Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་གྲུབ་དབང་ཆེན་གྱི་ནང་མིས་གོང་ས་མཆོག་ལ་མཇལ་བཅར།

Posted on 2009-08-092009-08-09 By ཀླུ་ 13 Comments on དོན་གྲུབ་དབང་ཆེན་གྱི་ནང་མིས་གོང་ས་མཆོག་ལ་མཇལ་བཅར།

lhamo-tso-with-h1h-dalai-lama

             ཉེ་བའི་ཆར་འཇིགས་བྲལ་གློག་བརྙན་བཟོ་མཁན་རྒྱལ་གཅེས་བ་དོན་གྲུབ་དབང་ཆེན་ལགས་ཀྱི་ནང་མིས་གོང་ས་མཆོག་ལ་མཇལ་བཅར་ཞུས་བའི་སྐབས་གྱི་པར། གནས་ཚུལ་ལྟར་ན་ད་བར་འཇིགས་བྲལ་གློག་བརྙན་དེ་བོད་ནང་གི་བོད་མི་ཚོའི་རེ་འདོད་ལྟར་༸གོང་ས་མཆོག་ལ་ཐད་ཀར་འབུལ་ཐུབ་མེད་ཀྱང་ཉེ་སྔོན་མཇལ་བཅར་སྐབས་བཟའ་ཟླ་ནང་མིས་མཉམ་དུ་ཐད་ཀར་གོང་ས་མཆོག་ལ་འབུལ་ཡོད་པ་རེད་འདུག།

གསར་འགྱུར།

Post navigation

Previous Post: བོད་ཀྱི་ལོ་རྒྱུས་ཐོག་ནུབ་གླིང་བ་དང་ཆང་ས་རྒྱག་མཁན་དང་པོ་དེ་བདེ་ཆེན་ཡིན་ན་ཁྲིག་ཁྲིག་མེད་གི
Next Post: སྒོམ་སྡེ་ལྷ་རམས་པའི་ཚིག་མཛོད་ངོ་སྤྲོད་དང་ཁོང་གིས་གནང་བའི་དྲི་ལན་རྣམས་ཕྱོགས་སུ་བསྡུས་བ།

Comments (13) on “དོན་གྲུབ་དབང་ཆེན་གྱི་ནང་མིས་གོང་ས་མཆོག་ལ་མཇལ་བཅར།”

  1. ཐེམ་ཆེན། says:
    2009-08-09 at 3:45 pm

    ད་བར་དུ་འཇིགས་བྲལ་གློག་བརྙན་༧གོང་ས་མཆོག་ལ་ཕུལ་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ།   ང་ཚོའི་སྐུ་དྲག་རྣམས་དང་ལས་ཀྱི་སྣེ་མོར་སྡོད་མཁན་རྣམས་ཀྱིས་འདི་ལྟར་ཡོད་ཚད་འཐུས་ཤོར་བྱེད་ཀྱིན་ཡོད་པ་རེད།   འདི་ངོ་མ་ཧང་སང་དགོས་པ་ཞིག་དང་།   གཞིས་ལུས་བོད་མི་རྣམས་ཀྱིས་ཐོས་ན་ཆེས་བློ་ཕམ་གྱི་གནས་ཞིག་མ་ཡིན་ནམ།   གཞིས་ལུས་བོད་མི་རྣམས་ཀྱིས་༧གོང་ས་ཐམས་ཅད་མཁྱེན་པ་གཅིག་པོ་ལས།   ཕྱིར་སྡོད་བོད་མི་རྣམས་དང་བཙན་བྱོལ་བོད་གཞུང་ལ་རེ་བ་རྒྱག་ས་མི་འདུག་ཅེས་གསུང་བཞིན་ཡོད་པ།   གནད་དོན་འདི་དང་འདི་འདྲ་ཡིན་པ་སྐུ་ངོ་རྣམས་དང་ལས་སྣེ་རྣམས་ཀྱིས་ཤེས་རྒྱུ་གལ་ཆེ།   དོན་འགྲུབ་དབང་ཆེན་དང་ཁོང་གི་ལས་གྲོགས།   འབྲེལ་ཡོད་བོད་མི་ཁག་ཅིག་གིས་ལུས་སྲོག་ལ་མི་ལྟ་བར་འདི་འདྲའི་ལས་འགུལ་རླབས་ཆེན་ཞིག་བརྩམས་ཡོད་ཀྱང་།   དེ་རིང་བར་༧གོང་ས་མཆོག་གི་སྤྱན་ལམ་དུ་ཕུལ་མེད་པ་བདེན་ན།   དེ་ལས་གཞན་པའི་བོད་ནང་གི་གནས་ཚུལ་མང་པོ་ཞིག་༧གོང་ས་མཆོག་ལ་གསང་ཡོད་པ་སྨྲོས་མེད་རེད།   མུ་མཐུད་དུ་འདི་ལྟར་བྱས་ན་གཞིས་ལུས་བོད་མིའི་སེམས་ཤུགས་ཆགས་ནས་བོད་དོན་གཞི་མེད་དུ་འགྲོ་རྒྱུར་ཐག་མི་རིང་བས།  སྐུ་དྲག་བརྒྱག་པ་རྣམས་ཅི་བདེར་སྡོད་ཅིག

  2. བོད། ལྷ་ཀླུ་གཉན་གསུམ། says:
    2009-08-09 at 5:43 pm

    དངོས་ནས་བློ་ཡུལ་ལས་འདས་པ་ཞིག་རེད། འདི་འདྲའི་གནས་ཚུལ་གལ་ཆེན་ཞིག་༧གོང་ས་མཆོག་གི་ཕྱག་ལ་འབྱོར་མེད་པ་ནི་དངོས་ནས་ཧ་ལས་དགོས་པ་ཞིག་རེད། ཡིད་མི་ཆེས་པའི་སྐད་ཆ་ཞིག་རེད་འདུག འཇིགས་བྲལ་གློག་བརྙན་ནང་གི་བོད་མི་དེ་དག་གིས་དད་གུས་དང་སྙིང་སྟོབས་དེ་དག་༧གོང་ས་མཆོག་ལ་སྐུར་ཡོད་པ་དེ་ད་ལྟའི་བར་དུ་༧གོང་ས་མཆོག་གི་ཕྱག་དུ་འབྱོར་མི་འདུག་ཟེར་ན། ཨོ་གནམ་སྔོན་པོ། འདི་གང་རེད། དངོས་ནས་སྐུ་སྒེར་ཡིག་ཚང་གི་སྐྱབས་ཐོ་ཡིན་ཡང་གཅིག་ཀྱང་མ་ལུས་པར་༧གོང་ས་མཆོག་གི་ཕྱག་དུ་འབྱོར་གྱི་ཡོད་པ་རེད་ཟེར་བ་དེ་ཡང་ད་ནི་སྐྱག་རྫུན་ཡིན་པ་ཤེས་སོང་།

  3. འཇའ་ཚོན་ཆུ་མིག says:
    2009-08-09 at 11:45 pm

    དོན་གྲུབ་དབང་རྒྱལ་ལགས་ནས་དཔར་ལེན་བྱས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་དེ་༸གོང་ས་མཆོག་གི་སྤྱན་ལམ་དུ་མ་ཕུལ་གོང་ནས་སུད་སིར་ཡོད་པའི་དབང་པོ་བཀྲས་མཐོང་སོགས་ནས་ཆ་ཚང་བལྟས་ཏེ་བེད་ སྤྱོད་ཟིན་རྗེས་༸གོང་ས་མཆོག་ཕུལ་རྒྱུ་ལུས་པ་རེད་དམ། ཡང་ན་ད་བར་ཉར་ནས་བསྡད་པ་རེད་དམ། འདི་གསལ་པོ་མི་འདུག དོན་ གྲུབ་དབང་རྒྱལ་གྱི་གནས་ཚུལ་ཐད་བོད་དོན་ཐོག་ཐུགས་སྣང་གནང་མཁན་ཚང་མས་ཐུགས་སྣང་དེ་ལྟར་གནང་བཞིན་པའི་མུར་༸གོང་ས་མཆོག་ནས་རྩ་བ་ནས་གཟིགས་མེད་པ་དེ་སུས་ཐག་བཅད་པ་རེད་དམ། དེ་༸གོང་ས་མཆོགལ་ཕུལ་རྒྱུའི་དམིགས་ཡུལ་ཡིན་ཚེ་༸གོང་ས་མཆོག་ལ་མ་ཕུལ་གོང་ནས་གང་འདྲ་བྱས་ཏེ་ ཁྱབ་བསྒྲགས་བྱས་པ་རེད་དམ། བོད་མིའི་རེ་འདོད་འདི་༸གོང་ས་མཆོག་ལ་ཐད་ཀར་ཕུལ་རྒྱུའི་ཆེད་དུ་ཡིན་ན་གློག་བརྙན་འདི་རྦད་དེ་སྒྲིག བཟོ་བྱས་ཏེ་ཁྱབ་བསྒྲགས་ བྱས་རྗེས་མ་གཏོགས་༸གོང་ས་མ་ ཆ ོག་མ་དྲན་པ་དེ་སུའི་ལན་པ་ཡིན་ནམ། དེ་ཚོ་ང་ཚོས་བསམ་བློ་གཏོང་དགོས་ཀྱི་འདུག ང་རང་ནས་ཀྱང་གློག་བརྙན་འདི་དམིགས་བསལ་ཚོགས་ཆེན་སྟེང་དངོས་སུ་བཀྲམས་སྐབས་རིན་མེད་ཐོག་ལག་ཏུ་ཐེབས་བྱུང་ བས་ཆ་ཚང་ཞིག་ལྟ་རྒྱུ་བྱུང་། དེ་འདྲ་སོང་ཙང་གློག་བརྙན་དེ་འདྲ་ཞིག་བེད་སྤྱོད་དུ་བཏང་ཟིན་རྗེས་ད་ལྟ་དམིགས་ཡུལ་གཙོ་བོ་༌གོང་ས་མཆོག་ལ་ཕུལ་རྒྱུ་དེ་རེད། དེ་སྐུ་དྲག་ཚོས་མ་བྱས་པ་རེད་མདོག་མདོག་བྱས་ཚེ་དངོས་གནས་དྲང་པོ་མི་འདུག ལས་ཀ་གང་ཞིག་བྱས་ཀྱང་མཐའ་ མ་དེར་མ་འགྲིག་པ་ཐམས་ཅད་སྐུ་དྲག་དང་སྐུ་སྒེར་ཡིག་ཚང་ལྟ་བུར་མདའ་བཙུགས་ཏེ་ཁག་དཀྲི་བཏགས་ཐབས་བྱས་ཚེ་དེ་ནི་ཧ་ཅང་ཐབས་སྐྱོ་པོ་ཞིག་རེད། དེ་འདྲ་༸གོང་ས་མཆོག་ལ་ཐད་ཀར་ཕུལ་རྒྱུའི་དམིགས་ཡུལ་ ཁོ་ན་ཡིན་ཚེ་འབྲེལ་ཡོད་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་དེ་དག་ལ་བརྙན་ཕབ་ཆ་ཚང་བསྟེན་ཏེ་དེ་འདྲ་ཡིན་པས་སྤྱན་ཞུ་གྲུབ་མཚམས་ཁྱབ་བསྒྲགས་བྱ་རྒྱུའི་གསལ་བཤད་ཆ་ཚང་བྱུང་ཚེ་ང་ཚོས་བལྟས་ན་ཏན་ཏན་ཁོང་ཚོས་བསམ་ བློ་གཏོང་སྲིད་པ་རེད། ཡིན་ནའང་བརྙན་འཕྲིན་དེ་ཚོ་བེད་སྤྱོད་་ཆ་ཚང་བྱས་ཚར་རྗེས་དམིགས་ཡུལ་དེ་༸གོང་ས་མཆོག་ལ་ཕུལ་རྒྱུ་དེ་མ་བྱུང་བ་རེད་ཟེར་བཤད་ཚེ་དངོས་གནས་ཡག་པོ་མི་འདུག འཐུས་ཤོར་སུས་བཏང་བ་རེད་དམ། འཐུས་ཤོར་གཏོང་མཁན་དེ་དག་གིས་འགན་འཁུར་དགོས་ཀྱི་རེད། ཁོང་གི་བཟའ་ཟླ་ལྷ་མོ་མཚོ་ནས་༸གོང་ས་མཆོག་མཇལ་ཁ་ཞུ་སྐབས་བརྣན་འཕྲིན་ཕུལ་ཡོད་ཚེ་༸གོང་ས་མཆོག་ནས་ངས་ད་བར་ཤེས་མ་བྱུང་ཞེས་བཀའ་གནང་ཡོད་པ་རེད་དམ། དེ་ འདྲ་བཀའ་གནང་ཡོད་ཚེ་ཁོང་ནས་མཁྱེན་མེད་ཤག་ཀྱང་། བཀའ་དེ་འདྲ་གནང་མེད་ཚེ་ཁོང་མོས་མ་ཕུལ་གོང་དུ་༸གོང་ས་མཆོག་གླིང་ ཕྲན་གཞན་པ་ ཞིག་ཏུ་བཞུགས་ཏེ་བོད་ཀྱི་གནད་དོན་ཐོག་ཐུགས་སྣང་རྩ་བ་ནས་མེད་པ་ལྟ་བུར་དེ་འདྲ་མཁྱེན་མེད་པ་ལྟ་བུའི་ཁྱད་གསོད་འགྲོ་རྒྱུའི་གནད་དོན་དེ་ཚོ་སྤེལ་མཚམས་བཞག་ན་ཡག་པོ་འདུག ག་དུས་ཡིན་ནའང་ནང་ཁུལ་དཀྲུག་རྒྱུ་དང་། ནང་ཁུལ་དུ་སྐྱོན་གནད་མེད་བཞིན་དུ་ཡོད་ཚུལ་གྱི་སྒྲོ་བཏགས་ བྱས་ཚེ་ཡག་པོ་ མི་འདུག དེ་ཕྲན་གྱི་བསམ་ཚུལ་ཙམ་ཡིན།

  4. འདོད་ལྷའི་བུ། says:
    2009-08-10 at 12:07 am

    ང་ལ་དྲི་བ་གཅིག་ལས་མེད།   དོན་གྲུབ་དབང་ཆེན་གྱི་ནང་མིས་༧གོང་ས་མཆོག་ལ་འཇིགས་བྲལ་གློག་བརྙན་ཕུལ་སྐབས།  ༧གོང་ས་མཆོག་གིས།  ཨ་ལེ།  ངས་ད་བར་མཐོང་མ་སོང་གསུངས་པ་ཨེ་རེད།   ??????????
    དེ་འདྲ་ཡིན་ན་གནས་ཚུལ་ཚབས་ཆེན་རེད་ལ་དོན་གྲུབ་དབང་ཆེན་གྱི་ནང་མི་ཡང་སྐུ་དྲག་ཚོ་ལ་ཡི་ཆད་ཀྱི་ཡོད་སྲིད།   གལ་སྲིད་དོན་གྲུབ་དབང་ཆེན་གྱི་ནང་མིས་༧གོང་ས་མཆོག་ལ་མཇལ་ཁ་རག་མེད་ན་འཇིགས་བྲལ་གློག་བརྙན་དེ་༧གོང་ས་མཆོག་གི་ཕྱག་ལ་འབྱོར་ཐབས་རྩ་བ་ནས་མེད་ནི་ཨེ་རེད།   ??????????
    དེ་འདྲ་ཞིག་ཨེ་བདེན་ནམ།    གསར་འགྱུར་མཁོ་འདོན་པས་གསལ་བོ་བཟོ་རོགས་གནང་།

  5. གངས་ཕྲུག་རྨས་མ། says:
    2009-08-10 at 12:49 am

    ད་ངུ་ཡ ངུ་བ་ལས་ཅི་བྱེད། ཤུ་རེ་གོ

  6. འབའ་ལུ་གུ says:
    2009-08-10 at 1:47 am

    ཡ་རེད་སྐད་ཆ་ཆེན་པོ་མ་བཟོ ཁོང་ཚོས་མ་ཕུལ་གོང་རྒྱལ་པ་རིན་པོ་ཆེས་འདིས་སྐོར་གཟིགས་ཡོད་མེད་ནང་མི་རང་ལ་སྐད་ཆ་དྲིས་ན་ད་བཟོད་གཞི་ནས་ང་ཚོས་ཤེས་ཐུབ་པ་ལས་དཀྲོག་གཏམ་བསྒྲགས་མ་ཡོང་། དེ་འདྲ་བྱེད་མཁན་ལ་གསང་ཉུལ་བ་ཟེར། མ་གཞི་ནས་དྲ་ཐོག་འདི་ན་དོགས་ཟོན་བྱེད་དགོས་པའི་མི་ཁ་ཤས་ཡོད་ཁུ་ཡ འུ་ཚོས་སེམས་ཆུང་མ་བྱས་ན་ཆུ་ནང་ལ་གཡུག་ཐག་ཆོད་རེད་ཡ ། ཡ་ད་བདེ་མོ

  7. འཛེར་མ་ར་མགོ། says:
    2009-08-10 at 2:58 am

    དྲ་ཐོག་གི་སྐད་ཆ་ཚང་མ་བདེན་མིན་མི་ཤེས་ཀྱང་གང་ལྟར་དོན་གྲུབ་དབང་ཆེན་གྱི་སྙིང་སྟོབས་ལ་དངོས་གནས་རྗེས་སུ་ཡི་རེངས་བྱེད་དགོས་ངེས་ཤིག་འདུག བོད་རྩམ་ཟོས་གོ་ཆོད་པའི་བོད་ཀྱི་ཕོ་རྒོད་ཅིག་རེད། ཁོང་དང་ཁོང་གི་ནང་མི་ཚང་མ་ལ་སྙིང་ཐག་པ་ནས་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  8. མེ་ཆ་། says:
    2009-08-10 at 3:21 am

    ཀླུ་ལགས་ཀྱིས་གསར་འགྱུར་འདིའི་ཡོང་ཁོང་ཞིག་གསལ་བཤད་གནང་ན་ཡག་པོ་འདུག་ །

  9. རྩམ་པ་དཀར་པོ། says:
    2009-08-10 at 8:06 am

    ཁ་སྔོན་ཨ་རིའི་བརྙན་འཕྲིན་ལྟར་ན་ཕལ་ཆེར་༧གོང་ས་མཆོག་ལ་སྤྱན་འབུལ་ཐུབ་མེད་པ་འདྲ། གལ་སྲིད་ད་བར་ལྷག་བསྡད་པ་བདེན་ན་དངོས་གནས་ཚར་གཅོད་རྗེས་འཛིན་བྱེད་དགོས་ངེས་རེད། བརྙན་འཕྲིན་ནང་གི་མི་དེ་ཚོས་༧གོང་ས་མཆོག་ལ་སྤྱན་འབུལ་ཐུབ་ན་རྒྱ་ཁྱབ་བྱེད་རིགས་པའི་ཆོག་མཆན་ཐོབ་པ་ཞིག་སྤྱན་འབུལ་མ་ཞུས་པ་བསྒྲགས་བསྡད་པ་དེ་དངོས་གནས་བློ་ཕམ་དགོས་པ་ཞིག་རེད་ལ། ཁོང་ཚོའི་བདེ་འཇགས་དང་རེ་བ་སྣང་ཆུང་བྱས་པ་ལས་མ་འདས། ཕྱིན་ཆད་འདིའི་རིགས་ང་ཚོས་དོ་སྣང་བྱེད་དགོས་ངེས་སུ་མཐོང་།

  10. ཀླུ་ says:
    2009-08-10 at 9:16 am

    གོང་ཏུ་རྩམ་པ་དཀར་པོ་ནས་གསལ་བཤད་བྱས་བ་ལྟར་ཁེར་སྔོན་ཨ་རིའི་བརྙན་འཕྲིན་གྱི་ཀུན་གླེང་ལེ་ཚན་སོགས་སུ་གཟིགས་ཡོད་ན་གསལ་བོ་ཡོད། དོ་སྣང་མེད་པར་གཟིགས་མེད་ན་ད་དུང་ཁོང་ཚོའི་དྲ་ཐོག་ལ་འཚོལ་དང་ཡོད་ངེས་རེད།
    ཡང་གོང་ཏུ་མེ་ཆ་དང་འདོད་ལྷ་སོགས་ནས་གནས་ཚུལ་གྱི་ཁུངས་གསལ་བཤད་བྱོས་ཟེར། དེར་སྤྱིར་ཁ་ཤས་ལ་དོ་སྣང་མེད་པ་ཙམ་ལན་པ་ལས་ངས་གསལ་བཤད་བྱེད་དོན་མེད་ཀྱང་ཆུང་ཆུང་ཆེན་པོ་མི་བཟོ་ཆེད་བཤད་ན་ངའི་གནས་ཚུལ་གྱི་ཁུངས་དེ་ཨ་རིའི་བརྙན་འཕྲིན་གྱི་ཀུན་གླེང་ལེ་ཚན་དང་ཨེ་ཤ་ཡ་རླུང་འཕྲིན་སོགས་གྱི་བཅར་འདྲིའི་སྐབས་དོན་དབང་གི་སྤུན་མཆེད་འཇམ་དབྱངས་དང་བཟའ་ཟླ་ལྷ་མོ་འཚོ། ད་བར་འཇིགས་བྲལ་གློག་བརྙན་དང་འབྲེལ་བ་ཆེན་པོ་ཡོད་པ་བདེ་ཆེན་སྤེན་པ་སོགས་ལ་གསར་འགོད་པས་བཅར་འདྲི་བྱས་པ་ལྟར་གསུངས་པ་དེ་རེད། པར་ཁུངས་དོན་དབང་གི་སྤུན་མཆེད་འཇམ་དབྱངས་ཡིན་ལ་དྲ་ཐོག་དུ་བཀོད་རྒྱུར་ཡང་མཆོག་མཆན་ཞུས་ཡོད།
    ལྟོས་ར་ཁ་ཤས་གྱིས་དོ་སྣང་མེད་པར་དཔའ་པོ་ཁོང་གི་མཚན་ཡང་དོན་གྲུབ་དབང་རྒྱལ་འབོད་གྱིན་འདུག། ལྟོས་ར་ཁ་ཤས་གྱིས་ཞིབ་འཇུག་མེད་པར་དོགས་ཟོན་བྱེད་གྱི་འདུག། ལྟོས་ར་ཁ་ཤས་གྱིས་བདེན་དཔང་མེད་པར་གསང་ཉུལ་ཟེར་གྱི་འདུག།

  11. འཛེར་མ་ར་མགོ། says:
    2009-08-10 at 11:48 am

    གསལ་བཤད་གནང་བར་ཤིན་ཏུ་ཐུགས་རྗེ་ཆེ། དངོས་གནས་བློ་ཕམ་སྐྱེ་དགོས་པ་ཞིག་རེད། ༸གོང་ས་མཆོག་གི་མདུན་གྱི་སྐུ་དྲག་རྣམ་པ་ཚོས་འཇིགས་བྲལ་གྱི་གློག་བརྙན་ཡ་ང་བ་དེ་ལ་གཟིགས་མྱོང་ཨེ་ཡོད། གལ་ཏེ་ཡོད་ན་དེ་ལ་རྫུན་བཟོའི་གློག་བརྙན་ཞིག་གི་འདུ་ཤེས་ལས་མ་བཞག་པར་༸གོང་ས་མཆོག་ལ་སྤྱན་འབུལ་ཞུས་མེད་པ་ཡིན་ནམ། སྐུ་དྲག་རྒྱག་པ་དེ་ཚོའི་སེམས་ལ་དངོས་གནས་བོད་ཀྱི་ལ་རྒྱ་ཞིག་ཨེ་ཡོད་སྙམ། ༸གོང་ས་མཆོག་གིས་སྡུག་སྐད་ཤོར་བར་ཐུགས་ཁག་མི་འདུག་ག།

  12. ཐེམ་ཆེན། says:
    2009-08-10 at 6:03 pm

    དྲ་གྲོགས་ཀླུས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།  དེ་སྔོན་ངས་ཀྱང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་ནས་བདེ་ཆེན་སྤེན་པ་སོགས་འབྲེལ་ཡོད་ཁག་ལ་གནས་ཚུལ་དྲི་བ་དྲིས་ལན་བྱེད་བཞིན་ཡོད་པར་བལྟས་པ་ཡིན།   དེ་དུས་བདེན་པ་ཨེ་ཡིན་ནམ།   དེ་དཔེ་མི་སྲིད་པ་རེད་བསམ་བྱུང་།   ཁར་སང་ཁོང་གི་ནང་མིས་༧གོང་ས་ཆེན་པོར་གཟིམ་ཆུང་མཇལ་ཁ་ཞུས་པའི་སྐོར་མཐོང་མ་ཐག   བརྗོད་མི་ནུས་པའི་བློ་ཕམ་ཞིག་བྱུང་།   ཡིན་ཡང་དེ་དག་ང་ཚོའི་སྐུ་ངོ་རྒྱག་པ་ཚོའི་རྒྱུན་ལྡནགྱི་ལས་ཀ་ཞིག་ཡིན་པས་ཧང་སང་དགོས་དོན་མེད་མོད།   གནས་ཚུལ་འདི་གཞིས་ལུས་བོད་མི་རྣམས་དང་།    ལྷག་པར་དུ་དོན་གྲུབ་དབང་ཆེན་ཁོ་རང་གིས་རྒྱ་ནག་གི་བཙོན་ཁང་ནང་ནས་གསན་པ་ཡིན་ན།   ཇི་འདྲའི་བློ་ཕམ་འབྱུང་རྒྱུ་ཡིན་པ་ཚོད་དཔག་བྱེད་མི་དགོས་པར་ཤེས་ཐུབ་པ་ཞིག་རེད།   
    ངོ་མ་ང་ཚོའི་སྐུ་ངོ་རྒྱག་པ་འདི་ཚོར་མྱི་དྲི་ཞིག་དང་།   བོད་མི་རིགས་ཞིག་གི་བྲོ་བ་མེད་ཀི་ཡ།   གལ་སྲིད་བོད་ནང་གི་བོད་མི་རྣམས་ཀྱིས་སེམས་ཤུགས་ཆགས་ཏེ་བོད་མིའི་རྩ་དོན་བཏང་སྙོམས་སུ་བཞག་པ་ཡིན་ན།    གངས་སྐྱིད་དུ་སྐྱིད་ཉལ་བྱེད་བཞིན་པའི་སྐུ་ངོ་རྒྱག་པ་ཕག་ཚང་རྡོལ་བ་ལྟ་བུ་འདི་རྣམས་ཀྱིས་ཅི་ཞིག་བྱེད་རྩིས་ཡོད་དམ།  འདི་ཚོ་ངོ་གཅིག་རྫོག   བྱ་ལམ་མ་རྟ་རྔ་འདྲ་ཟིག་མི་འགྱོ་གི་ཆིག   སྐུ་ངོ་ཚོས་གནའ་ནས་ད་བར་འདི་འདྲ་རྐྱང་རྐྱང་བྱས་ནས་མཚམས་འདིར་བསྐྱལ་བ་རེད།   ཨ་ཧ་བོ།   ཤུ་རེ་ཁོ།   བུ་དཔའ་བོའི་ངོ་སོ་ཡར་ལ་བསྟོད།   སྐུ་ངོ་རྒྱག་པ་རྣམས་ངོ་གཅིག་རྫོག

  13. གངས་ཕྲུག་རྨས་མ། says:
    2009-08-10 at 11:12 pm

    གང་ལྟར་དགྲ་དགའ་སྤྱད་དང་གྲོགས་སྡུག་སྤྱད་ཀྱི་སྐད་མང་གི་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme