Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་དམ་པའི་ཆོས་ལུགས་ཀྱི་མཛའ་མཐུན་ལ་ཁ་ཕྱོགས་པ།

Posted on 2015-04-192015-04-19 By ཁ་བརྡ་ 1 Comment on དོན་དམ་པའི་ཆོས་ལུགས་ཀྱི་མཛའ་མཐུན་ལ་ཁ་ཕྱོགས་པ།

༸གོང་ས་ཏཱ་ལའི་བླ་མ་མཆོག
རིགས་སློབ། གོང་དཀར་ངག་རྣམ་གྱིས་བསྒྱུར།

 
དོན་དམ་པའི་ཆོས་ལུགས་ཀྱི་མཛའ་མཐུན་ལ་ཁ་ཕྱོགས་པ།
TOWARDS THE TRUE KINSHIP OF FAITHS
འཛམ་གླིང་ཐོག་གི་ཆོས་ལུགས་དབར་མཛའ་འབྲེལ་ཇི་ལྟར་སྐྲུན་ཐབས།
How to world’s religions can come together

 

སྔོན་གླེང་།

བགྲང་བྱ་ལྔ་བཅུའི་ཡར་སྔོན་དུ་ལོ་ངོ་ཉི་ཤུ་རྩ་བཞིར་སོན་པའི་ངོས་རང་ཕྲག་སྟེང་དུ་མེ་མདའ་ཞིག་ཁུར་ཏེ་བོད་ཀྱི་རྒྱལ་ས་ལྷ་སའི་ནོར་བུ་གླིང་ཁ་ནས་ཐོན་པ་ཡིན། སྐུ་སྲུང་བ་ཞིག་ཡིན་པ་ལྟ་བུར་ཕྱུ་པ་ཞིག་གྱོན་པ་དང་མིག་ཤེལ་ཡང་བཏགས་མེད། ཚོ་ཁག་ཆུང་ཆུང་ཞིག་དང་ལྷན་དུ་ངས་རང་དབང་གི་སླད་དུ་གྲོང་ཁྱེར་དེ་ནས་གསང་བྲོས་བྱས་པ་དང་། རྒྱ་གར་ནང་སྐྱབས་བཅོལ་ཆེད་འགྲུལ་བཞུད་བྱེད་འགོ་བཙུགས་པ་ཡིན། ཆབ་སྲིད་ཀྱི་ཁོར་ཡུག་དེས་ངོས་རང་སྐྱབས་བཅོལ་ནང་སླེབ་ཏུ་བཅུག་ནས་ད་ལྟ་ཕྱིར་ལོག་མ་ཐུབ་པར་གནས་མུས་ཡིན། ༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༧ གྱི་མཚན་མོ་དེ་ནས་བཟུང་ང་ཚོའི་གནས་སྟངས་རྣམས་ཕལ་ཆེར་བསམ་ཡུལ་ལས་འདས་ཤིང་ཨེ་ཤེ་ཡའི་གླིང་ཕྲན་བརྒལ་ཏེ་ཕྱིར་སྐྱོད་བྱེད་མྱོང་མེད་པའི་བོད་པའི་བཙུན་པ་ཞིག་གི་སྣང་ཚུལ་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད། དྲ་རྒྱ་དང་། གློག་འཕྲིན། སྔོན་ཐོན་པར་ཆས། ཕྲ་རྫས།(genome) གཉན་ནད་རེག་དུག གོ་ལ་གཅིག་གྱུར། ཨཡེ་པོ་ཌི།(ipod)སོགས་དེང་སང་ཡོངས་གྲགས་སུ་གྱུར་པ་དངོས་པོ་དག་གི་ཐ་སྙད་ཙམ་ཡང་དར་མེད། ད་ལྟ་ང་ཚོ་གནས་སའི་འཛམ་གླིང་འདི་ནི་དངོས་གནས་གོ་ལ་གཅིག་གྱུར་གྱི་ངོ་བོར་གནས་ཡོད།

unnamed-5

འཛམ་གླིང་གི་རྒྱལ་ཁབ་སུ་འདྲ་ཞིག་ཀྱང་འཕྲུལ་ཆས་གསར་ཐོན་དང་། ཁོར་ཡུག་གི་ཉེན་ཚབས། གོ་ལ་གཅིག་གྱུར་གྱི་ལམ་ལུགས་ལས་བྱུང་བའི་དེང་རབས་དཔལ་འབྱོར། དངུལ་ཁང་གི་ལས་དོན། སྟབས་བདེའི་འབྲེལ་ལམ། དྲ་ཚིགས་སོགས་དང་འབྲེལ་བ་མ་བྱས་པར་སྡོད་ཐབས་མེད། མ་ཟད་སྐྱབས་བཅོལ་བ་དང་ཡུལ་སྐོར་སྤྲོ་འཆམ་པ་གཉིས་ཀའི་བསམ་ཚུལ་དང་མིའི་དབར་གྱི་འགྱུར་བའི་རླབས་དེས་འཛམ་གླིང་ནང་གི་རིག་གཞུང་མང་པོའི་ཁྲོད་དུ་སྔར་བྱུང་མྱོང་མེད་པའི་འབྲེལ་ལམ་དང་མཐུན་འབྲེལ་དམ་ཟབ་བསྐྲུན་ཡོད། འཛམ་གླིང་གི་ཆ་ཤས་གཅིག་ཏུ་བྱུང་བའི་ཤུགས་རྐྱེན་དེས་ཕྱོགས་གཞན་དུའང་བདེ་བླག་ངང་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་ལྟར་མིན་པའི་གནས་ཤིག་གང་དུའང་མེད། དེ་སྔོན་ང་ཚོས་སྟབས་བདེའི་ངང་ནས་ཞི་མཐུན་མཉམ་གནས་བྱེད་ཐུབ་ཀྱི་ཡོད། རྡུལ་ཕྲན་མཚོན་ཆའི་དུས་སྐབས་འདིའི་ནང་འབྱུང་བཞིན་པའི་རྒྱལ་སྤྱིའི་དྲག་སྤྱོད་རིང་ལུགས་དང་། དཔལ་འབྱོར་གྱི་འགྱུར་ལྡོག ཁོར་ཡུག་གི་གནད་དོན་དག་ནི་འདས་པའི་དུས་སྐབས་ལས་ཛ་དྲག་ཏུ་གྱུར་ཡོད། ང་ཚོའི་སྔོན་གྱི་དུས་སྐབས་དེ་ནི་སྟབས་བདེ་པོའི་ཐོག་ནས་ཞི་བའི་ཐོག་ནས་མཉམ་གནས་བྱུང་ཡོད། ཞི་མཐུན་མཉམ་གནས་ཀྱི་གནད་དོན་འདི་ནི་དུས་རབས་ཉེར་གཅིག་ནང་གི་མིའི་རིགས་ཀྱི་བསྒྲུབ་བྱའི་ལས་དོན་ལས་ཤེས་རྟོགས་ཡོང་གི་རེད་བསམ་གྱི་འདུག ༡༩༣༠ ལོའི་འགོ་སྟོད་དུ་རྒྱ་གར་གྱི་དེང་རབས་འཆར་སྣང་རིང་ལུགས་པ་རོ་བྷིན་ད་རཱ་ན་ཐ་ཁྲད་གོར་(Rabindranath Tagore)གྱིས་དཀའ་ངལ་དེ་གསལ་པོ་གཟིགས་ཡོད། ཁོང་གིས་(Oxford)ལ་གནང་བའི་གཏམ་བཤད་ནང་འདི་ལྟར་གསུངས་ཡོད།

འགྲོ་བ་མིའི་རིགས་རྣམས་ཀྱིས་རང་ཉིད་ཀྱི་གནའ་བོའི་ཁྱད་དུ་འཕགས་པའི་མཁར་རྫོང་དག་ལ་ནམ་ཡང་ཕྱིར་ལོག་བྱེད་ཐུབ་ཀྱི་མ་རེད། ད་ལྟའི་ཆར་ཁོང་ཚོ་ཕན་ཚུན་ཕྱིའི་འཇིག་རྟེན་དང་ནང་གི་བསམ་བློ་གཉིས་ཀའི་ཆ་ནས་ཛ་དྲག་གི་ངང་དུ་གནས་ཡོད། དུས་ཡུན་རིང་པོར་བདེ་འཇགས་ལྡན་པ་དང་། བཅོས་མའི་བརྒྱུད་རིམ་ལ་མ་བརྟེན་པར་སླར་གསོ་བྱེད་ཐུབ་པའི་སྡོད་གནས་ཀྱི་སྒྲོམ་གཞི་དག་ཞིག་རལ་དུ་འགྱུར་བཞིན་ཡོད། ང་ཚོས་རང་ཉིད་ཀྱི་བསམ་བློ་དྲིལ་བསྒྲགས་ཀྱི་འཕོ་འགྱུར་ལྡན་པའི་ཁོར་ཡུག་འོག་ཏུ་མ་ཚུད་པ་དང་། མི་ཚེའི་རང་དབང་ཤུགས་ཆེའི་ཐོག་ནས་ང་ཚོས་ཉེན་ཁ་དེ་དག་བརྒྱུད་དེ་འགྲོ་དགོས་ཀྱང་དངོས་ཡོད་ཀྱི་གནས་ཚུལ་འདི་ཁས་ལེན་བྱེད་དགོས་ཀྱི་ཡོད། འཆར་སྣང་འདི་དག་ནི་དོན་དངོས་དང་མཐུན་ཡོད།

འོན་ཏེ། ད་ལྟ་ང་ཚོར་འཕྲད་པའི་གནོན་ཤུགས་འདི་དག་ནི་(Rabindranath Tagore)གྱིས་འདི་འབྲི་བའི་དུས་སྐབས་ལས་ཛ་དྲག་ཆེ་བ་ཡོད། རིག་གཞུང་དང་ལྟ་ཚུལ་གཞན་དང་དེ་དག་གིས་དཔལ་འབྱོར་ཉམས་རྒུད་ལྟ་བུ་རྒྱལ་སྤྱིའི་གནད་དོན་ལ་ཤུགས་རྐྱེན་ཐེབས་པའི་དཀའ་ངལ་འདིས་བསྐྲུན་པའི་སེམས་ཀྱི་ངལ་གདུབ་ཁྲོད་མི་ཁ་ཤས་ཀྱིས་(clash of civilizations)གཡུལ་འགྱེད་ཀྱི་དཔལ་ཡོན་དུ་སྨྲས་པ་ནི་ཧང་སངས་རྒྱུ་ཞིག་མིན། ང་རང་སྒེར་ལ་ཆ་བཞག་ན་སྐད་ཆ་དེ་ལྟ་བུ་ནི་འགོག་རྐྱེན་དང་ཕན་ཐོགས་མེད་པར་མཐོང་གི་འདུག དེས་ནི་མི་མཐུན་པ་བཟོ་བའི་ནུས་པ་སྐྲུན་པ་ལས་གཞན་གང་ཡང་མིན། དེ་ལ་ཐབས་ལམ་གཞན་ཞིག་ཡོད། གོ་ལ་གཅིག་གྱུར་གྱི་ཛ་དྲག་དཀའ་ངལ་འདིས་མིའི་སྣ་ཚོགས་པའི་མིའི་རིགས་དང་། རིག་གཞུང་། སྐྱེ་བོ་སྒེར་རྣམས་གཞི་རྩའི་རང་བཞིན་ཐོག་ནས་འབྲེལ་ཐུབ་པའི་ས་གཞི་ཡངས་པོ་ཞིག་གི་ཕྱོགས་གཞན་ཞིག་ཏུ་སྒྱུར་ཐུབ། ས་གཞི་དེའི་ནང་དུ་ང་ཚོ་འགྲོ་བ་མི་རྣམས་ཀྱིས་འཕྲད་བཞིན་པའི་དཀའ་ངལ་གྱི་ངོ་བོ་ངོས་འཛིན་དང་། དཀའ་ངལ་དེ་དག་མཉམ་མྱོང་བྱ་རྒྱུའི་ཐུན་མོང་གི་འོས་འགན་ངོས་འཛིན་རྒྱུ་དང་། ང་ཚོ་ནི་འགྲོ་བ་མིའི་རིགས་ཀྱི་ཁྱིམ་ཚང་གཅིག་ལྟ་བུའི་འདུ་ཤེས་འཛིན་རྒྱུ་བཅས་སྲིད་པ་རེད།

གལ་སྲིད་ང་ཚོས་དེ་ལྟར་བྱེད་མ་ཐུབ་ཚེ་སེམས་ཅན་གྱི་འཚོ་གནས་ཉེན་ཁར་ཐུག་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་དུ་ཞི་མཐུན་མཉམ་གནས་ཡོང་མིན་ཐད་ཀྱི་གནད་དོན་གྱི་ཕྱོགས་གཅིག་ནི་འཛམ་གླིང་གི་ཆོས་ལུགས་དབར་གྱི་འབྲེལ་བ་དེ་ཡིན། འདས་པའི་དུས་ཡུན་ནང་ཆོས་ལུགས་མི་འདྲ་བའི་དབང་གིས་འཁོན་འཁྲུག་བྱུང་བ་དེ་འགྱོད་གདུང་སྐྱེ་གཞིར་གྱུར་ཡོད་ཀྱང་དེས་སའི་གོ་ལའི་མ་འོངས་པའམ་མ་འོངས་པའི་མི་རབས་ཀྱི་འཚོ་གནས་ལ་འཇིགས་སྐུལ་བྱས་མེད། ད་ལྟའི་གོ་ལ་གཅིག་གྱུར་གྱི་ནང་ཕྱོགས་སུ་ལྷུང་བ་རྣམས་ཀྱིས་ཕོན་ཆེ་བའི་འཕྲུལ་ཆས་ཀྱི་མཐུན་རྐྱེན་སྐྲུན་ཡུལ་དུ་གྱུར་པ་དང་དེ་ཆོས་ལུགས་ཀྱི་ཤུགས་ཆེའི་འདུ་ཤེས་ཐོག་བེད་སྤྱོད་གཏོང་སྲིད་པའི་ནང་རྒྱུ་རྐྱེན་ཆུང་ཚགས་ཤིག་གིས་ཀྱང་འབྲེལ་ལམ་ལ་གནོད་སྐྱོན་བྱེད་སྲིད་པ་རེད། ཆོས་ལུགས་ལ་དད་མོས་བྱེད་མཁན་ཚོའི་མདུན་དུ་ལྷག་པའི་གནད་དོན་ནི་རང་ཉིད་ཀྱི་ཆོས་དད་ལས་ལྷག་པར་གཞན་གྱི་ཆོས་ལུགས་ཀྱི་གལ་གནད་བརྩི་བཀུར་བྱེད་རྒྱུ་དེ་ཡིན། འདི་ནི་ཁས་ལེན་དུ་རུང་བའི་ཆོས་ལུགས་འདྲ་མིན་ཀུན་གྱི་ནུས་སྟོབས་ཡིན། རང་ཉིད་ཀྱི་ཆོས་ལུགས་གཅིག་པུ་ཉིད་ལུགས་མཐུན་ཡིན་པ་དང་། འཐད་འཛིན་གྱི་ལྟ་བའི་དབར་གྱི་ཚུལ་ནི་གུ་དོག་པའི་བསམ་བློ་ཞིག་ཡིན། འཐད་འཛིན་དང་ཕྱོགས་ལྷུང་གི་ལྟ་བ་ཡང་དེ་ལས་གུ་དོག་ཏུ་གྱུར་ཡོད།

འཛམ་གླིང་གི་ཆོས་གཙོ་ཆེ་བ་ཁག་གི་རྗེས་འབྲང་པ་སྒེར་སོ་སོས་ཆོས་ལུགས་གཞན་དག་ལ་རང་ཉིད་ཀྱི་ལྟ་ཚུལ་གང་འདྲ་ཡོད་མེད་དྲི་བ་གཏོང་རྒྱུའི་དུས་ཚོད་ལ་བསླེབས་ཚར་ཡོད། ང་ཚོ་ཆོས་ལུགས་ཀྱི་རྗེས་འབྲང་པ་རྣམས་ལ་ཆོས་ལུགས་གཞན་གྱི་ཐོག་ལ་གུས་བརྩི་ཚད་དང་ལྡན་པ་མེད། དགུ་པའི་བཅུ་གཅིག་གི་དོན་རྐྱེན་རྗེས་ནས་ད་ལྟ་འཛམ་གླིང་ནང་གི་ཆོས་ལུགས་ཀྱི་རྨོངས་ཞེན་འདི་ནི་མི་སྒེར་གྱི་ལྟ་ཚུལ་ཞིག་མིན་པར་དེ་ལ་སྤྱི་ཡོངས་ཀྱི་ཚེ་སྲོག་ལ་ཤུགས་རྐྱེན་ཐེབས་པའི་ནུས་པ་ལྡན་ཡོད། ངས་འཛམ་གླིང་གི་ཆོས་ལུགས་དབར་གོ་རྟོགས་དང་མཐུན་འབྲེལ་གྱི་ནང་དོན་དེ་ནི་ཡང་དག་པའི་འཛམ་གླིང་ཞི་བདེའི་ཆེད་དུ་སྒྲུབ་རྒྱུའི་དགོས་ངེས་ཀྱི་ཆ་རྐྱེན་གཅིག་ཡིན་པ་དེ་རེད། འདས་ཟིན་བགྲང་བྱའི་ནང་ངས་རང་ཉིད་ཀྱི་རྩ་དོན་གསུམ་ཡོད་པ་དེ་ཤེས་ཀྱི་ཡོད། འདི་དག་ནི་ངའི་དམིགས་ཡུལ་ཡིན་ཟེར་ནའང་ཆོག

དང་པོ་ནི། ངོས་རང་མི་ཞིག་ཡིན་པའི་ངོས་ནས་མིའི་གཞི་རྩའི་རིན་ཐང་དར་སྤེལ་གཏོང་རྒྱུར་ཆོད་སེམས་སྐྱེད་ཀྱི་ཡོད། དེ་ཡང་མིའི་བདེ་སྐྱིད་ཀྱི་གཞི་རྩར་གྱུར་པ་གཙོ་བོ་སྙིང་རྗེའི་ཐོག་ནས་ཡིན། ང་ཚོའི་སེམས་རྒྱུད་ཀྱི་སྙིང་རྗེའི་ས་བོན་འདི་གོང་སྤེལ་གཏོང་བ་དང་། འདིའི་ལྷན་སྐྱེས་ཀྱི་ནུས་པའི་ཐོག་ནས་བྱ་བ་སྒྲུབ་རྒྱུ་དག་ནི་བདེ་སྐྱིད་ཀྱི་གཞི་རྩའི་རེ་འདུན་སྒྲུབ་ཆེད་ཀྱི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། བརྩེ་བ་དང་སྙིང་རྗེ་འམ་ཡང་དོན་དམ་པའི་བདེ་སྐྱིད་གཉིས་ཀྱི་དབར་ལ་འབྲེལ་བ་དམིགས་བསལ་ཞིག་ཡོད་རེད། ཕྱོགས་གཞན་ཞིག་ནས་དབུལ་ཕྱུག་དང་། ཤེས་ཡོན་ཅན་ཡིན་མིན། ཆོས་དད་ཡོད་མེད། རྒྱལ་ཁབ་སོགས་ཀྱི་དབྱེ་མཚམས་མེད་པར་ང་ཚོས་དགོས་ངེས་ཅན་དུ་གྱུར་པའི་སྙིང་རྗེ་དང་ལྷན་སྐྱེས་ཀྱི་འབྲེལ་བ་ཞིག་ཆགས་ཡོད།
འདི་ནི་མི་ཚང་མའི་རྒྱུད་དུ་སྐྱེས་ཙམ་ཉིད་ནས་རང་ཆས་སུ་གྲུབ་ཡོད། ང་ཚོའི་མི་ཚེའི་ཉི་མ་ཐོག་མ་ཉིད་ནས་རང་ཉིད་ཀྱི་མའམ་ཡང་ན་བལྟ་སྐྱོང་བྱེད་མཁན་གཞན་གྱི་བརྩེ་བར་མཐའ་གཅིག་ཏུ་བརྟེན་ནས་ཡོད། གལ་ཏེ་ང་ཚོས་དོ་འཁུར་དང་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་སྐྲུན་རྒྱུར་དོ་གལ་ཆེན་པོ་བྱེད་ཀྱི་ཡོད་ན་དམ་འཛིན་དང་ལག་ལེན་དུ་བསྐྱལ་རྒྱུ་ནི་དམིགས་བསལ་གྱི་ཁྱད་ཆོས་འདི་ཡིན།

ངའི་རྩ་དོན་གཉིས་པ་ནི། ཆོས་ལུགས་ཀྱི་རྗེས་འབྲང་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་གོ་རྟོགས་དང་མཛའ་མཐུན་སྤེལ་རྒྱུ་དེ་ཡིན། སྔར་ནས་འབྲི་འདོད་ཡོད་པའི་དེབ་འདིའི་གཞི་རྩའི་དམིགས་ཡུལ་ནི་རྩ་དོན་འདིའི་ཆེད་དུ་ཡིན། ངའི་མཐའ་མའི་རྩ་དོན་ནི། རང་ཉིད་བོད་པ་ཞིག་དང་། ཏཱ་ལའི་བླ་མ་ཡིན་པའི་ཆ་ནས་བོད་ཀྱི་དཀའ་རྙོག་ཐད་བདེ་སྐྱིད་ལྡན་པ་ཞིག་དང་། འདོད་པ་ཚིམ་པའི་ཐབས་ལམ་ཞིག་འཚོལ་རྒྱུ་དེ་ཡིན།

༼མུ་འགོད་བྱ་རྒྱུ།༽

འགྱུར་རྩོམ།

Post navigation

Previous Post: འགན་འཁྲིས་དེད་པའི་ལྟ་ཚུལ་ནར་མ།_(གོམས་གཤིས་ཀྱི་ན་ཚ་ནི་མི་རིགས་ཀྱི་གཤེད་མ་ཡིན།)
Next Post: ཁ་བཏགས་ཐོག་མར་གསར་བཏོད་བྱེད་མཁན་བོད་མི་རིགས་ཡིན།

Comment (1) on “དོན་དམ་པའི་ཆོས་ལུགས་ཀྱི་མཛའ་མཐུན་ལ་ཁ་ཕྱོགས་པ།”

  1. གོང་དཀར་ངག་རྣམ། says:
    2015-05-24 at 12:17 am

    ༸གོང་ས་མཆོག་གིས་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཁག་གིས་ནུས་པ་མཉམ་དུ་སྤུངས་ཐབས་ཐད་ཀྱི་དགོས་ཚུལ་ཇི་ལྟར་ཡོད་རྒྱུས་ལོན་བྱེད་དགོས་ན། དཔེ་དེབ་འདི་ནི་མ་ཀློག་ཀ་མེད་ཆགས་པའི་ཚོར་སྣང་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme