Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་གཅོད་ལྷག་པ་མཚོ་སྒོའི་འཐུས་ཤོར།

Posted on 2019-02-112019-02-11 By ཁ་བརྡ 9 Comments on དོན་གཅོད་ལྷག་པ་མཚོ་སྒོའི་འཐུས་ཤོར།

དོན་འགྲུབ་ཚང་ནས་ཕྱོགས་བསྡུས་བྱས།

དོན་གཅོད་ལྷག་པ་མཚོ་སྒོའི་འཐུས་ཤོར་ཆེན་པོ་བདུན་དང་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྣང་མེད་ཆེན་པོ་གཅིག
སིཌ་ཎི་བོད་རིགས་མི་མང་གི་དཀའ་ངལ་གྲངས་མེད།
སིཌ་ཎིའི་བོད་མི་ཁག་གཅིག་ནས་གནས་ཚུལ་མཁོ་འདོན་བྱས་པ་ལྟར།


དང་པོ།
ཨོ་སི་ཊི་ལི་ཡའི་༧གོང་ས་མཆོག་གདན་ཞུ་ཚོགས་ཆུང་གི་ལས་བྱེད་དང་ཚོགས་གཙོ་སོགས་ཉམས་མྱོང་ལྷག་བསམ་ཅན་ལ་བསྟུན་ཤེས་མེད་པར་རང་འདོད་དབང་ཤེད་བྱས་པར་བརྟེན། ཚོགས་ཆུང་དེ་འཐོར་ཞིག་ཏུ་སོང་ནས་༢༠༡༧ ལོའི་༧གོང་ས་མཆོག་གི་ཨོ་སི་ཊི་ལི་ཡར་ཆིབས་བསྒྱུར་བསྐྱངས་གཏན་ཁེལ་ཡོད་པའི་ལས་འཆར་ཡང་མཇུག་སྐྱོང་མ་ཐུབ་པར་ཡུན་རིང་པོར་ཁེགས་པའི་རྐྱེན་རྩ་ལྷག་པ་མཚོ་སྒོ་ཡིན་པ་ནི། ༧གོང་ས་མཆོག་ཨོ་སི་ཊི་ལི་ཡར་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་ཕྱི་ལོ་༢༠༡༦་ལོར་༧གོང་ས་མཆོག་གི་མཚན་ཐོག་ཡི་གེ་ཞིག་བཏང་བའི་ནང་གསལ་བོར་འཁོད་ཡོད།

ད་ལྟའི་ཨོ་སི་ཊི་ལི་ཡའི་བོད་ཀྱི་དོན་གཅོད་ལས་ཁུངས་ཀྱི་སྐུ་ཚབ་ལྷག་པ་མཚོ་སྒོའི་ཕྱག་ལས་གནང་སྟངས་ཀྱིས་ས་གནས་བོད་རིགས་མཐུན་ཚོགས་དང་བོད་པའི་མཚན་སྙན། དགའ་ལྡན་ཕོ་བྲང་ཡིག་ཚང་བཅས་ལ་གནོད་སྐྱོན་ཚབས་ཆེན་པོ་ཞིག་གཏོང་གི་འདུག ཁོང་ལ་དབྱེན་དཀྲུག་དང་ཕྱོགས་རིས་ཅན་གྱི་མི་གཤིས་ཡོད་པར་བརྟེན་ག་དུས་ཡིན་ཀྱང་མི་གཞན་གྱིས་ཁོའི་རྒྱབ་ལོག་ནས་ཇུས་ངན་བཤམས་ཀྱི་ཡོད་པའི་རྒྱུ་མཚན་འཚོལ་མཁན་ཞིག་རེད། འདས་པའི་ལོ་ངོ་༨་རིང་༧གོང་ས་མཆོག་གི་ཆིབས་བསྒྱུར་གོ་སྒྲིག་ལ་ཕྱག་ལས་གནང་མཁན་མང་ཆེ་བ་ཚོགས་པ་ནས་ཐོན་ཚར་སོང་པ་དང་། ཁོང་གིས་(༧གོང་ས་མཆོག་ཆིབས་བསྒྱུར་གོ་སྒྲིག་) ཚོགས་པའི་བང་མཛོད་སྟོང་པར་བཟོས་སོང་པའི་མ་འོངས་པའི་ཆིབས་བསྒྱུར་གོ་སྒྲིག་ཞུ་རྒྱུ་ལ་དཔལ་འབྱོར་གྱི་རྒྱབ་རྟེན་མེད་པ་ཆགས་ཡོད་པ་རེད། སྔོན་མའི་ཆིབས་བསྒྱུར་ཁག་གི་སྐབས་སུ་བོད་ཀྱི་དོན་གཅོད་ལས་ཁུངས་ཀྱི་འགྲོ་སོང་ཟུར་བཅད་དངུལ་ཨོ་སྒོར་ཁྲི་གཅིག་ནས་ཁྲི་གཉིས་ཡིན་པ་ནས། སྐུ་ཉིད་ཀྱི་ཆིབས་བསྒྱུར་སྐབས་སྐུ་ཞབས་ལྷག་པ་མཚོ་སྒོ་ནས་འགྲོ་སོང་ཨོ་སྒོར་འབུམ་གཅིག་དང་ཁྲི་བདུན་སོང་ཡོད་ཚུལ་བརྗོད་ཡོད་་
དངུལ་དེ་གར་སོང་ཆ་མེད་ལྟ་བུར་གྱུར་ནས་རྩིས་ཕྲ་གསལ་བོར་སྟོན་རྒྱུ་མེད་པའི་ཁར་ཨོ་སྒོར་ཁྲི་བརྒྱད་ལྷག་ཆུད་ཟོས་སུ་བཏང་བ། ད་དུང་བོད་ཀྱི་དོན་གཅོད་ལས་ཁུངས་ནང་ལས་བྱེད་འཕར་མ་ཞིག་གི་འགྲོ་སོང་ཨོ་སྒོར་ཁྲི་དྲུག ཁྱོན་བསྡོམས་ཨོ་སྒོར་འབུམ་གསུམ་དེ་རྒྱ་གར་སྒོར་ས་ཡ་༡༥་ལྷག་ཡིན་པས་བོད་གཞུང་གི་ལས་བྱེད་ག་ཚོད་ཅིག་གི་གླ་ཆ་ཡིན་ནམ།

གཉིས་པ།
ཨོ་སི་ཊི་ལི་ཡའི་བོད་དོན་ལས་འགུལ་ཚོགས་པ་ (ATC) ཡི་གནད་ཡོད་མི་སྣ་རྣམས་དང་མཐུན་པོ་མ་བྱུང་བ་དང་། ཕན་ཚུན་བར་ལ་འགལ་ཟླ་དང་རྩོད་རྙོག་བཟོས་པའི་སྐོར་ཆིབས་བསྒྱུར་གོ་སྒྲིག་ཚོགས་གཙོས་གསུང་ཡོད་པ་ནི།
་་སྐུ་ཞབས་ལྷག་པ་མཚོ་སྒོ་ཡི་ཨོ་སི་ཊི་ལི་ཡའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ATC བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཞིག་གི་ཐོག་གཏམ་བཤད་དེས་འགན་འཛིན་ལྷན་ཚོགས་ལ་བློ་འཚབ་ཆེན་པོ་དང་ཕོག་ཐུག་འགྲོ་གཞིར་གྱུར་ཡོད་པ་དང་། ཁོང་གིས་བོད་དོན་རྒྱབ་སྐྱོར་པ་GEORGE FARLEY ཇོར་ཇེ་ཧྥེར་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ནི་བོད་དོན་ལྷན་ཁང་ལ་རེ་བ་བརླག་ཡོད་པ་དང་རྒྱབ་སྐྱོར་བྱེད་མཚམས་བཞག་ཡོད་ཚུལ་ང་ལ་དངོས་སུ་བཤད་སོང་། ངས་GEORGE FARLEY ཇོར་ཇེ་ཧྥེར་ལེ་མཆོག་ལ་ཁ་བརྡ་བྱེད་དུས་སྐད་ཆ་དེ་དག་ཚང་མ་བདེན་པ་མིན་པ་ཤེས་རྟོགས་བྱུང་། ངས་ATC བོད་དོན་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ལ་སྐད་ཆ་བཤད་དུས་ཁོང་ཚོས་ང་ལ་བརྗོད་དོན། རྗེས་མ་ནས་སྲིད་དོན་མི་སྣ་ལ་འབྲེལ་བ་བྱེད་དུས་དོན་གཅོད་བརྒྱུད་ནས་མ་བྱས་པ་ཡིན་ན་ཁོ་ཚོའི་བརྒྱུད་ལམ་བཀག་འགོག་བྱེད་རྒྱུ་དང་། ད་དུང་ཁོས་བཤད་པ་ལྟར་མ་སྒྲུབ་པ་ཡིན་ན་དོན་གཅོད་ལས་ཁུངས་བརྒྱུད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་ལོགས་སུ་འཛུགས་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་ཡང་བཏང་ཡོད་འདུག་་

གསུམ་པ།
ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་སམ་འགན་འཛིན་ལྷན་ཚོགས་མེད་པར་གཏོང་ཐབས་བྱས་པ། རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གོ་སྒྲིག་ཞུ་སྲོལ་ཡོད་ཀྱང་། ལྷག་པ་མཚོ་སྒོ་ནས་ལས་དོན་དེ་ལ་དོ་སྣང་མེད་པའམ་སྔར་སྲོལ་ལྟར་མ་སྒྲུབ་པ་སོགས་དཀའ་ངལ་མང་པོ་ཞིག་སྤྲད་པར་བརྟེན་ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་ཚོགས་གཙོ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་ཞུ་ཞིག་ཕུལ་ཡོད་པའི་ནང་།
་་སྐུ་ཚབ་དོན་གཅོད་ཀྱི་བྱ་སྤྱོད་ལ་བརྟེན་ནས་༧གོང་ས་མཆོག་གི་གཟི་བརྗིད་དང་ཆེ་མཐོང་ལ་གནོད་པ་དང། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་ལ་གནོད་པ། བོད་རིགས་སྤྱི་མཐུན་ཚོགས་པའི་ལས་དོན་ལ་གནོད་པ་བཅས་ཀྱི་གནས་སྟངས་ཞིག་ཏུ་སླེབས་ཡོད་པ་ལགས་ན་(དཔལ་ལྡན་སྲིད་སྐྱོང་མཆོག་ནས) ཐུགས་དགོངས་ཆེ་བཞེས་ཀྱིས་ཐག་གཅོད་ཅིག་ངེས་པར་ཡོད་པ་ཞུ་་ སོགས་འཁོད་འདུག

བཞི་བ།
༧གོང་ས་མཆོག་ལ་མཚན་དམོད་ཞུ་མཁན་ཚོར་གདོང་ལེན་ཅི་ལྟར་བྱེད་དགོས་མིན་སྐོར་བོད་རིགས་ཚོགས་པ་ཁག་གི་ཚོགས་རྒྱུན་རྣམས་ནས་གྲོས་བསྡུར་བྱེད་དུས་དོན་གཅོད་ལྷག་པ་མཚོ་སྒོ་ནས (སྐྱག་པར་ལག་པ་མ་འཆང་ན་ཡག་གི་རེད) ཟེར་ནས་ཁོང་ཚོར་ཁ་ཡ་བྱེད་མི་དགོས་ཚུལ་ལམ་སྟོན་གནང་པ་དང་། རྗེས་སུ་མི་མང་ནང་ལབ་གླེང་ཆེན་པོ་སླེབས་ཡོད་ཀྱང་༧གོང་ས་མཆོག་ལ་མཚན་དམོད་ཞུ་མཁན་ཚོར་གདོང་ལེན་བྱེད་རྒྱུར་གཡོལ་ཐབས་ཁོ་ན་བྱས་ཡོད། ད་ལྟའི་ཆར་ཡང་༧གོང་ས་མཆོག་ལ་མཚན་དམོད་ཞུ་མཁན་དང་དོན་གཅོད་ལྷག་པ་མཚོ་སྒོ་གཉིས་གྲོགས་པོ་ཡག་ཤོས་དང་འཆམ་ཤོས། བློ་གཏད་བཅོལ་ས། གྲོས་བསྡུར་བྱེད་སར་གྱུར་ཡོད།

ལྔ་བ།
མེལ་སྦོན་(Melbourne ) དང་། སྦི་རི་སི་སྦན་ (Brisbane)དང་། སིད་ནི་(Sydney)བཅས་ཀྱི་བོད་རིགས་མཐུན་ཚོགས་ཀྱི་རྒྱུན་ལས་ནང་ཁུལ་གི་དཀའ་རྙོག་རིགས་ལ་ཕྱོགས་ལྷུང་གི་ལག་པ་བསྲིངས་ཏེ། ནང་འཁྲུག་དང་འགལ་ཟླ་བཟོས་ནས་རྒྱུན་ལས་འོས་འདེམས་ཐེངས་གཉིས་བྱེད་དགོས་བྱུང་ཡོད་པ་ཡོངས་གྲགས་ཡིན་པ་དང་། ཡང་སྦི་རེ་སི་སྦེན་ཚོགས་གཙོའི་(བོད་ཀྱི་བང་ཆེན་) ནང་དོན་གཅོད་དང་འགལ་ཟླ་བྱུང་ཚུལ་གྱི་རྩོམ་ཡིག་རིང་པོ་ཞིག་བྲིས་ཡོད་པའི་ནང་།
་་གལ་སྲིད་སྐུ་ངོ་དོན་གཅོད་རྒྱུན་ལས་སྐབས་དྲུག་པ་དང་ཚོགས་མིའི་བར་ལ་འགལ་ཟླ་ཡོང་བཞིན་པ་དེ་འདུམ་འགྲིག་གི་ཆེད་ཕེབས་རྩིས་ཡིན་ན། དེ་ཡང་བློ་གཟུ་བོར་གནས་པའི་ཐག་གཅོད་བྱུང་སྲིད་ཀི་མ་རེད། རྒྱུ་མཚན་སྐབས་དང་པོའི་ཚོགས་ཆེན་སྐབས་སུ་རྩ་དོན་བཞི་གཏན་འབེབས་གནང་དུས་སྐུ་ངོ་དོན་གཅོད་ཀྱིས་དོན་ཚན་བཞི་ལ་འགྲེལ་ལོག་བྱས་པ་མ་ཟད་དགག་བྱ་བྱས་རེད་་
དོན་གཅོད་ལྷག་པ་མཚོ་སྒོ་ལགས་ས་གནས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁག་ལ་འགལ་ཟླ་བྱུང་བ་ནི། སྐབས་བཅུ་གཉིས་པ་དང་བཅོ་ལྔ་བའི་སིཌ་ཎི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཉིས། མེལ་སྦོན་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། ནེའི་ཁའ་སེལ་བོད་རིགས་མཐུན་ཚོགས་ཀྱི་སྐབས་གཉིས་རིང་གི་ཚོགས་གཙོ། སྦི་རི་སི་སྦེན་གྱི་ཚོགས་གཙོ་སྔ་རྗེས་དང་། ས་གནས་གཞན་རྣམས་ལ་ཡང་དེ་ལྟར་བྱུང་ཡོད།
་་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་མཆོག་གིས་ཆོལ་ཁ་བྱེ་བྲག་པའམ་མི་མང་ཕྱོགས་གཅིག་བེད་སྤྱོད་ཀྱིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་མཛད་སྒོ་ཟུར་ཏུ་འཚོགས་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་མཆོག་གིས་བརྒྱུད་རིམ་ཆ་ཚང་མེད་པའི་གསལ་བཤད་གནང་་
སོགས་འཁོད་པའི་ཤོས་ངོས་༨༤་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཡོད།

དྲུག་པ།
༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བེད་སྤྱོད་ལོག་པར་བཏང་ནས་བོད་མི་སྒེར་ལ་མཐོང་ཆུང་ཁྱད་གསོད་བྱས་པ་དང་། མཐའ་མར་རང་ཉིད་ཡུལ་ཁྲིམས་ལ་གཏུགས་ངེས་ཀྱི་ཁ་མཆུ་བྱུང་རྗེས། ཕྱིར་འཐེན་གནང་བའི་རེ་འདོད་ཞུས་པ་ནི་དོན་གཅོད་ལྷག་པ་མཚོ་སྒོ་རང་ཉིད་ནས་འདི་ལྟར་བྲིས་ཡོད། (དཀའ་རྙོག་འདི་སེལ་བའི་ཆེད། ་་ངེད་གཉིས་ཁ་པར་བརྒྱུད་ནས་ཁྱེད་ཀྱིས་རྩོམ་སྒྲིག་བྱས་པའི ་་བརྩེ་བའི་ཏཱ་ལའི་བླ་མ་་ དཔེ་དེབ་པར་སྐྲུན་སྐོར་ལ་ཕོག་ཐུག་འགྲོ་གཞིའི་སྐད་ཆ་གང་བཤད་པ་ཚང་མ་ཕྱིར་འཐེན་བྱེད་འདོད་ཡོད། ང་རང་ནས་ཁྱེད་ལ་ཕོག་ཐུག་གཏོང་འདོད་རྩ་བ་ནས་མེད་ཀྱང་ཁྱེད་རང་ལ་ཕོག་ཐུག་ཕྱིན་སོང་བར་བློ་འགྱོད་ཆེན་པོ་ཡོད་་
སོགས་བྲིས་ནས་དགོངས་དག་ཞུ་དགོས་ཆགས་འདུག དེའི་སྐོར་ལ་༧གོང་ས་མཆོག་ཆིབས་བསྒྱུར་གོ་སྒྲིག་ཚོགས་གཙོས་འདི་ལྟར་གསུང་ཡོད།
་་སྐུ་ཞབས་ལྷག་པ་མཚོ་སྒོ་ནས་མི་གཞན་ལ་མིང་ཆད་ངན་པ་བཟོ་བ་དང་ཞེ་འཁོན་ཆེན་པོ་བཅང་ཀྱང་དགོངས་དག་མ་བྱས་པར་བརྟེན་ཁྲིམས་གཏུགས་བྱས་པ་འདིས་བོད་ཀྱི་དོན་གཅོད་ལས་ཁུངས་ཁྲིམས་ཁང་ལ་སླེབས་པའི་ཉེན་ཁ་ཡང་མཐོང་གི་འདུག ངས་ཁོང་གཉིས་འགྲིག་མཐུན་ཡོང་པའི་ཐབས་ཤེས་མང་པོ་བྱས་པ་ཡིན་ཀྱང་། སྐུ་ཞབས་ལྷག་པ་མཚོ་སྒོ་ནས་རྒྱུ་མཚན་མི་ལྡན་པའི་བསམ་ཚུལ་བཟུང་པ་དང་རྒྱབ་སྐྱོར་བྱེད་ཐབས་བྲལ་པའི་གནས་བབ་བཟུང་པ་མ་ཟད། མུ་མཐུད་ཁོ་རང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཡིན་པས་སྐུ་ཞབས་འབྲུག་གྲགས་ནས་ཁོང་ལ་དགོངས་དག་ཞུ་དགོས་སྐོར་བཤད་ཀྱི་འདུག་་

ཉེ་ཆར་ཡང་འདི་གའི་བོད་མི་རྙོག་གླེང་ཅན་དང་འཐེན་འཁྱེར་ཅན། སྒྲིག་ཁོངས་ནས་ཕྱིར་འབུད་བཏང་བའི་མིང་ཆད་ཅན། ད་དུང་སྔོན་མ་དོན་གཅོད་ལྷག་པ་མཚོ་སྒོ་ཁོང་རང་ནས་འཐབ་ཕྱོགས་གཅིག་གྱུར་ལ་འབྲེལ་བ་འདུག་ཟེར་སའི་མི་སྣ། དཔལ་འབྱོར་ཚེ་རིང་དང་ངན་འབྲེལ་བྱེད་མཁན་སོགས་ལ་ནང་མཐུན་བྱས་ཏེ། སིད་ནི་བོད་རིགས་མཐུན་ཚོགས་དང་བོད་མི་ནང་ཁུལ་དཀྲུགས་དང་དཀྲུག་བཞིན་ཡོད།

མཐའ་དོན།
༧གོང་ས་མཆོག་ཨོ་གླིང་དུ་ཆིབས་བསྒྱུར་གོ་སྒྲིག་གནང་མ་ཐུབ་པའི་འཐུས་ཤོར།
བོད་དོན་རྒྱབ་སྐྱོར་ཚོགས་པའི་མཉམ་དུ་ཕྱག་ལས་གནང་མ་ཐུབ་པའི་འཐུས་ཤོར།
རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་སྒྲིག་གཞི་དང་གྲོས་ཆོད་ཁག་བརྩི་སྲུང་མ་ཐུབ་པའི་འཐུས་ཤོར།
དཔལ་ལྡན་སྲིད་སྐྱོང་མཆོག་སིཌ་ཎིར་ཕེབས་འདོད་ཀྱི་བཀའ་གནང་ཡོད་ཀྱང་ཐུགས་རེ་བཞིན་ལས་དོན་སྒྲུབ་མ་ཐུབ་བའི་འཐུས་ཤོར།
ས་གནས་ཁག་གི་བོད་རིགས་མཐུན་ཚོགས་ཁག་ལ་ལམ་སྟོན་ཇི་བཞིན་མ་བྱུང་བའི་འཐུས་ཤོར།
བོད་མི་སྒེར་གྱིས་ཁྲིམས་ལ་བསྐྱལ་བ་དང་ཡང་ཁོང་གིས་བོད་མི་སྒེར་ཁྲིམས་ལ་བསྐྱལ་གྱི་ཡིན་ཚུལ་གྱི་འཇིགས་སྐུལ་བྱས་པ་སོགས་༧གོང་ས་མཆོག་གི་སྐུ་ཚབ་དོན་དང་ལྡན་པ་ཞིག་གནང་མ་ཐུབ་པའི་འཐུས་ཤོར།
ཨོ་གླིང་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང་ཆིག་སྒྲིལ་ལ་འགན་ལེན་བྱེད་མ་ཐུབ་པ་དང་། མ་འོངས་པར་དཀའ་རྙོག་རྫོགས་མཐའ་མེད་པ་ཞིག་བཟོས་པ་སོགས་འཐུས་ཤོར་ཆེན་པོ་བདུན་ཤོར་འདུག་པར་དཔལ་ལྡན་རང་གཞུང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ནས་ངེས་པར་དུ་རྟོག་ཞིབ་གནང་དགོས་ངེས།

གསལ་བཤད།
གུས་འབངས་རྣམས་ཀྱིས་ད་ལྟའི་བར་བོད་རིགས་ནང་ཁུལ་གྱི་རྩོད་རྙོག་དེ་ནང་ཁུལ་ནས་འདུམ་འགྲིག་ཡོང་ཆེད་འབད་རྩོལ་བྱས་པ་ཡིན། དཔལ་ལྡན་རང་གཞུང་ནས་མུ་མཐུད་སྣང་མེད་བཞག་ཙང་གནས་ཚུལ་འདི་དག་ཡོངས་ཁྱབ་སྤེལ་དགོས་བྱུང་། ད་དུང་མུ་མཐུད་ནས་རང་གཞུང་གིས་སྣང་མེད་བཞག་ཚེ། གུས་འབངས་རྣམས་ཀྱིས་གནས་ཡུལ་འདི་ནས་ཐག་གཅོད་ཡོང་ཐབས་བྱ་རྒྱུ་ལས་ཐབས་གཞན་མི་འདུག
ཁ་གསལ་ཙམ་ཞུས་ན་ད་ལྟའི་བར་རྩོད་རྙོག་འདིའི་སྐོར་བོད་ཡིག་རྐྱང་པའི་ལམ་ནས་སྤེལ་གྱི་ཡོད་ཀྱང་། རྗེས་སུ་ཨོ་གླིང་ཁུལ་དུ་དབྱིན་ཡིག་ནང་སྤེལ་ཏེ་གསར་འགོད་བརྒྱུད་ལམ་ལ་ཁྱབ་སྤེལ་བྱས་ཏེ་དོན་གཅོད་ཁོ་བའི་ངན་མཚང་མ་སྒྲོགས་ག་མེད་ཀྱི་གནས་སུ་བསྒྱུར་མིན་དཔལ་ལྡན་རང་གཞུང་ལ་འགན་ཆ་ཚང་ཞིག་ཡོད་པ་ལགས་སོ།།

འདྲ་པར་གྱི་འགྲེལ་བཤད།
སིཌ་ཎི་བོད་རིགས་མཐུན་ཚོགས་ངོས་ནས་དོན་གཅོད་ལྷག་པ་མཚོ་སྒོར་མཐུན་ལམ་ཡོང་ཆེད་ཨོ་གླིང་གི་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུས་ཀྱིས་ཚོགས་འདུ་ཞིག་གོ་སྒྲིག་བྱས་པར། དོན་གཅོད་ལྷག་པ་མཚོ་སྒོ་ནས་མཉམ་ཞུགས་མ་བྱས་པར་མ་ཚད། མཉམ་ཞུགས་བྱེད་མཁན་གཞན་རྣམས་ལ་ཡང་གནོན་ཤུགས་སྤྲད་པ་རེད། དེའི་རྗེས་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཨོ་གླིང་སྤྱི་འཐུས་རྣམ་གཉིས་ནས་གོ་སྒྲིག་གི་ཚོགས་འདུ་ཞིག་བསྐོང་པའི་སྐབས། སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ནས་ཆོལ་ཁ་བྱེ་བྲག་པའམ་མི་མང་ཕྱོགས་གཅིག་བེད་སྤྱོད་བཏང་བ་ཡོད་པ་རེད།

སྣ་ཚོགས།

Post navigation

Previous Post: ནུབ་ཕྱོགས་ནས་འཚེར་བའི་བོད་ཀྱི་སྐར་ཆེན་ཞིག རྟའུ་བློ་བཟང་དཔལ་ལྡན་ལགས་རྗེས་སུ་དྲན་པ། (བཞི་པ)
Next Post: ཧི་མ་ལའི་རྒྱབ་ངོས་ཀྱི་བདག་གི་ཕ་ཡུལ་ལགས།

Comments (9) on “དོན་གཅོད་ལྷག་པ་མཚོ་སྒོའི་འཐུས་ཤོར།”

  1. བློ་བཟང་བསམ་གཏན says:
    2019-02-11 at 12:44 pm

    ཁོང་ནི་གོང་ས་མཆོག་གི་ཡིད་ཆེས་དང་ཐད་བསྐོས་གནང་བའི་དེ་སྔོན་ཉི་འོང་དོན་གཅོད་ཡིན་པ་རེད་ངོ་མ་བོད་མི་དམངས་མ་ལ་ལྷག་བསམ་ཡོད་མཁན་ཞིག་རེད། ཡིན་ཡང་ཕྱོགས་རིས་ཀྱི་དུག་ཆུས་གཟི་བའི་མི་རྣམས་ཀྱི་མིག་ལ་འགྲོ་གི་མེད་པ་མ་ཟད། ཁོང་ཉི་འོང་ལ་གནས་སྤོས་བྱེད་མཁན་ད་ལྟའི་སྒྲིགས་འཛུགས་ཀྱི་ཇུས་ངན་ཡ་མ་ཚར་བ་ཞིག་རེད།

  2. ཇ་མ་ says:
    2019-02-11 at 9:50 pm

    གལ་སྲིད་བོད་ལ་རང་བཙན་ཡོད་པ་ཡིན་ན་ཨོ་གླིང་དོན་གཅོད་ལྷག་པ་འཚོ་འགོ་སྲོག་ཁྲིམས་གཅོད་དགོས།

  3. ལྷག་པ། says:
    2019-02-11 at 11:33 pm

    ཇ་མ། ཁྱོད་ཀྱིས་བོད་རང་བཙན་བླང་ན་མཚོ་སྒོ་ལྷག་པ་དང་མཉམ་དུ་ང་སྲོག་ཁྲིམས་གཅད་རོགས། མ་གཞི་དོན་གཅོད་ལ་ཁག་མེད། རང་ཚུགས་མེད་པའི་བཀའ་ཤག་ལ། རང་ཚུགས་མེད་པའི་དོན་གཅོད་འོང་ངེས་རེད། གཏམ་དཔེར། གྲལ་མགོ་ནས་སྟོད་ཧྲེང་ཕུད་ན། གྲལ་མཇུག་ནས་དམར་ཧྲེང་ཕུད། ཅེས་པ་ལྟར་རེད། དེང་སང་གཏམ་དཔེ་གསར་པ་ཞིག་འདུག འབའ་པའི་ཁོག་ལ་རྒྱ་མི་ཞུགས།། མཚོ་སྒོའི་ཁོག་ལ་འབའ་པ་ཞུགས།། ཞེས་ཟེར། འོན་ཀྱང་དངོས་བདེན་མིན་ལས་ཆེ། དོན་དངོས་ནི། མཚོ་སྒོའི་མགོ་ནས་སེང་གེས་མནན།། མཚོ་སྒོའི་རྐུབ་ནས་འབའ་པས་བཙིར།། སེང་གེ་འབའ་པའི་སྤྲ་ལག་གིས།། མཚོ་སྒོ་ལྷག་པའི་རང་ཚུགས་བརླགས།། འོན་ཀྱང་དབུས་པའི་རྣམ་དཔྱོད་ཀྱིས།། ཕྱོགས་རིས་ཆེ་བའི་ཨ་རོགས་འགའ།། ཨོ་གླིང་རྒྱ་མཚོ་ཆེན་པོའི་མཐར།། བྲང་གི་རྔ་ཆེན་རྡུང་བཞིན་དུ།། སྡུག་སྐད་གནམ་ས་ཁེངས་དགོས་བཟོས།། ཞེས་པ་འདི་རང་བདེན་ཤས་ཆེ་ཆེ་སྙམ་པ་འདུག་པ་དང་། སྔོན་ཆད་ཆོལ་ཁ་དབྱེ་འབྱེད་ལ་གཏིང་ནས་མི་དགའ་ཡང་ད་ནི་བཙན་བྱོལ་བ་གནས་སྡོད་ཚང་མར་འདི་ལྟར་དུ་གྱུར་འདུག་པ་སླར་ཡང་བསམས་གཞིགས་རྣལ་མ་ཞིག་དགོས་ངེས་འདུག་ལགས། འདི་ཡང་བློ་སེང་གི་གསར་གཏོད་དང་གཅིག་སྒྲིལ་རེད་ལགས།

  4. སྐལ་བཟང says:
    2019-02-12 at 2:44 pm

    ཨ་ཁ་་་་་་་་་་ང་ཚོའི་བློ་སེང་གི་གཅིག་སྒྲིལ་ག་པར་ཕྱིན་སོང་་་་་་་་ ལྷག་པ་མཚོ་སྒོ་་་་་་་་་་ད་བོད་པའི་སྤྱི་ཚོགས་ནང་མི་བཀྲ་མ་ཤིས་པ་འདི་འདྲ་མང་པོ་ཡོང་གི

  5. ཚེ་རིང་། says:
    2019-02-13 at 9:31 am

    ཨ་རིའི་དོན་ཟུར་སྤེན་ཚེ་ལ་ཉེས་པ་མེད་བཞིན་བཙན་འགེལ་གྱིས་གནས་དབྱུང་བཏང་བ་དང་། དེ་ལས་ལྷག་པ་སྐར་རྡོར་གྱིས་དོན་གཅོད་སྐབས་འཐུས་ཤོར་ཆེན་པོ་བཏང་བར་ཉེས་པའི་ཚབ་ལ་ལེགས་གསོལ་ལྟ་བུ་བྱས་ཡོད། ད་ཨོ་གླིང་གི་མཚོ་སྒོ་ལྷག་པས་འདི་འདྲ་བ་འཐུས་ཤོར་ཆེན་པོ་བཏང་ན་ཡང་སྲིད་སྐྱོང་དང་བཀའ་ཤག་གིས་ཅི་མི་སྙམ་པ་བཞག་པ་ནི་ཧ་ཅང་གི་སྐྱོ་བོ་རེད་མོད། ཤིང་གི་རྩ་བ་རུལ་སོང་ན་ཡལ་ག་དང་ལོ་འདབ་རུལ་བ་ཆོས་ཉིད་ཡིན་པ་ལྟར་སྲིད་སྐྱོང་དང་བཀའ་ཤག་རུལ་ཡོད་དུས་དོན་གཅོད་དེ་ཚོ་རུལ་ཡོད་པ་བཤད་ཅི་ལ་དགོས། ད་སྲིད་སྐྱོང་དང་བཀའ་ཤག དོན་གཅོད་སོགས་ཀྱི་རུལ་དྲི་དེ་བོད་མིའི་སྤྱི་ཚོགས་ནང་ལ་ཁྱབ་ནས་ཚང་མ་གནས་བཟོད་མི་ཐུབ་པ་ལྟ་བུར་གྱུར་བ་ནི་སྲིད་སྐྱོང་སྐབས་གཉིས་ཀྱི་བྱས་རྗེས་ཡིན་པ་མ་ཟད་ལོ་རྒྱུས་ནང་གི་ནག་ཐིག་བསུབ་ཐབས་མེད་ཞིག་ཏུ་གྱུར་ཡོད་དོ།

  6. གུ་རུ་བསོད་ནམས says:
    2019-02-13 at 1:55 pm

    བློ་སེང་གི་འབུམ་རམ་པའི་མཐར་ཕྱིན་རྩོམ་ཡིག་རག་མཁན་ཡོད་ན་རྔན་པ་ཆེན་པོ་འབུལ་ཆོག

  7. དོན་འགྲུབ says:
    2019-02-15 at 2:45 am

    མཚོ་སྒོ་ལྷག་པས་འཐུས་ཤོར་ཆེན་པོ་བཏང་ནས་ཨོ་གླིང་བོད་མིའི་སྤྱི་ཚོགས་ལ་བརྡབ་སིག་བློ་ཡིད་ལས་འདས་པ་ཞིག་བཏང་ཡོད་ཀྱང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བླང་དོར་སྒྲིག་གཞི་ཟེར་བ་དེ་ཕལ་ཆེར་བེད་སྤྱོད་གཅིག་བཏང་རྗེས་འཕྲོ་བརླག་ལ་སོང་བ་འདྲ། གོ་ཐོས་ལ་མཚོ་སྒོ་ལྷག་པའི་རྒྱབ་རྩ་ང་ཚོའི་མཐོ་རིམ་མི་སྣ་མང་པོ་ཞིག་ཡོད་པ་དང་། སྲིད་སྐྱོང་ལ་མཚོ་སྒོའི་སྤུན་ཉེར་ཚོ་དགོས་མཁོ་ཧ་ཅང་ཆེ་བས་ཁོང་ཚོར་ཕོག་ཐུག་གཏོང་མ་ཐུབ་པ་ཡིན་འདུག སྤྱི་རྟ་སྒལ་རལ། རང་དོན་ཆེད་སྤྱི་དོན་བློས་གཏོང་། རང་དོན་སྒྲུབ་ཆེད་ཆོལ་ཁའི་འཐེན་འཁྱེར་བེད་སྤྱོད་པ། རང་གི་འདོད་པ་ལྟར་མ་འགྲུབ་ན་རྒྱ་མིའི་སོ་བ་ཡིན་ཚུལ་སྤྱི་ཚོགས་ནང་དཀྲོག་གཏམ་སྤེལ་བ། ང་ཚོའི་སྤྱི་ཚོགས་འདི་ལྟར་དྲང་བདེན་མིན་པ། རུལ་སུང་ཅན་ཏུ་གྱུར་བ། མཐུན་ལམ་མེད་པ། དངོས་ནས་ཡི་ཐང་ཆད་པའི་རྒྱུ་ལས་མ་འདས།

  8. སྤར་ཤད། says:
    2019-02-15 at 4:07 am

    དེ་འབུམ་རམས་པའི་གསང་བ་རེད། གང་དགར་ཕྱི་ལ་སྟོན་མི་སྲིད། གལ་སྲིད་སློབ་བཟང་རྒྱས་ལ་འབུམ་རམས་པའི་མཐར་ཕྱིན་རྩོམ་ཡིག་དང་། ཁྲིམས་རྩོད་པའི་ལག་འཁྱེར་ཚད་ལྡན་ཞིག་ཡོད་ན་ཕྱོགས་ཞེན་དག་གིས་སྔོན་ཆད་ནས་ས་བསྒྲགས་གནམ་བསྒྲགས་བྱས་ཡོད་ངེས།

  9. ཨ་ཤོ་ཀ། says:
    2019-02-17 at 2:44 am

    ད་འདིའི་རིགས་ནི་ཡ་ང་ཕྲག་དོག སྒེར་ནད་མི་མང་ལ་གཡོག་ཐབས་་ཧཧཧཧཧ་རྩོམ་ཉོག་ལ་ངོས་ཀེན་མེད་་་རང་མོས་བསམ་འཆར་ལ་སུས་འགོག་་འདོད་མོས་རེད་་་མི་མང་ཚོ་་བསམ་བཞིག་གནོང་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme