Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོ་སྣང་བྱེད་དགོས་པ་ཞིག

Posted on 2014-01-162014-01-16 By ཁ་བརྡ་ 5 Comments on དོ་སྣང་བྱེད་དགོས་པ་ཞིག

ཚེ་རིང་།

མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་སྤྱི་ལོ་༢༠༡༡ ལོར་དཔར་སྐྲུན་བྱས་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་གསུང་འབུམ་ཕྱོགས་བསྒྲིགས་དཔེ་དེབ་༼ཁ༽བའི་ཤོག་གྲངས་༢༣༨ སྟེང་འཕྲིན་བཅོལ་ཞིག་བཀོད་ཡོད་པ་ནི། དོལ་རྒྱལ་ལམ་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་ཡིན་པས་རྩོམ་སྒྲིག་འགན་འཁུར་བས་འདི་པཎ་ཆེན་མཆོག་གིས་བྲིས་པ་ཡིན་པར་ཁུངས་སྐྱེལ་ར་སྤྲོད་ངེས་པར་དུ་བྱེད་དགོས་འདུག

བཀྲས་ལྷུན་དགོན་པའི་བཅའ་ཡིག་བཙན་པོ་མ་ནི་པཎ་ཆེན་མཆོག་གི་ཕྱག་ཏུ་ནམ་རྒྱུན་བསྣམས་ཡོད་ལ། དེའི་ནང་དུ་དོལ་རྒྱལ་གྱི་མིང་དངོས་སུ་སྨྲས་ནས་བསྟེན་གསོལ་མི་ཆོག་པར་བཤད་ཡོད་པ་མ་ཟད། པཎ་ཆེན་སྐུ་ཕྲེང་ན་རིམ་གྱིས་བཀྲས་ལྷུན་སྒོ་ཐེམ་འོག་དམ་ལ་བཏགས་ཡོད་པས། སྐུ་ཕྲེང་བཅུ་བས་འཕྲིན་བཅོལ་བརྩམས་པ་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ལོ་ཚིགས་གང་གི་དབང་དུ་བྱས་ནའང་མི་སྲིད་པ་ཞིག་ཡིན།

བགྲོ་གླེང་།

Post navigation

Previous Post: ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་འཕྲེང་བ།
Next Post: སེམས་པ་དབེན་རི་ལ་ཆས་པ།

Comments (5) on “དོ་སྣང་བྱེད་དགོས་པ་ཞིག”

  1. ངག་དབང་སྟོབས་ལྡན། says:
    2014-01-16 at 12:34 pm

    པན་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་ཁོང་གི་གདན་ས་བཀྲ་ཤིས་ལྷུན་པོར་དོལ་རྒྱལ་ཐོག་མར་ཡོང་སྐབས་རྣམ་སྲས་རྟ་བདག་བརྒྱད་ཀྱིས་བཀག་ནས་ཡོང་མ་བཅུག་པས་སྐྱར་བདག་ཆེན་བསོད་ནམས་རིན་ཆེན་མདུན་སར་སོང་བ་ལོ་རྒྱུས་ཡོད་པ་དེ་ལྟར་བས་ན། རྣམ་སྲས་རྟ་བདག་བརྒྱད་ཀྱི་ཡོང་མ་བཅུག་པའི་དྲེག་པ་དེ་པན་ཆེན་ཁོང་གི་བསྟེན་གསོ་བྱེད་བཞིན་མེད་པ་སྨོས་མེད་རེད། ད་དུང་རྩོམ་དུས་སོགས་ཀྱང་མ་བཀོད་པ་དེ་རྒྱུ་མཚན་གང་ལ་ཐུག་གམ། ད་དུང་དཔྱོད་རྒྱུ་མང་མོད་ད་ལྟ་དེ་ཙམ་ཡིན།

  2. ཆབ་བྲག་ལྷ་མོ་སྐྱབས། says:
    2014-01-16 at 12:43 pm

    བདེན་གི་དེ་མི་སྲིད་པ་ཞིག་རེད། དོལ་ཚོགས་ཀྱིས་འདི་འདྲ་ཞིག་རག་ན་རིན་པོ་ཆེ་ཞིག་རག་པ་འདྲ་བོ་རེད་ད། འཕྲིན་བཅོལ་དེ་འདིར་ཅིག་བཀོད་ན་ག་འདྲ་ཡིན་མིན་ཤེས་མཁན་ཡོང་སྲིད།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-01-16 at 1:23 pm

    ་་་་་ དོལ་རྒྱལ་ལམ་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་ཡིན་པས་་་་་་

  4. བསོད་ནམས། says:
    2014-01-18 at 11:20 am

    ཀུན་གཟིགས་ཐམསཅད་མཁྱེན་པ་སྐུ་ཕྲེངརིམ་་བྱོན་རྣམས་དོལ་རྒྱལ་མི་བསྟེན་པ་དངོས་ཡོད་རེད། ༧སྐྱབས་མགོན་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མའི་གསུང་ཐོར་བུའི་ནང་སྔགས་ཆེན་གཟིགས་རྒྱབ་རིན་པོ་ཆེས་ཁོང་རང་གི་ཡུལ་ལྷ་ཞིག་གི་འཕྲིན་བཅོལ་དགོན་པའི་ནང་གདོན་ཆོག་མིན་བཀའ་དྲི་ཞུས་པའི་བཀའ་ལན་དུ་སྤྱིར་གདན་ས་འདི་ཉིད་བཀའ་གདམས་ཀྱི་གདན་ས་གཙང་མ་ཞིག་ཡིན་པས་རྗེ་དགེ་འདུན་གྲུབ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གཉིས་ཀྱིས་གཉེར་དུ་བཏད་བའི་མགོན་པོ་དང་། དཔལ་ལྡན་ལྷ་མོ་སོགས་ཚད་ལྡན་གྱི་ལྷ་མིན་པས་འཇིག་རྟེན་པའི་དྲེག་པ་གང་བྱུང་དགོན་པའི་ནང་བསྟེན་ན་སྔར་པཎ་ཆེན་དཔལ་ལྡན་ཡེ་ཤེས་དགོངས་པ་རྗོགས་རྗེས་པཎ་ཆེན་བདུན་པ་ཆེན་པོ་དགུང་ན་ཕྲ་སྐབས་རང་རེའི་མི་ཚན་དང་། ཁང་ཚན་རྣམས་ཀྱིས་སོ་སོའི་གཞིས་དགོན་གྱི་ལྷ་རུ་བསྙད་པའི་འཇིག་རྟེན་པའི་དྲེག་པ་གང་བྱུང་དགོན་པའི་ནང་བསྟེན་པས་གོར་ཁས་དགོན་པ་བཅོམ་པ་སོགས་བཀྲ་མི་ཤིས་པའི་རྟགས་དུ་མ་བྱུང་བ་རྣམས་ཀྱང་ལྷ་མོར་ཐུགས་འཁོན་བྱུང་བའི་ཡིན་པར་གསུངས་པ་ནས་ཤེས།

  5. ཀརྡོ་གཉེར་ཕྱག་པ་ says:
    2014-01-18 at 11:24 am

    ་་་་་ ཀུན་གཟིགས་ཐམསཅད་མཁྱེན་པ་སྐུ་ཕྲེངརིམ་་བྱོན་རྣམས་དོལ་རྒྱལ་མི་བསྟེན་པ་དངོས་ཡོད་རེད། ་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme