Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་དམ་གྲོས་མོལ་དེ་སུས་མཚམས་བཞག་པ་རེད་འདྲི་བཞིན་འདུག།

Posted on 2009-07-152009-07-15 By ཀླུ་ 1 Comment on དོན་དམ་གྲོས་མོལ་དེ་སུས་མཚམས་བཞག་པ་རེད་འདྲི་བཞིན་འདུག།

བལྟོས་ར་་་་་དོན་དམ་གྲོས་མོལ་དེ་སུས་མཚམས་བཞག་པ་རེད་འདྲི་བཞིན་འདུག། འདི་འདྲ་བགྲོ་བྱེད་ཐུབ་ན་རིན་ཐང་འདུག།

༄༅།།ཕྱོགས་གཉིས་ཀྱི་གྲོས་མོལ་དེ་སུ་ཞིག་གིས་མཚམས་བཞག་པ་རེད།
2009-06-29   བོད་ལྗོངས་ཉིན་རེ་ཚགས་པར།
ཉེ་ལམ་ཀྲུང་གོ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་གསར་འགོད་པའི་མཇལ་འཕྲད་ཚོགས་འདུ་ཞིག་གི་སྟེང་དུ། རྒྱལ་ཕྱིའི་གསར་འགོད་པ་རྣམས་ལ་ཀྲུང་གོའི་སྲིད་གཞུང་གིས་ཏཱ་ལའི་བླ་མར་གྲོས་མོལ་བྱེད་པའི་ཁྲོད་དུ་བྱུང་བའི་གནད་དོན་རྣམས་དག་འབྱིན་བྱས་པ་རེད། ཉིན་འགའི་རྗེས་སུ་ཏཱ་ལའི་བླ་མའི་ཡུལ་གྱར་སྲིད་གཞུང་གི་འགོ་གཙོས་ལན་བཏབས་པ་ལྟར་ན།ཨ་རིར་སྡོད་པའི་ཏཱ་ལའི་བླ་མའི་ཆེད་མངག་ཕོ་ཉ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཀྲུའུ་ཝེ་ཆུན་མི་སྒེར་ལ་མཚང་འབྱིན་བྱས་པ་རེད། ཕན་ཚུན་གྱི་གྲོས་མོལ་ལ་རིམ་གྱིས་དཀའ་ཁག་བྱུང་ཡོད་པའི་སྐབས་འདིར། ཏཱ་ལའི་བླ་མའི་ཕྱོགས་ཀྱིས་ཤར་དཀྲོག་ནུབ་རྡེག་གིས་ཁ་མཆུ་རྩོད་པ་སློང་འདོད་ཡོད་པ་ལྟར་དུ་སྣང་།
  ཀྲུང་དབྱང་སྲིད་གཞུང་དང་ཏཱ་ལའི་བླ་མའི་གྲོས་མོལ་མཚམས་བཞག་པའི་རྒྱུ་རྐྱེན་ངོ་མ་གང་ཡིན།
སུས་རྗེས་ཕྱོགས་ཀྱི་གྲོས་མོལ་བྱེད་མཚམས་བཅད་པ་ཡིན།ཡུལ་གྱར་བོད་མིའི་སྲིད་གཞུང་གི་བྱེད་སྟངས་གཅིག་གྱུར་མིན་པ།
 ༡༩༨༩ལོར།ཏཱ་ལའི་བླ་མས་ཀྲུང་གོས་སུའུ་ལེན་སྔོན་མ་བཞིན་དུ་མདོག་འགྱུར་ངེས་ཡིན་སྙམ་པའི་ནོར་འཁྲུལ་གྱི་བསམ་ཚུལ་ལ་བརྟེན་ནས་གྲོས་མོལ་བྱེད་མཚམས་བཞག་པ་ལས།ད་དུང་ཀྲུའུ་ཝེ་ཆུན་གྱིས་འདི་སྐད།༢༠༠༨ལོའི་ཟླ༡༡པར་ཕྱོགས་གཉིས་ཀྱི་གྲོས་མོལ་ཐེངས༩བའི་རྗེས་སུ། ཏཱ་ལའི་ཕྱོགས་ཀྱིས་ཡང་བསྐྱར་གྲོས་མོལ་བྱེད་མཚམས་བཞག་པ་རེད་ཅེས་གསུངས།
དོན་དེ་ཨ་རིར་སྡོད་པའི་ཏཱ་ལའི་བླ་མའི་ཆེད་མངག་ཕོ་ཉ་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་གཏན་ནས་ཁས་མི་ལེན་པ་མ་ཟད།བཤད་ཚུལ་དེ་ནི་དོན་དངོས་དང་མི་མཐུན་ཞེས་དང་།གྲོས་མོལ་བྱེད་མཚམས་འཇོག་པའི་སྐད་ཆ་ཞིག་ད་ལྟའི་བར་བཤད་མྱོང་མེད་ཅེས་བཤད་བྱུང་།དེ་དང་ཆབས་ཅིགཐེ་ཝན་དུ་སྡོད་པའི་ཡུལ་གྱར་སྲིད་གཞུང་གི་དོན་གཅོད་ཁང་གི་འཐུས་མིའམ་བོད་ཀྲུང་ཞི་བས་གྲོས་མོལ་གྱི་གྲ་སྒྲིག་ཚོགས་ཆུང་གི་ཁོངས་མི་ཟླ་བ་ཚེ་རིང་ལགས་ཀྱིས་ཀྱང་དེའི་སྐོར་ནས་སྐད་ཆ་བཤད་མོད།འོན་ཀྱང་ཁོས་ཀྲུའུ་ཝེ་ཆུན་ལ་ཁ་རྡུང་བཏང་བ་མི་གླེང་བ་དང་།དོན་ངོ་མ་ཡུལ་གྱར་སྲིད་གཞུང་གཅིག་པུའི་ཕྱོགས་ནས་གྲོས་མོལ་བྱེད་མཚམས་བཞག་པ་ཡིན་མིན་ཡང་མི་གླེང་བར།གྲོས་མོལ་བྱེད་པའི་དམིགས་ཡུལ་ནི་མཇུག་འབྲས་ཀྱི་ཕྱིར་དུ་ཡིན་པ་མ་གཏོགས་དུས་ཚོད་ཆུད་ཟོས་སུ་གཏོང་ཕྱིར་མིན་ཞེས་ལབ་བྱུང་།སྐད་ཆ་དེར་གཞིགས་ན་དུས་ཚོད་ཆུ་ཟོས་སུ་གཏོང་བའི་གྲོས་མོལ་མཚམས་འཇོག་འདོད་པ་ནི་སྨོས་མེད་རང་རེད།དོན་ངོ་མར་སུས་གྲོས་མོལ་བྱེད་མཚམས་བཞག་པ་ཡིན་པའི་གནད་དོན་དེར།ཡུལ་གྱར་སྲིད་གཞུང་ནང་ཁུལ་གྱི་ལན་འདེབས་ཚུལ་ད་དུང་གཅིག་མཐུན་བྱུང་མེད་པ་འདྲ།
སུ་ཞིག་གིས་རྫུན་ལབ་པ་ཡིན། ཡུལ་གྱར་སྲིད་གཞུང་གིས་བོད་ནས་རྒྱ་མི་དང་དམག་མི་ཕྱིར་འཐེན་དགོས་པའི་བཤད་ཚུལ་གཡོལ་གང་ཐུབ་བྱེད་པ།
 ད་ལོའི་ཟླ༣ཚེས༧ཉིན་ཀྲུང་གོའི་ཕྱི་འབྲེལ་པ་ཡང་ཅེ་ཁྲི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་འདི་སྐད། ཏཱ་ལའི་བླ་མས་ཀྲུང་གོའི་བོད་སྡོད་དམག་མི་དང་བོད་དུ་འཚོ་གཞིས་སུ་ཡོད་པའི་མི་རིགས་གཞན་དག་ཕྱིར་བསྐྲོད་འདོད་ཡོད་པ་རེད།དེའི་སྐོར་ཏཱ་ལའི་བླ་མས་ཡང་ཅེ་ཁྲིས་ཡིས་རྫུན་ལབ་པ་དང་།ཁོས་སྐད་ཆར་གཞི་འཛིན་ས་མེད་ཞེས་ཁ་རྡུང་ནན་མོ་བཏང་བ་རེད།
ཐེངས་འདིར་ཀྲུའུ་ཝེ་ཆུན་གྱིས་ཡང་བསྐྱར་བསྟན་དོན། ༡༩༨༧ལོར་ཏཱ་ལའི་བླ་མས་ཨ་རི་ནས་བོད་ལྗོངས་ཀྱི་ཞི་བདེའི་འཆར་འགོད་ལྔ་ཞེས་པ་དང་།༡༩༨༨ལོར་ཧྥ་རན་སིའི་སི་ཐེ་ལ་སི་པའོ་ནས་བསམ་འཆར་གསར་བ་བདུན་ཞེས་པ་བསྒྲགས་པའི་ནང་དུ། བོད་ནས་རྒྱ་མི་དང་རྒྱའི་དམག་མི་ཕྱིར་བསྐྲོད་དགོས་པའི་སྐད་ཆ་དེ་གསལ་བོར་བཀོད་འདུག
དེའི་ཡར་སྔོན་ལ་ཀྲུང་གོའི་ཙུང་ལི་ཝུན་ཅ་པའོ་ཡིས་དེའི་སྐོར་གྱི་ཡིག་ཆ་དྲངས་ནས་ཀུན་ལ་ར་སྤྲོད་བྱས་ཡོད་ནའང་། ཏཱ་ལའི་བླ་མ་དང་ཡུལ་གྱར་སྲིད་གཞུང་གིས་དེའི་ཐད་ལ་སྐད་ཆ་ནན་མོ་ཅི་ཡང་བཤད་མ་མྱོང་། རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཀྲུའུ་ཝེ་ཆུན་ལ་རྒོལ་ལན་འདེབས་སྐབས་ཀྱང་དེའི་སྐོར་གྱི་སྐད་ཆ་གཡོལ་ཅི་ཐུབ་བྱས་བྱུང་། སྔོན་ཞིག་ལ་ནོར་ཝེ་བོད་སྐད་རླུང་འཕྲིན་ནས་གསལ་བསྒྲགས་བྱས་པ་ལྟར་ན། ཡུལ་གྱར་སྲིད་གཞུང་གི་ལམ་ཕྱོགས་དེ་ནི་ད་ལྟ་ལག་བསྟར་བྱེད་པའི་ལམ་ཕྱོགས་དེ་མིན་ཚུལ་བརྗོད་པ་རེད།
དོན་དམ་དུ་སུ་ལ་དྲང་སེམས་མེད་པ་ཡིན། པེ་ཅིང་གིས་དང་ལེན་བྱེད་དཀའ་བའི་དྲན་ཐོ་ཞིག
ན་ནིང་གྲོས་མོལ་བྱེད་དུས། ཡུལ་གྱར་སྲིད་གཞུང་གིས་ཀྲུང་དབྱང་སྲིད་གཞུང་ལ་”བོད་མི་ཡོངས་ཀྱི་རང་སྐྱོང་གཙང་མ་བྱེད་པའི་དྲན་ཐོ”ཞིག་སྤྲད་མྱོང་བ་དེར་ཁ་བྲལ་གྱི་འདོད་བློ་མངོན་པར་གསལ་སྟབས།པེ་ཅིང་ཕྱོགས་ཀྱིས་ཁ་ཡ་གཏན་ནས་མ་བྱས།ཀྲུང་དབྱང་སྲིད་གཞུང་ལ་ཆ་མཚོན་ནས་བཤད་ན།ཁ་བྲལ་ཐད་ནས་གྲོས་མོལ་བྱེད་ས་གཅིག་ཀྱང་མེད། ཀྲུའུ་ཝེ་ཆུན་གྱིས་འདི་སྐད། ཀྲུང་དབྱང་སྲིད་གཞུང་གིས་རྣམ་འགྱུར་གསལ་བོར་བསྟན་རྗེས། ཏཱ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་དྲན་ཐོ་དེ་གྲོས་མོལ་གྱི་རྨང་གཞིར་བཟུང་ཡོད་པ་རེད། དེ་ནི་དྲང་སེམས་ཏིལ་འབྲུ་ཙམ་ཡང་མེད་པའི་མཚོན་རྟགས་ཤིག་རེད།གལ་ཏེ་ཏཱ་ལའི་ཕྱོགས་ཀྱིས་མུ་མཐུད་དུ་དྲན་ཐོའི་ནང་དོན་ལ་འཕྲི་སྣོན་གང་རུང་བྱས་ཏེ་ལམ་ཞིག་འཚོལ་འདོད་ཡོད་ཚེ།དེ་ལ་འབྲས་བུ་གང་ཡང་སྨིན་མི་སྲིད་ཅེས་བཤད་དོ།།

དཔྱད་རྩོམ།

Post navigation

Previous Post: གོང་ས་མཆོག་གི་སྐུ་པར་དཀོན་རིགས་ཤིག
Next Post: ཡིག་ནོར་དང་ལབ་གླེང༌།

Comment (1) on “དོན་དམ་གྲོས་མོལ་དེ་སུས་མཚམས་བཞག་པ་རེད་འདྲི་བཞིན་འདུག།”

  1. འཇའ་མཚོན་ཆུ་མིག says:
    2009-07-16 at 7:25 am

    ཁོ་རེ་ཀླུ་སྨྱོན་ཁྱོད་ཀྱིས་ཟླ་བ་གཅིག་འགྲོ་ལ་ཉེ་བའི་རྒྱ་ཕྱོགས་ཀྱི་སྨྱོ་རྫུ་དེ་འདིར་བཀོད་ན་ཅི་བྱེད་བསམ་པ་རེད། སྨྱོ་གཏམ་དེ་འདྲ་བ་བོད་ཡིག་ནང་དེ་ཙམ་ཡིན་པ་མ་གཏོགས་རྒྱ་ཡིག་གི་གསར་འགྱུར་མང་པོའི་ནང་གཅིག་མཇུག་གཉིས་མཐུད་དུ་བཀོད་འདུག་པ་མ་ཟད། ལྷག་པར་ཟླ་བ་སྔོན་མའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡོ་རོབ་རྒྱལ་ཁབ་ཁག་བཞིའི་ནང་དོན་དག་དེ་གའི་ཐོག་གནད་ཡོད་མི་སྣ་ཐུག་པར་སོང་འདུག དེ་ནི་གྲོས་མོལ་འདིར་མཚམས་བཞག་མིན་ལ་ཐུག་མེད་པར། གྲོས་མོལ་མཐའ་མའི་རྗེས་རང་ཚོའི་སྐུ་ཚབ་ནས་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་སྐོར་གྱི་བསམ་འཆར་ཞིག་ཕུལ་བ་དེས་གནད་ལ་ཕིགས་པ་ཞིག་བྱུང་སྟབས་གནད་དོན་དེའི་སྐོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་སུ་གླེང་སློང་ཤུགས་ཆེ་བྱུང་བཞིན་ཡོད་ལ། ད་ལྟ་རྒྱ་མིའི་བློ་དཀར་དང་ཏང་གི་འཐུས་མིའི་མི་སྣའི་གྲོས་བསྡུར་ནང་གླེང་སློང་་ཤུགས་ཆེ་བྱ་གི་ཡོད་བཟོ་འདུག་པས་གྲོས་མོལ་དེ་སུས་མཚམས་བཞག་མིན་ལ་ཁག་དཀྲི་བཏགས་རྒྱུ་འདི་མ་ཡིན་པར་རྒྱ་ནག་ག ཞུང་ལ་བློ་སྟོབས་མེད་རྐྱེན་གྲོས་མོལ་ལ་གདན་ཞུ་བྱ་ཐུབ་ཀྱི་མེད་པ་ཤེས་དགོས་ཀྱི་འདུག ཡིན་ནའང་ང་ཚོའི་ཕྱོགས་ནས་མ་འགྲིག་པ་གང་ཡང་མེད་པ་དེ་ཤེས་པ་བྱེད་དགོས། བཀའ་ཤག་གསར་པ་བསྐོས་རྗེས་གྲོས་མོལ་ཐེངས་མང་པོ་གནང་ཐུབ་པ་འདི་ནི་ཡར་རྒྱས་ཀྱི་་ཕྱོགས་སུ་འགྲོ་བ་ཞིག་ཀྱང་མཚོན་ཐུབ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme