Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་གྱི་བདག་པོ་སྨན་ཁང་ནས་ཕྱིར་ཕེབས་པ།

Posted on 2008-10-172008-10-17 By དགེ་རབ་ 8 Comments on དོན་གྱི་བདག་པོ་སྨན་ཁང་ནས་ཕྱིར་ཕེབས་པ།

རྒྱལ་བ་རིན་པོ་ཆེ་ཚང་ ཁ་སང་གཟའ་པ་སངས་ཚེས་ ༡༦ ཉིན་ སྨན་ཁང་ནས་ཞལ་གྱེས་ཏེ་ལྡི་ལིར་ཡོད་པའི་བོད་ཀྱི་གཞོན་ནུའི་སྡོད་ཁང་ཞེས་པར་ཞབས་སོར་འཁོད་སྐབས་ཀྱི་སྐུ་པར་རེད། གོང་ས་ཆེན་པོ་བཞུགས་སྒར་དུ་ཆིབས་བསྒྱུར་མ་གནང་གོང་དུ་འདིར་ཉིན་ཤས་རིང་བཞུགས་རྒྱུ་རེད་འདུག ༼གོང་གསལ་གྱི་པར་འདི་ཡང་ཕ་ཡུལ་དྲ་རྒྱ་ནས་བཤུས་པ་ཡིན། པར་པ་འཇིགས་མེད་ཚེ་རིང་རེད། གཤམ་གསལ་ནི་དུས་བབ་ལས་བཤུས།༽

་ཚེས་ ༡༥ ཉིན་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་སྨན་ཁང་ནས་ཆིབས་ཐོན་གྱིས་ལྡི་ལི་ གཞོན་ནུའི་ཁྱིམ་སྡེ་རུ་ཉིན་ཤས་རིང་བཞུགས་རྒྱུ་ཡིན་པ་དང་། ཟླ་འདིའི་ཟླ་མཇུག་ཏུ་རྒྱལ་བ་རིན་པོ་ཆེ་མཆོག་ཉི་ཧོང་ལ་ཕེབས་རྒྱུ་ཡིན་འདུག

སྐུ་སྒེར་དུྲང་ཆེ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་གསར་ལམ་ཁག་ཏུ་འགྲེལ་བརྗོད་གནང་བ་ལྟར་ན། རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་མཁྲིས་རྡོར་གཤག་བཅོས་གྲུབ་སྟེ་ཉིན་ ༦ འགོར་མཚམས་ཁོང་གི་སྐུ་གཟུགས་བདེ་ཐང་དུ་ཕེབས་ཡོད་པར་བརྟེན། ཕྱི་ཚེས་ ༡༥ ཉིན་རྒྱལ་བ་རིན་པོ་ཆེ་མཆོག་སྨན་ཁང་ནས་ཕྱིར་ཆིབས་ཐོན་གྱིས་ཉིན་ཤས་རིང་ལྡི་ལིར་ཡོད་པའི་གཞོན་ནུའི་ཁྱིམ་ཚང་དུ་བཞུགས་རྒྱུ་ཡིན་འདུག་ལ། ཟླ་འདིའི་ཟླ་མཇུག་ནས་ཁོང་ཉིད་ཉི་ཧོང་ནང་ཆིབས་བསྒྱུར་སྐྱང་རྒྱུ་དང་། ཕྱི་ཟླ་ ༡༡ པ་དང་ ༡༢ པའི་ནང་དུ་ཡུ་རོབ་རྒྱལ་ཁབ་ བྷེལ་རྗེམ་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་ཆིབས་སྒྱུར་གནང་འཆར་ཡོད་པ་རེད།

སང་ཉིན་སྟེ། ཕྱི་ཚེས་ ༡༧ ཉིན་ནི་ཨ་རིའི་གཞུང་གིས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ཏེ་ལོ་གཅིག་འཁོར་བའི་དུས་དྲན་ཉིན་མོ་ཡིན་ཡང་། བཞུགས་སྒར་དུ་གཞུང་འབྲེལ་མཛད་སྒོ་སོགས་མེད་ལ། གཞིས་སྒར་ཁག་ཏུའང་དུས་དྲན་གྱི་མཛད་སྒོ་འདྲ་མེད་ཚུལ་འདུག

ཉིན་ཤས་རིང་འདིར་བཞུགས་སྒར་གྱི་མང་ཚོགས་དང་དེ་བཞིན་ལྷོ་ཕྱོགས་ཀོ་ལི་གྷལ་བོད་མིའི་གཞིས་སྒར་བཅས་སུ་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་མྱུར་ཏུ་དྲག་སྐྱེད་ཡོང་བའི་ཆེད་དུ་གསོལ་འདེབས་སྨོན་ལམ་སོགས་གནང་གི་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: དྭོགས་དྲི་ཆུང་ཆུང་ཞིག
Next Post: ཁ་བརྡ་དྲ་དེབ།

Comments (8) on “དོན་གྱི་བདག་པོ་སྨན་ཁང་ནས་ཕྱིར་ཕེབས་པ།”

  1. kunchok says:
    2008-10-17 at 10:11 am

    བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། གཏན་དུ་སྐུ་གཟུགས་བདེ་བར་ཤོག

  2. དུས་ཀྱི་ཕོ་ཉ། says:
    2008-10-17 at 11:37 am

    ད་ང་ཚོར་འདི་འདྲའི་སྐྱིད་ཀྱི་ཉིན་མོ་ག་ཚོད་ཡོད་ནམ་ང་ལ་དངོས་གནས་སེམས་ཁྲལ་འདུག ངའི་སེམས་ཁྲལ་འདི་ཁོང་གི་མདུན་ན་གཉའ་ཤུམ་ཤུམ་དང་སྐྱིད་པ་འདར་འདར་བྱེད་བཞིན་པའི་ཚུལ་འཆོས་པ་དེ་ཚོའི་ན་ཚ་དང་གཏན་ནས་མི་འདྲ།

  3. ཀླུ་སྨྱོན། says:
    2008-10-17 at 12:19 pm

    དུས་སྐབས་འདིར་གཞི་ནས་བོད་མི་མང་པོ་ཞིག་གིས་༧གོང་ས་མཆོག་གི་རིན་ཐང་ཤེས་ཀྱིན་ཡོད་པ་འདྲ་ཨང་། གང་ལྟར་བོད་དོན་འདི་ཚད་ག་འདྲ་ཞིག་ཏུ་བསླེབས་ན་ཡང་། ཁོང་ཉིད་ས་སྟེང་འདི་ནས་སྐུ་ཟིལ་བ་ཁྲོམ་མེར་འཚོ་བཞུགས་གནང་བ་འདི་རང་སེམས་ཀྱི་དྲོད་ཐིག་གཅིག་བུ་དེ་རེད།

  4. ཀླུ་སྨྱོན། says:
    2008-10-17 at 2:01 pm

    ཞབས་བརྟན་གསོལ་འདེབས་ལ་ནུས་པ་ད་ལོས་ཆེ་སྟེ། གཙོ་བོ་དེང་རབས་གཤག་བཅོས་ཀྱི་ལག་རྩལ་བྱང་དུ་ཆུད་པའི་སྨན་པ་དེ་དག་གི་བཀའ་དྲིན་གཞལ་དུ་མེད་པ་དེ་རེད། བོད་གཞུང་དམངས་གཉིས་ཀའི་ངོས་ནས་སྨན་པ་བཀའ་དྲིན་ཅན་དེ་དག་ལ་བྱས་རྗེས་གཟེངས་བསྟོད་ཀྱི་རྟགས་མ་ཞིག་ངེས་པར་དུ་འབུལ་དགོས་ཀྱི་རེད། ༧གོང་ས་མཆོག་གིས་ཀྱང་ནོར་ལྷ་དང་ཚེ་ལྷ་ལ་ནུས་པ་ཡོད་པ་རེད། ཡིན་ན་ཡང་གཙོ་བོ་མིའི་ནུས་པ་དེ་གལ་ཆེན་པོ་རེད་ཅེས་གསུང་ཟབ་ཡང་ཡང་བསྩལ་འདུག་ག གལ་སྲིད་ད་རེས་༧གོང་ས་མཆོག་སྨན་ཁང་དུ་མ་ཕེབས་པར་ཞབས་བརྟན་གཅིག་པོ་བསྒྲུབས་ནས་བསྡད་ཡོད་ན་དེ་རིང་གི་གསར་འགྱུར་དེ་ཇི་འདྲ་ཞིག་ཡིན་སུས་ཚོད་ཐིག གང་ལྟར་བཙན་བྱོལ་བོད་གཞུང་དམངས་གཉིས་ཀའི་ངོས་ནས་རྒྱ་གར་སྨན་པ་དེ་ཚོ་མ་བརྗེད་རོགས་ཞུ་གི་ཡོད།

  5. ཀླུ་སྨྱོན། says:
    2008-10-17 at 8:47 pm

    གོང་གི་དུས་ཀྱི་ཕོ་ཉའི་སེམས་ཁྲལ་དེ་ལྟ་བུ་ཞིག་ངོ་མ་གོང་ས་མཆོག་གི་དབུ་སྐྲ་ཇེ་དཀར་ནས་ཇེ་དཀར་དུ་འགྲོ་བ་དང་བསྟུན་ནས་སེམས་ནང་ལ་འཁོར་ཡོང་གི་འདུག ད་ཡིན་ན་ཡང་བོད་སྤྱི་བའི་ལས་དབང་རང་གིས་སེམས་པ་གསོ་བ་ལས་ཐབས་གཞན་གང་ཞིག་ཡོད་དམ།

  6. མྱི་ལྡང༌། says:
    2008-10-18 at 5:41 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ཡི།།
    ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
    བླ་མ་སྤྱན་རས་གཟིགས་དབང་ཕྱུག་སྐྱབས་མགོན་རྒྱལ་བའི་དབང་པོའི་སྐུ་ཚེ་ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་པའི་སྨོན་ལམ་གསོལ་འདེབས་ཀྱི་རྩ་བ་ཡོད་ན་མེད་ན་དེ་ནི། ཁོང་གི་དགོངས་གཞི་སྒྲུབ་རྒྱུ་དེ་ག་རང་ནས་མགོ་འཛུགས་པ་གནད་དུ་ཆེ་སྟབས། བོད་མི་སྤྱི་བོ་གནམ་བསྟན་ཡོང་ནས་དེ་དེ་བཞིན་དང་བས་ཁུར་བརྩོན་གནང་རོགས་ཞུའོ།།

  7. ང་དུར་ཁྲོད་ནས། says:
    2008-10-20 at 2:25 am

    ཁོང་ཉིད་སྨན་ཁང་ལས་ཕེབས་མ་ཐག་ཁོར་ཡུག་འདིའི་ཉེ་འཁོར་ཚང་མར་མེ་ཏོག་གད་འདུག

  8. ང་དུར་ཁྲོད། says:
    2008-10-20 at 2:29 am

    ཡིན་ནའང་ཚང་མས་ཞབས་བརྟན་བསྒྲུབས་པ་ལས་བོད་ཀྱི་གནད་དོན་ལ་དོ་སྣང་བྱས་དང་། ཞབས་བརྟན་ངོ་མ་དེ་རེད། གླེན་པ་མིན་ན་སྔོན་ཆད་ཀྱི་ལམ་ལོག་ལ་བསྐྱོད་ནས་ཅི་བྱེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme