Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་དངོས་དང་མི་མཐུན་པའི་གནས་ཚུལ་ཞིག

Posted on 2011-06-18 By ཁ་བརྡ་ 14 Comments on དོན་དངོས་དང་མི་མཐུན་པའི་གནས་ཚུལ་ཞིག

མྱི་རྐྱང་།
ནམ་རྒྱུན་འཁྱམས་ས་དང་རྩེད་སར་ཉུལ་ནས་དགའ་ས་དང་ཐུག་ས་རེ་འཚོལ་རྒྱུ་ནི་ང་ལ་མཚོན་ན་ཆེས་དགའ་ཤོས་སམ་ཆེད་ལས་ལྟ་བུ་ཡིན་སྟབས།ཟླ་ཕྱེད་ཅིག་གི་ཡར་སྔོན་ནས་གྲོགས་པོར་ཁ་ཆད་བྱས་པའི་དུས་ཚེས་ལྟར།འདི་ཟླའི་ཚེས་ ༡༡རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ཕ་རིས་སི་ནས་བྷེལ་རྗམ་གྱི་མདོ་སྨད་ཐུགས་སྤྲོར་སོང་ཡིན། ཐུགས་སྤྲོའི་སྟེང་མི་ཚོགས་མང་ལ་རྩེད་རིགས་ཀྱང་འོ་ཙམ་རེད།མ་ཟད་བྷེལ་རྗམ་རང་དང་ཁྱིམ་མཚེས་རྒྱལ་ཁབ་དབྱིན་ལན་དང་ཧྥ་རིན་སི།འཇར་མན།ཧོ་ལན་ཌི་སོགས་ནས་ལོ་མང་རིང་མ་ཐུག་པའི་ངོ་ཤེས་གྲོགས་པོ་གྲོགས་མོའང་གང་མང་ཞིག་སླེབས་འདུག་པས་ངོ་ཤེས་ཚང་མར་ཁ་བརྡ་དང་ཀུ་རེས་རྩེད་མཚར་སོགས་ལྷུག་པོར་བཤད་གླེང་གི་གོ་སྐབས་བྱུང་།ཡིན་ནའང་དེ་ཙམ་གྱི་ཚོར་སྣང་དམིགས་བསལ་བ་གང་ཡང་སྤྲད་མ་སོང་།

བར་སྐབས་ཤིག་ལ་ཐུགས་སྤྲོའི་མགོ་འཛིན་པས་སྒྲ་དག་ལ་མ་དག་པ་དང་ཡི་གེ་ཆོད་ལ་མ་ཆོད་པའི་ངང་འདི་ལྟར།༼ཚང་མས་ཡག་པོ་ཅིག་གསན་རོགས། གསལ་བསྒྲགས་གལ་ཆེན་ཞིག་ཡོད།མདོ་སྨད་དབུས་རྒྱུན་ནས་རྡ་ས་གཙོས་རྒྱ་གར་ནང་ཕ་མ་མེད་པའི་ད་ཕྲུག་ཉམས་ཐག་སྐོར་ཞིག་གི་མིང་བྱང་འདིར་བསྐུར་འདུག་པས།ལྷག་བསམ་དང་སྙིང་རྗེ་ཅན་སུ་དང་གང་གིས་སྦྱིན་བདག་རེ་གནང་རོགས་༽ཟེར།དེ་མ་ཐག་ལྷག་བསམ་ཅན་འགའ་ཤས་ཤིག་གིས་རིམ་བཞིན་བོད་ཕྲུག་གམ་ཨམ་ཕྲུག་རེའི་མིང་བྱང་བླངས་ནས་སྦྱིན་བདག་གནང་རྒྱུའི་ཁས་ལེན་བྱས།དུས་མཚུངས་མི་མང་ནས་ཀྱང་དགའ་བསུ་དང་བསྟོད་བསྔགས་བྱས།མཚམས་དེར་ང་ཡང་ལྷག་བསམ་དང་ཡང་ན་བཟང་མིང་གང་རུང་ཞིག་གིས་དེད་ནས་གར་སྟེགས་སྟེང་སོང་ཚར་འདུག ངས་ཀྱང་ཕྲུ་གུ་ཉམས་ཐག་ཅིག་ལ་ཟླ་རེར་མ་མཐར་ཡོ་སྒོར་བཅུ་རེའི་མཐུན་རྐྱེན་ཙམ་སྦྱོར་འདུན་གྱི་ཀུན་སློང་ངམ་ཚོར་འདུ་ཞིག་གིས་མིང་བྱང་ཤོག་བྱང་ཞིག་འཐེན་ཡིན། བྱང་ངོས་སུ་ཕྲུ་གུ་དང་ཕ་མ་བཅས་ཀྱི་ཕྱེད་པར་རེ་དང་ལོ་རྒྱུས་མདོར་བསྡུས།ད་དུང་སྡོད་གནས་ཁ་བྱང་བཅས་གསལ་འཁོད་བྱས་འདུག

ཨ་ཁ་ཁ།བསམ་ཡིད་ལས་འདས་པ་ཞིག་ལ་ངས་འཐེན་པའི་ཤོག་བྱང་ངོས་ཀྱི་ཕྲུ་གུ་དེ་ནི་དྭ་ཕྲུག་ཉམ་ཐག་ཅིག་ཕར་ཞོགང་ལས་བཅུ་འགྱུར་བརྒྱ་འགྱུར་གྱི་འབྱོར་ལྡན་པ་དང་ཕ་མ་ལྷན་འཛོམས་མི་ཚང་ཞིག་གི་ཕྲུ་གུ་ཡིན་པར་མ་ཟད། ངའི་ངོ་ཤེས་ཁྱིམ་ཚང་ཞིག་གི་བུ་རེད་འདུགདེ་ནས་བྱང་བུ་དེ་ཕྱིར་བཞག་ནས་ཡང་བསྐྱར་གཅིག་བླངས་པ་ཡིན།དེ་ཡང་དེ་ལས་ཕྱུག་ཕྲུག་ཅིག་རེད།དེར་མུ་མཐུད་དེ་མིང་བྱང་བཅུ་གྲངས་ཤིག་བླངས་ནས་ཞིབ་མོར་བཀླགས་པ་ཡིན་ཏེ་དེའི་ནང་རྡ་ས་དང་གངས་སྐྱིད།ནོར་གླིང་གཡས་གཡོན་གྱི་མི་ཚང་ཕ་འཛོམས་མ་འཛོམས་ཟ་ཁང་དང་མགྲོན་ཁང་ཅི་རིགས་ཀྱི་སྦྱིན་བདག ལས་བྱེད་གླ་ཕོགས་མཐོན་པོ་ཅན།ཚོང་པ་རྒྱུ་ཆེན་བཅས་ངོ་ཤེས་རྒྱུས་ཡོད་གང་མང་ཞིག་གི་ཕྲུ་གུ་རྐྱང་བ་ལས་ཉམ་ཐག་རེད་བསམ་པ་ཅིག་མཐོང་མ་སོང་བས། འཆར་སྣང་གློ་བུར་བ་ཞིག་གིས་ང་ཁ་ཕྱིར་བསྐོར་སོང་། དགོངས་དག་ལབ་ནས་ངོ་ཚ་ཞིག་དང་ལྷན་ཕྱིར་རང་གི་འདུག་སྟེགས་སྟེང་བསྡད་སྐབས། གྲོགས་པོ་ཞིག་གིས་༼ཡ་་་་ཨ་རོ་སྟོབས་ཆེན་རྒྱལ་ཁབ་ཀྱི་མི། ཅི་རེད་སོང་། ང་ཚོ་ཉམ་ཆུང་རྒྱལ་ཁབ་གྱི་མི་ལ་མི་འགྲན་ག ༽ཟེར།སྐབས་དེར་སྐྱེ་རྒུ་མདོའི་བོད་ཕྲུག་ཉམ་ཐག་རྣམས་དང་།རྡ་ས་དང་གདན་ས་ཁག་གི་བཙུན་པ་གཉོམ་ཆུང་དང་བཙུན་མ་ཉམ་ཆུང་། རྒས་འཁོགས་བདག་མེད། དངོས་གནས་ཀྱི་དྭ་ཕྲུག་ཉམ་ཐག སློབ་ཕྲུག་སྐྱོ་བོ།རང་འཚོ་མི་ཟིན་པའི་དབང་བོ་སྐྱོན་ཅན་དེ་ཚོའི་དོན་སྤྱིའམ་གཟུགས་བརྙན་རེ་རེ་བཞིན་ངའི་སེམས་ངོགས་དང་མིག་ལམ་དུ་བསླེབས།མ་ཟད་ཟློས་གར་དེའི་སྣང་བརྙན་གསོན་པོས་ང་དབང་མེད་ཚོར་མེད་བསྒྱུར།

འོན་ཀྱང་ངས་གྲོགས་པོ་དེར་ང་ལ་བསམ་བློས་འདང་མ་སོང་ལ་དངུལ་གྱིས་ཀྱང་འདང་མ་སོང་ཞེས་ལན་སྤྲད་ཡིན།དེ་ནས་སྦྱིན་བདག་ཁས་ལེན་བྱས་ཟིན་པའི་མི་བུ་རེ་ཟུང་ལག་གི་བྱིས་པའི་ཤོག་བྱང་དང་།སྦྱིན་བདག་ཁོ་རང་ཚོའི་རྒྱུ་འབྱོར་གྱི་ཁ་སྟབས་ལ་ཞིབ་འཇུག་བྱ་རྒྱུ་དྲན་སོང་།ཤོག་བྱང་རེ་རེར་བལྟས་དུས་དོ་བདག་ཕྲུ་གུ་དེ་ཚོ་གོང་སྨྲོས་ཀྱི་་ཕྲུ་གུ་དེ་ཚོ་ལས་ཕྱུག་མིན་ནའང་དེ་འདྲ་རྐྱང་རྐྱང་རེད། བྷེལ་རྗམ་གྱི་རྒྱུས་ཡོད་ཚོས་འགྲེལ་བརྗོད་ལྟར་ན།སྦྱིན་བདག་དེ་ཚོའི་ཁ་ཤས་ཤིག་ལ་བུ་ལོན་གྱི་མ་རྩ་ཆེ་ཁར་ལས་ཀ་མེད་ལ་གཞུང་གི་འཚོ་སྣོན་ཀྱང་མེད་པར་ཟླ་རེའི་ཁང་གླ་དང་ཟས་གྲོན་ཐད་ལ་འང་དཀའ་ངལ་ཡོད་རབས་ཤོད་ཀྱིན་འདུག ཡིན་ནའང་ཁོང་ཚོ་གནས་ལུགས་སམ་དོན་དངོས་ལ་ཞིབ་འཇུག་མེད་པའི་མི་དྲང་མོ་བླ་མ་དཀོན་མཆོག་རྐྱང་རྐྱང་རེད་ལ་གཞན་གྱིས་ཆུ་སྣ་གར་ཁྲིད་རྐྱང་རྐྱང་འང་རེད་ཟེར།དེས་ན་ཕྱིན་ཆད་གཏོང་སེམས་ཅན་གྱི་སྦྱིན་བདག་ཚོས་དོན་ངོ་མའི་ཉམ་ཐག་རེར་རོགས་པ་གནང་ན་ཁ་ཡོད་ལག་ཡོད་ཀྱི་སྨན་ངེས་རེད་མ་གཏོགས་ཕྱུག་པོ་ཚོར་རྒྱབ་སྐྱོར་གྱི་རང་རེའི་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་མི་ཐུབ་ལ་དགོས་ཕན་སོགས་ཅི་ཡང་མ་མཐོང་ངོ་།།

སྣ་ཚོགས།

Post navigation

Previous Post: ༄།། བཀླགས་འཆར།
Next Post: བོད་ཤར་ཕྱོགས་མདོ་ཁམས་ཏྲེ་ཧོར་ལུང་ནང་རང་དབང་གི་འབོད་སྒྲ།

Comments (14) on “དོན་དངོས་དང་མི་མཐུན་པའི་གནས་ཚུལ་ཞིག”

  1. རྨ་ཆུ་སྐལ་བཟང་། says:
    2011-06-18 at 10:26 pm

    གྲོགས་པོ་ལེགས་དངོས་གནས་ཡག་པོ་བྲིས་འདུག་དངོས་པོའི་གནས་ཚོད་ལ་རང་གི་སྐད་ཆ་དེ་བདེན་པ་ཡིན་པའི་ཡིད་ཆེས་ཡོད།ངའི་བསམ་བ་ལ་གནས་ཚུལ་འདི་ངོས་ཡོད་ཀྱི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཡོད་རེད།
    ང་ཚོ་སྤྱི་ཕྱོགས་ན་ཡོད་པའི་རང་རིགས་དང་གཞན་རིགས་གཏོང་ཕོད་ཅན་མང་པོ་ཞིག་ཁ་བདེ་སླུ་དྲུད་མཁན་ཀྱིས་འོག་ཏུ་ཤོར་ནས་སོ་སོའི་དངུལ་ཁྲག་ལས་བསོགས་བའི་རོགས་དངུལ་དེ་དག་གནད་ལ་མ་ཁེལ་པར་ཡོད་བ་སྔོན་ནས་མིག་མཐོང་ལག་ཟིན་ཡོད།མ་འོངས་པར་འདིས་དྲའི་རང་སོ་སོའི་དངོས་སུ་ཞིབ་འཇུག་བྱས་ནས་གཏོང་ས་མ་ནོར་བ་ཞིག་བྱེད་དགོས།སྤྱིར་ད་ཐེང་གནས་ཚུལ་འདི་བདེན་ན་མདོ་སྨད་དབུས་རྒྱུན་ཀྱི་ནག་ཉེས་ཧ་ཅང་ཆེན་པོ་རེད་མདོ་སྨད་ཁྱོལ་ཁོང་སུ་རྡ་ས་གཙོས་ས་གནས་ཁག་དང་ད་དུང་མཐོ་སློབ་ཁག་དུ་མཐུན་རྐྱེན་མ་འདང་བའི་སློབ་ཕྲུག་ཧ་ཅང་མང་པོ་ཡོད་བ་མིག་མཐོང་ལེབ་ལྟས་རེད་དེ་དག་གི་མིང་ཙམ་ཡང་མེད་པ་སྐྱོན་ཆེན་པོ་རེད།༸གོ་ས་མཆོག་གིས་ཀྱང་བཀའ་སློབ་རིམ་པར༽་ས་གནས་ས་ཐོག་གི་མི་ཚང་རེ་རེར་དངོས་སུ་སྐྱོད་ནས་འཚོ་བ་ག་འདྲ་སྐྱེལ་གི་འདུག་ཞིབ་འཇུག་བྱེད་དགོས་པའི་བཀའ་སློབ་གནང་ཡོད་རེད།དེའི་ཕྱིར་མདོ་སྨད་ལ་དེ་འདྲའི་ལས་གཞི་ཞིག་ཡོད་ན་འགན་ཁུལ་མཁན་རྣམས་ནས་ཞིབ་འཇུག་མ་བྱས་བ་ནོར་འཁྲུལ་ཚབ་ཅན་རེད།འདི་དག་ཁྱེད་ཀྱིས་ཡིག་ཐོག་དུ་བཀོད་པར་རྒྱབ་སྐྱོར་ཡོད།

  2. གསང་གྲོལ། says:
    2011-06-18 at 11:31 pm

    ངོ་མ་ཉམ་ཐག་ད་ཕྲུག་རྐྱང་རྐྱང་རེ་བསམ་སོང་མོད། རྗེས་ལ་ཕ་འཛོམས་མ་འཛོམས་དང་། ཡང་ན་ཕ་མ་གང་རིང་གི་གླ་ཆ་་ཟླ་རེ་ཧིན་སྒོར་གཅིག་ཁྲི་རེ་ཡོད་པའི་ཕྲུ་གུ་ཡང་མིང་ཐོ་ནང་འདུག་ཟེར་བ་རྗེས་ལ་གོ་སོང་། གང་ལྟར་ལབ་གླེང་བྱེད་མཁན་མང་པོ་འདུག ཉམས་ཐག་ཕྲུ་གུ་དེ་ཚོ་མིང་ཐོ་ནང་སླེབས་ཀི་མ་རེད་ཅེས་གླེང་གིན་འདུག ཡ་ད་གང་ལྟར་སྦྱིན་བདག་ཚོ་ལ་རྗེས་སུ་ཡི་རངས་ཡོད།

  3. བཀྲ་ཤིས་དོན་གྲུབ། says:
    2011-06-19 at 3:41 am

    དབུས་རྒྱུན་གྱིས་འདི་ལྟར་རྒྱུན་དུ་ཐབས་ལམ་ཚོལ་གྱིན་ཡོད་ལས་ཆེ། ཡག་པོ་རེད། སྒོར་མོ་ཇི་ལྟར་རག་ན་འགྲིག་སོང་བ་རེད།

  4. མྱི་ལྟིག says:
    2011-06-19 at 5:56 am

    ངས་མདོ་སྨད་རྒྱུན་ལས་ཚང་གིས་སྔོན་མ་ཡང་བྱ་བ་དེ་འདྲ་བྱས་པ་གོ་མྱོང་ཡོད།
    དེ་ནས་བཟུང་འུ་ཚང་མདོ་སྨད་རྒྱུན་ལས་ཚང་གི་བྱ་སྤྱོད་ལ་ཞེན་ལོག་ནས་བསྡད་ཡོད།
    གང་ལྟར་འགྲོ་ཚར་བ་དག་འགྲོ་སོང་བ་བདེན་ནི་བྱོས་ནས།
    རྗེས་སོར་དེ་འདྲ་བྱེད་ན་མདོ་སྨད་མྱི་ཡོངས་ཀྱི་མཚན་བྱང་ལ་གནོད་པའི་ངོས་ཟིན་ཐོབ་དགོས་ཀྱིན་འདུག

  5. གཡུ་བྲག་པ says:
    2011-06-19 at 4:18 pm

    འདི་བདེན་པ་ཡིན་ན་མདོ་སྨད་དབུས་རྒྱུན་གྱིས་གསལ་བཤད་ངེས་པར་གནང་དགོས་ཀི

  6. མིག་བརྒྱད་པ། says:
    2011-06-20 at 12:47 am

    མྱི་རྐྱང་ལགས། རྣག་ཐོག་བཙག་ཁེལ་གྱི་དཔྱད་བརྗོད་རང་རེད། ཐུགས་རྗེ་ཆེ། རྡ་སའི་རི་གྲོང་གི་གནས་ཚུལ་ཇི་བཞིན་ཤེས་དཀའ་གི མངོན་པར་མི་གསལ་བ་དང་ལྐོག་གྱུར་བ་མང་པོ་ཞིག་ཡོད་ས་རེད།
    བཙན་བྱོལ་སྤྱི་ཚོགས་ནང་ཕ་མ་མེད་པའི་དྭ་ཕྲུག་རྣམས་ནི་སྙིང་རེ་རྗེ། ཁ་ཞེ་གཉིས་མེད་ཀྱིས་ལམ་སྟོན་གནང་མཁན་རྒྱལ་བ་རིན་པོ་ཆེ་ལས་གཞན་ལྷག་མེད།

  7. ཤར་ཕྱོགས་ཁུག་རྟ། says:
    2011-06-20 at 6:06 am

    བཀའ་མོལ་འདི་གནད་འགག་ཆེན་པོ་རེད།

  8. ལུང་རྟོགས། says:
    2011-06-20 at 12:16 pm

    འདི་བདེན་པ་ཡིན་ན་ངོ་མ་སྐྱག་བྲོ་བའི་གནས་ཚུལ་ཞིག་རེད།

  9. བརྩོན་རྒྱམ། says:
    2011-06-21 at 2:21 am

    སྤྱིར་མི་རྐྱང་གིས་བྲིས་པ་འདི་བདེན་པ་ཡིན་ན་ངོ་མ་ཡག་པོ་རེད་མ་ཟད་དེ་འདྲ་འབྱུང་མི་སྲིད་པ་ཞིག་མ་རེད།  མདོ་སྨད་དབུས་རྒྱུན་ཞེས་བརྗོད་ན་མི་འགྲིག་གང་ཡིན་ཞེ་ན་དབུས་རྒྱུན་ཚང་མས་ལས་དཀའ་དེ་འདྲ་བྱས་ཡོད་ཀྱི་མ་རེད།  དེ་འདྲ་ཡིན་དུས་དབུས་རྒྱུན་འདི་ཚོས་སྐབས་རེད་ཅེས་བརྗོད་པ་འམ་ཡང་ན་མི་འདི་དག་རེད་ཟེར་ནས་མིང་འབོད་ཐུབ་ན་དགེ་མཚན་ཆེ།   ཡག་པོ་རེད་ཐུགས་རྗེ་ཆེ་ངེས་པར་དེ་ཞིབ་འཇུག་བྱེད་དགོས་པ་ཞིག་རེད།

  10. མདོ་སྨད། says:
    2011-06-21 at 5:13 am

    ཁ་བརྡ་དྲ་ཐོག་ཏུ་མི་རྐྱང་ཟེར་བ་ཞིག་གིས་མདོ་སྨད་དབུས་རྒྱུན་གྱིས་བྱིས་པ་ཉམ་ཐག་སྐོར་ཞིག་གི་མིང་བྱང་ཁྱེར་ནས་དངུལ་སློང་ཚུལ་བྲིས་འདུག མདོ་སྨད་དབུས་རྒྱུན་གྱིས་ཛ་དྲག་རོགས་སྐྱོར་མ་དངུལ་ཟེར་བ་ཞིག་ཕྱི་རྒྱལ་མདོ་སྨད་པ་གར་ཡོད་ལ་འགྲོ་གི་ཡོད་པ་བདེན་པ་ཡིན། དེ་ནི་ཉམ་ཐག་ཛ་དྲག་ནན་མནར་། རྒས་གཅོང་སོགས་རེད། དེའི་ཐད་མདོ་སྨད་དབུས་རྒྱུན་ནས་སློབ་ཕྲུག་དཀའ་ངལ་ཅན་དང་ཛ་དྲག་ནད་མནར། དེ་བཞིན་རྒས་ཁོག་སོགས་ལ་རོགས་རམ་གང་འཚམས་ཞུ་ཐུབ་ཡོད། དེ་ལ་ཁ་དགའ་ཉེ་ཕྱོགས་དང་མགོ་གཡོག་མགོ་སྐོར་སོགས་ཀྱི་བྱ་སྤྱོད་ཕྲན་ཙམ་ཡང་འདྲེས་མེད། ཉམ་ཐག་དེ་དག་ལ་རོགས་རམ་བྱེད་དུས་ཀྱང་དོ་བདག་རང་ཉིད་འདུག་སའི་ས་གནས་ཀྱི་ངོས་སྦྱོར་ཡི་གེ་དང་གཞན་པའི་བདེན་དབང་ཆ་ཚང་དགོས་ལ་དབུས་ནས་ཀྱང་ཛ་དྲག་ཉམ་ཐག་ཚོགས་ཆུང་གིས་ཞིབ་འཇུག་བརྒྱུད་ཐག་གཅོད་བྱེད་ཀྱིན་ཡོད། བྱིས་པ་ལ་རོགས་སྐྱོར་དགོས་ཚུལ་གྱི་ལས་གཞི་ཞིག་ད་ལྟ་བར་སྤེལ་མྱོང་མེད། གང་ལྟར་མདོ་སྨད་ཆོལ་ཁ་ནི་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་ཞིག་རེད། བོད་གཞིས་བྱེས་གཉིས་ཀྱི་ཆ་ཤས་གལ་ཆེན་ཞིག་རེད། དེང་སྐབས་ཀྱི་དབུས་རྒྱུན་ལས་ཐོགས་ཚོའི་ནང་དུ་སྣང་བར་མི་འགྲོ་བའི་མི་འདྲ་ཡོད་ན་མིང་བཟུང་དོན་བཟུང་གིས་སྐྱོན་བརྗོད་བྱས་ན་མ་འགྲིག་པ་ཡོད་པ་མ་རེད། ཡིན་ནའང་མདོ་སྨད་སྤྱི་ཡོང་གི་མིང་ཐོག་ལ་དོན་མེད་ནག་ཐིག་འཕེན་དགོས་དོན་མི་འདུག དེ་ཧ་ཅང་གི་ཐ་ཤལ་རང་རེད། ཉེས་མེད་སྙོན་འཛུགས་རེད། དེང་སྐབས་མདོ་སྨད་དབུས་རྒྱུན་ལས་ཐོགས་མི་བདུན་ཡོད། ཁོ་ཚོ་སུ་ཞིག་གིས་ཀྱང་དབུས་རྒྱུན་ལས་ལ་གསལ་ཁ་མེད་པའི་ལས་ཀ་འདི་འདྲ་ཞིག་ལས་མི་སྲིད་པ་ཞིག་རེད། ལས་དོན་གང་འདྲ་ཞིག་སྤེལ་སྐབས་ཀྱང་དབུས་རྒྱུན་གྱི་བརྒྱ་ཆ་བདུན་བཅུ་འཛོམས་པའི་ཐོག་ཐག་གཅོད་དགོས་པ་ལས་མི་སྒེར་གཅིག་གིས་ཐག་གཅོད་ཆོག་པའི་ལམ་ལུགས་སྲོལ་ཞིག་ད་ལྟ་བར་བྱུང་མྱོང་མེད།
    ལྷག་པར་དུ་དམིགས་བསལ་བྱིས་པ་ལ་རོགས་སྐྱོར་དགོས་ཚུལ་གྱི་ལས་དོན་ཞིག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྤེལ་མྱོང་མེད། ལྐོག་ཏུ་ཡུབ་པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གཞན་པ་ཞིག་ཡོད་ན་དེ་ང་ཚོས་ཤེས་ཀྱི་མེད། དོན་དག་ལ་གསལ་ཁ་མེད་པར་དྲ་ཐོག་ཏུ་ཕུ་དཀྲུགས་མདའ་དཀྲུགས་ཀྱི་སྦྱོར་བ་མི་སྤེལ་བར་འཚལ། མདོ་སྨད་དབུས་རྒྱུན་ལ་བསྙོན་འཛུགས་བྱེད་པའི་དོ་བདག་དེ་ཉིད་ཀྱིས་ཀྱང་དོན་དག་འདི་གསལ་ཞིབ་ཀྱིས་ཐེར་འདོན་བྱེད་རྒྱུ་གལ་ཆེན་རེད།

  11. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2011-06-21 at 6:35 am

    མི་རྐྱང་གི་རྩོམ་ཡིག་འདི་དོན་དངོས་ཡིན་པར་ངོས་ལེན་བྱེད་ཐུབ་མ་སོང་། སྦྱིན་བདག་འཚོལ་སྒྲུབ་ཀྱི་ལས་གཞི་འདི་ནི་མདོ་སྨད་དབུས་རྒྱུན་གྱི་ལས་གཞི་ཞིག་དང་ས་རྒྱུན་གྱི་ལས་གཞི་གང་ཡིན་ཡང་ཐེ་ཚོམ་གྱི་གནས་རེད་ལ། རྡ་ས་ན་དེ་འདྲ་མདོ་སྨད་པ་ཕྱུག་པོ་མང་པོ་ཞིག་མེད་པའང་གསལ་བོ་དག་པོ་ཡིན་པས། བདེན་པར་ངོས་འཛིན་བྱེད་ཐུབ་མ་སོང་། ཡིན་ནའང་། མང་ཆེ་བ་ཞིག་ཕ་འཛོམས་མ་འཛོམས་ཡིན་པ་བདེན་རྒྱུ་རེད།

  12. ལྷ་མོ says:
    2011-06-21 at 10:25 pm

    ཤེས་མ་ཤེས་གོ་མ་གོ་བྱ་སྒྲོ་རླུང་གིན་འཁྱེར་བ་བཞིན། གཅིག་ལས་གཅིག

  13. མྱི་རྐྱང་། says:
    2011-06-22 at 12:38 pm

    མདོ་སྨད་ཟེར་བ་ལ་མཆན་ལན།
    གོང་གི་མཆན་ཐུང་འདི་མདོ་སྨད་དབུས་རྒྱུན་ཡིན་ནམ་བདོ་སྨད་ཟེར་བ་ཞིག་གང་ཡིན་གསལ་ཁ་མ་མཆིས་མོད་ཚིག་ཟིན་ལ་བལྟས་ན་མི་སྒེར་བ་ཞིག་གི་བཟོ་འདུག གང་ལྟར་གསལ་བཤད་ཐུང་ངུ་ཞིག་བྱེད་དགོས་སོང་།
    ཁར་ཉིན་གྱི་གུས་པའི་རྩམ་ཐུང་དེའི་ནང་༼བར་སྐབས་ཤིག་ལ་ཐུགས་སྤྲོའི་མགོ་འཛིན་པས་སྒྲ་དག་ལ་མ་དག་པ་དང་ཡི་གེ་ཆོད་ལ་མ་ཆོད་པའི་ངང་འདི་ལྟར། ཚང་མས་ཡག་པོ་ཅིག་གསན་རོགས། གསལ་བསྒྲགས་གལ་ཆེན་ཞིག་ཡོད།མདོ་སྨད་དབུས་རྒྱུན་ནས་རྡ་ས་གཙོས་རྒྱ་གར་ནང་ཕ་མ་མེད་པའི་དྭ་ཕྲུག་ཉམས་ཐག་སྐོར་ཞིག་གི་མིང་བྱང་འདིར་བསྐུར་འདུག་པས།ལྷག་བསམ་དང་སྙིང་རྗེ་ཅན་སུ་དང་གང་གིས་སྦྱིན་བདག་རེ་གནང་རོགས་ཟེར།༽གསལ་བསྒྲགས་གནང་མཁན་གྱིས་དེ་ལྟར་ལབ་སོང་ཞེས་བྲིས་ཡོད་མ་གཏོགས། ལས་འགུལ་དེ་མདོ་སྨད་དབུས་ས་གང་ཡིན་སུས་སྤེལ་དང་། མི་སུ་དང་གང་ཡིན་སོགས་ལ་རྩད་གཅོད་ཞིབ་འཇུག་བྱ་དགོས་དོན་མེད་ལ་བྱས་ཀྱང་མེད། ལྷག་པར་ཁོ་བོས་མདོ་སྨད་དབུས་རྒྱུན་ལ་བསྙོན་འཛུགས་དང་ཕུ་དཀྲུགས་མདའ་དཀྲུགས་ཀྱི་ལས་ཀ་དེ་བས་བྱེད་དགོས་དོན་མེད། མ་འོངས་སུའང་བྱེད་མི་སྲིད། མ་ཟད་ང་རང་ནམ་རྒྱུན་མདོ་སྨད་དབུས་རྒྱུན་ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། གང་ལྟར་ངའི་རྩོམ་ཡིག་འདིའི་ནང་། ང་རང་ངོས་ནས་མདོ་སྨད་རྒྱུན་ལས་གྱིས་ལས་ཀ་དེ་འདྲ་ལས་འདུག་ཅེས་བྲིས་འདུག་གམ། གསལ་བསྒྲགས་བྱེད་མཁན་གྱིས་དེ་ལྟར་ལབ་སོང་ཞེས་གང་ཡིན་ལ་དབྱེ་ཞིབ་རེ་བྱས་ནས་སྐད་ཆ་ཤོད་ན་ཡག་པོ་རེད། སྤྱིར་སྤྱི་ཚོགས་ཀྱི་འགན་བླངས་པའི་ཁུལ་ཡིན་སྲིད་ནའང་དོན་དག་ལ་མི་དཔྱོད་པར་འུར་སྟོང་གིས་མཆན་སྟོང་འདེབས་མཁན་ཚོས་དོན་དངོས་ལ་དབྱེ་ཞིབ་བྱ་རྒྱུ་གལ་ཆེ།

  14. མྱི་རྐྱང་། says:
    2011-06-22 at 3:45 pm

    མདོ་སྨད་ཟེར་བ་འདི་མདོ་སྨད་དབུས་རྒྱུན་དང་མི་བུ་སྒེར་བ་ཞིག་གང་ཡིན་ཁ་མི་གསལ་མོད། མདོ་སྨད་དབུས་རྒྱུན་ཡིན་ཤག་གིས་མཆན་ལན་འདི་བཏབས་ཡིན།
    ཁོ་བོའི་རྩོམ་ཡིག་འདིའི་ནང་༼ཐུགས་སྤྲོའི་མགོ་འཛིན་པས། ཚང་མས་ཡག་པོ་ཅིག་གསན་རོགས། གསལ་བསྒྲགས་གལ་ཆེན་ཞིག་ཡོད།མདོ་སྨད་དབུས་རྒྱུན་ནས་རྡ་ས་གཙོས་རྒྱ་གར་ནང་ཕ་མ་མེད་པའི་ད་ཕྲུག་ཉམས་ཐག་སྐོར་ཞིག་གི་མིང་བྱང་འདིར་བསྐུར་འདུག་པས།ལྷག་བསམ་དང་སྙིང་རྗེ་ཅན་སུ་དང་གང་གིས་སྦྱིན་བདག་རེ་གནང་རོགས་ཟེར།༽ ཞེས་གསལ་བསྒྲགས་བྱེད་མཁན་གྱིས་དེ་ལྟར་ལབ་སོང་ཞེས་བ་ཙམ་ལས་མདོ་སྨད་དབུས་རྒྱུན་གྱིས་དེ་འདྲའི་ལས་འགུལ་སྤེལ་གྱིན་འདུག་ཅེས་སྒྲོ་སྐུར་ཅི་ཡང་བྱས་མེད། ལྷག་དོན་མདོ་སྨད་དབུས་རྒྱུན་ལ་བསྙོན་འཛུགས་གིས་ཕུ་དཀྲུགས་མདའ་དཀྲུགས་བྱེད་དགོས་དོན་མེད་ལ་བྱའང་མི་སྲིད། མ་གཞི་ནས་ངས་ཕྲུ་གུ་དེ་ཚོ་དངོས་གནས་དྭ་ཕྲུག་སྐྱོ་བོ་ཡིན་མིན་ལ་རྩད་གཅོད་བྱས་པ་ལས་ལས་བྱེད་སུ་དང་གང་ཡིན་ལ་ཞིབ་འཇུག་བྱས་མེད་ལ་བྱ་དགོས་དོན་ཅི་ཡང་མ་མཐོང་། གལ་སྲིད་ཕྲན་གྱིས་མདོ་སྨད་དབུས་རྒྱུན་ལ་བསྙོན་འཛུགས་བྱས་ཡོད་་ལཚིག་འབྲུ་དང་ཡི་གེ་རེ་རེ་བཞིན་ངོ་བཤུས་བྱས་ནས་མིག་སྔར་སྟོན་དང་ཁག་འགན་ཅི་ཡོད་ངས་ལོས་ཀྱང་འཁུར། མིན་ན་གཞི་མེད་དམ་དོན་མེད་ཀྱིས་འུར་མ་རྒྱག་རོགས།
    ཟུར་མཆན། གོང་གི་མཆན་པ་རེ་ཟུང་གིས་སྤྱི་ཚོགས་ཀྱི་འགན་བླངས་པའི་ཁུལ་ཡིན་རྒྱུ་རེད་དེ་ཡི་གེར་དབྱེ་ཞིབ་བྱེད་མ་ཐུབ་པར་འོད་ཚོད་ཀྱིས་ཧོབ་རྒྱུག་དང་འུར་ཤོབ་བྱས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme