Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོ་ཧ་གནམ་ཐང་མ།

Posted on 2015-07-032015-07-03 By ཡེ་ཤེས་ 10 Comments on དོ་ཧ་གནམ་ཐང་མ།

ཀླུ་སྨྱོན་ཁྲག་འཐུང་གླིང་པ།

AA13སྨྲ་བསམ་བརྗོད་དུ་མེད་པ་སེམས་ཉིད་ཀྱི་རང་བཞིན།།
སྔོན་གོམས་གཤིས་ལ་ཉལ་བའི་ཉི་འོད་ཀྱི་ཐིག་ལེ།།
བདེ་ཆེན་མེ་རུ་འབར་བ་ཉམས་རྟོགས་ཀྱི་རྦ་རླབས།།
སྙིང་གི་དྲོད་དུ་འཁྱིལ་བ་སྔགས་སྨྱོན་གྱི་གཟི་བྱིན།།
རྩ་གསུམ་ཐུགས་རྗེ་མཚམས་སྤྲིན་དམར་སེར་གྱི་ཀློང་ནས།།
ཐོལ་བརྒལ་ཡེ་ཤེས་ཉི་མ་འབུམ་ཕྲག་གི་འོད་རྣོན།།
གཟུང་འཛིན་མུན་པ་ཟ་བའི་རིག་སྟོང་གི་ཀློང་ནས།།
ཁྱབ་བདག་དང་པོའི་མགོན་དེའི་དགྱེས་ཞལ་ཅིག་མཇལ་བྱུང་།།
ཡོད་མེད་སྦྲུལ་གྱི་མདུད་པ་རང་ས་རུ་གྲོལ་ཏེ།།
ཡིན་མིན་ཤོག་བུའི་ངོ་འབག་མེ་ནང་དུ་བསྲེགས་ཏེ།།
འཁྲུལ་ཞིག་ནམ་མཁའ་ལྟ་བུའི་རྣལ་འབྱོར་གྱི་ངང་ལ།།
འགྲོ་དོན་ལྷུན་གྱིས་འགྲུབ་པའི་དགའ་སྟོན་ལ་རོལ་ན།།
སྣང་བ་བན་བུན་འདི་ཡི་ཕ་མཐའ་རུ་བརྒལ་ཏེ།།
རེ་དོགས་སྨིག་རྒྱུའི་གྲོང་ཁྱེར་ཤུལ་མེད་དུ་འཇིག་སྟེ།།
འོད་གསལ་སེམས་ཀྱི་ཁྱེའུ་ཆུང་རྩེད་རོགས་སུ་འགྱུར་བར།།
རྡུལ་བྲལ་ཆོས་སྐུའི་ཀློང་ལ་གསོལ་བ་ཞིག་འདེབས་སོ།།
དེད་ན་ཟིན་དུ་མེད་པའི་རྣམ་རྟོག་གི་རྦ་རླབས།།
བཞག་ན་རང་སར་དྭངས་པ་སེམས་ཉིད་ཀྱི་གཤིས་ལུགས།།
མ་བཅོས་ལྷུག་པོར་སྐྱོང་བ་རྫོགས་ཆེན་གྱི་ལྟ་བ།།
རྩོལ་མེད་རྒྱུད་ལ་སྐྱེ་བའི་སྐལ་བཟང་ཞིག་བྱུང་ན།།
རྒྱང་ཞགས་ཆུ་ཡི་སྒྲོན་མའི་གནམ་རུ་ལ་སྦྱར་བའི།།
ཀ་ཏི་ཤེལ་གྱི་སྦུ་གུའི་དཔག་ཆེན་གྱི་མདའ་མོ།།
སྙིང་དབུས་གཞོན་ནུ་བུམ་སྐུའི་ཀློང་ཆེན་ལ་འཁྱུད་དེ།།
འཁོར་འདས་མཉམ་པར་བརྡལ་བའི་ཏིང་འཛིན་ལ་རོལ་ན།།
གཞི་དབྱིངས་གདོད་ནས་དག་པ་ཆོས་ཉིད་ཀྱི་ཀློང་ནས།།
ཀུན་བཟང་རོལ་བ་ཆེན་པོའི་འཕྲིན་ལས་ཀྱི་བྱེད་པོར།།
རྒྱལ་ཀུན་དབང་རབ་བསྐུར་པའི་གསང་ཆེན་གྱི་དགའ་མར།།
ཉིན་དང་མཚན་དུ་མཇལ་བའི་སྨོན་ལམ་ཞིག་འདེབས་སོ།།
རྩ་བརྒྱུད་བླ་མའི་བྱིན་ཆེན་སྤྲིན་ཕུང་དུ་འཁྲིགས་ཏེ།།
ཡི་དམ་ཞི་ཁྲོའི་དངོས་གྲུབ་སྦྲང་ཆར་དུ་བབས་ཏེ།།
མ་ཚོགས་མཁའ་འགྲོའི་དགའ་སྟོན་གློག་ཞགས་སུ་འཁྱུག་སྟེ།།
བཟོད་མེད་བདེ་སྟོང་གར་གྱིས་མྱོས་པ་ཞིག་བྱུང་ན།།
བཅས་བཅོས་ཐ་སྙད་ཚད་མའི་ཐལ་རྡུལ་གྱིས་དབེན་པའི།།
སྤྲོས་མེད་ཤུགས་འབྱུང་ཤེལ་དཀར་མེ་ལོང་གི་ངོས་སུ།།
རྒྱལ་ཀུན་སྤྲོ་བསྡུའི་སྣང་བརྙན་འགོག་མེད་དུ་འཆར་བའི།།
ཉམས་རྟོགས་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ཅིག་རྙེད་ན།།
རྩ་གསུམ་འཁོར་ལོ་བཞི་ཡི་རྒྱ་མཚོ་རུ་འབབ་པའི།།
བཅུ་དྲུག་དགའ་བའི་ལྷ་ཆབ་གངྒཱ་ཡི་རྒྱུན་བཟང་།།
གཟུང་འཛིན་མེ་ལྕེ་གཞིལ་བའི་གཉེན་པོ་རུ་བབས་ཏེ།།
ལས་རླུང་དབྱིངས་སུ་བཀྲུ་བའི་འཕྲུལ་འཁོར་ཞིག་སྦྱངས་ན།།

—སྦས་ཡུལ་ཨ་ལ་སི་ཀའི་གྲོང་ཁྱེར་སི་ཀྲི་ཁ་Sitka གནམ་ཐང་དུ།

སྙན་ངག

Post navigation

Previous Post: སླར་བོད་ནས་མཇལ་རྒྱུ་མ་བྱུང་བའི་དྲན་རྟེན་ཞིག་གླེང་བ།
Next Post: གྱ་སྟོན་སྦྲག་རྟགས།

Comments (10) on “དོ་ཧ་གནམ་ཐང་མ།”

  1. ཅོག་མྱི། says:
    2015-07-04 at 2:22 am

    ཨ་རི་ས་ཆ་ཡོངས་རྫོགས་སྦས་ཡུལ་ཡིན་རྒྱུ་རེད། མི་མངོན་པའི་རྣལ་འབྱོར་བ་མང་ངོ་།

  2. ཅོག་མྱི། says:
    2015-07-04 at 2:27 am

    སང་ཉིན་གནིངས་ཉིན་གྱི་གོང་ས་མཆོག་གི་བཀའ་ཆོས་ལ་ཡོང་གི་འེ་ཡོད། ང་དེར་ཐོན་ཡོད། འབ་འགྲིག་ན་ཅིག་ཐུག་ཡ།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-07-04 at 4:14 am

    རྫོགས་ཆེན་ལུགས་ལ།
    རྩལ་ནི་རིག་པའི་ནུས་པ་སྟེ། །
    ཉི་གཅིག་པད་ཀུཏ་འབྱེད་ཟུམ་གཉིས། །

    རོལ་པ་རིག་པའི་གདངས་རོལ་བ། །
    འོད་དང་འོད་ཟེར་ལ་རོལ་བཞིན། །

    རྒྱན་ནི་རང་སྣང་བཀོད་པར་བརྒྱན། །
    འཇའ་ཉི་གཟའ་སྐར་མཛེས་བརྒྱན་བཞིན། །

  4. རང་ཤར་རིག་གྲོལ་རྩལ says:
    2015-07-05 at 3:15 pm

    ཨ་ཁུ་ཀླུ་སྨྱོན་ལགས་ཀྱི་རྩོམ་སྙན་གི་ཡ། དངོས་གནས་རྫོགས་ཆེན་གྱི་དོན་ལག་པས་བྲིས་པ་ནང་བཞིན་རྟོགས་ཡོད་ན་ངོ་མཚར་ཆེ་གི་ཡ། མངོན་ཤེས་དང་རྫུ་འཕྲུལ་ལ་ཡ་མཚན་ཆེར་མེད་མོད། ཡིན་ཡང་རིག་པ་ཀློང་དུ་རྡོལ་ན་མངོན་ཤེས་དང་རྫུལ་འཕྲུལ་ཞར་དང་ཞོར་ལ་འབྱུང་བས། དེང་དུས་རྫོགས་ཆེན་པར་གྲགས་པ་ཚོར་རྫུ་འཕྲུལ་ཕར་ཞོག་མངོན་ཤེས་ཕྲན་བུ་རེ་ཡང་མེད་ཚོད་རེད། འདི་ནི་དོན་ལ་རྫོགས་པ་ཆེན་པོ་ལྟ་བ་རྟོགས་རྒྱུ་ཕར་ཞོག་ཞི་གནས་ཙམ་ཡང་མ་ཐོབ་པའི་རྟགས་རེད། ཇོ་བོ་རྗེས་གཞན་དོན་རླབས་ཆེན་མཛད་པ་ལ་བྱང་ཆུབ་ཀྱི་སེམས་དང་མངོན་ཤེས་གཉིས་མེད་ཐབས་མེད་གསུངས་པ་ལྟར་ཡིན། འོན་ཀྱང་དེང་དུས་བླ་ཆེན་དུ་གྲགས་པ་ཚོར་མངོན་ཤེས་ཕྲན་བུ་རེ་འང་ཨེ་ཡོད་ན། ཡོད་ན་དགའ་བ་ལ། །

  5. BONPO says:
    2015-07-05 at 3:48 pm

    རྒྱང་ཞགས་ཆུ་ཡི་སྒྲོན་མ་་་ཞེས་པ་དང་། ཀ་ཏི་ཤེལ་གྱི་རྩ་ཆེན་་་ཞེས་པ་དེ་དག་བོན་པོའི་དཔེ་ཆའི་ནང་དུའང་འདུག ། །

  6. དྲི་མེད་ལྷག་བསམ། says:
    2015-07-05 at 10:00 pm

    ཀ་རྡོ་ལེགས་ཀྱིས། རྩལ་རིག་པ་རྒྱན་གསུམ་བཤད་པ་ཕྱོགས་གཅིག་ནས་དེ་ལྟར་ལེགས་མོད། རོལ་བ་དང་རྒྱན་གཉིས་སེམས་ཀློང་སོ་སོའི་སྐབས་ཐོབ་ཀྱི་འགྲེལ་ཚུལ་མི་འདྲ་བས་དཔྱད་པྲ་བྱ་བ་ཡོད་མོད། དྲ་ཐོག་འདི་ནས་གསང་བ་བསྒྲགས་པ་ནི། མིག་གཅིག་མ་དང་མིགས་སྟོང་ལྡན་པས་ཀྱང་། །བལྟ་བར་བྱེད་དོ་བག་ཡོད་བྱས་ན་ལེགས། །གསུངས་པ་ལྟར་ཞུ་མི་ཕོད་པས་དཔྱད་སྒོ་ཙམ་དུའོ། །

  7. རྟ་བདུན་དབང་བོ says:
    2015-07-06 at 1:52 am

    རྫོགས་ཆེན་གྱི་ལྟ་བ་དེ་སྔོན་ཆད་སྐབས་དང་བསྟུན་པའི་གདམས་ངག་ཟབ་མོ་ཞིག་ཡིན་ངེས་རེད། འོན་ཀྱང་ད་ལྟའི་སྐབས་འདིར་དུས་དང་འཚམས་པའི་ལྟ་བ་ཞིག་མ་རེད། མི་ཕལ་མོ་ཆེས་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་ལའང་ཡིད་ཆེ་མེད་པའི་དུས་རེད། ཐ་ན་བླ་མ་དགེ་བཤེས་ཚོས་ཀྱང་རྫོགས་ཆེན་ལྟ་བ་གང་འདོད་ཀྱི་ཁྲིད་ཀྱི་ཡོད་པ་རེད། ཡིན་ནའང་ཁ་ཕོ་ཆེ་བ་ཁོ་ན་ལས་གཞན་ལ་ཕན་ཐོགས་རྒྱུ་ལྟ་ཅི་གནོད་སྐྱེལ་སྲིད་པ་རེད། གཞན་ལ་སྟོན་རྒྱུ་མེད་པའི་ཁ་ཕོ་ཞིག་ལ། ཉིན་སྒོམ་ན་ཉིན་སངས་རྒྱ། མཚན་སྒོམ་ན་མཚན་སངས་རྒྱ་སོགས་ཟེར་བ་ནི་ཁ་ཕོ་ཆེ་དྲག་འདུག་གོ །

  8. ཀརྡོ་གཉེར་ཕྱག་པ་ says:
    2015-07-06 at 3:25 am

    དྲི་མེད་ལྷག་བསམ་ལགས།
    གདམས་ངག
    གསང་ཤོག་ཅེས་པའི་གདོམ་མཁན་མི་འདུག །
    དཔེ་ཆ།
    ཀློག་ཤོག་ཟེར་ནས་སྤྲོད་མཁན་འོང་བགྱིད། །
    ཤེས་ཕྱིར།
    ཤེས་པའི་ཕྱིར་དུ་ཀློག་འདོད་འོང་བགྱིད། །
    བཤད་འདོད།
    མ་བརྗེད་སྔོན་ལ་བཤད་འདོད་བགྱིད། །
    དྲི་མེད་དང་།
    ལྷག་བསམ་ཁྱེད་ཀྱི་ལམ་ཞིག་སྟོན་དང་། །
    བཀའ་སྲུང་གིས།
    མིག་གཅིག་མིག་སྟོང་གྲོགས་ཤིག་མཛོད་དང་། །
    kardorime@mail,com

  9. ཀརྡོ་གཉེར་ཕྱག་པ་ says:
    2015-07-06 at 3:26 am

    མ་བརྗེད་སྔོན་ལ་བཤད་འདོད་བགྱིད། །
    འདི།
    མ་བརྗེད་སྔོན་ལ་བཤད་འདོད་འོང་བགྱིད། །

  10. བློན་གངས་བུ། says:
    2015-07-06 at 1:35 pm

    ཚིག་གི་སྡེབ་ལེགས། བརྗོད་བྱའི་དོན་ཟབ། ངག་ལ་ཀློག་བདེ། ཡི་རངས་ཞུ་འོས། མི་བུ་རེ་འགས། གསང་བ་སྒྲོག་ཞེས། བཅོམ་པ་མ་གནང་། མེས་པོའི་རིང་ལ། གདམས་ངག་འདི་ནི། གང་འདོད་མིན་པར། སྣོད་ལ་བརྟགས་ཏེ། སྣོད་ལྡན་མིན་པར། བཤད་པའི་སྲོལ་མེད། དེང་གི་དུས་འདིར། བླ་མ་ཕལ་ཆེའི། དངུལ་སྒོར་གསོག་བྱེད། ཁང་རྩེག་བསྐྲུན་བྱེད། རླང་འཁོར་ཉོ་བྱེད། མཚན་སྙན་རྒྱས་བྱེད། སློབ་མ་སྐྱོང་བྱེད། གདམས་ངག་འདི་རེད། རྒྱ་དང་རྒྱ་མོའི། དཔུང་ཚོགས་དེ་དང་། སྐྲ་སེར་འདི་ཚོ། སྣོད་ལྡན་ཡིན་ན། རིག་གཞུང་འཚོ་བའི། དྲྭ་ཚོམ་འདི་ན། བློ་གྲོས་རྩལ་ལས། འདི་འདྲ་བཀོད་པར། ལེགས་སྐྱེས་མཚོན་བྱེད། ཅི་ཡང་མེད་པར། སྐྱོན་བརྗོད་མ་གནང་། དྲྭ་གྲོགས་ལྷན་རྒྱས། ཐུགས་བསམ་བཞེས་རོགས། དྲྭ་འབུ་བདག་གིས། ཁྱེད་ཉིད་དགྱེས་བྱེད། རིག་ལྡན་མཁའ་འགྲོའི། གསང་བའི་སྦུབས་སུ། རྡོ་རྗེས་བསྣུན་དེ། དགའ་བཞིའི་ཉམས་སྣང་། དྲག་ཏུ་འབར་བས། ཐིག་ལེ་དཀར་དམར། མཚོ་ལྟར་འཁྱིལ་བ། ཁྲག་འཐུང་ཁྱེད་ཀྱི། ཞལ་དུ་སྟབས་པོ། དགྱེས་པར་བཞེས་མཛོད། ཁྲག་འཐུང་ཀྱེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme