Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོར་ཞི་ཚང་གིས་དོལ་རྒྱལ་བ་ཚོར་བསྐུར་བའི་གསུང་།

Posted on 2012-06-152012-06-16 By ཁ་བརྡ་ 40 Comments on དོར་ཞི་ཚང་གིས་དོལ་རྒྱལ་བ་ཚོར་བསྐུར་བའི་གསུང་།

མཁོ་སྤྲོད་གནང་མཁནཿ ཐེ་བོ་ཤེས་རབ་རྒྱ་མཚོ།

“ཆོས་ལུགས་ནང་ཁུལ་དུ་ཆོས་དང་གྲུབ་མཐའ་བཟང་ངན་རིས་སུ་བཅད་ནས་ཆགས་སྡང་འཁྲུག་རྩོད་སློང་བ་བདུད་ཀྱི་ཆོ་འཕྲུལ་དུ་འདུག་པས་མཆིལ་ཞགས་ཀྱིས་སྤོང་བར་འོས། འདྲེ་གདོན་བསྟེན་མཁན་རྣམས་ཁོ་ཚོ་དགེ་ལུགས་པའི་ལྟ་གྲུབ་གཙང་མ་སྐྱོང་མཁན་ཡིན་ཁུལ་གྱིས་རྙིང་མའི་ཆོས་ལ་དད་མི་རུང་། བཛྲ་གུ་རུ་འདོན་མི་རུང་ཟེར་ནས་གྲུབ་མཐའ་ཕན་ཚུན་གྱི་བར་དུ་དབྱེན་དཀྲུགས་རྩོད་གླེང་སྣ་ཚོགས་སློང་འདུག་ཀྱང་། འཇིག་རྟེན་པའི་ལྷ་འདྲེ་སྐྱབས་སུ་བསྟེན་པ་སྐྱབས་འགྲོའི་བསླབ་བྱ་དང་འགལ་འདུག་པས། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་ཕྱེ་བ་ཡིན་ན། དེ་རིགས་ནང་བའི་གྲལ་དུ་ཡང་འགྲོ་དཀའ་བས་དགེ་ལུགས་པར་ག་ལ་འགྱུར། མཁན་སློབ་ཆོས་གསུམ་བོད་བརྒྱུད་ནང་བསྟན་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་བོད་ཀྱི་གྲུབ་མཐའ་ནང་ན་སློབ་དཔོན་ལ་མི་དད་མཁན་མེད་ལ། གསར་མ་རྙིང་མ་ཞེས་ཞེན་ཁ་ཕྱོགས་རིས་བྱེད་ག་ལ་རུང་སྟེ་གཏན་ནས་མི་རུང་ངོ་། ”

 

མཆན།

 

 

ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་རྗེ་ཙོང་ཁ་པའི་དབུ་མའི་ལྟ་དགོངས་ལ་དཔྱད་གླེང་བྱས་པའི་དཔེ་དེབ་<<སྨྲ་སེང་ཤེས་རབ་>>ཅེས་པའི་མགོ་བརྗོད་དུ་དོར་ཞི་ཚང་གིས་བརྩམས་པའི་མགོ་བརྗོད་དགའ་བའི་ཡིད་ཀྱི་གླུ་དབྱངས་ཞེས་པའི་ཤོག་ངོས་བརྒྱད་པའི་ཐིག་འཕྲེང་གསུམ་པ་ནས་ཐིག་འཕྲེང་བཅུ་བཞི་པར་གསལ།

 

དེབ་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༨ ལོར་པར་སྐྲུན་བྱས། 

 

སྣ་ཚོགས།

Post navigation

Previous Post: ཆེམས།
Next Post: དེང་གི་གྲྭ་རྒོད། དེང་གི་ཕོ་གསར། དེང་གི་བུ་མོ།

Comments (40) on “དོར་ཞི་ཚང་གིས་དོལ་རྒྱལ་བ་ཚོར་བསྐུར་བའི་གསུང་།”

  1. མེ་ཏོག་དཀར་པོ། says:
    2012-06-15 at 11:49 am

    བཀའ་སློབ་ལེགས་པོ་འདུག ཉམས་ལེན་གནང་དགོས་རེད། ཉན་མཁན་ཡོད་ན་ལེགས་པོ་རེད། གཞན་ཉན་མཁན་མེད་ན་བཤད་མཁན་ཁྱི་དང་འདྲ། ཞེས་པ་ལྟར་མི་འགྱུར་བར་སྨོན།

  2. བོད་ཀྱི་བུ། says:
    2012-06-15 at 12:12 pm

    གྲོགས་དག དུས་བབ་ནང་བོད་ཀྱི་བུ་ཞེས་པའི་སྨྱུག་མིང་བཀོད་དེ་མཆན་འདེབས་མཁན་དེ་གུས་པ་བོད་ཀྱི་བུ་དངོས་གནས་མིན་པ་དགོངས་འཇགས་འཚལ། གུས་པས་བོད་ཀྱི་བུ་ཞེས་པའི་སྨྱུག་མིང་འདི་ཉིས་སྟོང་བརྒྱད་ཙམ་ནས་སྤྱོད་འགོ་བཙུགས་པ་ཡིན།

  3. ཚངས་པ། says:
    2012-06-15 at 12:13 pm

    ད་བར་སྐྱབས་གནས་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བ་ལས། དོལ་རྒྱལ་དང། གནས་ཆུང་སོགས་ལ་དད་པ་ཕྲ་མོ་ཙམ་ཡང་མ་མཆིས།།

  4. མེ་ཏོག་དཀར་པོ། says:
    2012-06-15 at 12:28 pm

    དད་པ་ལ་རིགས་མང་པོ་ཡོད། སྐྱབས་ཡུལ་ལས་གཞན་ལ་ དད་པ་ཙམ་གྱིས་སྐྱབས་འགྲོའི་བསླབ་བྱ་ཞིག་གི་མ་རེད། དེ་ཙམ་ཞེད་དགོས་མ་རེད། རང་སེམས་ལ་ནོར་བ་མེད་ན་འཕྲུལ་སྣང་ལ་འཇིགས་པ་མེད་ཅེས་པ་རེད་ཀོ སྤྱིར་དོལ་རྒྱལ་སྐོར་བཤད་དུས་གནས་ཆུང་ཁྲིད་དགོས་དོན་མིན་འདུག་དྲན།

  5. ལྷོ་པ་ལུང་རིགས says:
    2012-06-15 at 12:44 pm

    སྨྱུག་མིང་ཞིག་ལ་ངའི་ཡིན་ཁོའི་མིན་ཞེས་གསལ་བཤད་འགྲོ་གི་ཨ་ཡོད། སྨྱུག་མིང་ཟེར་བ་ནི་ཇིན་ཁུ་ཐུང་འདྲ་པོ་རེད། དེ་སུས་ཉོས་ཉོས། བུ་དང་བུ་མོ་སུས་གོན་གོན་རེད་པ། གསལ་བཤད་ག་ཚད་བྱས་ནའང་ཆོ་ཡོད་པ་མ་རེད། སུ་གང་ཡང་ཡིད་ཆེས་ཡོང་གི་མ་རེད། གང་ཡིན་ཟེར་ན། སྨྱུག་མིང་ཡིན་པས་རེད།་

  6. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-06-15 at 12:44 pm

    ཡ་ད་ཚང་མས་དོལ་སྐོར་ལ་རྩོད་པ་བྱོས་དང་། ཉེ་ཆར་དོལ་ཚོགས་ཀྱིས་དམངས་ཁྲོད་ཁ་བརྡ་ཟེར་བའི་ཉན་རྒྱུར་ཡང་ངོ་ཚ་དགོས་པའི་འོད་སྡེར་ཞིག་བཏོན་ནས་བཀྲམས་འདུག

  7. མེ་ཏོག་དཀར་པོ། says:
    2012-06-15 at 12:59 pm

    ཐེ་བོ་ལགས། འོད་སྡེར་དེའི་ནང་གང་བཤད་འདུག་གམ།

  8. གླིང་དཀར་ལྷ་རྗེས། says:
    2012-06-15 at 1:27 pm

    དོལ་རྒྱལ་ནི་འདྲེ་ཡིན་ལ་ཁོས་འདས་དུས་ཀྱིས་ལོ་རྒྱུས་ནང་མི་དཔོན་མང་པོའི་ཁྲག་བཏུང་ཡོད་ལ་ཡར་མར་ཕུགས་མཐའ་ཚང་མ་དཀྲུགས་ཡོད་པས་ནང་པ་ཚང་མས་དོགས་ཟོན་བྱ་དགོས་ཡིན། འོད་སྡེར་དེ་གང་ནས་ཐོབ་མིན་བལྟ་དགོས་མཐོང་།

  9. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-06-15 at 1:33 pm

    མེ་ཏོག་དཀར་པོ་ལགས། འོད་སྡེར་དེའི་ནང་ལ་རྒྱ་ནག་གཞུང་གིས་གང་བཤད་པ་དེ་པར་བཤུས་བརྒྱབ་ནས་བཤད་ཀི་འདུག

  10. ཡར་ཁམས་ཁྲི་རྒྱལ། says:
    2012-06-15 at 5:10 pm

    འཇིག་རྟེན་འདིར་འཚོ་བའི་མིའི་རིགས་སུ་གཏོགས་པ་ཚང་མས་མིག་གིས་མཐོང་རྒྱུ་ཡོད་མཁན་དང་། ལག་པས་རེག་རྒྱུ་ཡོད་པའི་དངོས་པོ་ཞིག་ལ་འབད་བརྩོན་དང་རྩོད་ལེན་བྱེད་བཞིན་ཡོད། ང་ཚོའི་མི་རིགས་འདིས་དེ་ལས་ལྡོག་ཏེ་འདས་མ་འོང་ད་ལྟ་སུས་ཀྱང་མཐོང་མ་མྱོང་ཞིང་མཐོང་མི་སྲིད་པའི་དངོས་མེད་ཞིག་གི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་བཏང་ནས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་འདི་ལ་བསམས་ན་ངུ་དྲོ་འོང་།།

  11. སྣྲོན་ངག་ཁྲི། says:
    2012-06-15 at 5:51 pm

    བོད་རྒྱ་དབྱིན་གསུམ་དང་ཨུ་རུ་སུའི་སྐད་ཡིག་སོགས་རྣམ་མང་རིག་པའི་བདག་ཉིད་
    བོད་རྒྱ་རིག་པའི་མཁས་དབང་དོར་ཞི་རིན་པོ་ཆེར་ཐུགས་རྗེ་ཆེ་ཞེས་ལན་བརྒྱར་ཞུ་བ་དང་ཆབ་ཅིག་བཀའ་དྲིན་སྙིང་བཅངས་ལགས་ན། རླབས་ཆེན་ཐུགས་བཞེད་མྱུར་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ། གལ་སྲིད་དོལ་རྒྱལ་ལ་རི་བོ་དགེ་ལུགས་པའི་བསྟན་པར་ཞེན་ཁོག་དང་སྲུང་བའི་ནུས་པ་
    ཞིག་རྗེས་འབྲངས་དེ་ཚོས་འུད་སྒྲོག་བྱས་པ་ལྟར་ཡོད་ན། ཐོག་མར་ཁྱོད་འདྲེར་མ་སྐྱེས་སྔོན་གྱི་རང་གི་རྩ་བའི་བླ་མ་སྙན་
    བརྒྱུད་གདམས་པའི་མཛོད་འཛིན་༸པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡང་སྲིད་ཕྲེང་རྒྱུད་
    ༸དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་གཞིས་བྱེས་གཉིས་ཀྱི་གདན་ས་བཀྲ་
    ཤིས་ལྷུན་པོ་འམ་བསྟན་པའི་བྱ་བ་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་སྐྱོང་ཡུལ་ཞིག་
    ཏུ་གདན་དྲངས་མ་ཐུབ་པ་དེ་གང་གིས་ཉེས་སམ།།

  12. འདོད་ལྷ་ཁམས་པ། says:
    2012-06-15 at 6:13 pm

    ཤི་འདྲེ་འབྱོང་བོ་དོལ་རྒྱལ་ལ་སྐྱབས་སུ་འགྲོ་བའི་ལས་ངན་ལན་ཆགས་མ་དག་པ་འགའི་ཁ་ནས་འདོན་པའི་གསོལ་འདེབས་ཚིག་བརྒྱད་མ་ཞིག་གི་ཚིག་རྐང་མཐའ་མ་དེ་འདིར་འགོད་གི་ཡིན།

    ༼ བོད་བསྟན་སྲིད་གཉིས་དེ་ཕུང་ལ་སྦྱོར། ༽ ཞེས་པ་འདི་རེད།

    བོད་མི་རིགས་ཀྱི་བསྟན་སྲིད་ལ་བློ་དཀར་ཟོལ་མེད་ཡིན་པ་དག་གིས་དོལ་རྒྱལ་ཟེར་པ་གོང་གི་ཚིག་རྐང་འདི་ཉིད་ཀྱིས་དགྲ་གཉེན་བར་མ་གང་དུ་ལྟ་མིན་རང་གི་སེམས་ནས་ཐག་བཅད་ན་འགྲིག

  13. ཐབས་ཇུས་ཅན says:
    2012-06-15 at 10:36 pm

    བོད་པ་ཚང་མས་ཤེས་དགོས་པ་ཞིག་འདི་རེད་བསམ་ཡོད། དོལ་རྒྱལ་ཟེར་བ་ག་རེ་ཡིན་མིན་མི་ཤེས། ང་རང་ཡང་ནང་པ་སངས་རྒྱས་པ་ཞིག་ཡིན། དེ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མཁན་ཞིག་ཡིན་པས་རེད། དེ་ལས་གཞན་གྱི་སྐྱབས་ཡུལ་ཞིག་དགོས་དོན་མི་འདུག གང་ལྟར་ངས་འདི་ནས་བཤད་འདོད་པ་ནི། ང་ཚོའི་ཕ་མ་རྣམས་བསོད་མཁན་གྱི་རྒྱ་དམར་པོ་གཞུང་གིས་དོལ་རྒྱལ་ཟེར་བ་དེ་ལག་ཆར་བཀོལ་ནས་བོད་མི་ནང་ཁུལ་ལ་དཀྲུག་ཤིང་དང་བོད་ནང་གི་དགོན་སྡེ་མང་པོར་བཙན་དབང་གིས་དོལ་རྒྱལ་གྱི་སྐུ་སྒྲིག་ཤོམ་བྱས་ཅིག་པ་སོགས་བོད་མི་ཚོའི་མགོ་བོ་གཅོག་བྱེད་ཀྱི་ཐོ་བ་རུ་གྱུར་ཡོད་རེད། དེ་ནི་སེམས་ཕམ་པོ་རེད། དེ་ནི་སོ་སོའི་དགྲ་བོ་ལག་པར་རང་ཉིད་གསོ་བྱེད་ཀྱི་ཚོན་ཆ་བཞག་པ་དང་ཆད་པར་མི་འདུག

  14. ཐབས་ཇུས་ཅན says:
    2012-06-15 at 10:42 pm

    རང་ཉིད་གསོད་བྱེད་ཀྱི་མཚོན་ཆ་བཞག་པ་དང་ཁྱད་པར་མི་འདུག

  15. མེ་ཏོག་དཀར་པོ། says:
    2012-06-15 at 11:18 pm

    གོང་དུ་བློ་བཟང་ཟེར་བ། རྒྱག་པ། སྐམ་པོ་བཅས་ལ་རེ་བསྐུལ། མི་རིགས་ཀྱི་ལ་རྒྱའི་ཕྱོགས་ནས་ཁྱེད་རྣམ་པས་བཟང་ཕྱོགས་ནས་བསམ་བློ་གཏོང་རོགས། ད་ལྟའི་དུས་སུ་ངེད་ཅག་གདོང་དམར་བ་རྣམས་འཛམ་གླིང་མི་འབོར་དང་རྒྱ་མི་འབོར་ལ་བསམ་ན་བརྒྱ་ཆ་ཟིན་མ་ཟིན་ཙམ་གྱི་ཉུང་ཉུང་རེད། ཡོད་པའི་ས་ཡ་དྲུག་པོ་དེ་ཡང་སྲན་མ་གཏོར་བ་ལྟར་ཁ་འཐོར་ནས་ཡོད། དེ་ཚོའི་ཕ་མ་དགའ་ཉེ་གང་རུང་ཞིག་རྒྱ་མིས་ཕྱི་ལམ་དུ་མ་བརྫང་པ་མེད། ཤུལ་ལུས་ངེད་ཅག་ཇི་ཙམ་འཛུམ་མུལ་མུལ་ལྟར་སྣང་ནའང་སེམས་ནང་ན་ན་ཟུག་ཆེ་ཐག་ཆོད་རེ་ཡོད། དེས་ན་ངེད་ཅག་ཆོས་སྲིད་གང་རུང་ཐོག་ལྟ་བ་མི་མཐུན་ནའང་བོད་མི་ཞིག་ཡིན་པའི་ལ་རྒྱ་མ་མཐར་ལོས་དགོས། ༧གོང་ས་མཆོག་གིས་གང་ཞིག་ལམ་སྟོན་གནང་བ་ནི་གང་གིས་ཕྲག་ཏུ་བཞེས་པའི་ཐུགས་འགན་ཡིན་དུས་གང་ཞིག་འགྲིག་དང་མ་འགྲིག་༧ཁོང་གིས་མ་གསུངས་ན་སུས་གསུངས། གསུངས་མཁན་ཁོང་རེད་ལ་ཉན་མཁན་ངེད་ཅག་རེད། ༧གོང་ས་མཆོག་་གིས་དོལ་རྒྱལ་བསྟེན་ན་བོད་མིའི་གྲས་ནས་བུད་ཤོག་ཅེས་མ་གསུངས་ལ་གསུངས་གིའང་མ་རེད། དབང་གྲལ་ནས་བུད་དགོས་པ་ནི་དབང་གི་དམ་ཚིག་དང་༧གོང་ས་མཆོག་སྐུ་སྒེར་གྱི་ཐོབ་དབང་ཡིན་སྟབས་སུས་ཀྱང་འགྲིག་མིན་གྱིས་རྣམ་གཞག་བྱེད་མི་ཐུབ། ༧ཁོང་ནི་ས་ཡ་དྲུག་པོ་གཅིག་ཏུ་སྒྲིལ་བའི་ནུས་ཤུགས་རེད་ལ་ཆོལ་ཁ་གསུམ་པོ་ཁྲག་རྒྱུན་གཅིག་པའི་དན་རྟགས་གཅིག་པུ་དེ་རེད། སྤུན་ཟླ་ལགས། ཁྱེད་རྣམ་པས་མི་རིགས་བདེ་སྡུག་ལ་གཟིགས་ནས་༧གོང་ས་མཆོག་སྤྱི་བོའི་མཛེས་རྒྱན་དུ་འགོད་ཅིག མགོན་པོ་གང་གི་བྱམས་བརྩེའི་སྐུ་པང་དུ་སླར་ལོག་ཤིག ངེད་ཅག་ས་ཡ་དྲུག་པོ་ལག་གདང་སྦྲེལ་ནས་ཕ་ཡུལ་ལ་ལོག་པའི་བྲབ་བྱེད། གཞིས་བྱེས་མཉམ་འཛོམ་ཐོག་སྒང་པ་བོད་ནས་དབུ་བརྩམས་ཏེ་གོ་ལའི་ཁྱོན་ལ་ཞི་བདེ་དང་མཛའ་མཐུན། བཟོད་སྲན་དང་བསམ་ཤེས། བྱམས་པ་དང་ཆོག་ཤེས་ཀྱི་སྒྲོན་མེ་སྤར་དགོས། དེ་ཚོ་ང་ཚོའི་འགན་འཁྲི་ཡིན།
    གང་ལ་གནོད་པ་བྱེད་ཀྱང་བདེར་འདྲེན་པ། །
    བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །

  16. བོད་ལ་ཞེན། says:
    2012-06-15 at 11:36 pm

    མེ་ཏོག་དཀར་པོ་ལགས། དོལ་རྒྱལ་རྗེས་འཇུག་བོད་མི་ཡིན་མིན་གང་ལྟར་ཡང་བོད་མི་རིགས་ལ་ཕན་པའི་བོད་མི་མ་རེད། སྲིད་ཕྱོགས་ནས་བཤད་ན་དགྲ་བོའི་རྒྱུགས་ཁྱི་དང་། ནང་རུལ་པ། རྒྱལ་ཚོང་བ་རེད། ཆོས་ཕྱོགས་ནས་བཤད་ན་དམ་ཉམས། འབྱུང་པོ་སྐྱབས་སུ་འཛིན་མཁན། ལྟ་བ་ལོག་པ། ལམ་ལོག་ཆོས་མིན་གྱི་ཕྱོགས་སུ་སོང་བ་རེད། དེ་འདྲ་སོང་ཙང་ཆོས་སྲིད་གང་གི་འཐད་ནས་བཤད་ཀྱང་འབྲེལ་བ་བྱེད་སའི་ཡུལ་ལ་བསྡད་མེད། སྤྱིར་བོད་མི་ཉུང་ཉུང་ཡིན་ཡང་ནང་རུལ་པའི་མཉམ་དུ་མཐུན་ལམ་བྱེད་པ་ནི་རང་ཕྱོགས་ཕུང་བསི་རྒྱུ་རེད། གནའ་མིའི་ཁ་དཔེ་ལ། ཕྱི་འགྲ་སྟོང་ལས་ནང་དགྲ་གཅིག་གིས་ངན་ཟེར་བ་ནང་བཞིན་རེད།

  17. འདོད་ལྷ་ཁམས་པ། says:
    2012-06-15 at 11:44 pm

    ཤི་འདྲེ་འབྱོང་བོ་དོལ་རྒྱལ་གྱིས་སྨྲས་ཤིང་འདྲེ་ཞུགས་དམ་ཉམས་བླུན་པོ་དག་གིས་སྐྱོར་བཞིན་པའི་གསོལ་འདེབས་ཚིག་བརྒྱད་མ་ཞིག་གི་ཚིག་རྐང་མཐའ་མ།

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་། །
    བོད་བསྟན་སྲིད་གཉིས་དེ་ཕུང་ལ་སྦྱོར། །

    ཤི་འདྲེ་འབྱོང་བོ་འདིས་བོད་མི་རིགས་ཀྱི་བསྟན་པ་ཆབ་སྲིད་དང་བཅས་པ་རྩ་མེད་དུ་གཏོང་སེམས་ནག་པོ་བསྐལ་བའི་དུ་བཅིངས་པ་འདི་འདྲ་ནི་སྤྱིར་བཏང་གི་དགྲ་བོ་འམ་གདོན་འདྲེ་ཆུང་ཆུང་ཞིག་གི་ཚབ་དུ་བཏང་སྙོམས་སུ་སྣང་མེད་དུ་འཇོག་ཐབས་འདུག་གམ།

  18. འདོད་ལྷ་ཁམས་པ། says:
    2012-06-16 at 12:09 am

    ཉན་ན་སྐྱིར་གཡའ་ཞིང་བསམ་ན་གཟེར་རྒྱག་པའི་གོང་གི་ཚིག་རྐང་བརྒྱད་དེ་གདོན་འདྲེ་ཁོག་ལ་ཞུགས་པ་བོད་གཟུགས་གླེན་པ་ཁ་ནག་ཅན་སྐོར་ཅིག་གིས་ཁ་བཏོན་བྱེད་བཞིན་པ་རེད།
    སྐད་ཆ་འདི་ལ་རྫུན་རྡུལ་ཙམ་ཡང་འབྲེལ།

  19. འདོད་ལྷ་ཁམས་པ། says:
    2012-06-16 at 12:11 am

    སྐད་ཆ་འདི་ལ་རྫུན་རྡུལ་ཙམ་ཡང་མི་འབྲེལ། ཞེས་བཅོས།

  20. མེ་ཏོག་དཀར་པོ། says:
    2012-06-16 at 12:18 am

    ངའི་བསམ་པར། ནོར་བ་རྒྱལ་པོའི་སྲས་ལ་ཡོད། །ཅེས་པ་དང་། མི་ཚེ་གཅིག་ལ་སྐྱིད་གསུམ་དང་སྡུག་གསུམ་ཞེས་པ་ལྟར་སྐྱིད་སྡུག་ལེགས་ཉེས་རེ་མོས་སུ་འབྱུང་རྒྱུ་ཆོས་ཉིད་ལགས་ན། ཁོང་ཚོར་སྡིག་སྨོད་དང་ངན་སྨྲས་གང་ཉུང་དང་བློ་འགུག་ཐབས་ལ་འབད་ལ་ཁེ་ལས་གྱོང་མེད་པར་འདོད། ལར་ནས་མ་འགྱུར་ན་སེམས་མིན། མ་ཁུགས་ན་སེམས་བློ་མིན། ཞེས་པ་ལྟར་རེད། ལར་ནས་དེང་དུས་རིས་མེད་དང་རང་མོས་ཀྱི་དུས་འདིར་ཚང་མས་ཅུང་བསམ་བློ་གཏོང་མི་དགོས་སམ།།
    བློ་ལྡན་རྣམས་ཀྱིས་དགོངས་མཛོད།།

  21. ཨ་ར་དཀར་པོ says:
    2012-06-16 at 12:26 am

    ཤི་འདྲེའི་ཚོགས་པ་ལ་ཁ་དང་ཁ་སྤུ་དབྱེ་འབྱེད་བྱས་ཡོད། ཤ་ཁ་ཁ་དང་གྲི་སོ་སོ་ཡིན

  22. མེ་ཏོག་དཀར་པོ། says:
    2012-06-16 at 12:36 am

    བློ་ཁོག་ཆེ་ཙམ་གནང་རོགས། མདའ་ཤོང་མདུང་ཤོང་གནང་རོགས། མི་གཅིག་ཡིན་ནའང་བློ་ནང་དུ་འགུག་པའི་ཐབས་ལ་འབད་རོགས།

  23. བོད་ལ་ཞེན། says:
    2012-06-16 at 12:47 am

    ནོར་བ་ཁ་ཤས་གནང་མེད་བཞག་ཆོག་གི་རེད་མོད། ཡིན་ནའང་ནོར་བ་ཁ་ཤས་ཐར་པ་གཏོང་མི་རིགས། ལྷག་པར་དུ་རྒྱ་དང་ངན་པ་ཁྱི་སྤྱང་ལག་འབྲེལ་བྱེད་མི་ཚོ་གུ་ཡངས་གཏོང་མི་རིགས། གལ་སྲིད་དེ་དག་ལ་གནོན་ཤུགས་མ་སྤྲད་ན་དངུལ་ལ་མི་དགའ་མཁན་མི་སུ་གཅིག་མེད་པས་རྒྱ་དང་ངན་འབྲེལ་བྱེད་མཁན་ཇི་མང་དུ་འགྲོ་གི་རེད། མེ་ཆུང་དུས་ངེས་པར་དུ་བསད་དགོས་རེད།

  24. བོད་ལ་ཞེན། says:
    2012-06-16 at 12:53 am

    ངེས་དཔེ་ཅིག་བཞག་གི་ཡིན་བལ་ཡུལ་དུ་རྒྱ་དང་ངན་འབྲེལ་བྱེད་མཁན་བོད་མི་ཚོགས་པ་ཞིག་ཡོད་རེད་དེ་ལ་སྔོན་མ་གནང་མེད་དུ་བཞག་པ་རེད། ཁོང་ཚོ་ཡང་རྒྱའི་དངུལ་ཏོག་ཙམ་ཡོད་པའི་སྤོབས་པས་འཇིང་པ་སྦོམ་པོ་ཞེ་དྲག་ཡོད་རེད་ཧམ་པ་ཆེ་རུ་ཆེ་རུ་འགྲོ་གི་ཡོད་རེད། ཡིན་ནའང་ལོ་ཤས་ཁོང་བོད་མི་ཚོས་དེ་ཚོའི་སྐྱོན་ཐེར་འདོན་དང་ངོ་རྒོལ་བྱེད་པས་ད་ཆ་ཁོང་ཚོ་གཞི་ནས་དཔའ་ཞུམ་པ་དང་། ང་རྒྱ་དང་འབྲེལ་བ་མེད་ཁོ་འབྲེལ་བ་མེད་ཅེས་ཟེར་གྱི་ཡོད་རེད།

  25. ཇོ་ཇོ། says:
    2012-06-16 at 1:09 am

    ང་རང་ནི། དོལ་རྒྱ་ཕར་ཞོགས། གནས་ཆུང་དང་དགའ་གདོང་། ལྷ་མོ་ཚེ་རིང་མཆེད་ལྔའི་སྐུ་བསྟེན་ཟེར་བར་ཡིད་ཆེས་སྐར་མ་ལྔ་ཡོད་པའི་མི་ཞིག་མིན་ལ། ཐག་རིང་པོའི་སྐད་ཆ་མ་བཤད་པར་བོད་མི་ཡོངས་ཀྱི་ད་ལྟའི་གནས་སྐབས་འདིར་ཡང་། ༸གོང་ས་མཆོག་ལས་བཀའ་དྲིན་ཆེ་བ་སུ་ཞིག་མེད། དོལ་རྒྱལ་དང་གནས་ཆུང་། དགའ་གདོང་། ལྷ་མོ་ཚེ་རིང་མཆེད་ལྔའི་སྐུ་བསྟེན་ཟེར་བ་དེ་དག་མ་རེད། ༸གོང་ས་མཆོག་རྒྱབ་ཏུ་སྐྱུར། ལྷ་དེ་དག་པང་དུ་ལེན་པ་ནི། ཆོས་ཀྱི་གནད་མ་གོ་བའི་རྟགས་རེད། དོལ་རྒྱལ་བསྟེན་གསོལ་མ་བྱེད་ཅེས་གདམས་དགོས་པ་བསྟན་པའི་བདག་པོ་ཁོང་གི་འགན་རེད། དོལ་རྒྱལ་བསྟེན་གསོལ་བྱེད་པའི་རྒྱ་མིའི་ལག་ཆར་གྱུར་ཟིན་པ་རྣམས་ལ་ང་ཚོས་བསྟུན་མི་དགོས་པར་དུས་ནས་དུས་སུ་འཐེར་འདོན་བྱེད་དགོས། རྒྱ་མིའི་ལག་ཆར་མ་གྱུར་པའི་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་རྣམས་ལ་ང་ཚོས་གོ་བསྐོན་སློབ་གསོ་བཏང་སྟེ། ནང་དུ་ཁུག་ཐབས་བྱེད་དགོས། དགའ་ལྡན་ཁྲི་ཟུར་ལུང་རིགས་རྒྱ་མཚོའི་མཛད་པ་དེ་ཡང་ཨ་ཁ་ཁ།

  26. ཚངས་པ། says:
    2012-06-16 at 1:11 am

    མེ་ཏོག་དཀར་པོ་ལགས། ཁྱེད་དེ་ལྟར་དྲན་པ་ཁྱེད་ཀྱི་དགོངས་ཚུལ་རང་རེད།

  27. རིག་བློ says:
    2012-06-16 at 1:22 am

    སྨོན་ལམ་ལོག་པའི་དམ་སྲི་བརྟེན་མཁན་ཚོ་དོན་དངོས་ཐོག་ཆོས་པ་མིན་པར་དངུལ་ལ་དགའ་བའི་རྐུན་ཇག་ཉུང་ཤེས་ཤིག་རེད། བོད་རྒྱ་ཆེའི་མི་མང་གིས་དེ་ཚོ་ལ་འབྲེལ་བ་བྱ་དོན་མེད་ལ། བྱེད་དགོས་པའི་རྒྱུ་མཚན་ཡང་མ་མཐོང་། གཟབ་དགོས་པ་ཞིག་ལ་ཀླད་སྟོང་ཁོག་སྟོང་དེ་ཚོ་རྒྱ་མི་གུང་ཁྲུན་གྱི་ལག་གཡས་བྱས་ཡོད་སྟབས་སྒོ་གང་ས་ནས་དེ་ཚོའི་མིང་དང་དཔར་ལོ་རྒྱུས་སོགས་གང་རགས་པ་བསྡུ་རབ་བྱས་ཏེ་དྲ་ཐོག་སོགས་བརྒྱུུད་ལམ་ཁག་ཏུ་འགྲེམ་སྤེལ་བྱས་ཏེ་དེ་ཚོར་འབྲེལ་བ་བྱེད་མི་རུང་བའི་བརྡ་ཁྱབ་བམ་ཡིད་གཟབ་བྱེད་དགོས་པའི་སྐོར་མང་ཙམ་གླེང་དགོས།

  28. ལུང་རྟོགས། says:
    2012-06-16 at 1:37 am

    རིག་བློས་གསུང་པ་དེ་བཞིན་ནོ།

  29. མེ་ཏོག་དཀར་པོ། says:
    2012-06-16 at 2:05 am

    ཚངས་པ་ལགས། འདི་ནང་ཚང་མས་རང་རང་སོ་སོའི་བློའི་འཆར་སྒོ་ཙམ་བཤད་གི་ཡོད། དེ་མིན་ ཁྱོད་ཀྱི་དེ་འཆར་སྒོ་རེད། ངའི་འདི་ངོ་མ་རེད་ཟེར་ན་དགོད་བྲོ་པོ་རེད། དེ་འདྲ་མ་རེད་དམ་ལགས།།

  30. ཀརྨ་ཡེ་ཤེས says:
    2012-06-16 at 2:10 am

    རྒྱས་པ་འདི་ན་འདུག
    http://gyalwarinpoche.com/advisehome6.php

  31. བསྟན་འཛིན། says:
    2012-06-16 at 2:16 am

    དོལ་རྒྱལ་རྗེས་འབྲངས་པ་བོད་མིར་ཆོས་དད་རང་དབང་ལོས་དགོས། ཁོང་ཚོས་ལྷ་དང་འདྲེ་གང་ཞིག་རྟེན་གསོལ་བྱེད་ཀྱང་དེ་ཁོ་རང་ཚོའི་འདོད་པ་རེད་ལ། དེ་ཁོ་རང་ཚོའི་རང་དབང་ཡང་རེད། དེར་མི་གཞན་པས་བཙན་བཀའ་མི་ཐུབ་ལ། དེ་འོས་པ་ཞིག་ཀྱང་མ་རེད། བོད་ཀྱི་སྣོད་གཅུད་ཡོངས་རྫོགས་བཙན་བཟུང་དང། བོད་ཀྱི་ལྷ་བླ་ཡོད་ཚོད་དམར་གསོད་ཀྱིས་ལག་དམར་གྱི་བྱེད་གཏེར་སོགས་དང་མཉམ་མཐུན་དང་མཉམ་བཤིབས་ཐུབ་སར་ནང་མི་སྤུན་ཟླ་ཕུ་ནུའི་བར་མཐོ་དམན་ཕྲན་ཙམ་ལ་སྐད་ངན་དེ་འདྲ་ཤོར་དགོས་དོན་གང་ཡིན་ནམ། མ་གཞི་ནས་རྣམ་རྟོགས་དགྲ་ལངས་ཀྱི་ནང་འཁྲུགས་རྫོགས་མཐར་མེད་པ་འདི། རྨོངས་དད་ཀྱིས་ལྷ་གསོལ་ཀླུ་གསོལ་དེས་རྐྱེན་རྩ་གཙོ་བོས་བཟོས་ཡོད། གང་ལྟར་དོལ་རྒྱལ་རྟེན་གསོལ་བྱེད་མཁན་བོད་མི་དེ་དག་སྤྱིར་འགྲོ་བ་མི་དང། ཡང་དགོས་བོད་མི་ཆོས་དད་པ་དག་ཡིན་པས་རྗེད་མི་རུང། སྤུ་རྒྱ་བ་ཚོ། ང་ནི་ལྷ་ལ་མི་དད་ལ་འདྲེ་ལ་ཡང་མི་སྡང་ངོ།

  32. མེ་ཏོག་དཀར་པོ། says:
    2012-06-16 at 2:26 am

    བསྟན་འཛིན་གྱིས་༼བོད་ཀྱི་སྣོད་གཅུད་ཡོངས་རྫོགས་བཙན་བཟུང་དང། བོད་ཀྱི་ལྷ་བླ་ཡོད་ཚོད་དམར་གསོད་ཀྱིས་ལག་དམར་གྱི་བྱེད་གཏེར་སོགས་དང་མཉམ་མཐུན་དང་མཉམ་བཤིབས་ཐུབ་སར་ནང་མི་སྤུན་ཟླ་ཕུ་ནུའི་བར་མཐོ་དམན་ཕྲན་ཙམ་ལ་སྐད་ངན་དེ་འདྲ་ཤོར་དགོས་དོན་གང་ཡིན་ནམ།༽ཞེས་གང་བཤད་པ་ནི་རིགས་པ་མཐུན་ནོ་ཞེས་བརྗོད་དོ།།

  33. སྤྲིན་དཀར་གྲོང་ཚོ། says:
    2012-06-16 at 2:32 am

    དོལ་འདྲེ་གཙོས་ལྷ་མིན་འབྱུང་བོ་གནོད་སྦྱིན་ཐེའུ་རིང་རྣམས་ལ་ང་ཚོས་ཁ་གཏད་ཀྱིས་བརྒོལ་བ་མ་བརྒྱབ་ཀྱི་བར་དུ་ནམ་ཡང་ང་ཚོ་ལ་རང་དབང་རང་བཙན་མི་ཐོབ།

  34. རིག་བློ says:
    2012-06-16 at 3:31 am

    དགའ་ལྡན་ཁྲི་ལུང་རིགས་མ་རེད།་ལོག་རིགས། དོན་དངོས་ཐོག་དམ་ཉམས་ཤིག་རེད། འཇམ་མགོན་བསྟན་པ་བསྟན་པ་སྐྱོང་བའི་བླ་མ་ཞིག་ཡིན་ན་རྒྱལ་བསྟན་རྨེག་མེད་བཟོ་མཁན་གྱི་གུང་ཁྲུན་ལ་འབྲེལ་བ་བྱས་ཏེ། མོའོ་མགོ་ཅན་གྱི་ཤོག་དངུལ་བམ་རྩེགས་ལ་རྔམ་སྟེ་དགྲ་བོའི་རྒྱལ་སར་གདོང་འབོག་མེད་པར་འཁྱམ་ཉུལ་བྱས་ཏེ།
    གངས་ཅན་འགྲོ་བའི་གཙུག་རྒྱན་༸རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བཀའ་དྲིན་གཟིགས་སྐྱོང་ལ་བསམ་ཤེས་མི་ཐུབ་མཁན་གྱི་དགའ་ཁྲི་ཞིག་གམ་རྗེ་བླ་མའི་བསྟན་པ་སྐྱོང་མཁན་ཞིག་ཡོད་ན་ཨ་ཙ་མ། མི་སྐྱ་ནག་རྫི་ཞིག་གིས་ཀྱང་དྲིན་ཆེན་ལ་དྲིན་ལོག་མི་བྱེད་པ་བོད་མིའི་ཡ་རབས་ཀྱི་སྲོལ་དུ་མཆིས་ཀྱང། གཡོ་ཁྲམ་ཅན་འདི་འདྲ་དགེ་ལྡན་པའི་མཚང་དུ་མཆིས་ན་སྤྱིར་རྒྱལ་བའི་བསྟན་པ་ལ་དད་ཅིང་གུས་པའི་སྐྱེ་བོ་དང་འཇིག་རྟེན་མི་ཆོས་ལ་བརྩི་བའི་ཡ་རབས་རྣམས་ཀྱིས་མི་ངན་གདོན་རྫས་དར་དོར་བྱའོ།།

  35. བོད་སྐྱབས། says:
    2012-06-16 at 4:22 am

    བཀྲ་ཤིས་བདེ་ལེགས།

  36. མེ་ཏོག་དཀར་པོ། says:
    2012-06-16 at 4:43 am

    བག་ལེབ། ཡིན་ཐག་ཆོད་ང་ས་གནས་ཞིག་གི་གཞོན་ནུའི་ཚོགས་མི་ཡིན། ཁྱོས་གཞོན་ནུ་ཚོགས་མིར་རྡིག་ར་བསྐུལ་གི་ཡོད་དམ། ཡང་ན་དྲི་བ་ཡོད། ཁྱོད་ཀྱིས་བཤད་སྟངས་ལ་གཞིག་དུས་ཧ་ལམ་གཞོན་ནུ་ཟེར་དུས་འཇིགས་བསྐུལ་བ་ཞིག་གི་ཚོད་ལ་འཇོག་པ་ལྟར་སྣང་གི་འདུག

  37. བོད་ལ་ཞེན། says:
    2012-06-16 at 4:43 am

    ལྷ་འདྲེ་ལ་ཡིད་ཆེས་མེད་ཟེར་མཁན་ཚོ་ཡང་ད་ལྟ་ནད་སོགས་ཀྱི་དཀའ་ངལ་ཆེན་པོ་མ་འཕྲད་པ་རེད། ནད་སོགས་ཀྱི་དཀའ་ངལ་ཐུག་སོང་ན་གཞི་ནས་སྨན་ཟ་ན་ཨེ་དྲག མོ་རྒྱབ་ན་ཨེ་དྲག ལྷ་གསོལ་ན་ཨེ་དྲག ཀླུ་མཆོད་ན་ཨེ་དྲག་བྱེད་ཀྱི་རེད།

  38. རེབ་ཐོག་མདའ says:
    2012-06-16 at 5:51 am

    སྤྱིར་འཇིག་རྟེན་གི་ལྷ་འམ་གཞི་བདག་ཟེར་བ་དེ་སྔོན་མ་བོན་པོའི་དུས་ནས་ཡོད་པའི་སྲོལ་རྒྱུན་རང་བཞིན་ཅན་ཀྱིས་ལྷ་གསོལ་ཀླུ་གསོལ་བྱེད་ཀྱིན་པ་དེ་ང་ཚོ་བོད་པ་གཅིག་པོ་མ་རེད་འཇིག་རྟེན་ས་སྒང་འདིའི་སྟེང་ན་མང་པོ་ཡོད་པ་རེད། འཇིག་རྟེན་གི་ལྷ་ཞེས་བ་དེའི་རིགས་གི་སྐྱེས་བ་འདི་གཅིག་པོ་ལ་ཡང་ཕན་ཐོགས་མི་ཐོགས་ཟེར་བ་ཧ་ཅང་གི་ཁག་པོ་རེད།
    ལྷག་པར་དུ་དེ་རིང་འདི་གླེང་བཞིན་པ་ནི་དོལ་རྒྱལ་འམ་ཤུགས་ལྡན་གིས་སྐོར་རེད། མཁས་དབང་དོ་བྱི་ཚང་གིས་གསུངས་བ་དེ་ནོར་ཡོད་པ་མ་རེད། སྔོན་ཆད་ཡིན་ན་བོད་གངས་ཅན་ཀྱིས་ཡུལ་ན་གྲུབ་མཐའ་ཕྱོགས་ཞེན་ཀྱིས་ནང་འཁྲུག་བྱུང་བ་ལོ་རྒྱུས་དེབ་ཐར་ནང་དུ་མཐོང་རྒྱུ་ཡོད་པ་རེད། དོ་རྒྱལ་ཟེར་བ་དེ་རྒྱལ་དབང་ལྔ་བའི་སྐབས་སུ་བྱུང་བ་ཞིག་རེད། དེ་ནས་མི་མཐུད་དེ་བོད་གིས་བླ་ཆེན་མང་པོ་འམ་ཁམས་དང་དབུས་ཕྱོགས་ད་དུང་ཨ མདོ་ཕྱོགས་གིས་ས་གནས་ཁ་ཤས་ཤིག་ནང་བསྟན་པ་རེད། དེ་བསྟན་ནས་གནོད་པ་ལས་དགེ་བ་ཅུང་ཙམ་ཡང་བྱུང་ཡོད་པ་མ་རེད།
    མ་ཟད་ང་ཚོ་བཙན་བྱོལ་ཆགས་པའི་རྗེས་སུ་དོལ་རྒྱལ་ཚོགས་འམ་ལྷ་མི་མཉམ་འབྲེལ་ཚོགས་པ་ཞེས་བ་ཞིག་གིས་བོད་གིས་སྤྱི་ཚོགས་འདིའི་ནང་དུ་མི་གསོད་ཁྲག་སྦྱོར་གིས་ལས་ཀ་མང་དག་ཞིག་བྱས་བ་རེད། སྟབས་ལེགས་པ་ཞིག་ལ་རྗེས་སོར་གོང་ས་མཆོག་གིས་མི་མང་ནང་དུ་བཀའ་སློབ་ཕེབས་ནས་མི་མང་རང་ངོས་ནས་དོལ་རྒྱལ་བསྟེན་པར་མཚམས་འཇོག་བྱས་རེད་ཡིན་ཡང་ད་ལྟ་ཡིན་རུང་དྲིན་ཆེན་ལ་དྲིན་ལོག་དང་གཡང་ལ་རྡོ་ཁ་ཟེར་བའི་དཔེར་ལྟར་ད་དུང་ཡིན་ཡང་བོད་ནང་འམ་ཕྱི་གཉིས་ན་དོལ་རྒྱལ་བསྟན་ཡོད་མཁན་ཡོད་པ་་མ་ཟད་དེ་དག་གིས་རྒྱ་མིའི་རྒྱབ་རྩར་ལངས་བ་ལ་བརྟེན་ནས་གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་པའི་ལས་རྩོམ་པའི་ལས་འགུལ་སྤེལ་རྒྱུའི་ཆ་གཞི་སྒྲིག་གི་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོས་གངས་ཅན་པ་སྐྱེས་བོ་ཚང་མའི་མ་གོ་མ་ཐོས་གིས་ངང་ནས་མ་བསྡད་པར་དེ་དག་ལ་འབྲེལ་འདྲེས་དང་རྗེས་སུ་མི་འབྲང་བ་གལ་ཆེན་ནང་གི་དོན་ཆེན་རེད།
    གལ་སྲིད་མི་བུ་སུ་ཞིག་ཡིན་ཡང་དལ་རྒྱལ་དང་འབྲེལ་བ་ཡོད་ན་གོང་ས་མཆོག་ལ་འབྲེལ་འདྲེས་མ་བྱས་ན་བཟང་གང་ཡིན་ཟེར་ན་གོང་ས་མཆོག་ཚེ་ལ་གནོད་པའི་ཡིན། མཇུག་མཐར་ང་ཚོས་སུ་ཡིན་ཡང་སྐྱབས་གནས་དཀོན་མཆོག་གསུམ་ལས་འཇིག་རྟེན་ལྷ་ལྷག་པར་དུ་དོལ་རྒྱལ་འདྲ་བའི་རིགས་ལ་དད་པ་འམ་རྗེས་སུ་བསྙེགས་མི་རུང་ངོ།

  39. དྲང་བདེན says:
    2012-06-16 at 6:47 am

    དོལ་རྒྱལ་སྐོར་ལ་མང་པོ་ཞིག་ལབ་མ་ལབ་ཡོད་མ་རེད་
    དེ་ནི་ཆབ་སྲིད་རེང་་ས་སྐྱ་བའི་གཡོག་པོ་དེ་ཡག་པོ་མེད་
    གནས་གཡུག་གཏང་པ་རེད་་་དེ་དགེ་ལུགས་གི་དཔོན་པོ་ལ་
    སྐོས་པ་རེད་་་་་་་གནས་ཚུལ་དངོས་གནས་བཤད་ན་་་དགེ་ལུགས་
    པ་ལ་ཤུགས་ལྡན་གཏན་ཐུབ་ནུས་པ་ཡོད་མ་རེད་།
    སྲུང་མ་གཏན་ན་འགྲིག་གི་རེད་་ཡི་དམ་གཏན་ན་འགྲིག་གི་མ་རེད་
    སྲུང་མ་ཟེར་བ་དེ་གཡོག་པོ་འདྲ་བོ་རེད་།

  40. ཐབས་ཇུས་ཅན says:
    2012-06-16 at 7:59 am

    ད་དུང་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་དང་ཁོང་གི་སློབ་མ་གཉིས་མཉམ་དུ་དམར་གསོད་བཏང་པ་རེད།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme