Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོ་ནུབ། བོད་ཀྱི་སྒྲ་སྙན་གྱི་རྒྱུད་སྐུད་ཆད་སོང་།

Posted on 2016-02-292016-02-29 By ཁ་བརྡ 7 Comments on དོ་ནུབ། བོད་ཀྱི་སྒྲ་སྙན་གྱི་རྒྱུད་སྐུད་ཆད་སོང་།

unnamed-14•གུང་ཐང་འབྲུག་བྷེ།
_____གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ཚེ་ལས་འདས་པར་རྗེས་དྲན་དུ།
 
ནམ་རྒྱུན་གཉིད་མི་ཁུག་པའི་མཚན་མོ་རེ་རེ་དང་། ཁོར་ཡུག་ཅིག་གི་ངོས་དང་རླབས་ཀྱིས་སྙིང་ཁམས་བསྲེགས་ཐེངས་རེེ་རེར། ཡང་ན་སྤྱི་ཚོགས་ཀྱི་སྐད་སྒྲས་སེམས་པ་བཙོན་ལ་འཛིན་ཐེངས་རེ་རེར། ངས་ནམ་རྒྱུན་ཁྱེད་ཚོ་དྲན་ཞིང་ཁྱེད་ཚོ་གླེང་།
མདང་དགོངདེ་ལྟའི་་གཉིད་མི་ཁུགས་པའི་མཚན་དཀྱིལ་ཞིག་ཏུ་རྡུང་ལེན་པ་རྨ་ཆུའི་བསམ་གཏན་གྱི་སྐད་འཕྲིན་ངོས་སུ་བདུད་བྷེ་དང་འབྲེལ་བའི་གནས་ཚུལ་ཅུང་ཙམ་ཐོན། དེ་ལས་གནས་ཚུལ་མི་སྙན་པ་ཞིག་བྱུང་བ་ཡིན་ནམ་སྙམ་པའི་བློ་དོག་ཅིག་ལས་གཞན་ཅི་ཡང་མ་བྱུང་། ཡང་དེ་ནས་བསྟུན་མར་བོད་ཕྱི་ནང་གཉིས་ཀྱི་སྐར་འཕྲིན་དང་ངོ་དེབ་དྲ་ལམ་ཁག་ཏུ་གནས་ཚུལ་ནི་གཅིག་འཕྲོ་གཉིས་འཕྲོར་བྱུང་བ་ལ་ལྟོས་ན་ངས་བཀྲ་མི་ཤིས་པའི་གནས་ཚུལ་དེར་གོ་བ་བྱུང་། དེ་མ་ཐག་བདུད་བྷེ་ལགས་ཀྱི་ཆུང་མ་མཁའ་འགྲོ་ལ་སྐར་འཕྲིན་བརྒྱུད་འབྲེལ་ལམ་བྱས་དུས་མོས་” ད་མེད་སོང་ཐལ་,, ཞེས་ཕངས་སེམས་ཀྱི་བརྡ་ལན་དེ་སླེབས་སོང་། གླུ་གར་གྱི་རྒྱ་མཚོ་རུ་འབོད་པའི་བོད་ཡུལ་གངས་རིའི་ལྗོངས་ཀྱི་སྒྲ་སྙན་གྱི་རྒྱུད་སྐུད་དེ་ཆད་སོང་བ་དང་། གླུ་ངག་གི་དབྱངས་སྙན་དེ་འགགས་སོང་སྙམ་པའི་སེམས་པ་བློ་བོར་བོར་གྱུར་ཅིང་། མིག་ཆུ་ཤམ་ཤམ་བཞུར་་་་

སྤྱིར་སྐྱེས་པའི་མཐའ་མ་འཆི་བ་དང་འདུས་པའི་མཐའ་མར་བྲལ་དགོས་པའི་ཆོས་ཉིད་དེར་སུ་དང་གང་གིས་ཟློག་ཐབས་བྲལ་བའི་གནས་ལུགས་ཤིག་ཡིན་པ་བསྙོན་དུ་མེད་མོ། འོན་ཀྱང་གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལ་མཚོན་ན་དགུང་ལོ་ལྔ་བཅུའི་སྒོ་ཐེམ་ལ་ཉེ་བ་ཙམ་ཡིན་པས། མི་ཡུལ་ལ་འཇོག་ངེས་པའི་དུས་ཚོད་ད་དུང་ཡོད་ཆོག་པ་ཡིན་ཡང་མི་རིགས་འདིའི་སྒྱུ་རྩལ་ལས་དབང་ཐད་ནས་བསམ་ཧ་ཅང་ཕངས་པར་འོས་པའོ།

unnamed-15unnamed-13

ཁོང་ནི་ཆུང་བྱིས་པའི་དུས་ནས་སློབ་གྲྭ་བར་རིམ་འགྲིམས་ཤིང་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་སླེབས་སྐབས། སྟེས་དབང་ལྟ་བུའི་རྨ་ཆུའི་ཟམ་སྟོན་སྟེང་ཐེངས་དང་བོར་གླུ་ངག་གི་སྒོ་བརྒྱ་ཐོག་མ་མི་ཚོགས་དེའི་ཁྲོད་དུ་ཕྱེས་པའི་དུས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཆེས་དགའ་བསུ་ཐོབ་ཅིང་དོ་སྣང་འདྲེན་ཡུལ་དུ་གྱུར།

ཁོང་གིས་”སྐབས་དེར་རང་ཉིད་འཚབ་འཚུབ་ངང་གླུ་ནི་ཅི་འདྲ་ཞིག་ལེན་པ་མ་ཤེས་ཡང་། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་བྱས་སྟངས་ལ་ལྟོས་ན་ཅུང་འགྲིགས་ཡོད་ཚོད་དུ་སྣང་”ཟེར།

སྐབས་དེ་ནས་བཟུང་རྨ་ཆུ་རྫོང་བོད་ཀྱི་གླུ་གར་ཚོགས་པར་ཐད་ཞུགས་གནང་ཞིང་། རྡུང་ལེན་པ་དཔལ་མགོན་ལགས་དགེ་རྒན་དུ་བསྟེན་ནས་རྡུང་ལེན་སྒྱུ་རྩལ་གྱི་ལམ་ལ་ཆས་ཤིང་། དགེ་རྒན་དཔལ་མགོན་དང་ལྷན་དུ་<<བོད་ཀྱི་སྒྲ་སྙན་རྡུང་ལེན་གསར་བ>>ཞེས་པའི་སྒྲ་ཐག་ཅིག་པར་དུ་བསྐྲུན། སྒྲ་ཐག་དེ་ནི་ཉེ་རབས་བོད་ཀྱི་རྡུང་ལེན་ལོ་རྒྱུས་ཐོག་གི་སྒྲ་ཐག་དང་བོ་ཐོག་མ་རུ་ངོས་འཛིན་བྱ་ཆོག

རྡུང་ལེན་པ་བདུད་བྷེའི་ཐེངས་དང་བོའི་ཆེད་བསྒྲིགས་སྒྲ་ཐག་སྤྱི་ལོ་1990 ལོར་མཚོ་སྔོན་སྒྲ་སྙན་པར་བསྐྲུན་ཁང་གིས་དཔར་དུ་བསྐྲུན་ཞིང་། དེར་ཁྲི་ཆེན་གུང་ཐང་རིན་པོ་ཆེའི་ཚིག་དང་དབྱངས་བརྩམས་པའི་<< མཁྱེན་ནམ་གསོན་དང་། རིན་པོ་ཆེ་>> དང་སྨན་བླ་སྐྱབས་ཀྱི་ཚིག་བརྩམས་པའི་<<པཎ་ཆེན་དྲན་གླུ་>>སོགས་རྡུང་ལེན་ཡིད་དབང་གསོས་པ་མང་བོས་བདག་ཉིད་དུ་གྲུབ་པའི་མཚན་སྙན་བོད་ཁམས་ཡོངས་ལ་ཁྱབ།

unnamed-17unnamed-18

དེ་ནས་བདུད་བྷེ་རྡུང་ལེན་གྱི་སྒྲ་ཐག་གྲངས་མེད་པ་ཞིག་ཁོང་གི་བླ་མེད་སྒྱུ་རྩལ་སྐད་ངག་སྙན་མོ་ལ་འགྲོགས་ནས་བོད་ཡུལ་གྱི་ལྗོངས་སུ་གྲགས་ཤིང་། 1991 ལོར་ཁྲི་ཆེན་གུང་ཐང་རིན་པོ་ཆེས་བྱམས་མེ་ནས་དུས་དབང་ཐེངས་བརྒྱད་པ་གནང་དུས་རྡུང་ལེན་མཁན་པོ་དཔལ་མགོན་དང་བདུད་བྷེ་གཉིས་ལ་ཧ་ཅང་གིས་དམ་པ་གང་གི་ཐུགས་བརྩེ་བ་ཆེན་པོས་མྱོས་པ་གནང་སྟེ་དབང་བསྟོད་མང་བོ་རྡུང་ལེན་གྱི་ལམ་ནས་ལེན་དུ་བཅུག

1992 ལོར་མདོ་སྨད་ཡུལ་གྱི་དབྱངས་རྩོམ་པ་བོ་གྲགས་ཆེན་པད་མ་ལགས་ཀྱིས་དབྱངས་བརྩམས་པའི་བདུད་བྷེ་དང་བཀྲ་ཤིས་སྒྲོལ་མ་གཉིས་ཀྱིས་མཉམ་དུ་<<བརྩེ་ལྡན་གྱི་གངས་ཕྲུག་>>དང ་<<ཅོ་ཀའི་དྲུག་འགྱུར་>>ཞེས་པའི་སྒྲ་ཐག་གཉིས་པར་དུ་བསྐྲུན་པར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་མོས་ཆེ་ཆེར་ཐོབ་ཅིང་གྲགས་སྙན་སྔར་ལས་རྒྱས།

1993ལོར་གླུ་མ་མགོན་པོ་འཚོ་དང་མཉམ་དུ་<<ཚེ་རིང་མཚོ་མོ་>>ཞེས་པའི་སྒྲ་ཐག་སོགས་ཁ་ཤས་པར་དུ་བསྐྲུན།

1994ལོར་བདུད་བྷེ་དང་བཀྲ་ཤིས་སྒྲོལ་མ་གཉིས་མཉམ་དུ་<<དགའ་སྤྲོའི་སྙིང་གཏམ>> དང་། རོགས་མཐུན་<< འབུམ་ཚང་བུ་མོ>> <<བྱེའི་འཇོལ་མོ>> སོགས་པར་བསྐྲུན་བྱས།

1995 ལོར་<< མ་མོའི་སྐྱོ་གླུ>> དང་<< གངས་ལྗོངས་ནས་འོང་བའི་སྤུན་ཟླ>> སོགས་པར་དུ་བསྐྲུན།

1996ལོར་བདུད་བྷེ་རྡུང་ལེན་ཆེད་སྒྲིག <<གངས་ཕྲུག་གི་སེམས་པ་>> དང་<<ཁེར་རྐྱང་གི་སེམས་པ>>གཞན་རྨ་ཆུ་རྫོང་བོད་ཀྱི་གླུ་གར་ཚོགས་དང་མཉམ་འབྲེལ་གྱི་སྒྲ་ཐག་འགའ་བོད་ལྗོངས་སྒྲ་སྙན་དཔར་སྐྲུན་ཁང་ནས་པར་དུ་བསྐྲུན།

1997ལོར་<< ལས་དབང་་>>ཞེས་པའི་སྒྲ་ཐག་ཅིག་དོན་གྲུབ་གངས་ལྗོངས་རིག་གནས་ཀུང་ཟི་ནས་པར་དུ་བསྐྲུན་པ་སོགས་དུས་ད་ལྟར་སྒྲ་ཐག་དང་འོད་སྡེར་བརྒྱ་ཕྲག་བརྒལ་བ་མི་ཡུལ་ལ་ཕུལ་ཡོད།

ལོ་རབས་བརྒྱད་བཅུ་ཚུན་ཆད་ནས་བོད་ལ་རིག་གནས་ཀྱི་མཁའ་དབུགས་ཅུང་ཡངས་པ་ལས། གླུ་གཞས་རྡུང་ལེན་སྒྱུ་རྩལ་སོགས་ཀྱི་དར་ལམ་སྔོན་ལས་འཕེལ་བ་བྱུང་། བདུད་བྷེ་ནི་མི་རབས་དེའི་ཁྲོད་ཀྱི་མཚོན་བྱེད་མི་སྣ་ཞིག་དང་། རྡུང་ལེན་དར་ལམ་ཁྲོད་ཀྱི་སྔོན་བསྐྱོད་མདུན་གྲལ་ན་མཆིས་པའི་རྡུང་ལེན་སྒྱུ་རྩལ་གྱི་ཚབ་མཚོན་རྡོ་རིང་ལྟ་བུ་གཅིག་གོ་དེ་རེད།

བདུད་བྷེའི་ལྷན་སྐྱེས་སུ་གྲུབ་པའི་སྐད་ངག་དེ་ནི་སུ་དང་གང་གིས་ཚབ་མཚོན་དང་ལད་ཟློས་རུང་བ་ཞིག་མིན་པར། མ་བཅོས་རང་བྱུང་ལྷུན་བཟོ་ཡིས་གྲུབ་པའི་སྐད་ངག་ཟླ་མེད་པ་ཞིག་ལྷན་སྐྱེས་ལ་མངའ་ཡོད་པར། སྐད་ངག་སྙན་མོ་དེར་བོད་མི་རྒན་གཞོན་བར་གསུམ། སྐྱ་སེར་ཕོ་མོ། གནའ་མི་དེང་མྱི་སོགས་ཚང་མས་དགའ་བསུ་བྱས་ཤིང་དང་བ་འདྲེན་པའི་དཔལ་དུ་གྱུར་བའི་གངས་ལྗོངས་ཁུ་བྱུག་སྔོན་མོ་ཞེས་མཚན་སྙན་དེ་རྩོད་མེད་ཁོང་ལ་གསོལ་ཞིང་། ཁོང་ལ་ཐོབ་ཡོད་པ་དེའི་ཀྱང་ཡོད་ཚད་མཚོན་འདུག་པའི་འགྲེལ་བཤད་ཀྱི་ངལ་བ་རིང་དུ་བསྟེན་མི་དགོས་སྙམ།

གཞན་བདུད་བྷེ་ནི་མི་རིགས་ཀྱི་ལ་རྒྱ་ཁོ་ན་བསམ་ཞིང་་མི་རིགས་ཀྱི་བདེ་སྡུག་དངོས་ལ་བཅར་བའི་སྒྱུ་རྩལ་གྱི་དད་ལྡན་པ་ཞིག་རེད། ཁོང་གིས་”ངས་ད་ལྟའི་བར་བོད་ཀྱི་གངས་རི་དང་རྫ་རི། རྟ་ནོར་ལུག་གསུམ་དང་འགྲོགས་ནས་བོད་ལ་ཕན་ཞིག་ཐོགས་ན་བསམ་ནས་གླུ་ལེན་ཡིན། དེ་མིན་ངས་མི་རིགས་འདི་ལ་ཕན་ཐོགས་ཐུབ་པའི་ནུས་པ་གཞན་ང་ལ་མི་འདུག་”ཅེས་གསུངས། སྤྱིར་སྒྱུ་རྩལ་གྱིས་མིའི་རིགས་ལ་བློ་འབྱེད་པའི་ལམ་བརྡ་བསྟན་ཞིང་། རེ་བ་དང་དཔའ་ངར་གྱི་ལམ་ཁྲིད་པ་བཞིན་སྐྱ་སད་སྔོ་སྡུག་གི་བོད་མི་རིགས་ལ་ད་ལྟའི་དུས་འདིར་མཐུན་སྒྲིལ་གྱི་དཔུང་རྡང་གཅིག་གི་མདུན་སྐྱོད་ཀྱི་ལམ་སྣེ་ཞིག་ལ་ཐུན་མོང་གི་ཚོར་བ་དང་རེ་སེམས་ཤིག་རྙེད་ཀྱིན་པ་འདི་ནི་བདུད་བྷེ་དང་བདུད་བྷེ་ལྟ་བུའི་གླུ་ངག་གི་བཀའ་དྲིན་ཡིན་པ་བསྙོན་དུ་མེད།

unnamed-16བོད་མི་རིགས་འདི་གླུ་གཞས་སྒྱུ་རྩལ་ལ་དགའ་ཞིང་། གླུ་གཞས་སྒྱུ་རྩལ་གྱི་ཆེད་དུ་ལེགས་སྐྱེས་འབུལ་ཐུབ་མཁན་ཞིག་ཡིན་པ་ང་ལ་ཡིད་ཆེས་རྙེད། བདུད་བྷེ་གླུ་གཞས་སྒྱུ་རྩལ་གྱི་ཐོག་ནས་བཤད་ན། མདང་བོད་ནང་གི་རྩོམ་པ་བོ་ཞིག་གིས་”བདུད་བྷེའི་ཚེ་སྟོད་གླུ་ངག་གི་འཚོ་རེད། བདུད་བྷེའི་ཚེ་སྨད་སྒྱུ་རྩལ་གྱི་འཚོ་རེད” ཟེར། ཅི་མ་བདེན་ཉེ་བའི་ཆར་ནས་བདུད་བྷེ་རང་ཉིད་སྒྱུ་རྩལ་བ་རྣམ་དག་ལྷད་མེད་ཅིག་གི་སེམས་ཁམས་ཀྱི་རྒྱུ་རྐྱེན་ཐོག་ནས་ཆང་འཐུང་བ་དང་། ཐོལ་བྱུང་གི་གླུ་ལེན་པ། ཁ་དབྱངས་བོས་པ་སོགས་ཀྱི་ལས་ཅི་ཞིག་བྱས་ཀྱང་། བོད་མི་རིགས་ཀྱིས་དེ་ལ་དང་ལེན་དང་གུས་བཀུར། དགའ་བསུ་་སོགས་བྱས་ཐུབ་ཀྱི་ཡོད་པ་དེའི་ཐོག་ནས་ང་ཚོའི་སྒྱུ་རྩལ་གྱི་མི་སྣ་ངོས་ཟིན་པ་དང་ང་ཚོས་སྒྱུ་རྩལ་གྱི་ལམ་ཆེན་ཞིག་རྙེད་ཀྱི་ཡོད་པའི་སད་རྟོགས་ཤིག་ལོས་ཡིན་སྙམ། དེ་མིན་འཆར་ལོའི་ནང་གླུ་གཞས་རྡུང་ལེན་པ་ཁ་ཤས་ལ་མང་ཚོགས་ཀྱིས་རྡོ་གཞུས་པའི་ལོ་རྒྱུས་ཡོད། དེ་ཚོར་བསམ་ན་བདུད་བྷེ་ཡིས་བོད་ལ་རྐང་རྗེས་ཤིག་བཞག་ཡོད་ལ། བོད་མི་ཚོས་ཡང་བདུད་བྷེ་ལགས་དུས་རབས་འདིར་ངོས་ཟིན་ཐུབ་ཡོད་སྙམ།

བདུད་བྷེ་རང་ཉིད་ལ་མཚོན་ན་རང་གི་སྐད་ངག་སྙན་མོའི་སྒྱུ་རྩལ་འདི་བརྒྱུད་ནས་བོད་ཡུལ་བསིལ་མོ་ལྗོངས་ལ་ཕ་ཡུལ་ཤུལ་བུ་འཛིན་ལྟ་བུའི་མདོ་དབུས་ཁམས་གསུམ་གྱི་སློབ་མ་ཧ་ཅང་མང་བོ་གསོ་སྐྱོང་གནང་ཡོད་ལ། དེ་དག་གི་ཁྲོད་ན་ད་ལྟ་གྲགས་བཞིན་པའི་གླུ་བ་བཀྲ་ཤིས་དོན་གྲུབ་དང་གླུ་མ་དངོས་གྲུབ་སྒྲོལ་མ་སོགས་མང་དུ་མཆིས། ཁོས” ངས་བོད་ལ་ངའི་ཡན་གྱི་རྡུང་ལེན་པ་ཞིག་ཡོང་བར་རེ་བ་བརྒྱབ་ཀྱི་ཡོད། ཉིན་ཞིག་ངའི་ཡན་གྱི་རྡུང་ལེན་པ་ཞིག་ཡོད་པ་དེར་ཁ་དོག་ཅིག་འཐེན་པར་གྲ་སྒྲིག་བྱས་ནས་སྒུག་ཡོད་ཀྱང་། ད་དུང་ད་བར་དུ་མཐོང་རྒྱུ་མི་འདུག” ཅེས་བོད་ཀྱི་རྡུང་ལེན་འཕེལ་ལམ་ཐད་བརྩེ་བ་དང་ཕངས་སེམས་བླ་ལྷག་ཅིག་བཅིངས་ཡོད་སྐད།

ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཕྱིར་རྟོག་ཅིག་བྱས་ཚེ་དྲན་འོས་པའི་སྐྱེས་ཆེན་གང་མང་ཞིག་སེམས་ཁམས་ཀྱི་རྒྱུ་རྐྱེན་ཞིག་གི་ཐོག་ནས་ཆང་གིས་བསྐྱལ་ཡོད་པར་མཐོང་ཐུབ། དེ་དག་ཁྲོད་ན་སྐྱེས་མཆོག་དགེ་འདུན་ཆོས་འཕེལ་དང་། དྲན་དབང་དོན་གྲུབ་རྒྱལ། གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་སོགས་ཡོད། དོན་དམ་པར་ཁོ་ཚོ་ཆང་གིས་བསྐྱལ་བ་དེ་ཆང་གི་ཁོ་ཚོ་བསླུས་པ་མིན་པར། ཡེ་ཤ་ཡའི་སོག་སྲུབ་ལ་ཟུག་པའི་མི་རིགས་ཤིག་གི་ལས་དབང་ལ་བརྩེ་བ་དང་དད་འདུན། ལྷག་བསམ་གྱིས་ཁོ་ཚོ་སྐྱེལ་བ་ཡིན་ངེས།

སྤྱིར་བདུད་བྷེ་ཡི་དེ་བྱུང་ལོ་རྒྱུས་དང་། སྐད་ངག་སྒྱུ་རྩལ། མི་གཞི་གཤིས་ཀ མི་ཚེ་འདས་མཇུག་སོགས་ལ་ཞིབ་འཇུག་བྱ་རྒྱུའི་གལ་ཆེ་ལས་སྣ་ཚོགས་ཤིག་མཆིས་མོ། འོན་ཀྱང་ཡུལ་དུས་གནས་བབ་འོག་གློ་བུར་རྗེས་དྲན་ཙམ་དང་། འགྱོད་གདུང་སེལ་ཙམ་གྱི་ཕྱིར་ཏུ་འདི་ཙམ་ཐོལ་དུ་བྲིས་པའོ།

བདུད་བྷེའི་སྐད་ངག་རྒྱལ་ལོ།

བདུད་བྷེའི་རང་གཤིས་རྒྱལ་ལོ།

བདུད་བྷེའི་སྒྱུ་རྩལ་རྒྱལ་ལོ།

བདུད་བྷེའི་རྡུང་ལེན་རྒྱལ་ལོ།

2016.2.28

ངོ་སྤྲོད།

Post navigation

Previous Post: ༸རྒྱལ་བའི་མཛད་རྣམ་དང་། གསུང་རྩོམ། དགོངས་གཞི་བཅས་ཀྱི་ཐོག་རིས་མེད་མཁས་པའི་བགྲོ་གླེང་འཚོགས་པ།
Next Post: གངས་ལྗོངས་གླུ་བ་ཁུ་བྱུག་སྔོན་མོ་བདུད་འདུལ་རྡོ་རྗེ་རྗེས་དྲན།

Comments (7) on “དོ་ནུབ། བོད་ཀྱི་སྒྲ་སྙན་གྱི་རྒྱུད་སྐུད་ཆད་སོང་།”

  1. རྔ་རྒོད says:
    2016-02-29 at 9:59 am

    ཡག་པོ་བྲིས་འདུག

  2. རེབ་གླེན་པ། says:
    2016-02-29 at 10:43 am

    ངོ་མ་སེམས་འགུལ་ཐེབས་སོང་་་་་

  3. པདྨ says:
    2016-02-29 at 2:05 pm

    ལེགས་སོ།

  4. བསོད་ནམས། says:
    2016-02-29 at 4:57 pm

    སྒྱུ་རྩལ་ལ་དགའ་བའི་མི་རིགས་ལ་རེ་བ་ཡོད།

  5. ལྷ་སྡེ་གནམ་ལོ་ཡག says:
    2016-02-29 at 10:06 pm

    ཁོང་གི་གླུ་སྐད་ལ་ཉམས་པ་མེད། ཁོང་ནི་ནམ་ཡང་སྙན་འཇེབས་ཀྱི་པི་ཝང་ཞིག་ཡིན།

  6. ཀརྡོ་གཉེར་ཕྱག་པ་ says:
    2016-03-02 at 2:31 am

    བདུད་བྷེ་དྲན་གླུ།
    ་
    སྒྲ་སྙན་གྱི་སྲོག་སྐུད་ཆད་ཀྱང་། །
    སྙན་གྲགས་ཀྱི་གླུ་དབྱངས་ཆད་མེད། །
    ་
    སྒྲ་སྙན་གྱི་སྲོག་སྐུད་ཆད་ཀྱང་། །
    སྒྲ་སྙན་གྱི་ལ་རྒྱ་ཆད་མེད། །
    ་
    སྒྲ་སྙན་གྱི་སྲོག་སྐུད་ཆད་ཀྱང་། །
    སྒྲ་སྙན་གྱི་སྙན་གྲགས་ཆད་མེད། །
    ་
    སྒྲ་སྙན་གྱི་སྲོག་སྐུད་ཆད་ཀྱང་། །
    སྒྲ་སྙན་གྱི་དུས་རབས་ཆད་མེད། །
    ་
    བདུད་རྦད་རྒྱལ་ལོ།།

  7. ཀརྡོ་གཉེར་ཕྱག་པ་ says:
    2016-03-02 at 2:32 am

    བོད་རིགས་ཀྱི་སྒྱུ་རྩལ་རྒྱལ་ལོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme