Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་དམ་པར་ང་ཚོས་ངོ་རྒོལ་ཞིག་བྱས་མྱོང་ཡོད་དམ།

Posted on 2015-03-152015-03-15 By ཁ་བརྡ 6 Comments on དོན་དམ་པར་ང་ཚོས་ངོ་རྒོལ་ཞིག་བྱས་མྱོང་ཡོད་དམ།

གོ་འཇོ། བསོད་ནམས་ནོར་བུ།

 
དེ་རིང་ནི་ 3: 10 དུས་དྲན་ཟེར་བའི་འཇིགས་རུང་ཡ་ངའི་ཉི་ནག་དེ་ཡོལ་ནས་ཉིན་ཞག་ལྔ་ལ་ཉེ། བདག་ནི་ཞག་པོ་དེ་དག་གི་རིང་རྣ་བ་ཀྲོང་ཀྲོང་བྱས་ཏེ་རྒྱབ་ལ་ཉན། མིག་གིས་འབུར་འབུར་བྱས་ཏེ་མདུན་ལ་བལྟས་པས་བོད་པ་ཚོས་ལུས་ཕྱུ་པ་གོན། ལག་དར་ཆ་འཕྱར་བཞིན་རྒྱ་ནག་གི་གཞུང་ཚབ་ཁང་གང་ཡོད་ཚ་ཚ་འུར་འུར་གྱིས་ངོ་རྒོལ་སྐད་འབོད་འདྲ་མིན་བྱས་ཏེ་བསྡད་སོང་།
ང་ལ་མཚོན་ན་རྒྱ་གར་འབྱོར་ཏེ་མི་ལོ་བརྒྱད་དགུ་ཙམ་གྱི་ནང་། དེ་ནི། སྤྱི་ཟླ་3 ཚེས་10 གང་ཡིན་ལ་རྒྱུན་ལྡན་མཐོང་དུ་ཡོད་པའི་ལོ་རེའི་ལས་འགུལ་ཞིག་ཡིན་སྟབས་དམིགས་བསལ་ཅི་ཡང་མ་ཚོར་མོད། ན་ཉིན་ནས་ད་ལོ། ད་ལོ་ནས་ཁ་སང་། ཁ་སང་ནས་དེ་རིང་བར་ལོ་ཟླ་འདི་དག་རིང་། བོད་མིའི་སྲིད་བྱུས་ནི་”རྫུན་ཨ་བྲའི་རྔ་མ་གཉིས་ནི་ཇེ་ཐུང་”ཟེར་བའི་དཔེ་ལྟར།
དང་པོ། གཞི་ལྟ་བ་ལངས་ཕྱོགས།
གཉིས་པ། ལམ་ལས་འགུལ་སྤེལ་སྟངས།
གསུམ་པ། འབྲས་བུ་རྒྱལ་ཁ་ལེན་ཕྱོགས་བཅས་ལ་བསམས་ན། སེམས་སྐྱ་མོ་ཐང་ལ་ལྷུང་འགྲོ་ཞིང་། སྙིང་དམར་པོ་དུམ་བུར་གས་དགོས་པའི་ཚོད་དུ་འདུག འདི་དག་གི་མཚན་གཞི་ཡག་ཤོས་ཤིག་ནི། ལོ་གཅིག་གཉིས་ཀྱི་སྔོན་ཏེ། གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ལྟ་བ་དང་དམིགས་འདུན་བཅས་ནི་བརྒྱད་ཅུ་རྒན་པོའི་འགྲམ་སོ་བཞིན་ཁ་འཐོར་དགུ་འཐོར་གྱུར་ཅིང་། བོད་ཀྱི་གཞོན་ནུ་ཚོགས་པ་ཟེར་བ་ཕྱི་དགྲ་བོ་ཞེད་དགོས་ཤིང་། ནང་སྤུན་ཟླ་དགའ་དགོས་སའི་ཚོགས་པ་དེ་ཕུ་དཀྲུག་མདའ་དཀྲུག་གིས་སྒོ་རྒྱག་ལ་ཁད་བྱེད་དགོས་བྱུང་བ་དེ་ཚོ་རེད།

དེ་ལས་ཐབས་སྡུག་པ་གཅིག་ནི། ཁ་སང་སུམ་བཅུའི་དུས་དྲན་ཐེངས་ 56 པ་ས་གནས་ནེའུ་ཡོག་ལ་བརྩི་སྲུང་བྱེད་སྐབས། ཁ་ནས་རང་བཙན་གྱི་འབོད་སྒྲ་གྱེར་མི་ཆོག་ཅིང་། ལག་ཏུ་རང་བཙན་གྱི་འཕྲེད་དར་འཕྱར་མི་བཅུག་པ། ཕྱི་རྒྱལ་བ་ཚོའི་མདུན་ན་ཞི་ལ་ཙི་ཙི་སྡང་བ་བཞིན་གཅིག་ཤོར་གཉིས་ཤོར་གྱིས་སྤུན་ཟླ་ནང་ཁུལ་འཛིང་རྩོད་ཤོར་བ་དེེ་རེད། འདི་དག་ནི་སྡང་དགྲ་བོས་གོ་ན་ཁོག་དགོད་ཤོར་ཞིང་། གཉེན་ཕུ་ནུས་རིག་ན་མིག་ཆུ་འཐོར་དགོས་པའི་དགྲ་དགའ་གཉེན་སྡུག་གི་བྱ་ངན་བསུབ་ཏུ་མེད་པ་དག་དག་རེད།

མ་གཞི་སུམ་ཅུའི་དུས་དྲན་ནི། མེ་མདའི་ཁ་འོག་ནས་བཞུད་ཟིན་པའི་སྤུན་ཟླ་རྣམས་ལ་མྱ་ངན་རྗེས་དྲན་དང་། རྒྱ་དམར་དགྲ་བོ་ལ་ང་ཚོ་འདས་པོ་ཚོའི་ཁ་ཆེམས་དང་དམིགས་ཡུལ་ཆེད་ད་དུང་གསོན་ཡོད་ཅེས་བརྡ་ལན་སྤྲད་པའི་ཉི་མ་གཅིག་ཡིན། ལོ་གཅིག་གི་ཉི་མ་གཅིག་པུ་དེ་ཡིན། ཉི་མ་གཅིག་གི་ལས་འགུལ་ཙམ་ལ་ཕུ་ནུའི་ངོ་གདོང་རླུང་ལ་བསྐུར་ཞིང་། སྙིང་ཆུང་དམར་པོ་མེ་ལ་སྲེག་དགོས་ཐུག་ན། ང་ཚོས་ཉི་ནག་ཟླ་ལ་བགྲང་། ཟླ་ནག་ལོ་ལ་མཐུད་ནས་རྒྱ་ནག་པོའི་སྲིད་གཞུང་ལ་ཁ་གཏད་ཇི་ལྟར་བཀྱག་ཨང་སོམས་དང་བོད་པ་ཚོ།

དེ་ཚོར་བསམ་ཞིང་བསམ་ཞིང་སྐྱོ་ཡོང་བ་གཅིག་ནི། ང་ཚོར་༧གོང་ས་མཆོག་གིས་གོང་ནས་དམངས་གཙོ་གནང་ཤེས་ཡོད་ཀྱང་། ང་ཚོས་འོག་ནས་ད་དུང་དམངས་གཙོ་ལེན་མ་ཤེས་པ་དེ་རེད། རྒྱུ་མཚན་དམངས་གཙོ་ཟེར་བ་ནི། འདྲ་མིན་ལྟ་བ་མཉམ་རུབ་ཀྱི་གུ་ཡངས་སྤྱི་ཚོགས་ཤིག་དང་། གཞུང་གི་ངོས་ནས་གཙོ་བོར་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་གུས་བརྩི་དང་བསྟུན་ཤེས་དགོས་པ་དེ་རེད། ཁ་གསལ་དུ་བཏང་ན། མང་ཚོགས་ལ་སྨྲ་བརྗོད་རང་དབང་ཡོད་དགོས་པ་དེ་ཡིན།

སྨྲ་བརྗོད་རང་དབང་ཞེས་པ་ནི། མི་རིགས་དང་རྒྱལ་ཁབ་ཆེད། མི་བུ་རང་ཉིད་ཀྱི་ལྟ་ཚུལ་གང་ཡོད་པ་དེ་ངག་ནས་བརྗོད་དེ་ངོ་རྒོལ་སྐད་འབོད། སྒྱུ་རྩལ་རི་མོའི་ལམ་ནས་འབྲི་བཞེངས། གློག་བརྙན་འཕྲིན་བརྒྱུད་ནས་ཁྱབ་སྤེལ་ཆོག་པ་བཅས་ཡིན། དྲང་པོར་བཤད་ན། ང་ཚོས་དེ་དག་གི་གནད་ཀ་མ་ཤེས་པ་དང་། ཤེས་ཀྱང་ཁྱད་གསོད་བྱས་པའི་མཇུག་འབྲས་ལས་དུས་ད་ལྟ་ཡང་ང་ཚོའི་རྒྱལ་ཁབ་འདི་ཟུངས་ཟད་ཀྱི་ནད་པ་ལྟ་བུར་གྱུར་པ་རེད།

ད་དུང་ངོ་རྒོལ་ཁྲོམ་སྐོར་བྱེད་སྟངས་ལ་བལྟས་ན། རྒན་རྒོན་ཕོ་མོ་འགའ་གྲྭ་པ་ཨ་ནེ་ཚོས་ལམ་སྣེ་ཁྲིད་དེ་བྱང་ཆུབ་སེམས་མཆོག་འདོན་བཞིན་འཛུམ་ཉིལ་ལེར་གཞུང་ལམ་ལ་འགྲོ་བ་ནི། ང་རང་བསམ་བློའི་ནམ་མཁའ་དོག་དྲགས་པས་ལོས་ཡིན་ཏེ། ཆོས་ལུགས་ཀྱི་བྱེད་སྒོ་རེའི་ཁོངས་སུ་སོང་ན་མ་གཏོགས། རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་འགྲོ་བ་ནི་དེ་བས་མ་མཐོང་། མི་མཐོང་། མཐོང་བར་མི་འགྱུར། ཁྲོམ་སྐོར་བ་ཡིན་ན་ཡང་དང་པོ་མ་སོང་ན་ལྕག་གིས་དེད་ནས་ཡོང་མཁན་སུ་ཡང་མེད་པས་རང་དབང་ཡིན་མོད། གལ་སྲིད་ལས་འགུལ་ལ་འཛུལ་ཞུགས་བྱས་རྗེས་ཕྱི་ཡུལ་མི་ཚོའི་མདུན་ངུ་མ་ཐུབ་ན་དགོད་ནས་འགྲོ་བ་ནི་འདས་པོ་ཚོའི་རྣམ་ཤེས་ལ་གུས་བརྩི་མེད་པ་དང་། མིས་འཕྱ་རང་དཀའ་ལས་ཅི་ཡང་མེད་པས་བསམ་བློ་སྔོན་ནས་གཏོང་དགོས་པ་གལ་ཆེན་ནང་གི་དོན་ཆེན་ཆགས་ཡོད།

ངས་འདི་ལྟར་བཤད་དུས་ཁྱོད་ཚོས་ལྟས་ངན་འདི་ནི་རང་བཙན་མ་གཏོགས་དབུ་མའི་ལམ་ཁྱོན་ནས་ཁས་ལེན་མཁན་ཞིག་རེད་མི་འདུག་ཨ་སྙམ་སྲིད་མོད། ང་ནི་ཞི་བ་ཆད་མཐའ་དོང་ལ་ལྷུང་སྟེ་དབུ་མའི་ལམ་ཁོ་ན་ལས་གཞན་བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ཤེས་མེད་ཅེས་ཟབ་མདོ་དགུ་ཟློག་འདོན་མཁན་མིན་ལ། དྲག་པོ་རྟག་མཐའ་རི་བོར་འཛེགས་ཏེ་བོད་ཀྱི་ལོ་རྒྱུས་རྒྱལ་རབས་གང་ལ་གཏུགས་ཀྱང་རང་བཙན་རང་དགོས་ཞེས་ཤི་འཐམ་རོ་འཐམ་བྱེད་མཁན་ནི་དེ་བས་མིན།

འོ་ན་ང་ལ་ཅི་དགོས་ཤེ་ན། བདག་ལ་དགོས་པ་དབུ་མའི་ལམ་ཡིན་ལ་རང་བཙན་ཡིན། འདི་གཉིས་ནི་བོད་ཀྱི་དཀའ་རྙོག་སེལ་བར་ཁ་འབྲལ་དུ་མེད་པའི་ཐབས་ཤེས་རྨད་དུ་བྱུང་བའི་བདེན་གཉིས་ཟུང་འཇུག་གི་ལམ་བུ་དེ་ཡིན། དེས་ན་བདག་ལ་ད་དུང་དེ་དག་འཛིན་སྐྱོང་བྱེད་མཁན་བོད་མིའི་སྒྲིག་འཛུགས་དགོས་ལ་གཞོན་ནུ་ཚོགས་པ་ཡང་དགོས། མ་ཟད་འཛམ་གླིང་ཞི་བདེའི་དེད་དཔོན། ༧གོང་ས་སྐྱབས་མགོན་ཆེན་པོ་དགོས་ལ། མེས་པོ་རལ་པ་ཅན་གྱི་བླ་བུ། སྐུ་ཞབས་འཇམ་དབྱངས་ནོར་བུ་ཡང་དགོས་ཞེས་པ་དེའོ།། །།

བསམ་ཚུལ།

Post navigation

Previous Post: ཀྲུའུ་ཝེ་ཆོན་གྱི་བཟི་གཏམ།
Next Post: ༢༠༡༥ ལོའི་དམིགས་བསལ་སློབ་ཡོན་རོགས་དངུལ་གསལ་བསྒྲགས།

Comments (6) on “དོན་དམ་པར་ང་ཚོས་ངོ་རྒོལ་ཞིག་བྱས་མྱོང་ཡོད་དམ།”

  1. ཆོས་འཕེལ་དར་རྒྱས་ says:
    2015-03-15 at 10:55 am

    གཅིག་མ་གཏོགས་གཉིས་སྤྲོད་རྒྱུ་མིན། ཧམ་པ་ཆེ་བ་ལ།

  2. གངས་ཕྲུག། says:
    2015-03-15 at 11:04 am

    བློ་ཁོག་ཡངས་པའི་སྐད་ཆ་རེད། བློ་རྩེ་རྣོ་བའི་གླེང་མོ་རེད།

  3. ཁྱུང་སེ། says:
    2015-03-15 at 12:01 pm

    རྩོམ་དུས་ལ་བབས་པའི་སྐད་ཆ་རེད་་་་ཚིག་གི་སྦྱོར་བ་ལེགས་ཤིང་དོན་གྱི་གནད་ལ་འཁེལ་བའི་རྩོམ་ཞིག་ཏུ་འདུག ཐུགས་རྗེ་ཆེ་གང་ལྟར་ང་ཚོའི་སྒྲིག་འཛུགས་འདི་ནི་ཆབ་སྲིད་ཀྱི་སྒྲིགས་འཛུགས་ཞིག་ཏུ་འདོད་ཀྱང་ལག་ཏུ་ལེན་རྒྱུ་ནི་ཆོས་ལས་མེད། མ་གཞི་ནས་ང་ཚོའི་འཐབ་རྩོད་ནི་རང་གི་སྐད་ཡིག་དང་ཆོས་ལུགས་འདི་ཉིད་མི་ཉམས་པའི་ཆེད་དུ་ཙམ་རེད་འདུག དེ་ལྟར་ན་ཆོས་ཁས་མི་ལེན་མཁན་དང་ཤཀྱ་འི་ཆོས་ལུགས་ལ་དད་པ་མི་བྱེད་མཁན་གྱི་བོད་རིགས་ཆོས་ལུགས་པ་དེ་དག་ལ་མཐོང་ཆུང་དང་སྣང་མེད་དུ་གཏོང་བའི་བྱུས་ངན་རང་རེད། ད་ཡོང་རྒྱུ་འདི་ལས་ཅི་ཡོད།

  4. གཡག says:
    2015-03-15 at 3:58 pm

    ཚིག་གི་སྦྱོར་བ་ལེགས་པ། དོན་གྱི་གནད་འདུས་པ། གོང་འོག་འགྲོས་མཉམ་པ། སྙན་ལ་གོ་བདེ་བ། ཚིག་ཉོག་གི་ཆ་དབེན་པ། བརྗོད་གཞི་དང་མཐུན་པའི་སྙན་ཚིག་ལྡན་པའི་རྩོམ་ལེགས་པོ་ཞིག་འདུག་པས་སྙིང་ནས་རྗེས་སུ་ཡིད་རང་ཞུ།

  5. ཚ་ཕྲུག་རྒྱལ། says:
    2015-03-15 at 6:26 pm

    ཚིག་སྦྱོར་དང་བརྗོད་བྱའི་གང་ཐད་ནས་དེང་སྐབས་བོད་པ་ཚང་ལ་དགོས་རྒྱུ་དེ་རེད་འདུག། དཔྱོད་གླེང་འདི་ལྟ་བུ་རིགས་ལ་དོ་སྣང་དང་བློ་ཁ་ཕྱོགས་པ་དགོས།

  6. གངས་ལྡོམ། says:
    2015-03-16 at 11:56 pm

    བོད་པ་འགའ་རེ་ཡིས་རྒྱ་དམར་གུང་ཁྲན་ལ་མགོ་གུག་གུག་དང་ལྕེ་ནར་ནར་བྱས་ན། ད་གཟོད་ང་ཚོ་བོད་ལ་རང་སྐྱོང་གནང་གི་རེད་བསམ་པ་ནི། སྟོང་བསམ་མམ་རྨི་ལམ་ཁོ་ན་ཙམ་ལས་གཞན་རེ་བ་གང་ཡང་མེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme