Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་གྲུབ་རྒྱལ་རྙིང་བཞི་རྩ་གཏོར་མཁན་ཞིག་ཡིན་ནམ།

Posted on 2014-12-082014-12-08 By ཁ་བརྡ 4 Comments on དོན་གྲུབ་རྒྱལ་རྙིང་བཞི་རྩ་གཏོར་མཁན་ཞིག་ཡིན་ནམ།

 ཨ་འདུས་མིག་ཆུ།

             —གྲོགས་སྐལ་བཟང་ལུང་རིགས་ཀྱི་སྐད་ཆ་འགར་ལན་དུ་སྦྲན།

དེང་སང་སྐལ་བཟང་ལུང་རིགས་སུ་འབོད་པའི་ན་གཞོན་སྙན་ངག་པ་དེ་ཤེས་ཡོན་པའི་ཚད་ལ་མ་གནས་པར་བླུན་དད་པའི་ཚོར་བའི་རྗེས་སུ་འབྲངས་ཏེ། གང་འདོད་ཅི་བསམ་གྱིས་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་བྱེད་པ་ནི། ཀྲང་གོ་ཧྭ་སོགས་མི་རིགས་ཀྱི་དཔའ་བོ་གང་མང་ཞིག་དམར་གསོད་གཏོང་མཁན་དག་ལ་རྗེས་དྲན་བྱས་པ་དང་ཁྱད་པར་མེད་པའི་བརྡོལ་གཏམ་སྨྲ་བཞིན་འདུག་ལ། དེ་ནི་ཤེས་རབ་གྱི་བློ་མིག་གིས་བདེན་པ་ལ་དྲང་ཐད་ནས་བལྟས་པ་ཞིག་ཏུ་གཏན་ནས་ཚོར་མ་སོང་།

སྐལ་བཟང་ལུང་རིགས་ནི་གྲྭ་པ་ནས་སྐྱ་བོའི་སྤྱི་ཚོགས་སུ་ཐོན་ཞིང་གསར་བརྗེའི་བསམ་བློ་དགོས་པར་སྨྲ་བ་ལས་བླུན་དད་ཀྱི་དར་ཆ་འཛིན་དགོས་པར་འདོད་པའི་འགྱུར་ལྡོག་གི་རྣམ་འགྱུར་གསལ་བའི་རྩོམ་པ་པོ་ཞིག་རེད།

ཁོང་ནི་སྙན་ངག་མེ་ལོང་མ་མེ་རུ་བསྲེགས་དགོས་པར་སྨྲ་བའི་སྐབས་སུ་རིག་གནས་གསར་བརྗེ་སྨྲ་བའི་ཁྱུ་མཆོག་ཅིག་ཡིན་ལ། རྩོམ་རིག་གསར་པའི་དེད་དཔོན་དུ་འབོད་པའི་དོན་གྲུབ་རྒྱལ་རྒྱ་དམག་ཀྲང་གོ་ཧྭ་དང་གཅིག་པར་འབོད་དུས་བསམ་བློ་རུལ་སུངས་སུ་གྱུར་པའི་མི་སྣ་ཞིག་གོ།

སྐལ་བཟང་ལུང་རིགས་བཙན་བྱོལ་ན་ཡོད་དུས་ཁོ་རང་གིས་སྐད་ཆ་ཞིག་བཤད་ཡོད་དེ། རང་ཉིད་ཀྱི་མཚན་སྙན་རྒྱས་དགོས་ན། སྙན་གྲགས་ཅན་ལ་དགག་པ་རྒྱག་དགོས་ཞེས་བཤད་ཡོད་པ་ལྟར། རང་ཉིད་ཀྱི་མཚན་སྙན་ཙམ་པོ་བའི་ཆེད་དུ་དཔལ་དོན་གྲུབ་རྒྱལ་ལ་དམར་ཕྱོགས་རིང་ལུགས་པ་ཞེས་གང་འདོད་དུ་སྨྲས་པ་ཡིན་ཚེ། ད་ལྟའི་ཁྱེད་ཀྱི་དོན་མེད་ཀྱི་གླེང་ཕྱོགས་བཟོས་པའི་རྩོམ་ཡིག་དག་གིས་ཁྱེད་ཀྱི་སྙན་གྲགས་རྒྱས་པར་ཤོག

དེ་མིན་དོན་དངོས་དཔལ་དོན་གྲུབ་རྒྱལ་བཅིང་གྲོལ་དམག་དང་གཅིག་པར་འདོད་དེ་བྲིས་པ་ཡིན་ཚེ། དེ་ལ་གནས་ལུགས་དང་རྒྱུ་མཚན། རིན་ཐང་ཟེར་བ་ཞིག་ཕྱོགས་གང་ནས་བལྟས་ཀྱང་བདག་གིས་ནི་ངོ་མ་མཐོང་མ་གྱུར།

མི་རིགས་ཤིག་ལ་མཚོན་ན་མི་རིགས་དེར་དུང་བ་བླ་ནས་འབར་ཞིང་རིག་གཞུང་ལ་བྱས་རྗེས་ཚད་ཐུབ་བཞག་པའི་མི་བུ་དག་ནི་མི་རིགས་དེས་བཀུར་བྱ་ཉག་གཅིག་ལས་དོན་མེད་ཞྭ་མོ་བཟོ་བའི་ཡུལ་ཞིག་ཏུ་གཏན་ནས་མི་འདོད་ལ། སྐྱེས་བུ་དེ་དག་ལ་དོན་མེད་གླེང་ཕྱོགས་བཟོ་བ་ནི། མི་རིགས་ལ་དམའ་ཕབ་ལས་མ་འདས་ན། ཅིས་ཀྱང་དེའི་རིགས་ཀྱི་བྱ་ངན་སྤྱོད་ངན་གྱི་རྣམ་ཐར་ལ་གང་ནུས་ཅི་ལྕོག་གིས་དགག་རྒྱག་བྱ་དགོས་པར་འདོད།

དེའི་ཕྱིར་ན་དེང་རབས་ཀྱི་བསམ་བློ་བའི་ཁྲོད་ན་གྲགས་པ་རླུང་བཞིན་རྒྱས་པའི་སྐུ་ཞབས་ཞོགས་དུང་དང་། རྩོམ་རིག་གི་ཁྱུ་མཆོག་ཏུ་འབོད་པའི་བདུད་ལྷ་རྒྱལ་སོགས་ཀྱི་ལྟ་ཚུལ་ཐད་ནས་དཔལ་དོན་གྲུབ་རྒྱལ་གླེངས་ན། ཁོ་རང་ཉིད་མི་འཐད་འདྲ་སྟེ། དེ་དག་ནི་ཁོས་འདོད་པའི་པཱ་ལོའུ་དམག་རྒན་པ་ཏག་ཏག་རེད་ལ། ཁོ་རང་ཉིད་ཀྱིས་ཀྱང་སྲོལ་རྒྱུན་གྱི་མཁས་པ་མ་གཏོགས་ཁས་མི་ལེན་པའི་རྣམ་འགྱུར་སྟོན་བཞིན་པས་སོ།།

དོན་དངོས་བྱས་ན། དཔལ་དོན་གྲུབ་རྒྱལ་ཁོས་བཤད་པ་བཞིན་པཱ་ལོའི་དམག་རྒན་པ་ཞིག་དང་ཡང་ན་སྙིང་བཞི་རྩ་གཏོར་བྱེད་པའི་དམར་པོའི་རིང་ལུགས་པ་ཞིག་ཡིན་ནམ། གལ་སྲིད་དེ་ལྟར་ཡིན་ཚེ། དུས་རབས་ཉི་ཤུ་བའི་མཇུག་གི་བོད་ཀྱི་མཁས་པ་སྟེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས། རྗེ་འཇིགས་མེད་ཐེག་མཆོག  ཉན་ཤུལ་མཁྱེན་རབ་འོད་གསལ། ཨ་ལགས་དོར་ཞི། དབྱངས་ཅན་སྒེག་པའི་བློ་གྲོས་སོགས་མཁས་པ་གསེར་རི་འདྲ་བ་དག་ཀྱང་ངེས་པར་ནོར་ཡོད་པ་འདྲ།

སྤྱིར་ཡིན་ན་དམར་ཕྱོགས་རིང་ལུགས་པ་ཞིག་རེད་ཅེས་པ་ལ་ཉེས་པ་ཆེར་མེད་མོད། དོན་གྲུབ་རྒྱལ་ཀྲོང་གོ་ཧྭ་དང་གཅིག་པར་སྨྲས་ན་བདེན་གཏམ་ཞིག་ཏུ་མ་སོང་བར་འདོད། དེ་ལས་ཀྱང་རྙིང་བཞི་རྩ་གཏོར་བྱེད་མཁན་ཞིག་ཏུ་ངོས་བཟུང་ན་ལྷག་ཏུ་མི་འགྲིག་པར་འདོད། སྐད་ཆ་གང་བཤད་ཀྱང་ཐལ་དྲགས་པའམ་གཡོན་ཐལ་ཆེ་བའི་རིགས་དངོས་གནས་མ་བཤད་ན་ཡག་སྙམ།

དཔལ་དོན་གྲུབ་རྒྱལ་རྙིང་བཞི་རྩ་གཏོར་བ་ཞིག་ཏུ་འདོད་པ་དེས་ཁོང་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་གཏན་ནས་མི་དགའ་མཁན་ཞིག་ཏུ་ཁས་བླངས་པ་རེད་ལ། ཀྲོང་གོ་ཧྭ་དང་མཚུངས་པར་སྨྲས་པས་མི་རིགས་ལ་ཡང་གཏན་ནས་མི་དགའ་མཁན་ཞིག་ཏུ་དོན་གྱིས་འཆད་པ་རེད།

འདི་དག་ནི་ལོག་རྟོག་གམ་ཡང་ན་སྣང་ཚུལ་ལ་དུང་དཀར་སེར་སྣང་དང་སྐྲ་ཤད་འཛག་སྣང་བྱུང་བ་ཙམ་ལས་གནས་ཚུལ་ལ་དེ་འདྲ་ཡིན་ཚོད་མ་རེད། དཔེར་ན། མི་རིགས་ཀྱི་ཐད་ནས་ཨ་ལགས་དོར་ཞིས“ན་གཞོན་རྩོམ་པ་པོའི་མིང་གི་མེ་ཏོག་ཕྲེང་བ་ཐོད་དུ་བཅིངས་ཡང་། མི་རིགས་རང་གི་གྱོན་ཆས་སྤྲས་ནས་ཚོགས་འདུར་ཡོང་བ་ལས་ཀྱང་མི་རིགས་ཀྱི་ལ་རྒྱ་རྗེས་སུ་དཔག” ཞེས་གསུངས་པ་ལ་གཞུག་ན་དོན་གྲུབ་རྒྱལ་ནི་མི་རིགས་རྩ་མེད་དང་མི་རིགས་གཞན་བསྒྱུར་ལ་བརྩོན་པའི་ཀྲོང་གོ་ཧྭ་ལྟ་བུ་ཞིག་གཏན་ནས་ཡིན་ཚོད་མ་རེད།

རིག་གནས་གྱི་ཆ་ནས་ཀྱང་མཁས་དབང་དུང་དཀར་ཚང་གིས“ཕུལ་དུ་བྱུང་བའི་རང་རིགས་གཞོན་ནུའི་རྩོམ་རིག་སྒྱུ་རྩལ་བ་མཁས་ཅན། བོད་རིག་པའི་ཞིབ་འཇུག་མཁས་ཅན་བློ་མཐུན་དོན་གྲུབ་རྒྱལ་”ཞེས་གསུངས་པ་འདི་དག་ལ་རྗེས་སུ་དཔོག་ཅིང་གཟུར་གནས་ཀྱི་བློས་དཔྱད་ན། དོན་གྲུབ་རྒྱལ་ནི་མི་རིགས་ཀྱི་རིག་གནས་ལ་བརྩེ་ཞེན་ཆེ་ཞིང་། མི་རིགས་ཀྱི་ལ་རྒྱ་སྙིང་ལ་ཉར་བའི་ན་གཞོན་ཞིག་ཡིན་པ་ལས། ཁྱེད་ཀྱིས་བཤད་པའི་བོད་ཀྱི་རིག་གནས་རྩ་གཏོར་བྱེད་པོ་ཞིག་མིན་པ་འདྲ་འདུག

རྩོམ་པ་པོ་ཞིག་ལ་མཚོན་ན་སྐད་ཆ་དྲང་མོ་ཞིག་བཤད་དགོས་པ་ནི་གཙོ་བོ་ཡིན་ལ། ལྷག་ཏུ་ཚོར་བ་ཙམ་པོ་བའི་རྗེས་སུ་མི་འབྲངས་བ་ནི་བདེན་པའི་དམ་ཚིག་ཡིན་ངེས་པས། བོད་རྩོམ་སྨྲ་བ་སུ་ཡིན་ཡང་ལོ་རྒྱུས་ཁྲོད་ཀྱི་ཚད་ཐུབ་མི་སྣ་དག་ལ་བསྙོན་འཛུགས་བྱེད་པ་ནི་ཡག་པོ་མི་འདུག འདི་ལྟ་བུའི་ལོ་རྒྱུས་མི་སྣ་ལ་བསྙོན་འཛུགས་བཙན་སྦྱོར་བྱེད་པའི་རིག་གནས་འདི་དེང་སང་དར་བའི་རིག་གནས་གསར་པ་ཞིག་གཏན་ནས་མིན་ཏེ། བཙན་པོ་འུ་དུམ་བཙན་གྱི་སྐབས་ནས་ཡོད་ཕྱིར་བོད་ཀྱི་བཙན་པོ་ལ་ཡང་གླང་གི་ཉེས་ཞྭ་བཟོས་ཟིན་པ་དེའོ།།

གལ་ཏེ། དོན་གྲུབ་རྒྱལ་གྱི་“ང་དང་ཁུ་བྱུག”ཅེས་པའི་ནང་གི་ཅན་བཞིའི་ལམ་དུ་ཆས་འགྲོ་ཞེས་པའི་ཚིག་དེས་དོན་གྲུབ་རྒྱལ་རྙིང་བཞི་རྩ་གཏོར་བྱེད་པའི་དམར་པོའི་རིང་ལུགས་པ་ཞིག་ཏུ་བསྒྲུབས་ཐུབ་ཚེ། བོད་ཀྱི་མཁས་དབང་དུང་དཀར་ཚང་ཡང་དེ་ལས་མ་འདས་ཏེ། བོད་ཀྱིས་བསྟན་བཅོས་རྩོམ་པའི་ཐོག་མར་མཆོད་པར་བརྗོད་པའི་ཡུལ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཡིན་པ་ལ། ཁོང་གིས་རྙིང་བཞི་རྩ་གཏོར་བྱེད་པའི་ལམ་སྟོན་པ་མའོ་ཀྲུའུ་ཞི་སོགས་ལ་མཆོད་དེ། སྲོལ་རྒྱུན་རིག་གནས་ཀྱི་བསམ་བློ་དང་བཅས་པར་བཅོས་བསྒྱུར་ཤས་ཆེར་བྱས་ཡོད་པས་ཁོང་ནི་རྙིང་བཞི་རྩ་གཏོར་བྱེད་པའི་གཏེ་བོ་མིན་པ་ཅི་ལ་སྲིད། ཁོང་ཡང་དེ་བཞིན་ཁས་ལེན་ན་ནི་མངོན་སུམ་ལ་བསྙོན་པའོ་ཟེར་རྒྱུ་ལས་ཅི་ཆ།

གཞན་ཡང་“རྐང་ལམ་ཕྲ་མོ”འི་ནང་གི་རྐང་ལམ་ལས་རྒྱ་ལམ་དུ་ཆས་དགོས་པར་སྨྲས་པའི་བསམ་བློ་དེས་ཀྱང་དོན་གྲུབ་རྒྱལ་རྙིང་བཞི་རྩ་གཏོར་མཁན་ཞིག་ཏུ་སྨྲས་པ་ཡིན་ཚེ། དེ་ནི་ཁྱེད་དང་ཡང་ན་གཞན་ཞིག་གིས་བརྩམས་ཆོས་ལ་གོ་བ་ལེན་ཕྱོགས་མ་འདྲ་བ་ཙམ་ལས་དོན་དངོས་བྱས་ན། རིག་གནས་རྙིང་བ་རྒྱུན་འཛིན་དང་གསར་པ་ཁ་སྣོན་བྱས་ཏེ། བོད་ཀྱི་རིག་གནས་ཀྱི་མཁའ་དབུགས་རྒྱ་ཇེ་ཆེ་དང་། ཁོད་ཇེ་ཡངས་སུ་གཏོང་དགོས་པའི་སྐད་ཆ་དང་བསམ་བློ་ཡོད་པ་བརྩམས་ཆོས་དེ་རང་གི་སྟོད་ཀྱི་ཆ་ལ་གསལ་བ་ནི་ཁྱེད་ཀྱིས་མཁྱེན་མི་སྲིད་པ་ག་ལ་སྲིད།

ཡང་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས“དོན་དངོས་དང་མི་མཐུན་པའམ་བོད་མི་རིགས་ཀྱི་ཡར་ཐོན་ལ་མི་ཕན་པའི་རིགས་མཐའ་དག་ལ་སྤོབས་པ་ཆེན་པོས་བརྒལ་བརྟག་བྱས་ནས་རང་ཉིད་ཀྱི་ལྟ་ཚུལ་རྣམས་འཛེམས་མེད་དུ་འདོན་ཐུབ་པའི་སྙིང་སྟོབས་དང་ལྡན་པ་ཞིག་ཡིན་” ཞེས་པ་ནི་བདེན་དེ། སད་ཀྱིས་བཅོམ་པའི་མེ་ཏོགཁྲོད་དུ་ཕ་མའི་བཙན་དབང་ལ་བརྟེན་པའི་གཉེན་འབྲེལ་གྱི་འདུ་ཤེས་སམ་ལམ་ལུགས་དགག་ཏེ། ཕོ་མོའི་བརྩེ་དུང་ལ་རང་དབང་གི་ཉི་མ་ཤར་བའི་ལས་ལ་འབད་ཅིང་། གི་ནང་དུ་ས་རྩོད་ཆུ་རྩོད་ཀྱི་ཕུ་ནུ་ནང་འཁྲུག་གི་སྤྱོད་ངན་ལ་སྐྱོན་བརྗོད་དེ། སྤྱི་ཚོགས་ཤིག་གི་འཆམ་མཐུན་གྱི་ཀུན་སྤྱོད་ལ་རྒྱང་འབོད་བྱས་ཡོད། དེ་བཞིན་སྤྲུལ་སྐུའི་ཁྲོད་དུ་བོད་ཀྱི་སྤྱི་ཚོགས་སུ་སྤྲུལ་རྫུན་གྱིས་ཁྱབ་ཅིང་སྤྲུལ་རྫུན་གྱིས་མང་ཚོགས་ཀྱི་ལག་ནས་དངུལ་བསྡུས་ཏེ། སྒེར་གྱི་འཚི་འཚིས་ལ་བེད་སྤྱོད་བྱེད་པའི་སྣང་ཚུལ་ལ་དགག་རྒྱག་བྱས་པ་སོགས་མདོར་ན། མི་རིགས་ཀྱི་སྤྱི་ཚོགས་ལ་མིག་གིས་བལྟས་ཤིང་། ལེགས་ལམ་དུ་འགྲོ་བར་རེ་བས་བསྐུལ་བ་ཤ་སྟག་ཡིན་པ་ལོས་ཤེས་འདོད།

དོན་གྲུབ་རྒྱལ་ནི་སེམས་ལ་གང་དྲན་པ་དང་ཚོར་བ་ཙམ་གྱིས་རྗེས་སུ་འབྲངས་ཏེ། སྙན་ངག་མེ་ལོང་མ་དང་། བོད་ཀྱི་སྲིད་དོན་རྒྱལ་རབས། རྗེའི་ལམ་རིམ་ཆེན་མོ་སོགས་བོད་ཀྱི་གནའ་བོའི་བསམ་གྱིས་མི་ཁྱབ་པའི་མཁས་པ་དག་གིས་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་མཛད་པའི་ཤུལ་བཞག་གི་རིག་གནས་དག་མེ་ལ་བསྲེགས་དགོས་པ་དང་། ཆུ་ལ་གཡུགས་དགོས་པར་སྨྲ་བའི་མགོ་སྟོང་ཞིག་མིན་པ་འདྲ་སྟེ། རྗེ་འཇིགས་མེད་ཐེག་མཆོག་གིས“གངས་ཀྱི་ལྗོངས་སུ་དོན་གྱི་པད་མའི་ཚལ།། རྣམ་འབྱེད་འོད་ཕྲེང་གྲུབ་པའི་ཟླ་ཚེས་ལ།། སྡེ་བཞིའི་རྒྱལ་སྲིད་ཞེན་པའི་རི་བོང་འཛིན།། རབ་དཀར་མེ་ལོང་དཀྱིལ་ན་ཀུན་ནས་གསལ།”ཞེས་སོགས་བསྔགས་པར་བརྗོད་ཅིང་། དོན་གྲུབ་རྒྱལ་རང་ཉིད་ཀྱང་སྙན་ངག་མེ་ལོང་ལ་ཐོས་བསམ་གྱིས་འབད་པར་སྤྲོ་བའི་གཞོན་ནུ་ཞིག་ཡིན་འདུག་སྟེ། ཟླ་བ་བློ་གྲོས་ཀྱིས་“ཁོ་ཚོ་སློབ་གྲྭར་ཡོད་དུས་དོན་གྲུབ་རྒྱལ་གྱིས་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་སྙན་འགྲེལ་དེ་ལྐོག་ནས་ཀློག་གིན་འདུག་”ཅེས་བཤད་འདུག་ལ། པདྨ་འབུམ་གྱིས་ཀྱང་“དེ་དུས་སྲོལ་རྒྱུན་གྱི་དཔེ་ཆ་བཀླགས་ཆོག་གི་ཡོད་པ་མ་རེད་”ཅེས་འཆད་ཚུལ་ལ་བལྟས་ན། དོན་གྲུབ་རྒྱལ་ནི་དེང་དུས་ཀྱི་རྐྱལ་སྟོང་དག་དང་མི་འདྲ་བར་རང་གི་རིག་གནས་ཆེད་དུ་སྲོག་ལ་བབས་ཀྱང་འབད་པས་འཇུག་མཁན་ཞིག་རེད་འདུག ལག་ལེན་གྱི་སྟེང་ནས་ཀྱང་སྙན་གཞུང་མེ་ལོང་དང་མཐུན་པརགཞོན་ནུའི་ཡིད་ཀྱི་མཛེས་རྒྱན་དང་། རཱ་མ་ཎའི་རྟོགས་བརྗོད་བློ་གསར་རྣ་བའི་དཔྱིད་གླུ དེ་བཞིན་རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམཕུལ་བྱུང་དོན་སྨིན་གྱི་བརྩམས་ཆོས་གང་མང་མཛད་འདུག་པ་འདིས་ཀྱང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཡོད་པ་མཚོན་ལ། དེ་བཞིན་ལང་ཚོའི་རྦབ་ཆུསོགས་སྙན་ངག་གསར་མ་དང་། སྤྲུལ་སྐུསོགས་བརྩམས་སྒྲུང་གསར་མ། མ་རབས་སྤུན་གཉིས་དང་ཡ་རབས་སྤུན་གཉིསསོགས་སློབ་གསོའི་ཡར་སྐུལ་གྱི་རྩོམ་ཡིག་མི་ཉུང་བ་ཞིག་བོད་ཀྱི་རྩོམ་རིག་གི་ཞིང་ས་གཤིན་པོར་སྣ་མང་མེ་ཏོག་གི་འབྲས་བུ་མང་དུ་གཏོར་ཚུལ་ལ་བལྟས་ན། དོན་གྲུབ་རྒྱལ་ནི་རང་རེའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་ཁ་ཞེ་གཉིས་སུ་མེད་ལ། རིག་གནས་གསར་པ་ནང་འདྲེན་བྱེད་པའི་འཇུག་སྒོ་རབ་ཏུ་ཡངས་པའི་འདབ་གཤོག་གཉིས་ལྡན་གྱི་སྐྱེས་བུ་ཞིག་ཡིན་པ་གཟུར་གནས་སུས་ཀྱང་རྟོགས།

ཡང་དོན་གྲུབ་རྒྱལ་ཤི་སོང་བས་ཧ་བོ་ཧ་བོ་ཟེར་བ་ནི་ཁྱེད་ཀྱིས་འབོད་པའི་ནུབ་བྱང་ཚང་གི་ཞོའོ་པཱ་ལོའུ་གཅིག་པུ་མིན་པ་འདྲ་སྟེ། ཁོང་གི་པོད་དྲུག་གི་ཐོག་མར་བཞག་པའི་མཁས་པའི་བརྩམས་ཆོས་དག་ལ་ལྟོས་དང་དེ་དག་ཚང་མས་དོན་གྲུབ་རྒྱལ་སྐུ་གཤེགས་པར་བློ་འགྱོད་ཚད་མེད་སྐྱེས་ཡོད་ལ། ལྷག་ཏུ་དེང་སང་ནུབ་བྱང་ཙམ་མ་ཡིན་པར་བོད་ཕྱི་ནང་གཉིས་དང་མདོ་དབུ་ཁམས་གསུམ་གྱི་མཁས་པ་དང་སློབ་ཕྲུག་མང་དག་ཅིག་གིས་ཁོང་ལ་རྗེས་དྲན་བྱེད་བཞིན་མཆིས་ན། དེ་དག་གིས་ཀྱང་བོད་མི་རིགས་དམར་གསོད་གཏང་བར་བག་ཚ་བ་མེད་ལ། བོད་ཀྱི་བཀའ་བསྟན་སྙན་གཞུང་དང་བཅས་པ་མེ་ལ་བསྲེག་པར་ཡ་ང་མེད་པའི་ཀྲོང་གོ་ཧྭ་ལྟ་བུ་ཞིག་ལ་རྗེས་དྲན་བྱེད་བཞིན་པར་ཁྱེད་ཀྱིས་ཁས་ལེན་ཐུབ་བམ།

དོར་ཞི་ཚང་གིས་ཀྱང་དོན་གྲུབ་རྒྱལ་སྐུ་གཤེགས་པ་ཐོས་མ་ཐག་“ཨ་ཧོ་ཨ་ཧོ་མ་བཟང་ཐལ་ཟེར་ནས་ཡུད་ཙམ་ཞིག་ལ་ཧད་དེ་ལུས”ཞེས་བཤད་པར་གཟིགས་དང་། དོན་གྲུབ་རྒྱལ་སྐུ་གཤེགས་པར་ཧ་བོ་མི་ཟེར་ཞིང་མི་དཀར་ལ་ཞྭ་ནག་འགེབ་མཁན་ཁྱེད་ཚོ་རེ་གཉིས་ལས་མཁས་རྒན་མང་པོའི་ནང་ལ་ཁོང་སྐུ་གཤེགས་པར་འགྱོད་ཀྱང་གདུང་མཁན་མང་ཚོད་དུ་འདུག་གོ།

དཔལ་དོན་གྲུབ་རྒྱལ་འཚོ་བཞུགས་ཀྱི་སྐབས་སུ་སྲིད་ཇུས་གསར་པ་ལ་བསྟོད་གླུ་གསར་པ་རེ་གཉིས་བླངས་ཡོད་སྲིད་ཀྱང་དེས་ཁོང་གི་ཡོད་ཚད་མཚོན་ག་ལ་ཐུབ། གལ་སྲིད་དེ་ལྟར་མཚོན་ཐུབ་པར་བསྙད་ཚེ། དུས་རབས་ཉི་ཤུ་བའི་མཁས་པ་མི་གསུམ་དུ་གྲགས་པའི་དུང་དཀར་ཚང་དང་། ཚེ་ཏན་ཞབས་དྲུང་།  དམུ་དགེ་བསམ་གཏན་དང་བཅས་པ་དམར་པོའི་རིང་ལུགས་པ་ཞིག་རེད་ཅེས་བཤད་མི་དགོས་པ་ཅི་ལ་སྲིད། རྒྱུ་མཚན་ནི། སྐབས་དེར་སྲིད་ཇུས་གསར་པ་དང་མགོ་ཁྲིད་དམར་པོ་དག་ལ་བསྟོད་གླུ་གསར་པ་མ་ཕུལ་མཁན་གྱི་སྐྱེས་བུ་སུ་ཞིག་ཨང་།

མདོར་ན། སྐད་ཆ་ཚིག་རེ་གཉིས་ལ་བལྟས་ཏེ་མི་སྣ་དེའི་ཡོད་ཚད་ལ་བསྡོམས་མ་བརྒྱབས་པར་བརྩམས་ཆོས་ཧྲིལ་བོ་དང་། གྲུབ་འབྲས་མཐའ་དག་ལ་རྒྱུས་ལོན་ཡོད་པ་དང་། གོ་ཤེས་ཡོད་པའི་ཐོག་ནས་མི་དེར་དགག་སྒྲུབ་གང་བྱ་དགོས་མིན་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་འཚོལ་དཔྱོད་བྱ་རྒྱུ་གལ་ཆེན་པོ་འདུག་འདོད།

 

མཇུག་མཐར་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་སྤྱིར་དོན་གྲུབ་རྒྱལ་ལ་ངན་སྨྲ་བྱེད་པའི་རྒྱུ་མཚན་ལ་གཉིས་གསུངས་པ་ལས་ཕྱི་མ་འདིར་བཀོད་ན། “གཅིག་ནི་དོན་གྲུབ་རྒྱལ་ལོ་ན་གཞོན་པ་དང་། ཁོང་སློབ་གྲྭར་སློབ་སྦྱོང་བྱེད་པའི་སྐབས་སུ་བྲིས་པའི་རྩོམ་ཡིག་རྣམས་ཀྱང་ཚིག་དོན་གཉིས་ཀའི་ཆ་ནས་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པས་ལོ་ན་རྒས་པ་མཆོག་ཏུ་འཛིན་མཁན་རེ་ཟུང་གིས་གཞོན་ནུ་མཁས་པ་སྤྱན་ལམ་དུ་མ་སོང་བ་ཡིན།”ཞེས་པ་ལྟར་དོན་གྲུབ་རྒྱལ་དགག་རྒྱག་བྱེད་པའི་དེང་སང་གི་མི་འགའ་ཤིག་གི་བྱེད་བབ་སྣང་ཚུལ་ནི་དོན་གྱིས་ལོ་ན་རྒས་པ་མཆོག་འཛིན་གྱི་བསམ་བློ་ལ་བརྟེན་ནས་བྱུང་བ་ལས་དངོས་པོའི་གནས་ཚུལ་ལ་དོན་གྲུབ་རྒྱལ་རྗེས་དྲན་བྱེད་འོས་མིན་གྱི་མི་ཞིག་ཡིན་མིན་ནི་ཁོང་གི་འཆད་ཁྲིད་དག་དང་། མི་རིགས་དང་རིག་གནས་ལ་བཅང་བའི་བསམ་བློའི་ལྗིད་ཀྱིས་གཏམས་པའི་གསུང་རྩོམ་དག་གི་བརྗོད་བྱ་དང་། བོད་སྐད་བོད་ཡིག་གི་བརྡ་སྤྲོད་པའི་འགྲུས་དང་བསྟུན་པར་མཛད་པའི་པོད་ཕྲེང་དྲུག་གི་བདག་ཉིད་ཅན་འདིས་ཀྱང་བདེན་དཔང་ལ་བསྙོན་མི་འདང་བས་ན། རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་བདེན་ཐུབ་དང་དྲང་བཞག་གི་སྐད་ཆ་རེ་འཆད་རྒྱུ་གལ་ཆེའོ།

བསམ་ཚུལ།

Post navigation

Previous Post: བསྟོད་དབྱངས་དུང་ཟླ་རླབས་ཕྲེང་།
Next Post: ཐོལ་བྱུང་སྙན་པའི་རྔ་བརྡ།

Comments (4) on “དོན་གྲུབ་རྒྱལ་རྙིང་བཞི་རྩ་གཏོར་མཁན་ཞིག་ཡིན་ནམ།”

  1. བོད་ཀྱི་བུ། says:
    2014-12-08 at 9:21 am

    དོན་གྲུབ་རྒྱལ་གྱི་རྐང་བའི་སེན་མོ་ལ་མི་དོ་བའི་གྲྭ་ལོག་སྐལ་ལུང་རིགས་ཀྱི་ཅི་ཡང་ཤེས་ལེ་མ་རེད།རྡ་རམ་ས་ལ་ནས་བཀྲ་མ་ཤིས་པ་དང་ཁ་མ་སོས་ནས་བོད་ནང་ལ་ལོག་ཟིན་མཁན་ཞིག་རེད། ལྡི་ལི་རྒྱ་ནག་གཞུང་ཚབ་ལ་མགོ་བཏགས་ནས་ཕ་ཡུལ་ལ་འགྲོ་མཁན་ཞིག་ལ་དོན་གྲུབ་རྒྱལ་དམར་ཤོག་རེད་ལབ་པའི་ཐོབ་ཐང་མེད།

  2. ཆོས་འཕེལ་དར་རྒྱས་ says:
    2014-12-08 at 4:12 pm

    དོན་གྲུབ་རྒྱལ་སྒང་བ་བོད་ལ་བལྟས་ན་གསར་རྩོམ་པ་ཆགས་ཡོད། འོན་ཀྱང་བརྗེད་མི་ཉན་པ་ཞིག་ནི་ཁོང་གི་ཕྱག་རྩོམ་མང་ཆེ་བའི་འབྲི་ལུགས་ནི་༡༦༠༠་ནང་བྱུང་བའི་དབྱིན་ཇི་བ་William Wordsworth སོགས་ཀྱི་རྩོམ་ཐིང་ལ་གཞི་གཏུག་ཐུབ།

  3. ཆུ་ཐིགས་སྔོན་མོ says:
    2014-12-08 at 5:07 pm

    དེང་སང་གི་མི་འགའ་ཤིག་གི་་་་་་བརྡ་སྤྲོད་པའི་འགྲུས་དང་་་་

  4. ཐུབ་པ། says:
    2014-12-09 at 3:00 am

    དོན་གྲུབ་རྒྱལ་གྱི་རྐང་བའི་སེན་མོ་ལ་མི་དོ་བའི་གྲྭ་ལོག་སྐལ་ལུང་རིགས་ཀྱི་ཅི་ཡང་ཤེས་ལེ་མ་རེད།རྡ་རམ་ས་ལ་ནས་བཀྲ་མ་ཤིས་པ་དང་ཁ་མ་སོས་ནས་བོད་ནང་ལ་ལོག་ཟིན་མཁན་ཞིག་རེད། ལྡི་ལི་རྒྱ་ནག་གཞུང་ཚབ་ལ་མགོ་བཏགས་ནས་ཕ་ཡུལ་ལ་འགྲོ་མཁན་ཞིག་ལ་དོན་གྲུབ་རྒྱལ་དམར་ཤོག་རེད་ལབ་པའི་ཐོབ་ཐང་མེད།
    འདི་འདྲ་པོ་ལབ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme