Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེང་རབས་བུ་མོ་ཕལ་ཆེར་ཞིག་ལ།

Posted on 2009-10-242009-10-24 By ཀླུ་ 19 Comments on དེང་རབས་བུ་མོ་ཕལ་ཆེར་ཞིག་ལ།

 སྐར་ཁྲི་བཙན།

ccདེང་རབས་བུ་མོ་ཕལ་ཆེར་ཞིག་ལ་སྐུ་ངོ་རྒྱག་པའི་བཞུགས་ཁྲི་དགོས་པའི།།
རས་གདན་སྟེང་གི་ལྡོམ་པོ་ང་ཡི་འདུག་ས་བུ་མོའི་བློ་ལ་ཨེ་འགྲོ།།
དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཕྱུག་པོ་རྫིག་པོའི་རླངས་འཁོར་དགོས་པས།།
རྐང་ཐང་འགྲོ་བའི་འཁྱར་བོ་ང་ཡི་འགྲོ་རོགས་བུ་མོས་བྱ་ན་ཨེ་འདོད།།

དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་བླ་སྤྲུལ་རྫུན་མའི་མཚན་སྙན་དགོས་པས།།
ཅི་ཡང་མེད་པའི་གླེན་པ་ང་ལ་བུ་མོའི་མིག་གིས་ལྟ་ན་ཨེ་འདོད།།
དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཨ་ཕ་སྒོར་མོ་མང་མཁན་དགོས་པས།།
ཕ་མ་མེད་པས་དྭ་ཕྲུག་ང་ལ་སེམས་གཏམ་བུ་མོས་བཤད་ན་ཨེ་འདོད།།

དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཐོག་ཁང་མཐོན་པོའི་ལྡེ་མིག་དགོས་པས།།
ལྕགས་ཤོག་ནང་གི་དབུལ་བོ་ང་ཡི་སྡོད་ཁང་བུ་མོའི་སྣང་བར་ཨེ་འགྲོ།།
དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་གསེར་དང་དངུལ་གྱི་རྒྱན་ཆ་དགོས་པས།།
ལྕགས་སྨྱུག་འཛིན་པའི་ཅང་མེད་ང་ཡི་ཉིན་ཐོ་བུ་མོས་ཀློག་ན་ཨེ་འདོད།།
དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཨ་སྒོར་ལྗང་གུའི་གྲངས་ཀ་དགོས་པས།།
ཁུག་མ་སྟོང་བའི་མེད་པོ་ང་ཡི་ཕྱོགས་ལ་བུ་མོའི་སེམས་པ་ཨེ་ཤོར།།
དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཕྱི་ཡི་རྣམ་པའི་རྫིག་ཉམས་དགོས་པས།།
སྐྱེས་གཟུགས་དམན་པའི་ལས་ངན་ང་ཡི་ངོ་ལ་བུ་མོས་ལྟ་རོགས་ཨེ་བྱ།།

དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཉེ་འབྲེལ་ཨ་རིར་ཡོད་པ་དགོས་པས།།
ཕྱི་ལ་ངོ་ཤེས་མེད་པ་ང་ལ་་བློ་སྙིང་བུ་མོས་གཏོད་ན་ཨེ་འདོད།།
དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ནང་ན་རྒྱབ་རྩ་བཙན་པོ་དགོས་པས།།
གཉེན་ཉེ་མེད་པའི་ཁེར་རྐྱང་ང་ལ་་བརྩེ་བ་བུ་མོས་སྤྲོད་ན་ཨེ་འདོད།།

དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་མེད་ན་ཡོད་མདོག་སྟོན་མཁན་དགོས་པས།།
དྲང་བདེན་སྐྱོང་བའི་ཉམ་ཆུང་བུ་ཡི་་སྐད་ཆ་བུ་མོའི་བློ་ལ་ཨེ་འགྲོ།།
དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་མི་འཇོན་འཇོན་མདོག་ཁ་ལྕེ་དགོས་པས།།
རྫུན་དང་གཡོ་ལ་བྱང་ཆ་མེད་པའི་ཁྱོ་ཀ་བུ་མོས་བཙལ་ན་ཨེ་འདོད།།

དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཚིག་སྙན་གཏམ་གྱི་མདུད་པ་དགོས་པས།།
ཁ་རུ་ཁ་ཐུག་གསར་འབྱོར་ང་ཡི་བཤད་བཤད་བུ་མོའི་སྣང་བར་ཨེ་འགྲོ།།
དེང་རབས་བུ་མོ་ཕལ་ཆེར་ཞིག་ལ་ཨ་གསར་བུ་ཡི་ཁྱད་ཆོས་དགོས་པས།།
ཨུ་ཚུགས་ཅན་གྱི་བརྩེ་ལྡན་ང་ལ་གདེང་འཇོག་བུ་མོས་བྱེད་ན་ཨེ་སེམས།།
དྲ་གྲོགས་ཤ་ཁྲག་རུས་གསུམ་གྱི་སྒྲུང་རིང་བཀླགས་པ་ནས

སྙན་ངག

Post navigation

Previous Post: ཕྱི་གླིང་བ་དང་གྲྭ་ཆས།
Next Post: བོད་དོན་དང་འབྲེལ་བའི་དྲི་བ་གསུམ།

Comments (19) on “དེང་རབས་བུ་མོ་ཕལ་ཆེར་ཞིག་ལ།”

  1. lhu says:
    2009-10-24 at 12:05 am

    གྲོགས་པོ་ལགས།
    གལ་ཏེ་ཁྱེད་རང་བུ་མོ་ཞིག་ལ་དགའ་ན་ཁྱེད་ཀྱིས་ནུས་ཤུགས་ཡོད་དགུ་རྩལ་ལ་བཏོན་ནས་བུ་མོ་དེ་འགུགས་ཐུབ་པ་བྱེད་དགོས། མ་གཏོགས་ཁྱེད་རང་ཨུ་ཐུགས་མདོག་ཁ་བ་ལ། དེ་ལྟར་མ་བྱུང་ཚེ་འཇིག་རྟེན་ལམ་ཆེན་ལ་མུ་མཐུད་ནས་བསྐྱོད་དང་ད་དུང་དེ་ལས་ཀྱང་འཁོད་ཡངས་་་་་་་་་་་་་་་་་་་

  2. སྤུ་གྲི། says:
    2009-10-24 at 5:10 pm

    ཚོད་ལྟ།

  3. མགོ་ལོག་མགོན་ཐོ། says:
    2009-10-24 at 5:16 pm

    དབུས་མོ་དང་ཁམ་མོ་ཨམ་མོ་སོགས་དགོས་ན་གཤམ་བཀོད་ཁ་པར་ཨང་གྲངས་ཐོག་འབྲེལ་བ་བྱ་དགོས། 009198161675

  4. གཞོན་ནུ་ཟླ་མེད says:
    2009-10-24 at 5:49 pm

    མེད་རབས་མུག་རབས་བཤད་ནས་འགྲུལ་ངོ་མི་ལོན།། ཉམས་ཆུང་སྐྲག་ཤོར་བྱས་ནས་དགྲ་ངོ་མི་ལོན་ཟེར་ནི་རེད། ད་དེང་སང་མཛེས་མ་དེ་ཚོར་རྣམ་པ་ཡོད་ན་རང་ལ་གང་འདོད་ཀྱི་འདུན་པ་བཙལ་རྒྱུ་དེ་མོ་རང་ཚོའི་རང་དབང་རེད། དེ་ལས་རང་གིས་ཀྱང་རང་ལ་དཔག་པ་གཅིག་ལ་བལྟ་དགོས་པ་ལས་རེ་བ་ཆེན་པོ་བཅངས་ན་ཡང་བསྐྱར་སྡུག་སྐད་ཚར་མང་པོ་འདོན་དགོས་པ་ཐུག་རྒྱུ་རེད་ཡ་འ་ལས་ངན་པོ།།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2009-10-24 at 7:06 pm

    སྐར་ཁྲི་བཙན་ལགས། ངུས་མ་ཡོང་རོགས། བུད་མེད་དེ་འདྲའི་རིགས་ལ་མིག་ཆུ་ལས་སྒོར་མོ་དང་། བརྩེ་བ་ལས་ལན་ཆགས་དགོས་ཀྱིས་ཡོད་པ་རེད། མ་ངུ་མ་ངུ་། བུད་མེད་ཡ་རབས་ཤིག་རེག་ངེས་ཡིན། ཤུ་རེ་བྱོས།

  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-10-24 at 7:36 pm

    སྐར་ཁྲི་བཙན་ལགས་ནས་སྙན་རྩོམ་ཡིད་འཕྲོག་པ་ཞིག་བྲིས་འདུག

  7. བློ་བཟང་ཆོས་འཕེལ། says:
    2009-10-24 at 10:45 pm

    བུ་མོ་མཛེས་མ་དངུལ་ལ་དགའ་བ་དེ་ཡ་རབས་སྤྱོད་བཟང་གི་འཇིག་རྟེན་ལྟ་ཚུལ་གྱི་བག་ཆགས་དང་མཐུན་མིན་མི་ཤེས་ཏེ་དུས་རབས་ཉེར་གཅིག་པའི་ལོ་རབས་དང་པོ་འདིའི་བོད་སྤྱི་ཚོགས་ཀྱི་འབངས་དང་དཔོན། སེར་སྐྱ་རྒན་གཞོན་མེད་པའི་གནང་སྟངས་ལས་འགལ་བའི་ནོར་འཁྲུལ་ཆེན་པོ་ཞིག་མ་རེད།

  8. འཛེར་མ་ར་མགོ says:
    2009-10-25 at 2:17 am

    རང་གིས་རང་ལ་འུ་ཐུག་མདོག་དང་དོགས་པ་མང་པོ་ཞིག་བརླངས་ནས་ཡོང་རྒྱུ་ཅི་ཡང་མེད། དེ་ལས་བུ་མོ་མཐོ་དམན་མེད་པར་ཐུག་ཚད་ལ་ཚོད་ལྟ་གནང་རྒྱུ་གལ་ཆེ་བས་དེ་ལྟར་བྱོས། ཕ་བཟང་བུ། སྐད་མ་ཤོར་ཨུ་ཚུགས་རྒྱོབ། ཧ་ཧ་ཧ་་

  9. ཁ་རུ་ཁ་ཐུག says:
    2009-10-26 at 5:26 am

    དེང་སང་བུ་མོ་ཕལ་ཆེར་ཞིག་ལ་མཇེ་ཡི་བང་ཚད་རིང་ན་དགའ།།
    དེང་སང་བུ་མོ་ཕལ་ཆེར་ཞིག་ནི་འབྱོར་ལྡན་རྒད་པོ་ཡིན་ཡང་སྐྱིད།།
    དེང་སང་བུ་མོ་ཕལ་ཆེར་ཞིག་ནི་འཁྲིག་པ་སྤྱོད་པ་བྱང་ཆ་ལྡན།།
    དེང་སང་བུ་མོ་ཕལ་ཆེར་ཞིག་གི་འཇོན་ཐང་ཁྱོ་ག་བརྗེ་རྒྱུ་ཙམ།།

  10. ཁ་རུ་ཁ་ཐུག says:
    2009-10-26 at 5:29 am

    འཁྲིག་པ་སྤྱོད་ལ་ཞེས་བསྒྱུར་རོགས།

  11. ཁམས་པ་ལྐུགས་མཐའ། says:
    2009-10-26 at 11:25 am

    ཨ་རོགས་ཚོ། དེང་སང་བུ་མོ་ལ་མང་པོ་མ་གསུངས་རོགས། སྤྱི་ཚོགས་རྙིང་྆པའི་བུ་མོ་ཚོ་རང་ཁྱོའི་མདུན་སར་ཡ་རབ་སྤྱོད་བཟང་མ་ཡིན་ཁས་ཆེ་ཡང། ཁོ་མེད་སར་སུ་བྱུང་སུ་ཐེབས་ཡིན་པ་ངས་ཉམས་མྱོང་ཆད་མས་ར་སྤྲོད་ཐུབ་པ་འབྱུང་ལ། ཁྱེད་རྣམ་མིའི་མཐོང་སར་སྲོལ་རྒྱུན་བོད་མོ་སྤྱོད་བཟང་མ་ཞིག་དགོས་ཞེས་ཟེར་མོད། རང་གི་མལ་ཁྲིའི་ནང་དུ་ཡ་ལན་གྱི་སྒྲིབ་མ་ཙམ་ཡང་མེད་པའི་རོ་ལྟར་ཉལ་བའི་ཁྲེལ་ཡོད་སྤྱོད་བཟང་མ་ལས། དབྱིན་ལུགས་བྱང་ཆུབ་པའི་དེངས་རབས་བོད་མོ་སྤྱོད་ངན་ཡིན་ཟེར་བ་ཞིག་སུས་མི་འདོད། མ་ཟད། འགྲོ་བ་མི་ཡིན་ཚད་ལ་དགོས་པ་ནི་བདེ་སྐྱིད་ཡིན་པས། བདེ་བའི་རྒྱུ་མཐར་ཐུག་རྒྱོ་དང། སྐྱིད་པའི་རྒྱུ་མཐར་ཐུག་དྷོ་ལོར་སྟབས་གཅིག་དུ་སྒྲུབ་ཐུབ་པའི་དེང་རབས་བོད་མོ་འཇོན་ཐངས་ཅན་རྣམས་མི་མཚར་རམ། དེས་ན་མདུན་ལམ་མེད་བཞིན་དེང་རབས་སྤྱི་ཚོགས་ནང་གནའ་རབས་སྤྱོད་བཟང་བཅོས་པའི་མོ་ཚོགས་དེ་རྩེ་ནས་སྤོངས་ལ། ཨ་མའི་བུ་ངས་བུ་མོ་ཁུག་པའི་འཇོན་ཐངས་ཙམ་མེད་ཅེས་འཛམ་གླིང་ལ་མ་འབོད་དང་།

  12. བསེ་རུ། says:
    2009-10-26 at 2:42 pm

    བུ་མོ་དངུལ་ལ་དགའ་ཞེས་ཀུན་གྱིས་གླེང་།།
    བུ་ཕོ་དངུལ་མི་དགའ་ཤུགས་ལས་ཐོན།།
    དེ་ལྟའི་དབྱེ་འབྱེད་ས་མཚམས་འཇོག་པ་པོ།།
    རང་ཤེད་ཅན་གྱི་ཕོ་རྒོད་ཅན་ཚོ་རེད།།

    དངུལ་དང་དགའ་དང་མི་དགའ་གླེང་དགོས་ན།།
    བུ་དང་བུ་མོ་གཉིས་ཀའི་ཐོག་ནས་གླེང་།།
    ཕོ་མཆོག་མོ་དམན་འཛིན་པའི་འགོང་པོ་དེ།།
    མི་སྣང་ཡུལ་ལ་རིང་དུ་བསྐྲད་ན་དགའ།།

  13. གཞོན་ནུ་ཟླ་མེད says:
    2009-10-26 at 7:19 pm

    བུ་མོ་དངུལ་ལ་དགའ་ན་དགའ་གི་བཅུག།
    རང་གིས་དངུལ་མ་ཤོར་བའི་ཐབས་ལ་འབད།།
    བུ་མོར་གཞན་གྱིས་རྒྱོ་ན་རྒྱོ་རུ་བཅུག།
    རང་ཉིད་སྐམ་པོར་མི་སྡོད་གནད་ཀྱི་དོན།།
    རང་ལ་དངུལ་དང་དབང་ཐང་མེད་པས་ན།།
    སྐུ་ངོའི་ཆུང་མར་རྒྱོ་འདོད་སྟོང་སེམས་ཡིན།།
    དེ་ལས་རང་དང་མཚུངས་པའི་རིག་བཟང་མ།།
    རང་གི་འཁྲིས་ན་ཡོད་པ་དམ་པོར་འཇུས།།

  14. གངས་ཕྲུག་རྨས་མ། says:
    2009-10-28 at 10:11 am

    ང་ལ་དགོས་པ་གདོང་དམར་བོད་ཀྱི་ལ་རྒྱ་གླེང་བའི་ལྷ་སའི་བུ་མོ་དག་མ་དགོས།།
    ང་ལ་དགོས་པ་མི་རིགས་ཤིག་ལ་བརྩེ་བ་གཟབ་པའི་ཁམས་པའི་བུ་མོ་གཙང་མ་དགོས།།
    ང་ལ་དགོས་པ་ས་ཡ་དྲུག་གི་ཆག་འཇིགས་མཐོང་བའི་ཨ་མདོའི་བུ་མོ་ལྷད་མེད་དགོས།།
    ང་ལ་དགོས་པ་དེ་ལྟ་མིན་ན་གངས་ཕྲུག་རྨས་མར་སྟུ་ཞིག་ཡོད་པས་ཆོག་པ་མིན།།

    ཤར་བའི་བུ་མོས་ལང་ཚོ་ངོམ་ཡང་སྐར་མ་ཁྲི་བཙན་དགའ་མྱོང་མེད།།
    རྟ་མང་བུ་མོས་སྐྱེས་གཟུགས་མངོན་ཡང་གངས་ཕྲུག་རྨས་མས་འདོད་མྱོང་མེད།།
    བློ་བའི་བུ་མོས་བརྩེ་བ་གླེང་ཡང་གདོང་དམར་རྒྱུད་པས་ཉན་མྱོང་མེད།།

    མི་རིགས་ཤིག་ལ་བརྩེ་བ་གཟབ་པས་བོད་པའི་བུ་མོར་དགའ་བ་ལས།།
    ས་ཡ་དྲུག་གི་གྲངས་ཀ་ཉུང་བས་རིགས་གཅིག་བུ་མོར་དུངས་པ་ལས།།
    མི་རབས་རྗེས་མར་འགན་ལེན་འདོད་པས་གངས་རིའི་བུ་མོ་འདོད་པ་ལས།།
    ས་ཆེན་གོ་ལ་ཟླུམ་པོའི་སྟེང་ནས་སྟུ་ཞིག་འཚོལ་བར་དཀའ་བ་གང་།།

  15. འཆི་བདག་སྐྱབས་ says:
    2009-10-29 at 2:16 am

    ༄༅།། ཐོག་མར་འཚམས་འདྲི་གྲངས་མེད་ཞུ། །
    ང་ནི་མོ་ལ་དགའ་བའི་ཕོ །
    མོ་མེད་ང་ཡི་འཚོ་བ་དེ། ། ཚྭ་མེད་ཟས་བཞིན་རོ་མེད་ཚོར༌། །
    ཡིནའང་ང་ཡིད་འཕྲོག་པ་ནི༌། །
    ཕྱི་གཟུགས་མཛེས་པའི་མཛེས་མ་མིན། །
    ནང་གཟུགས་མཛེས་པའི་མཛེས་མ་འབའ། །
    དངུལ་ལ་ཞེན་པའི་བུ་མོ་མིན། །
    རང་དང་མཐུན་པའི་བུ་མོ་ཞིག༌།
    དེ་རིགས་བདག་ལ་དཀོན་མཆོག་གིས། །
    བྱིན་གྱི་རླ྄བས་གནང་རོགས་ཞུ། །

  16. གངས་ཕྲུག་རྨས་མ། says:
    2009-10-29 at 8:19 am

    ང་ལ་དགོས་པ་གདོང་དམར་བོད་ཀྱི་ལ་རྒྱ་གླེང་བའི་ལྷ་སའི་བུ་མོ་དག་མ་དགོས།།
    ང་ལ་དགོས་པ་མི་རིགས་ཤིག་ལ་བརྩེ་བ་གཟབ་པའི་ཁམས་པའི་བུ་མོ་གཙང་མ་དགོས།།
    ང་ལ་དགོས་པ་ས་ཡ་དྲུག་གི་ཆག་འཇིགས་མཐོང་བའི་ཨ་མདོའི་བུ་མོ་ལྷད་མེད་དགོས།།
    ང་ལ་དགོས་པ་དེ་ལྟ་མིན་ན་གངས་ཕྲུག་རྨས་མར་སྟུ་ཞིག་ཡོད་པས་ཆོག་པ་མིན།།

    ཤར་བའི་བུ་མོས་ལང་ཚོ་ངོམ་ཡང་སྐར་མ་ཁྲི་བཙན་དགའ་མྱོང་མེད།།
    རྟ་མང་བུ་མོས་སྐྱེས་གཟུགས་མངོན་ཡང་གངས་ཕྲུག་རྨས་མས་འདོད་མྱོང་མེད།།
    བློ་བའི་བུ་མོས་བརྩེ་བ་གླེང་ཡང་གདོང་དམར་རྒྱུད་པས་ཉན་མྱོང་མེད།།
    ཡང་གཅིག་བཤད་ན།
    མི་རིགས་ཤིག་ལ་བརྩེ་བ་གཟབ་པས་བོད་པའི་བུ་མོར་དགའ་བ་ལས།།
    ས་ཡ་དྲུག་གི་གྲངས་ཀ་ཉུང་བས་རིགས་གཅིག་བུ་མོར་དུངས་པ་ལས།།
    མི་རབས་རྗེས་མར་འགན་ལེན་འདོད་པས་གངས་རིའི་བུ་མོ་འདོད་པ་ལས།།
    ས་ཆེན་གོ་ལ་ཟླུམ་པོའི་སྟེང་ནས་སྟུ་ཞིག་འཚོལ་བར་དཀའ་བ་གང་།།

  17. གངས་ཕྲུག་རྨས་མ། says:
    2009-10-29 at 8:37 am

    ཡ་ཡ་དྲ་གྲོགས་ཚོས་བསམ་ཚུལ་གླེང་བར་ཐུགས་རྗེ་ཞུ
    གཞོན་ནུ་ཟླ་མེད་ལ་ལན་ཞིག་རྒྱག་རྒྱུར་དཀའ་བ་མེད་མོད། གཡུག་ཞོགས་ཕན་ཚུན་བར་སེམས་བསྲེག་རེས་བྱ་ནས་ཅི་བྱེད།

  18. གངས་ཕྲུག་རྨས་མ། says:
    2009-10-29 at 8:45 am

    ཕྱི་གླིང་བུ་མོས་འཕྲིན་མང་བཏང་ཡང་འདོད་ཆགས་ཆེ་བ་བྱ་ཡི་རིགས།།
    རྒྱ་གར་བུ་མོའི་སྒེག་ཉམས་མཐོང་ཡང་ཀྲོག་ཀྲོག་་སྐྲ་ལོ་སྤྲིན་དང་སྡེབ།།
    རྒྱ་ནག་བུ་མོས་རེ་བ་བཏོན་ཡང་ཁོག་ན་དུག་གི་རླངས་པ་འཐིབ།།
    གངས་རིའི་བུ་མོ་རིགས་བཟང་མ་ཚོ་ཕ་ཡུལ་གཡང་གི་ར་ན་འཚོ།།

  19. གངས་བུ། says:
    2009-11-03 at 7:51 am

    བུ་མོ་ཚང་མ་དངུལ་ལོ་སྒུག་ནས་བསྡད་ཀྱི་ཡོད་ཀྱི་མ་རེད། གནས་ཚུལ་གཞན་པ་བཤད་རྒྱུ་མེད་དམ། ཆགས་སྲིད་ཀྱི་སྐོར་ལ་རྐྱང་རྐྱང་བཤད་ན་དགོས་པ་དེ་ཙམ་མ་མཐོང་། སྙན་ཚིག་སྙན་པོ་ག་བྲིས་འདུག ཕྲན་གྱི་བཀླགས་པ་ཡིན། ཡག་པོ་འདུག ད་དུང་མུ་མཐུན་ནས་བྲིས་ཤོག ངའི་ཀློགས་ཀྱི་ཡིན། བཀྲིས་བདེ་ལེགས་རྗེས་སུ་མཇལ་ཡོང་དྲ་གྲོགས་ཚོ། རྒྱུན་རིང་དྲྭ་ཚིག་ནང་དུ་ཡོང་རྒྱུ་མ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme