Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༢)

Posted on 2020-08-282020-08-28 By ཁ་བརྡ 13 Comments on དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༢)

བཞག་ལྡོམ་ལྗང་ལོ།

ཁྲིམས་འགལ་བྱས་པ།

དང་པོ། ཋམ་གྱིས་བཤན་ན་ཁོ་ནི་ཧ་ཅང་ཚོང་ལས་རིག་པའི་གནས་ལ་མཁས་ཤིང་སུ་ཞིག་གིས་ཁོ་བོའི་ཚོང་ལས་ཀྱི་གསང་བའི་རིག་པ་བསླབ་ན། མི་བུ་དེ་ནི་མི་རིང་བར་རང་ཉིད་ལྟ་བུ་འབྱོར་བ་ལྡན་པའི་ཕྱུག་པོ་ཞིག་དུ་འགྱུར་ངེས་ཡིན་ཟེར།སྤྱི་ལོ་གཉིས་སྟོང་ལྔའི་ལོར་མཐོ་སློབ་ཁང་རྫུན་མའམ་སློབ་ཁྲིད་ཐོབ་ཐང་ལག་ཁྱེར Education License མེད་པའི་Trump University ཟེར་བའི་དྲ་བ་ཞིག་སྒོ་འབྱེད་བྱས་དེ་སློབ་མ་གང་མང་ཞིག་གི་ལག་ནས་སློབ་ཡོན་འབོར་ཆེན་བསྡུ་ལེན་བྱས་མོད་ཀྱང་། དོན་དངོས་སུ་ཋམ་གྱི་སློབ་ཆེན་རྫུན་མ་དེར་སློབ་ཚན་Curriculum དང་སློབ་ཁྲིད་ཀྱི་ཐབས་ལམ་སོགས་གང་ཡང་མེད་པས། སློམ་མ་ཚོས་ཋམ་གྱིས་ཁོ་ཚོ་ལ་འགོ་བསྐོར་བཏང་སོང་ཞེས་སློབ་ཡོན་སྦྱིན་ཚར་བ་རྣམས་ཕྱིར་སྤྲོད་དགོས་པ་ཁྲིམས་ཁང་དུ་གྱོད་གཏུགས་བྱས་པ་མ་ཟད། ཨ་རིའི་ཁྲིམས་ལུགས་ལྟར་ན་སློབ་ཁྲིད་ཐོབ་ཐང་ལག་ཁྱེར་མེད་པའི་སློབ་གྲྭ་ནི་ཁྲིམས་འགལ་ཡིན་པས་སློབ་ཆེན་རྫུན་མ་དེ་སྤྱི་ལོ་གཉིས་སྟོང་བཅུ་ལོ་སྒོ་བརྒྱབ་འདུག རྗེས་སུ་གཉིས་སྟོང་བཅུ་དྲུག་ལོ་མཇུག་ཙམ་དུ་སློབ་མ་སོགས་ཀྱིས་ཁྲིམས་གཏུགས་སྣ་ཚོགས་བྱས་པར་བརྟེན་ཁོའི་ཨ་སྒོར་ས་ཡ་$25 སྤྲད་རྒྱུ་ཁས་ལེན་བྱས་འདུག གལ་སྲིད་དེའི་བསྐོར་ནས་ཤེས་འདོད་ན་དྲ་ཚིགས་འདིའི་ནང་ན་གསལ་བོ་འདུག: https://www.nationalreview.com/corner/trump-university-scam/
https://www.theatlantic.com/business/archive/2014/03/the-art-of-the-upsell-how-donald-trump-profits-from-free-seminars/284450/ 

ཐེབས་རྩ་ཁང།

གཉིས་པ། ཐེབས་རྩ་ཁང་གང་ཞིག་ཡིན་ཡང་དེའི་དམིགས་ཡུལ་གྱི་ཆེད་དུ་ཞལ་འདེབས་བསླངས་བའི་དངུལ་རྣམས་ཐེབས་རྩ་ཁང་དེའི་ཆེད་དུ་གཏོང་དགོས་པ་ལས་གང་ཟག་སྒེར་བའི་ཆེད་དུ་གཏོང་མི་ཉན་ཞིང། གལ་སྲིད་ཐེབས་རྩ་ཁང་དེའི་དངུལ་སྒེར་བའི་ཆེད་དུ་བཏང་བ་ཡིན་ན་ཁྲིམས་དང་འགལ་བ་ཡིན་མོད་ཀྱང་། ཋམ་གྱི་ཐེབས་རྩ་ཁང་གི་དངུལ་དག་ཁོའི་ཡིན་ཁུལ་ཀྱིས་རང་ཉིད་ཁོ་ནའི་ལས་དོན་འདྲ་མིན་ཀྱི་ཆེད་དུ་བཏང་ཡོད་འདུག དཔེར་ན། ཋམ་གྱི་མཐོ་སློབ་ཁང་རྫུན་མ་དེ་ཁྲིམས་ཁང་ནས་ཞིབ་འཇུག་བྱེད་ཀྱིན་པའི་སྐབས། ཋམ་གྱིས་རང་ཉིད་སྲུང་སྐྱོབ་ཆེད་ཁོའང་ཐེབས་རྩ་ཁང་ནས་ཨ་སྒོར་ཁྲི་༢༥ ནས་འབུམ་༢༥༨ཙམ་བཏང་ཡོད་འདུག མཐའ་མ་ཁོའི་ཐེབས་རྩ་ཁང་ནས་ཁྲིམས་འགལ་རིགས་འདྲ་མིན་སྣ་ཚོགས་བྱས་བ་མང་དྲགས་པའི་རྐྱེན་ཀྱིས། གཉིས་སྟོང་བཅོ་བརྒྱད་ལོ་སྒོ་མི་རྒྱག་ཐབས་མེད་བྱུང་འདུག དེའི་བསྐོར་ནས་ཤེས་འདོད་ན་དྲ་ཚིགས་འདིའི་ནང་ན་གསལ་བོ་བཤད་ཀྱི་འདུག་:https://www.nytimes.com/2016/09/07/us/politics/donald-trump-pam-bondi.html

ཁྲིམས་མཐུན་ཡིག་ཆ་མེད་པའི་ངལ་རྩོལ་བ།

གསུམ་པ། གཉིས་སྟོང་བཅུ་དྲུག་ལོ་ཨ་རིའི་སྲིད་འཛིན་འགྲན་རྩོད་ནང་དུ་ཋམ་ཞུགས་སྐབས། ཋམ་གང་དུ་སོང་ཡང་ཁོས་དུས་རྒྱུན་དུ་ཨ་རིའི་གླིང་ཕྲན་སོགས་རྒྱལ་ཁབ་གཞན་ནས་ཡོང་བའི་སྐྱབས་བཅོལ་བ་དང་། ཁྲིམས་མཐུན་ཡིག་ཆ་མེད་པའི་ངལ་རྩོལ་བས་ཨ་རིའི་མི་མང་གི་བྱ་བ་འཕྲོག་གིན་ཡོད་པ་དང་། ལྷག་པར་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་Mexico དང་རྒྱལ་ཁབ་གཞན་ནས་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ཏེ་ཡོང་བའི་ངལ་རྩོལ་བ་དག་ནི་བཙན་གཡེམ་བྱེད་མཁན་དང་། ཉལ་ཐ་སོགས་ཁྲིམས་འགལ་སྣ་ཚོགས་བྱེད་མཁན་ཡིན་ཚུལ་ཀྱིས་འཆལ་གཏམ་ཁ་ནས་མཎི་འདོན་པ་བཞིན་སྒྲོག་གིན་ཡོད་པ་ཀུན་ཀྱིས་ཤེས་གསལ་རེད། འོན་ཀྱང་། སྤྱི་ལོ་༡༩༨༠ ལོར་ཋམ་རང་ཉིད་ཀྱིས་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་Trump Tower འཛུགས་བསྐྲུན་བྱེད་སྐབས། ཁོས་ཁྲིམས་མཐུན་ཡིག་ཆ་མེད་པའི་Polish Workers ངལ་རྩོལ་བ་200 ཙམ་གླས་དེ། ངལ་རྩོལ་བ་དག་ལ་མགོ་སྲུང་སྐྱོབ་བྱེད་པའི་ཞྭ་helmet སོགས་གང་ཡང་མ་སྦྱིན་ཞིང་ཧ་ཅང་དཀའ་བའི་ལས་ཀ་བྱེད་དུ་བཅུག ངལ་རྩོལ་བ་རྣམས་ལ་ཆུ་ཚོད་རེ་ལ་ཨ་སྒོར་ལྔ་$5 རེ་སྤྲོད་པ་ཁས་ལེན་བྱས་འདུག་ཀྱང་། ཁོས་དུས་ལྟར་གླ་ཆ་མ་སྤྲད་པ་མ་ཟད། ངལ་རྩོལ་བས་ལས་གླ་སྦྱིན་རོགས་ཞེས་ཞུ་བ་བྱས་སྐབས། ཋམ་གྱིས་ཁྱེད་ཚོ་ནི་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་ངལ་རྩོལ་བ་ཡིན་པས་འཆལ་གཏམ་འདྲ་མིན་བཤད་ན་ཁྱེད་ཚོ་རང་ཡུལ་ལ་ཕྱིར་གཏོང་རྒྱུ་ཡིན་ཞེས་འཇིགས་སྣང་ཡང་ཡང་བསྐུལ་འདུག་པ་མ་ཟད། ཨ་རིའི་མི་སེར་ཡིན་པའི་ཁང་པའི་རིགས་ཀྱི་ཆེད་ལས་བ་ཚོའང་ཁོས་གཞི་མེད་སྐྱོན་བརྗོད་འདྲ་མིན་བྱས་ཏེ་་གླ་ཆ་མི་སྤྲད་པའི་བསྐོར་དྲ་ཚིགས་འདིའི་ནང་ན་འདུག: https://www.thedailybeast.com/trump-tower-was-built-on-undocumented-polish-immigrants-backs
ཉེ་བའི་ཆར་ཡིན་ན་ཡང་། ནེའུ་ཡོག་གི་Trump Tower དང ཨ་རིའི་མངའ་སྡེ་Florida ན་ཡོད་པའི་མགྲོན་ཁང་Mar-a-Lago Club ནང་གི་ཞབས་ཞུ་བ་ཧ་ཅང་མང་པོ་ཞིག་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་དག་ནས་ཡོང་བའི་ཁྲིམས་མཐུན་ཡིག་ཆ་མེད་པའི་ངལ་རྩོལ་བ་ཡིན་པ་ཟད། ཡིག་ཆ་རྫུན་མ་བཟོ་སྟངས་ཀྱང་ཋམ་གྱི་མགྲོན་ཁང་ལས་བྱེད་ཚོས་བསླབ་ཡོད་པ་ཞབས་ཞུ་བྱེད་མཁན་ཁ་ཤས་ཀྱིས་ཨ་རིའི་གསར་ཁང་CNN ལ་བཤད་འདུག

ད་དུང་སྤྱི་ལོ་༡༩༧༠ ནས་བཟུང་ཁོའི་ཚོང་གི་བརྒྱུད་རིམ་ནང་དུ་ཇོག་ཚོགས་སམ་Mafia ཁྲིམས་འགལ་སྒྲིག་འཛུགས་ཚོགས་པ་དང་འགྲེལ་བ་དམ་པོ་ཡོད་པའི་བསྐོར་དྲ་ཚིགས་འདི་དག་གི་ནང་ན་ཁ་གསལ་བོ་བཤད་ཀྱི་འདུག: https://www.politico.com/magazine/story/2016/05/donald-trump-2016-mob-organized-crime-213910

ཁང་བ་གླ་བར་རིགས་རུས་དབྱེ་འབྱེད་བྱས་པ།

བཞི་བ། ཨ་རིའི་ཁྲིམས་ལུགས་ལྟར་ན་ཚོང་ཁང་དང་། ཟ་ཁང་། ཁང་པ་གླ་བ་སོགས་གང་ཞིག་ཡིན་ན་ཡང་རིགས་རུས་མི་གཅིག་པ་དང་ཤ་མདོག་མི་གཅིག་པ། ད་དུང་གོམས་གཤིས་དང་ཆོས་ལུགས་ཀྱི་དད་མོས་མི་གཅིག་པ་རྒྱུ་མཚན་དུ་བྱས་ནས་ཁང་པ་མི་གླ་བའམ་ཡང་ན་ཚོང་མི་བྱེད་པ་ནི་ཁྲིམས་འགལ་ཡིན། འོན་ཀྱང་། སྤྱི་ལོ་༡༩༧༣ ལོར་ནེའུ་ཡོག་The Department of Justice ཁྲིམས་ཁང་གིས་ཋམ་དང་ཁོའི་ཕ་རྒན་གཉིས་ཀྱིས་ཁང་གླ་གཏོང་སྐབས་མི་རིགས་དབྱེ་འབྱེད་བྱེད་ཀྱིན་འདུག་ཅེས་ཁྲིམས་གཏུགས་བྱས་ཤིང་། མཐའ་མ་ཋམ་ཕ་བུ་གཉིས་པོ་ཁྲིམས་ཁང་ནས་ཕམ་ཏེ། ཁང་པ་གཞན་ལ་གླ་སྐབས་རིགས་རུས་དབྱེ་འབྱེད་མི་བྱེད་ཅེས་ཁྲིམས་ཁང་ནས་ཁས་ལེན་མི་བྱ་ཐབས་མེད་བྱུང་འདུག དེའི་བསྐོར་རྒྱུས་བ་ཤེས་འདོད་ན་དྲ་ཚིགས་འདིའི་ནང་ན་གསལ་བོ་བཤད་ཀྱི་འདུག:https://www.washingtonpost.com/politics/inside-the-governments-racial-bias-case-against-donald-trumps-company-and-how-he-fought-it/2016/01/23/fb90163e-bfbe-11e5-bcda-62a36b394160_story.html

ཚུལ་མིན་ཆགས་སྤྱོད།

ལྔ་བ། འུ་ཚོའི་ཁ་རྒྱུན་དུ་སྐྱེས་པ་ཕོ་ཞིག་གི་བཟང་ངན་ནི་སྒོར་མོ་དང་བུད་མེད་ལ་ཐུག་སྐབས་རང་ཚུགས་བརྟན་པོ་ཡོད་ན་ཕོ་རབ་ཡིན་ཟེར་མོད། ཡིན་ན་ཡང་ཋམ་ནི་དེ་ལས་ལྡོག་སྟེ། སྤྱི་ལོ་༡༩༧༠ ནས་༢༠༠༥ བར་དུ་བུད་མེད་འདྲ་མིན་ཀྱིས་འདོད་པ་དང་མཐུན་མིན་ལ་མ་ལྟོས་པར་མིའི་ཀུན་སྤྱོད་དང་མི་མཐུན་པའི་ཆགས་སྤྱོད་རིགས་འདྲ་མིན་སྤེལ་དེ་བུད་མེད་ཚོ་སུན་པོ་བཟོས་བའི་ཉེར་ལེན་ལ་བརྟེན་ཏེ། མཐའ་མ་བུད་མེད་༢༥ ལྷག་གི་ཁོ་ལ་ཁྲིམས་ཁང་དུ་ཁ་མཆུ་གཏུག་དགོས་བྱུང་འདུག སྤྱི་ལོ་༡༩༩༢་ནང་དུ་George Houraney དང་Jill Harth ཟེར་བ་གཉིས་ཀྱིས་American Dream Pageant ཞེས་བུད་མེད་མཛེས་མ་འགྲན་བསྡུར་ཚུགས་སྐབས་ཋམ་གྱིས་དངུལ་གང་ཙམ་ཚོགས་པ་དེར་སྦྱིན་རྒྱུ་ཁས་ལེན་བྱས་ཏེ། ཁོ་ཐེངས་མང་བོ་མཛེས་མ་འགྲན་བསྡུར་སྐབས་ཡོང་ཞིང་། ཁོས་ན་ཆུང་མཛེས་མ་ཚོར་ཚུལ་མིན་ཀྱི་ཆགས་ཚིག་དང་ཆགས་སྤྱོད་འདྲ་མིན་སྤེལ་འདུག མཛེས་མ་འགྲན་བསྡུར་ཚར་རྗེས་ཁོ་ཁ་བཤད་དོན་ལ་མ་གནས་པར་ཁོས་ཁས་བླངས་བའི་དངུལ་རྣམས་མ་སྤྲད་པ་བརྟེན། ཚོགས་པ་དེས་ཋམ་ཁྲིམས་ཁང་ལ་གྱོད་གཏུགས་བྱས་འདུག་པ་དྲ་ཚིགས་འདི་རྣམས་ཀྱི་ནང་ཁ་གསལ་བཤད་ཀྱི་འདུག :https://www.buzzfeednews.com/article/jtes/a-fifth-teen-beauty-queen-says-trump-visited-dressing-room

ཋམ་གྱི་མི་ཚེའི་ནང་གཉེན་སྒྲིག་ཁ་ཤས་དང་བཟའ་ཐོར་ཁ་ཤས་བྱུང་ཡོད་པའི་ནང་ནས་ཁོའི་བཟའ་ཟླ་དང་བོ་Ex-Wife Ivana Trump ཋམ་གྱིས་མོ་ལ་བཙན་གཡེམ་བྱས་སོང་ཞེས་པཔའི་སྐོར་ཤེས་འདོད་ན་འདི་ན་འདུག :https://www.thedailybeast.com/ex-wife-donald-trump-made-me-feel-violated-during-sex

མུ་འགོད།

སྣ་ཚོགས།

Post navigation

Previous Post: སངས་རྒྱས་སྨན་བླའི་དུས་མཆོད།
Next Post: རྡོར་གདན་མི་ལའི་ཚོགས་འཁོར།

Comments (13) on “དོན་དངོས་སུ་ཋམ་(Trump)སུ་ཡིན་ནམ། (༢)”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2020-08-28 at 3:34 pm

    མི་ཁྱོད་གངོས་གནས་རྩ་ཞིག་མི་ཚང་གི་ཡ། དེ་འདྲའི་ཁྲིམས་འགལ་བྱས་ཡོད་པར་བདེན་ན་ཅི་ཕྱིར་ཁྲོ་ཕུར་བཙོན་ཁང་ལ་མ་སོང་པ་རེད། །

  2. བཞག་ལྡོམ་ལྗང་ལོ་། says:
    2020-08-29 at 12:23 pm

    རིག་བྱུང་ལགས་དྲི་བ་ཡག་གི་། ང་ལ་དེའི་ལན་ཁ་གསལ་མེད་མོད་ཀྱང་ཨ་རིའི་ཁྲིམས་ཀྱི་ནང་ནས་ཆད་པ་གཅད་སྟངས་ལ་། ཁ་ཤས་སུ་དངུལ་ཀྱིས་ཆད་པ་དང་། རེ་འགར་སྤྱི་ཚོགས་ཞབས་ཞུ་བྱེད་དུ་འཇུག་པ་དང་། ལ་ལར་བཙོན་དུ་ཁྲིད་པ་དང་། ཉེས་ཅན་བསོད་ནམ་ཅན་ལ་ honey deal སོགས་སྣ་ཚོགས་ཡོད་པའི་ནང་ནས་ཋམ་ལ་གཅིག་བྱས་ན་Honey deal ཀྱི་གོ་སྐབས་རོགས་ཡོད་ན་ཐང་།

  3. བློ་བཟང་། says:
    2020-08-31 at 8:37 am

    ཁྱི་རྒྱགས་ན་གནམ་གི་སྐར་མ་ཟེར་བ་རང་རེད། ཨ་རིའི་སྲིད་འཛིན་ལ་ཅིག་འབྲི་བ་དང་བཤད་ཁུལ་ཧ་ཧ་ཧ་བོད་པ་པ་མགོ་འདི་ཚོ་ལ་སྙིང་རྗེས་ཀི།

  4. གནམ says:
    2020-08-31 at 9:22 pm

    ལྗང་ལོ་ཀླད་ལྗང་གིས།
    ངན་པའི་ཕྱོགས་འདེད་པར།
    དགོས་ཕུག་ཆེར་ཡོད་རུང་།
    ཨ་རི་རྒྱལ་གྱུར་ཅིག།

    དགྱ་ཕྱོགས་དགྲ་ཁྱི་པ།
    བྷཱ་དྷེན་ཇག་ཚོགས་ལ།
    དུས་འཇིགས་ཐོན་ནི་ཡོད།
    དགྱ་ནག་ཕམ་པར་ཤོག།
    https://youtu.be/N4myDwN30Hk

  5. བཞག་ལྡོམ་ལྗང་ལོ་། says:
    2020-09-01 at 5:02 pm

    མ་གཞི་དྲ་འབུ་རེ་འགར་ལན་བཤད་དགོས་བ་མི་འདུག་ཀྱང་།
    གནམ་གྱིས་ས་ལ་ལྟ་མ་ཤེས་བར་ས་སྟེང་གི་འགྲོ་ལུགས་ཤེས་ཀྱི་མི་འདུག་། དེའི་ཕྱིར་། ལོས་རྒྱུས་སམ་ཆབ་སྲིད་རིག་པའི་ལྟ་བའི་གཞིར་གཟུང་ན་ཨ་རི་དང་རྒྱ་ནག་། ཨུ་རུ་སུ་ནི་དགྲ་ཁ་གཏད་ཡིན་པས་ཋམ་མ་གཏོགས་ཨ་རིའི་སྲིས་འཛིན་སུ་ཡིན་ཡང་རྩ་དོན་དེ་འདོར་གྱི་མ་རེད་། དཔེེེར་ན་། དྲ་ཚིགས་སྲུང་སྐྱོབས་དང་། རྒྱལ་སྤྱིའི་མཁའ་དབྱངས་། རྒྱལ་སྤྱིའི་མཚོ་སྟེང་ལ་ཨ་རིའི་དམག་གིས་ནམ་ཡང་སྲུང་སྐྱོབས་བྱེད་ཀྱི་ཡོད་པ་ཋམ་གཅིག་པོ་མིན་། ཋམ་གྱིས་ཁ་རྫིག་པོ་རྒྱ་ལ་བཤད་པ་ལས་དོན་ཀྱིས་ཁོས་གང་ཡང་བྱེད་ཀྱི་མེད་ལ་བྱེད་འདོད་ཀྱང་ཡོད་པ་མ་རེད་།

  6. བཞག་ལྡོམ་ལྗང་ལོ་། says:
    2020-09-01 at 5:05 pm

    འོ་ད་དུད་ཤེས་དགོས་ཞིག་ཋམ་རྒྱལ་སྲུང་སློབ་སྟོན་པས་ཋམ་ནི་སྲིད་འཛིན་ལ་མི་འོས་བ་བཤད་འདུག་། https://youtu.be/l9uaz0WN1PM

  7. ཀརྡོ་རབ་འབྱམས་པ says:
    2020-09-02 at 1:13 am

    ཊོམ་མཆོག ནང་རྒྱལ་ཨ་རི་དང་།མེག་སི་ཀོ་སོགས་ལ་ཕན་གནོད་ག་རེད་ཡོད་མེད་ངས་མི་ཤེས་ཀྱང་། རྒྱ་ནག་དམར་གཞུང་འདྲ་རྒོད་ལ་གནོད་པོ་འདུག སེམས་འཚིམ་པོ་བྱུང་། ད་དུང་། ད་དུང་་་་་ ལྷོ་རྒྱ་མཚོར་་་་་་་

  8. ར་ས་ཕོ་ཉ། says:
    2020-09-03 at 3:49 pm

    རང་བྱུང་རིག་པའི་རྡོ་རྗེ་ལགས། ཏྲོམ་ནི་ཁྲིམས་འགལ་བྱས་ཏེ་གཡོལ་ཐབས་བྱེད་པར་སྐད་གྲགས་ཡོད་པའི་ཚོང་པ་ཞིག་ཡིན་ལ། དེ་ལྟ་སྲིད་འཛིན་གྱི་ཆེ་མཐོང་སྤྱད་ནས་ཁྲིམས་ལ་གཡོལ་ཐུབ་ནས་ཡོད། ཏྲོམ་གྱིས་རྒྱབ་སྐྱོར་བྱེད་ས་ནི། བུད་མེད་ལ་མཐོང་ཆུང་། གྲངས་ཉུང་མི་རིགས་ལ་མཐོང་ཆུང་། འཁོན་འཛིན་དང་འཁྲུག་རྩོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཧམ་པ་བཤད་པ་ལ་གྲངས་ཡག་མི་འདུག། ཁ་སང་རང་། གལ་སྲིད་ཏྲོམ་ཁོ་རང་སྲིད་འཛིན་མ་ཡིན་ན་ཨ་རིས་སྔོན་འགོག་གི་སྨན་བཟོ་བར་ལོ་གཉིས་འགོར་ཟེར། དེ་ཟེར་མཁན་དེ་ཏྲོམ་རེད། ཧམ་པ་དེ་འདྲ་བཤད་ནས་མི་་མང་པོར་འགོ་སྐོར་གཏོང་གི་ཡོད། སྐད་ཆ་དེ་ཏྲོམ་གྱི་ཁ་ནས་འཐོན་པ་རེད། གསར་འགོད་པས་བཟོས་པ་མ་རེད། ཉིན་ཞིག་ཁོས་་ཏྲོམ་ཁོ་རང་སྲིད་འཛིན་མིན་ན་ཨ་རི་ན་ནིང་ལྟོགས་ཤི་འཐེབས་ཟེར་སྲིད།

  9. ཁ་བའི་རྣམ་ཤེས། says:
    2020-09-05 at 8:04 pm

    གནས་ཚུལ་འདི་རིགས་ཞིབ་དཔྱོད་བྱེད་པའི་ལས་འགན་ནི་ཨ་རིའི་ཁྲིམས་ཞིབ་ལས་ཁུངས་སུ་ཡོད་པ་ལས་མི་རེ་གཉིས་ཀྱིས་ཐག་གཅོད་བྱེད་མི་ཐུབ།རྒྱལ་ཁབ་ཚད་ལྡན་དག་གི་ཁྲིམས་ལུགས་སུ་མི་ལ་སྐྱོན་འཛུགས་བྱས་པ་ཙམ་གྱིས་མི་དེ་ནག་པོར་གྱུར་པ་མིན།མི་དེ་ནག་པོ་ཡིན་པར་ཁྲིམས་ཐོག་ནས་ར་སྤྲོད་ཡང་དག་པར་བྱུང་ཚེ་མི་དེ་ཉེས་ཅན་པར་གྱུར་པ་རེད།
    དེར་རྟེན་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུའི་ཧམ་བཤད་ཀྱིས་ཏྲམ་ནག་པོར་བཟོ་ཁག་པོ་རེད་ལགས།

  10. བཞག་ལྡོམ་ལྗང་ལོ་། says:
    2020-09-06 at 7:52 am

    ཁ་བུ་རྣམ་ཤེས་ཀྱིས་བཤད་པ་བདེན་ཀི་། ཁྲིམས་ཁང་ལ་གྱོད་གཏུགས་བྱས་བ་ཙམ་གྱིས་ཉེས་ཅན་པ་ནག་པོ་ཆགས་མི་ཐུབ་། ཁྲིམས་ལུགས་ལྟར་ན་། ཁྲིམས་དཔོན་དང་ཟུར་ཉན་པ་། ཁྲིམས་རྩོད་པ་བཅས་སུ་ཡོད་པ་ལས་། གལ་སྲིད་ཉེས་ཅན་པ་རྒྱུ་ཆེན་དང་ཁོའི་ཁྲིམས་རྩོད་པ་བཤད་ལ་མཁས་བ་ཡིན་ན་། ཉེས་ཅན་པ་ནག་པོ་ཡིན་ཀྱང་དཀར་པོ་ཆགས་པའང་མང་པོ་ཡོད་པ་རེད་། Tump ལྟ་བུ་ཡིན་ན་ཁོས་བྱས་ཉེས་འདྲ་མིན་ལ་བརྟེན་ནས་ཁྲིམས་ཁང་ན་གྱོད་སྣ་མི་གཅིག་པ་བཞི་སྟོང་ལས་རྒལ་བ་ཡོད་པའི་ནང་ནས་། རེ་འགའ་ཁོ་ལ་ཁྲིམས་ཁང་ནས་ནག་ཉེས་ཡོད་པ་ར་སྤྲོད་བྱུང་བ་དང་། ཁ་ཤས་ཁོ་ཁྲིམས་ཁང་ནས་རྒྱལ་བའང་འདུག་། ཡང་ཁོས་ནག་ཉེས་མང་པོ་ཞིག་ཁྲིམས་ཁང་གིས་ཐག་མ་བཅད་པའི་སྔོན་ལ་ཁོ་དང་གྱོད་ཡའི་བར་དངུལ་ལ་བརྟེན་ནས་འགྲིག་མཐུན་(settled)བྱས་བ་མང་འདུག་། ད་དུང་ཁོའི་ནག་ཉེས་མང་པོ་ཞིག་ཁྲིམས་ཁང་ན་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་སྒང་རེད་།

  11. བན་དེ་བ། says:
    2020-09-06 at 7:57 am

    ཊམ་ལ་རྒྱལ་ཁབ་ཀྱི་ཤ་ཞེན་ཡོད་པ་མ་རེད། ཁོས་ཡུན་རིང་ཨ་རིའི་གཞུང་ལ་དཔྱ་ཁྲལ་མ་སྤྲད་ནས་ཚོང་བྱེད་བཞིན་པ་རེད།

  12. བན་དེ་བ། says:
    2020-09-06 at 8:00 am

    དེང་སང་དམངས་གཙོའི་རྒྱལ་ཁབ་ཚོ་ལའང་ཡིད་ཆེས་ས་མེད་རེད། མོ་དྷི་ཡིས་ཅི་ཞིག་བྱེད་ཀྱི་འདུག་གམ??? པུ་ཊིན་གྱིས་ཅི་ཞིག་བྱེད་ཀྱི་འདུག་གམ?? ཊོམ་གྱིས་ཅི་ཞིག་བྱེད་ཀྱི་འདུག་གམ། ཊོམ་གྱིས་རང་གི་ཁ་ལ་མི་ཉན་མཁན་གྱི་ཕོ་བྲང་དཀར་པོའི་ལས་བྱེད་ཚོར་ཅི་ཞིག་བྱེད་ཀྱི་འདུག་གམ།

  13. ཁ་བའི་རྣམ་ཤེས། says:
    2020-09-06 at 3:09 pm

    མང་གཙོའི་དབང་བསྒྱུར་ལམ་ལུགས་ཀྱི་གཞི་འཆོལ་ས་ནི་རྩ་ཁྲིམས་དང་གཅིག་སྡུད་ལམ་ལུགས་ཀྱི་དབང་ཆ་ཡོངས་རྫོགས་མི་སྒེར་གཅིག་གི་ལག་ཏུ་ཡོད།འདི་གཉིས་ཀྱི་ཁྱད་པར་ཤེས་ན་མང་གཙོ་ལ་གདེང་འཇོག་དང་ཆེ་མཐོང་གསར་པ་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་རྩེབས་ཡོང་།མང་གཙོ་ཇི་ལྟར་རུལ་སུང་དུ་གྱུར་ཀྱང་འདི་ནི་དབང་བསྒྱུར་ལམ་ལུགས་ཡོད་ཚད་ཀྱི་ནང་ནས་ལེགས་ཤོས་དེ་ཡིན་པར་ད་གཟོད་གཞི་ནས་ཤེས་ཡོང་ཨ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme