Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོ་ནུབ་ང་ས་ལ་བརྡབས་སོང་།

Posted on 2010-04-23 By དབང་ཕྱུག་ No Comments on དོ་ནུབ་ང་ས་ལ་བརྡབས་སོང་།

པོད ལྷ་ཀླུ་གཉན་གསུམ།

ང་རང་ལས་ཀ་གྲོལ་ནས་ཕྱིར་ནང་དུ་མ་འབྱོང་གོང་དུ། ངས་རླངས་འཁོར་འབབ་ཚིགས་ནས་རང་གི་ཆེས་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ལ་ཁ་པར་བཏང་ནས་སང་ཉིན་གུང་གསེང་ཡིན་པའི་ཁོམ་པ་ཡོད་ན་ང་ཚོ་བོད་རིགས་གྲོགས་པ་འགའ་ཞིག་མཚོ་མཐར་འཛོམ་ན་ག་འདྲ་འདུག་ཟེར་ནས་དྲིས་པ་ཡིན། འོན་ཀྱང་། སྐབས་དེར་ཁོས་ང་རང་ལ་ང་རང་གི་རྒན་མོ་ཕྱི་རུ་སོང་ནས་ནང་དུ་སླེབས་མ་སོང་། ཁོ་མོ་ཚུར་སླེབས་དུས་ངས་སྐད་ཆ་ཞིག་དྲིས་ནས་སང་ཉིན་ལས་ཀ་འདྲ་ཡོད་མེད་འདྲི་ཆོག་ཟེར། དེ་དུས་ངས་ཀྱང་དེས་ན་བཟང་གི ང་རང་དུས་ཚོད་གཅིག་གི་ནང་ཚུན་དུ་ནང་ལ་འབྱོར་ངེས་ཡིན། དེ་དུས་ངས་ཁྱེད་རང་ལ་གློག་འཕྲིན་སྐུར་ཆོག
ང་རང་ནང་དུ་ཆུ་ཚོད་གཅིག་ཙམ་འགོར་མ་འགོར་གྱི་མཚམས་སུ་ནང་དུ་འབྱོར་བ་དང་། ཇ་ཞིག་བསྐོལ་ནས་གློག་ཀླད་ཀྱི་མདུན་དུ་བསྡད་དེ་ཁོ་རང་ལ་གློག་འཕྲིན་ཞིག་བཏང་བ་ཡིན། དེ་དུས་ཁོས་ཀྱང་ང་རང་ལ་གློག་འཕྲིན་གྱི་ལན་དུས་ཐོག་དུ་གནང་གི་འདུག ངེད་གཉིས་ཀྱིས་ཁ་བརྡ་བྱེད་ཀྱིན་བྱེད་ཀྱིན། ངས་ཁོ་རང་གི་སྐད་ཆ་དེ་དག་ལ་ཡིད་ཆེས་བྱེད་དགོས་མིན་གྱི་སྐོར་ནས་སྐད་ཆ་གསལ་བོ་དྲིས་ཀྱང་། ཁོས་ང་རང་ལ་ཚིག་གིས་བརྒྱབ་དེ་ངས་ཁྱེད་རང་ལ་སྡུག་ཐུག་དུས་འདི་ལྟར་བཤད་པ་དེར་ཁྱེད་རང་གིས་ཡིད་ཆེས་མི་བྱེད་ན་ཟེར་ནས་ང་ལ་འཁང་ར་བྱས་སོང་།
དེ་དུས་ངས་སེམས་སུ་ཡང་སྐྱོ་སྣང་དྲགས་པོ་ཞིག་དང་བཅས། ངས་ཁོ་རང་ལ་ང་རང་གི་ཐུབ་པ་ཞིག་ཡིན་ན་ནི། ང་རང་ག་དུས་ཡིན་ཡང་ཁྱེད་རང་གི་ཕྱོགས་སུ་བླངས་རྐྱང་ཡིན་ཟེར་ནས་རང་གི་སེམས་གཏིང་གི་སྐད་ཆ་དམར་དམར་རྗེན་རྗེན་དེ་བཤད་པ་ཡིན་ལ། ལྷག་པར་དུ་ཁོ་རང་ལ་དངོས་ནས་ཁ་བརྡ་ལྷོད་ལྷོད་ཅིག་མི་བྱེད་ཐབས་མེད་རེད་སྙམ་ནས་སེམས་ཁྲལ་ཆེན་པོ་བླངས་བཞིན་པའི་སྐབས་དེར། ཁོས་ང་རང་ལ་ད་ང་རང་གི་རྒན་མོ་སླེབས་སོང་། ཁྱེད་རང་གིས་ཁ་བརྡ་བྱོས་ཟེར། དེ་དུས་ང་རང་ལ་དངོས་ནས་ཁ་བརྡ་བྱེད་འདོད་ཀྱི་ཡི་ཀ་ཡོད་ཚད་ཁོ་རང་གིས་འགགས་བཅུགས་ཚར་མ་ཐག་ཡིན་དུས། ངས་ཁོ་རང་གི་རྒན་མོས་དབྱིན་ཡིག་གི་སྟེང་ནས་ང་ལ་འཚམ་འདྲི་ཞིག་ཞུས་པ་དེར་ཡང་། ཐད་ཀར་ལན་མ་བཏབས་པར་ངས་རང་གི་གྲོགས་པོ་དེ་ལ་ད་བདེ་མོ་བྱོས། སང་ཉིན་སྐད་ཆ་བཤད་ཆོག་གི་རེད་ཅེས་གློག་འཕྲིན་སྒོ་བརྒྱབས་པ་ཡིན།
ང་ནི་དངོས་ནས་གྲོགས་པོའི་ཆེད་དུ་སེམས་སྡུག་དང་ཕྱི་ནང་ཧ་ཅང་ཆེ་བའི་ཁོ་རང་གི་འཚོ་བའི་སྐོར་ལ་བསམ་བློ་བཏང་ནས་སེམས་པ་མ་སྐྱིད་པར། ག་ལེར་རང་གི་ནམ་རྒྱུན་དུ་བྱེད་ཀྱིན་པའི་དྲ་རྒྱ་དག་ལ་ཉུལ་ནས་སྤུན་ཟླ་དག་གི་ཟིན་བྲིས་དང་བསམ་ཚུལ་ཀློག་འགོ་བཙུགས་མ་ཐག དོ་ནུབ་ག་རེ་བཤད་པ་ཚང་མ་ཀུ་རེ་ཡིན་ཟེར་ནས་གློག་འཕྲིན་ཞིག་སླེབས་སོང་། དེ་དུས་དངོས་ནས་ང་རང་གིས་ཡིད་ཆེས་བྱས་དེ་སྐད་ཆ་བཤད་པ་དེ་དག་ནི། ཁོ་རང་གི་ཀུ་རེ་རྩེད་མོ་རྩེད་བྱེད་ཁོ་ན་ཞིག་དུ་བཟུང་འདུག་པ་དེར་མཐོང་ནས་སེམས་པ་ཕམ་ནས་ལན་རྩ་བ་ནས་སྤྲོད་འདོད་མེད་པར་མུ་མཐུད་དུ་ཟིན་བྲིས་དག་ཀློག་ཁུལ་བྱས་པ་ཡིན། དེ་དུས་སླར་ཡང་། སེམས་སུ་མ་འཛིན་རོགས་ཞུ་ཟེར་ནས་གློག་འཕྲིན་ཞིག་འབྱོར་སོང་།
གྲོགས་པོ་དང་གྲོགས་པོའི་བར་དུ་དོན་དངོས་དང་ཀུ་རེ་གྱི་དབྱེ་བ་ཕྱེ་ནས་སྐད་ཆ་བཤད་དགོས་པ་དེ་ནི་ཧ་ཅང་གི་གལ་ཆེན་དོན་ཆེན་དུ་མཐོང་ནས་དོ་ནུབ་རང་ཉིད་ཀྱི་ཆེས་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་གིས་ས་ལ་བརྡབས་པའི་ཉམ་མྱོང་འདིས། ངས་འདི་ནས་སྤུན་ཟླ་ཕོ་མོ་སུ་ཞིག་ཡིན་ཡང་། ཁྱེད་རང་ལ་དངོས་ནས་རང་གི་གྲོགས་པོ་ཞིག་གི་ཡིད་ཆེས་ཀྱི་སྒོ་ནས་སྐད་ཆ་འདྲི་བཞིན་པའི་སྐབས་དེར་སྐད་ཆ་དེ་དག་དྲང་མོ་བྱས་དེ་ལན་འདེབས་རྒྱུ་དེ་ནི་གལ་ཆེན་པོ་ཡིན་པ་ཐུགས་སུ་འཇགས་རོགས་ཞུ་ཟེར་ནས་འབོད་སྐུལ་ཞུས་པ་ཡིན།

སྣ་ཚོགས།

Post navigation

Previous Post: ངའི་མི་དམངས་དཀའ་ངལ་ནང་ལྷུང་འདུག ཁོང་ཚོ་ལ་རོགས་པ་བྱེད་ཅུག་རོགས།
Next Post: འོད་ཟེར་གྱིས་ཡུལ་ཤུལ་སྐོར་གྱི་ཟིན་ཐོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (73)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme