Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་འགྲུབ་ལགས་ཀྱིས་རང་སྲེག་བཏང་སྟེ་སྐུ་གྲོངས་འདུག

Posted on 2012-10-22 By ཤར་ཕྱོགས་ཁུག་རྟ། 9 Comments on དོན་འགྲུབ་ལགས་ཀྱིས་རང་སྲེག་བཏང་སྟེ་སྐུ་གྲོངས་འདུག


༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༢ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༧། ༣༠ ཡས་མས་སུ་བསང་ཆུ་རྫོང་མདའ་སྨད་ཞང་ནས་ཡིན་པའི་རང་ལོ་ ༦༡ ལ་སོན་པའི་རྒྱལ་གཅེས་པ་ཁ་གྱའི་དོན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་བསང་ཆུ་རྫོང་བླ་བྲང་དགོན་པའི་སྟོན་ཆོས་ཆོས་གྲྭའི་རྒྱབ་ལོགས་སུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག དམ་པ་ཁོང་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་མ་ཐག་དགོན་པར་སྐོར་བར་འགྲོ་མཁན་ཚོས་མཐོང་སྟེ། སྐུ་ཕུང་ཉེན་རྟོག་པར་ཁྱེར་མ་བཅུག་པར་དགོན་པའི་དོན་དམ་མི་སྣར་རྩིས་སྤྲོད་ཀྱིས་སྨན་ཁང་དུ་ཁྱེར་འདུག་མོད། མེ་འབར་ཤུགས་ཆེ་བར་བརྟེན་ཁོང་འདས་གྲོངས་སུ་གྱུར་འདུག

རྒྱལ་གཅེས་པ་ཁ་གྱའི་དོན་གྲུབ་ལགས་ནི། མདོ་སྨད་བླ་བྲང་བསང་ཆུ་རྫོང་མདའ་སྨད་ཞང་ནས་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་སྒྲོལ་མ་མཚོ་དང། ཁོང་བཟའ་མི་གཉིས་ཀྱིས་གཉེན་ཉེ་ཞིག་གི་བུ་རིག་འཛིན་ཆོས་འཕེལ་ཞུ་བ་ཞིག་བུ་སྐལ་དུ་བླངས་ཡོད་པ་དང་། རིག་འཛིན་དང་ཁོང་གི་བཟའ་ཟླ་སྒྲོལ་མ་གཉིས་ལ་བྱིས་པ་སྟོབས་ལྡན་འབོད་པ་ཞིག་ཡོད་འདུག་པ་བཅས། །

གསར་འགྱུར།

Post navigation

Previous Post: མེ་བསྲེགས་དང་བོད་མིའི་ཚོར་བ།
Next Post: བོད་མདོ་སྨད་བླ་བྲང་དུ་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་རགས་བསྡུས།

Comments (9) on “དོན་འགྲུབ་ལགས་ཀྱིས་རང་སྲེག་བཏང་སྟེ་སྐུ་གྲོངས་འདུག”

  1. འཁྱམ་པོ says:
    2012-10-22 at 6:57 am

    བོད་ནང་རང་ལུས་མེ་སྲེད་བཏང་བཞིན་པའི་སྐབས་སུ། ང་ཚོ་སྐྱབས་བཅོལ་པ་མཛེས་མ་འདེམས་པར་འགོ་འཁོར་ཡོད་པས། མཛེས་མ་སུ་རེད་ཟེར།

  2. འཁྱམ་པོ says:
    2012-10-22 at 6:57 am

    བོད་ནང་རང་ལུས་མེ་སྲེད་བཏང་བཞིན་པའི་སྐབས་སུ། ང་ཚོ་སྐྱབས་བཅོལ་པ་མཛེས་མ་འདེམས་པར་འགོ་འཁོར་ཡོད་པས། མཛེས་མ་སུ་རེད་ཟེར།

  3. གནམ says:
    2012-10-22 at 7:40 am

    ཡུལ་གྲུ་བཞི་དགྲ་ལག་ཤོར་སོང་ན།
    ཕོ་ཚེ་ཐག་རིང་ཡང་དགའ་ལེ་མེད། ཟེར་བ་འདི་ང་ཚོའི་ངག་གི་གཏམ་དཔེ་རེད།
    དགྲ་བོ་རྒྱ་རྒན་ཚང་ལ་འབིག་གཙགས་ཞིག་མ་འབྱོར་ན་ཡང་ཁབ་གཙགས་ཞིག་བྱོས་ན། ད་ནི་དུས་དང་ཚད་ལ་སླེབ་པ་འདྲ། རྒྱལ་གཅེས་དཔའ་བོ་ཚོ།

    གོ་བ་མེད་པའི་གླང་རྒན་ལ།
    ཞི་བའི་ཆོས་ལས་དབྱུག་པ་བཙན། ཟེར་བ་འདི་ཡང་བོད་ཀྱི་ངག་གི་གཏམ་དཔེ་རེད། རྒྱ་ནག་གི་མི་ལ་ཀུན་སྤྱོད་མེད་པ་ནི་ཉིན་རེ་ཉིན་རེ་ལ་གསལ་ཁ་སྟེར་བཞིན་པའི་འཇིག་རྟེན་མཐོང་ཆོས་ཞིག་རེད་འདུག་ན། རེ་བ་བྱེད་ས་མེད་པ་རེད།

    མ་ཎི་ཡིག་གེ་དྲུག་མའི་བྱིན་རླབས་ཀྱིས། ཕྱི་མ་ཐར་བའི་ལམ་སྣ་དྲོངས།
    བླ་མ་མཆོག་གསུམ་གསོལ་བ་སྨོན་ལམ་གྱིས། དགའ་ལྡན་དག་པའི་ཞིང་ནས་སྐྱེ་བར་སྨོན།
    ཨོཾམཎིཔདྨེཧཱོུཾ། ཨོཾམཎིཔདྨེཧཱོུཾ། ཨོཾམཎིཔདྨེཧཱོུཾ།

  4. ལེགས་བཤད། says:
    2012-10-22 at 8:30 am

    འདི་བས་ཤི་འཕོས་གྱུར་མ་ཐག།
    དགའ་ལྡན་སྐྱེས་ནས་ཡིད་དགའ་བར།།
    མྱུར་དུ་བྱམས་མགོན་མཉེས་བྱས་ནས།།
    བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཅེས་སྨོན་འདུན་དང་མ་ནི་གྲངས་གསོག་དང་བཅས་ཤུལ་ལུས་ནང་མི་ཡོངས་ལ་སེམས་གསོའི་ཆེད་དུ་ཕུལ། མྱ་ངན་གུས་འདུད་དང་བཅས།

  5. ཚོགས་ཆེན། says:
    2012-10-22 at 8:39 am

    བར་དོའི་སྣང་བ་ཤར་བ་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་པ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །

  6. ཇ་མ་ says:
    2012-10-22 at 9:25 am

    དཀོན་མཆོག་མཁྱེན། བོད་ནང་གི་མྱེ་ལྕེ་འདི་ལྷོ་ནས་བྱང་ལ་མཆེད་ནས་་་་་་་་་་་་
    རྔ་བ་ནས་བླ་བྲང་ཕྱོགས་སུ་་་་་་་་་་་
    དེ་ནས་གང་ལ་་་་་་་་་

  7. གཉིས་མེད་སེངྒེ says:
    2012-10-22 at 10:27 am

    རྒྱ་དམར་པོ་དང་མེ་ལྕེ་དམར་པོར་སྙིང་རྗེ་སྤུ་ཙམ་ཡང་མེད་པར་བོད་མི་ཉམ་ཆུང་དག་ཉིན་རེ་བཞིན་གསོན་པོར་སྲེག་བཞིན་པ་དྲན་ན་བཟོད་དཀའ་བ་ལ་ཨང་།ཨ་དཀོན་མཆོག་མཁྱེནད།

  8. བོད་ཀྱི་བཙན་པོ། says:
    2012-10-22 at 7:18 pm

    བོད་ནང་རང་ལུས་མེ་སྲེག་བཏང་བའི་གསར་འགྱུར་རྒྱལ་སྤྱིའི་གསར་འགྱུར་ཁག་ཐོག་མི་ཐོན་པ་རྒྱུ་མཚན་ཅི་ཡིན། པ་ཀི་སི་དན་ནང་སློབ་པྲུག་བོུ་དེ་ལ་ཐེ་ལི་བན་གྱི་མེ་འདའ་རྒྱབ་པའི་གསར་འགྱུར་རྒྱལ་སྤྱིའི་གསར་འགྱུར་ནང་ཉིན་ལྟར་ཐོན་གྱི་འདུག  སེམས་སྐྱོ་བ་ལ་བོད་པའི་རླུང་འཕྲིན་ཁང་ཡོད་པ་དེ་ཚོར་དེ་ཙམ་གྱི་ནུས་པ་ཐོན་གྱི་མིན་འདུག དེའི་སྒང་ལ་ཨི་ཞི་ཡ་རླུང་ཕྲིན་ཁང་གི་གསར་འགྱུར་ཀློག་མཁན་ཁག་ཅིག་གསར་འགྱུར་ཀློག་བཏང་སྐྱོ་བའི་ཐོག་ལ་འཅར་དྲི་བྱེད་བཏང་སྐྱོ་བ་ཞིག་འདུག  གསར་འགྱུར་གྱི་ནང་དོན་གསར་འགོད་པ་སོ་སོས་མགོ་ཚོད་ཀྱི་ཡོད་དམ། བོད་ནང་གི་བོད་མི་ཚོ་སྙིང་རྗེ་དགོས་པ་རེད་འདུག

    ཨོཾམཎིཔདྨེཧཱོ་་་་་་་་དཀོན་ཅོག་གི་མཁྱེན་ནོ།

  9. འདྲེ་ནག་མགོ་དགུ་ says:
    2012-10-22 at 9:39 pm

    རྒྱལ་གཅེས་དཔའ་བོ་དོན་འགྲུབ་ལ་མྱ་ངན་གུས་འདུད་དང་། ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད། ལྷ་སྐྱིད་ཀྱང་མི་ལུས་ལ་སྨོན་ཟེར་བ་ལྟར། མི་ལུས་ནི་ཤིན་ཏུ་རྩ་ཆེན་ཡིན་པས་བཏང་ན་གཏོང་གོ་ཆོད་པ་ཞིག་དགོས། སྤྱོད་འཇུག་ལས། ཆུང་ངུའི་ཆེད་དུ་ཆེ་མི་གཏང་། །གཙོ་ཆེར་གཞན་གྱི་དོན་བསམ་མོ། །ཞེས་གསུངས་པའི་ལུང་འདི་དེ་སྔོན་༧གོང་ས་མཆོག་གིས་དྲངས་མྱོང་ཡོད། དཔའ་བོའི་བློ་ཁོག་ལས་མཁས་པའི་ཇུས་ཟབ་ཟེར་བ་ལྟར་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme