་དང་གནོད་འཚེ་ཕོག་ཡུལ་ལ་མྱུར་འཕྲིན་ཁ་པར་ངོ་དེབ་སོགས་བརྒྱུད་ཐད་ཀར་འབྲེལ་བ་བྱེད་པ་དང་ཡང་གཞན་ལ་བརྒྱུད་བསྐུལ་གྱིས་འབྲེལ་བ་སོགས་བྱེད་མི་ཆོག་པའི་བཀའ་གནང་སོང་།unnamed-1

མཐའ་དོན་དུ་ཁྲིམས་དཔོན་མཆོག་ནས་བློ་བཟང་རྒྱལ་མཚན་ལ་ད་རིང་ཐེངས་གཅིག་ལ་ས་གནས་ཁྲིམས་རྩོད་པར་ཨ་སྒོར་ ༩༠ དགུ་བཅུ་ཐམས་པ་ས་གནས་སྲིད་གཞུང་ལ་ཟླ་རེར་ཨ་སྒོར་ ༥༠ ཐམས་པ་ལོ་གཅིག་རིང་འབུལ་དགོས་པ་དང་གལ་ཏེ་འབུལ་ཆད་བྱུང་ན་ལམ་སེང་འཛིན་བཟུང་གིས་ས་གནས་བྷོསྭ་ཊོན་ཁྲིམས་ཁང་དུ་ཁྲིམས་བཅད་གཏོང་རྒྱུའི་ཉེན་བརྡ་ཡང་བཏང་སོང་། དེ་རྗེས་ཁྲིམས་དཔོན་ཆེན་མོ་མཆོག་ནས་ཡིག་ཆའི་ཐོག་བློ་བཟང་རྒྱལ་མཚན་ནས་ས་རྟགས་ལེན་རྗེས་ཁྲིམས་གཏུགས་གི་ལས་རིམ་ཚར་སོང་།

དེ་ནས་སྲིད་གཞུང་ཁྲིམས་རྩོད་པས་གུས་པར་ལག་པ་བཏང་ཏེ་ད་ནས་བཟུང་ཁྱེད་རང་ནམ་ཡང་ཁྲིམས་ཁང་འདིར་ཡོང་དགོས་ཀྱི་མ་རེད་ཁྱེད་རང་གི་ཁྲིམས་གཏུགས་ལས་ཀ་ཚང་མ་ཡག་པོ་བྱུང་སོང་བས་བཀྲིས་བདེ་ལེགས་ཡོད་བཅས་གསུངས་བྱུང་། unnamedདེ་ནས་ཁྲིམས་ཁང་གི་ཕྱི་ལོགས་སུ་བྷོ་སྭ་ཊོན་བོད་ཀྱི་བདེན་དོན་དམངས་ཁྲོད་ཁ་བརྡའི་རྒྱུན་ལས་རྣམས་གུས་ཚོར་འགུགས་བཞུགས་འདུག་པས་གུས་པའི་ཁྲིམས་རྩོད་པའི་སྐུ་ཚབ་ལྕམ་སྐུ་ས་ར་ནེཡ་སུརེཤ་(Saranya Suresh) མཆོག་ལ་གྱོད་གཞི་འདི་སྐོར་བཅའ་འདྲི་དང་གུས་པ་ལ་ཡང་བཅའ་འདྲི་གནང་སོང་བའི་གནས་ཚུལ་མདོར་བསྡུས་སུ།

གསར་འགྱུར།

Post navigation

Previous Post: སྔ་འགྱུར་རིག་འཛིན་ཤྲཱིའི་རྫོང་།
Next Post: ༼ལམ་གྱི་ཞེན་ཆགས་༽ཞེས་པའི་གློག་བརྙན།

Comments (3) on “དོལ་ཚོགས་པས་ནག་ཉེས་ངོས་ལེན་བྱས་པ།”

  1. ཨ་ཁུ་འབྲོག་པ། says:
    2016-05-24 at 12:47 pm

    ཨཱ། ད་མ་ལེགས་མྭོ་བྱུང་ནུག ཨང་ངའོ།

  2. ཀརྡོ་གཉེར་ཕྱག་པ་་ says:
    2016-05-25 at 3:57 am

    སྔར་ནོར་བ་རེད། ད་ཡག་པོ་རེད། ནོར་ཡོད་མ་རེད། ད་དུང་་་

  3. ཨ་འབར་འཇིགས་དབང་། says:
    2016-05-25 at 11:25 pm

    ༅༅། དོལ་ཚོགས་དེ་ཚོ་ནི། ཚེ་མགོ་ཆོས་སྒོར་ཞུགས།། ཚེ་བར་སྐྱབས་ངོ་མ་ཤེས།
    ཚེ་མཇུག་ཐ་ཤལ་རྒྱ་དམར་པོའི་རྒྱུགས་ཁྱི་བྱས།།
    ཉི་མ་ལ་རྒྱབ་བསྟན། རང་ཡུལ་ལ་ངོ་ལོག།
    རང་ཡུལ་འཕྲོག་མཁན་། མ་བསད་མཁན་ལ་ཐུགས་རྗེ་ཆེ་བརྗོད།
    ཕ་བསད་མཁན་ལ་བཀྲིན་ཆེ་བརྗོད།
    གཉེན་སྤུན་བསད་པར་ལེགས་སོ་བརྗོད།
    སྐྱབས་ལྷ་འདྲེར་བྱེད་པ་ངོ་རེ་ཚ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme