Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་ཨ་མདོ་རེབ་གོང་ནས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ། ༼པར༽

Posted on 2012-11-072021-09-04 By ཁ་བརྡ་ 19 Comments on དེ་རིང་ཨ་མདོ་རེབ་གོང་ནས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ། ༼པར༽

གནས་ཚུལ་ཕྱོགས་སྒྲིག་པ། བསྟན་འཛིན་རབ་རྒྱས།

དེ་རིང་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༥ དང་སྐར་མ ༣༠ ་སྟེང་། རེབ་གོང་མདོ་བ་སྒྲོ་རོང་པོ་སྡེ་བའི་སྒྲོ་ཚང་ཚོ་བ་ནས་ཡིན་པ་རྟ་མགྲིན་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་འདུག
རྟ་མགྲིན་མཚོ་ལགས་ནི། ད་ལྟ་རང་ལོ་ ༢༣ ཡིན་པ་དང་། ཕ་རྟ་མགྲིན་སྐྱབས་སམ་རྟམ་ཁོ་༼ལོ ༥༠༽ དང་མ་དཀོན་མཆོག་མཚོ་༼ལོ་ ༤༤༽ཡིན་པ་གཉིས་ལ། བུ་གཅིག་དང་བུ་མོ་གཉིས་བཅས་བུ་ཕྲུག་གསུམ་ཡོད་པའི་ནང་གི་རྒན་པ་དེ་ཡིན་ལ། ནུ་བོ་ལྷ་མོ་སྐྱབས་ད་ལྟ་ལོ་ ༢༠ དང་། ནུ་མོ་རི་ལངས་མཚོ་ད་ལྟ་ལོ་ ༡༡ ཡིན་འདུག རྟ་མགྲིན་མཚོ་ལ་བུ་གཅིག་ཡོད་པའི་མིང་ལ་སྙིང་བྱམས་ཚེ་རིང་དང་ད་ལྟ་ལོ་ ༦ ཡིན་འདུག
དེ་རིང་ས་གནས་རང་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རང་ལུས་མེར་བསྲེགས་སྐབས། རྟ་མགྲིན་མཚོས་ “རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས” ་ཞེས་སྐད་འབོད་དང་བཅས་རང་ལུས་མེར་བསྲེགས་བཏང་འདུག་ལ། རང་ལུས་མེར་བསྲེགས་གཏོང་ས་ནི། རེབ་གོང་མདོ་བ་ཞང་དང་ཀི་ལོ་མི་ཊར་བཅོ་ལྔའི་སར་ཡོད་པའི་སྒྲོ་རོང་པོའི་གད་དམར་ཐང་ཟེར་བ་དེ་ཡིན་པ་དང་། གད་དམར་ཐང་ནི་རེབ་གོང་མདོ་བ་སྒྲོ་རོང་པོའི་ས་དཀྱིལ་དང་། དེར་སློབ་གྲྭ་དང་ཚོང་ཁང་སོགས་ཡོད་ཅིང་། འབྲོག་ཁུལ་དེའི་མི་རྣམས་འདུས་ཡུལ་ཆེ་ཤོས་ཀྱི་ས་གནས་ཤིག་ཆགས་ཡོད།
རྟ་མགྲིན་མཚོའི་སྐོར་མུ་མཐུད་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་བའི་ཟླ་ཤས་ནས་ཁོང་མོས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དཔའ་བོ་དཔའ་མོ་དག་གི་ཆེད་དུ་དམིགས་ཏེ། མ་ཎི་གསོག་སྒྲུབ་དང་། སྨྱུང་གནས་སྡོམ་པ་སྲུང་བ། མཆོད་མེ་འབུལ་བ་སོགས་དགེ་སྒྲུབ་ལ་འབད་ཡོད་ཅིང་། དེ་རིང་ཁོང་མོ་རང་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་འདི་བྱུང་བ་རེད་ཅེས་ས་གནས་ཀྱི་མིས་འགྲེལ་བརྗོད་བྱེད་ཀྱི་འདུག
མེར་བསྲེགས་བཏང་རྗེས་ཀྱི་གནས་ཚུལ་སྐོར་ལ། དེ་རིང་གནས་ཚུལ་འདི་སྐོར་གང་སར་ཁྱབ་པ་ལ་བརྟེན་ནས། དགོང་དྲོར་ས་རུབ་ཡོད་ནའང་འདབས་འབྲེལ་གྱི་མི་མང་སུམ་སྟོང་བརྒལ་བ་གད་དམར་ཐང་ལ་འཛོམས་ནས་ཀི་ལྡིར་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་བཞིན་ཡོད་འདུག་ལ། དེ་རིང་གཅིག་པུར་ས་ཐག་ཉེ་རྒྱང་ནས་དགོན་སྡེ་དང་གྲོང་སྡེ་མང་པོ་ནས་མི་མང་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཞུ་བར་འབྱོར་དང་འབྱོར་མུས་ཡིན་པ་དང་། རླངས་འཁོར་སུམ་བརྒྱ་བརྒལ་བ་གད་དམར་ཐང་དུ་འཛོམས་འདུག། ད་དུང་ཡང་མུ་མཐུད་ཐག་ཉེ་རིང་གི་མི་མང་པོ་འབྱོར་བཞིན་ཡོད་འདུག
དེ་རིང་གི་གནས་ཚུལ་འདི་བྱུང་རྗེས། ས་གནས་ཀྱི་གཞུང་དང་ཉེན་རྟོག་པ། དམག་མི་བཅས་ཀྱིས་དམ་དྲག་བྱེད་པ་སོགས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་དྲིས་པར། རྩ་བས་འབྲོག་ཁུལ་ཡིན་པ་དང་། རྫོང་དང་ཞང་ལ་ལམ་ཐག་རིང་བས་ཡིན་ནམ་གང་ལྟར། ད་ལྟའི་ཆར་ནི་དམ་དྲག་སོགས་ཀྱི་གནས་ཚུལ་གང་ཡང་མི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག

གསར་འགྱུར།

Post navigation

Previous Post: གུང་བོད་གནད་དོན་ལ་གནད་དོན་འདུག
Next Post: རྟ་མགྲིན་མཚོ་ལགས་ཀྱི་སྐུ་པར་ཁག་ཅིག

Comments (19) on “དེ་རིང་ཨ་མདོ་རེབ་གོང་ནས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ། ༼པར༽”

  1. སྦྲ་དཔལ་ལྡན། says:
    2012-11-07 at 9:28 am

    དཀོན་མཆོག་མཁྱེན ཡང་རེབ་གོང་ནས་གཅིག་ཚར་འདུག་ ངོ་མ་ད་འུ་ཚོས་ཅི་བྱེད་དགོས་རེད་དམ། ང་ཚོས་ལས་འགུལ་རེ་དང་འཛམ་གླིང་གི་གསར་འགྱུར་ཁག་ལ་ཁྱབ་སྤེལ་བྱེད་རན་སླེབས་འདུགསྙམ།

  2. ཐོར་རྒོད་པ་སྤྱན་ཆབ། says:
    2012-11-07 at 9:43 am

    གནས་ཚུལ་མཁོ་སྤྲོད་པ་ཟུང་ལ་བཀའ་དྲིན་ཆེ། འདི་ཉིད་སྐད་འཕྲིན་རྒྱུད་ལམ་ཁག་ན་ཚ་ཚ་འུར་འུར་གྱིས་གླེང་གིན་མོད། ཁ་མི་གསལ་བ་ཆ་མ་ཚང་བས་ནས་ཐབས་མེད་དུ་ལུས་འདུག

  3. རིན་ཆེན says:
    2012-11-07 at 9:51 am

    ད་དངོས་གནས་མཚམས་འཇོག་ཐབས་ལ་སེར་སྐྱ་གཉིས་ཀྱིས་འབད་དགོས་བར་འདུག ལོ་ཆུང་འདི་འདྲ་མང་པོའི་ཚེ་སྲོག་ཤོར་སོང་། གནས་ཚུལ་མཁོ་འདོན་པ་གཉིས་ཀྱིས་གསལ་བོ་བཟོས་འདུག་པས་ཐུགས་རྗེ་ཆེ།དེ་མིན་ངོ་དེབ་ཐོག་ན་མི་འདྲ་མིན་གྱིས་འཁྲུངས་གནས་དང་གྲོང་སྡེ་སོགས་ཀྱི་གནས་ཚུལ་གསལ་བོ་མ་ཤེས་བར་འགོད་ཀྱི་འདུག ངོ་དེབ་ཐོག་གི་གནས་ཚུལ་བཀོད་མཁན་ཚོས་རོང་འབྲོག་གི་དབྱེ་བ་མ་ཤེས་བར་བཀོད་འདུག གང་ལྟར་དཔའ་མོ་ཁྱེད་ལ་སྙིང་ནས་འདུད་ཟེར་བ་མ་གཏོགས།ང་ཚོ་ཕྱི་སྡོད་པ་ཚོར་ནུས་པ་སྤུ་ཙམ་ཡང་མེད་པ་མ་ཟད།ནང་འཛིངས་རྐྱང་བྱས་ཏེ་ཡོད། ཕྱི་སྡོད་བོད་མི་དང་མགོ་སེར་རྒྱལ་ཁབ་སོགས་ནམ་ཡང་རེ་བ་མེད་པས་འབྲས་བུ་ཁབ་རྩེ་ཙམ་ཡང་ཐོན་དཀའ་བར་གདའ།

  4. འཚོ་བྱེད་བུ་t.p says:
    2012-11-07 at 10:05 am

    ཨ་ཁ་ཡང་བསྐྱར་ང་ཚོའི་དཔའ་མོ་ཞིག་ང་ཚོ་དང་ཁ་གྱེས་སོང་མོད། འོན་ཀྱང་ཁྱེད་ཅག་གི་ཐུགས་རེ་ཅི་ཡོད་རྣམས་དེ་བཞིན་དུ་མ་འགྲུབ་པར་ང་ཚོ་ཤུལ་ལྷག་རྣམ་པའི་མིག་ཆུ་འང་སྐམ་མི་སྲིད་ལ་ལས་དོན་གང་ལ་ཡང་གློད་མི་སྲིད།འདི་ནི་ས་མཐའ་བ་ཞིག་གི་དམ་བཅའ་ཡིན་ལ་འདི་ནི་ཁྱེད་ཅག་བརྗེད་པར་མི་སྲིད་པའི་སེམས་ཚོར་ཡིན། དྲང་མོ་བཤད་ན་དེ་སེང་ལས་ཀར་སོང་ན་རེད། ནང་ལ་ཡོང་ན་གང་ལྟར་སེམས་མི་སྐྱིད་པོ་ཞིག་ཁྱོན་ནས་ཡོང་གི་མི་འདུག མཆོད་མེ་རེ་སྦར་ཏེ་དཔའ་བོ་དཔའ་མོ་རྣམས་བོད་མི་རིགས་སྐྱེ་རྒྱུའི་སྨོན་ལམ་དང་དམ་བཅའ་ཞིག་འཇོག་བཞིན་ཡོད། དེ་ཁྱེད་ཅག་མི་ཆུས་ཕེབས་བསྐྱེལ་ཙམ་ཡིན།

  5. མེ་ཏོག་དཀར་པོ། says:
    2012-11-07 at 10:14 am

    འཕགས་མཆོག་འཇིག་རྟེན་དབང་ཕྱུག་གིས་ཁྱོད་ལ་གཟིགས།

    དཔའ་མོ་རྟ་མགྲིན་མཚོ་ཁྱོད་ཀྱིས་སྲིད་ན་རིན་ཐང་ཆེ་བའི་རང་གི་ལུས་སྲོག་ལོངས་སྤྱོད་ང་ཚོའི་ཆེད་དུ་བཏང་བར་སྙིང་ཁུངས་རུས་པའི་གཏིང་ནས་གུས་འདུད་དང་ཐུགས་རྗེ་ཆེ་ཞུ།
    ཁྱེད་དང་ཁྱེད་དང་འདྲ་བའི་དཔའ་རྒོད་རྣམས་ང་ཚོའི་སྙིང་གི་ནང་གི་དྲོད་དང་ནམ་ཡང་མི་འབྲལ། བོད་རྒྱལ་ལོ། དཔའ་བོ་རྣམས་རྒྱལ་ལོ།། རྟ་མགྲིན་མཚོ་རྒྱལ་ལོ།།

  6. ཡེ་ཤེས་དཔལ། says:
    2012-11-07 at 10:19 am

    དུས་ལས་མ་ཡོལ་པར་གནས་ཚུལ་མཁོ་སྤྲོད་གནང་པར་བཀའ་དྲིན་ཆེ། དཔའ་མོ་ཁོང་ལ་བསྔོ་སྨོན་མཆོད་འབུལ་ཆེད་མཆོད་མེ་རྐང་གསུམ་སྤར་ནས་མ་ཎི་གསོག་བཞིན་ཡོད། བོད་ནང་ས་གནས་གང་སར་མི་མང་གི་ཆིག་སྒྲིལ་དང་རྒྱབ་སྐྱོར་སེམས་ཤུགས་སོགས་བསམ་བརྗོད་ལས་འདས་པས་ཡི་རང་ཞུ།

  7. ལུང་རྟོགས། says:
    2012-11-07 at 10:40 am

    སྙིང་ནས་གུས་འདུད་དང་མྱ་ངན་ཞུ།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-11-07 at 10:52 am

    སྙིང་ནས་མྱ་ངན་གུས་འདུད་དང་། དལ་བའི་རྟེན་བཟང་མྱུར་དུ་ཐོབ་པའི་སྨོན་ལམ་ཞུའོ། །

  9. ཨ་དམར་པོ། says:
    2012-11-07 at 10:53 am

    དེང་སང་མི་མང་པོེས་མེ་བསྲེག་ལས་འགུལ་མཚམས་འཇོག་དགོས་པའི་བསམ་ཚུལ་བཤད་ཡོང་གི་འདུག ཡིན་ནའང་། ངས་དེ་ལྟར་བསམ་གྱི་མི་འདུག སོ་བརྒྱབ་ས་ནས་ཁྲག་འདོན་དགོས་ན་བླ་སྲོག་ལ་ཐུག་དགོས། བློས་གཏོང་གི་ཚེ་སྲོག་དྲུག་ཅུ་རེ་བཞིའི་དམིགས་དོན་ཁ་ཡོད་ལག་ཡོད་ཀྱིས་ལེགས་འགྲུབ་ཡོང་དགོས་པས་མཚམས་འཇོག་བྱེད་མི་འོས། ཡར་མར་གང་ལ་མ་སླེབས་པའི་སུམ་མདོ་འདི་ནས་འཇོག་མི་ཉན། རྒྱུ་མ་ཕུད་འདེད་ཀྱི་དཔེ་བཞིན་མཐའ་ལ་ཅིས་ཀྱང་བསྐྱལ་དགོས་པར་སྙམ་མོ།། ཨུ་ཚུགས་ཀྱི་གཤིས་ཀ་ལ་སྲ་མཁྲིགས་ཀྱི་ལ་རྒྱ་ཞུགས་པའི་ཚེ་སྲོག་གི་མཆོད་མེ་འདི་ལ་དོན་འབྲས་གང་འཚམས་ཤིག་མ་སྨིན་པར་འཇགས་མི་སྲིད་པར་ང་ལ་ཡིད་ཆེས་ཡོད། རེ་སྨོན་དེ་བས་ཀྱང་བྱེད་ངེས།

  10. ཐུ་བ་རྒྱ་མཚོ། says:
    2012-11-07 at 11:56 am

    གངས་ལྗོངས་འགྲོ་བའི་བསྟན་དང་ཆབ་སྲིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    གངས་ཅན་པ་ཡི་དཔའ་མོ་རྟ་མགྲིན་མཚོ། །
    འོད་དཔག་མེད་ཀྱི་ཞིང་དུ་མྱུལ་སྐྱེ་ཤོག །

  11. very good says:
    2012-11-07 at 1:24 pm

    ཨོ་མ་ནི་པདྨེ་ཧུམ། བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
    ཐུགས་རྗེས་གཟིགས། སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད་ན། བོད་མིའི་ལས་དབང་ལ་ཐུགས་རྗེས་གཟིགས་དང་། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གནས་པའི་དཀར་ཕྱོགས་སྐྱོང་བའི་བསྟན་སྲུང་དམ་ཅན་རྒྱ་མཆོ་རྣམས་གང་དུ་བཞུགས་ཡོད་དམ། ཀྱེ་མ་ཀྱེ་ཧུད།

  12. ཁྱུང་དཀར says:
    2012-11-07 at 1:24 pm

    སེམས་པ་སྐྱོ་གདུང་གིས་མནར་བཞིན་ཚེ་སྲོག་གངས་ལྗོངས་ལ་ཕུལ་བའི་རྒྱལ་གཅེས་དཔའ་མོ་རྟ་མགྲིན་མཚོ་ལགས་སུ་མྱ་ངན་གུས་འདུད་དང་བཅས་ནང་མི་བུ་ཕྲུག་ཚང་མར་སེམས་སྐྱོའི་འཚམས་འདྲི་ཞུ་ཀི་ཡོད།

  13. ངོ་ལུག says:
    2012-11-07 at 2:00 pm

    སེམས་པ་སྐྱོ་བ་ལ་སྐྱོ་ཚོད་མི་འདུག དཔའ་མོ་རྟ་མགྲིན་མཚོ་ལ་མྱ་ངན་ཞུ། ཁྱེད་ཀྱི་ཡོད་ཚད་ཁ་བའི་ལྗོངས་ལ་ཕུལ་སོང་།

  14. ཁྭ་ཏ་ཁ་ཏ་བ། says:
    2012-11-07 at 3:03 pm

    ཁ་བརྡ་ཚང། དཔའ་པོ་དཔའ་མོ་ལྔ་བྱུང་བ་ལས་གཅིག་དོ་སྣང་དང་གླེང་རིན་མེད་པ་གང་རེད། ངོ་མ་ཡ་མཚན་རེད། དཔའ་བོ་གཅིག་དེ་བོད་མདོ་ཁམས་འབྲི་རུ་རྫོང་ཁོངས་རྒྱ་ཤོད་བན་དཀར་ནས་རེད་འདུག ཞིབ་ཕྲ་ད་དུང་མ་ངེས། ་

  15. པདྨ་འཕྲིན་ལས་། says:
    2012-11-07 at 4:04 pm

    ངོ་མ་ཡག་པོ་མི་འདུག འདི་འདྲའི་རང་སྲེག་མང་པོ་བཏང་བའི་རྒྱུ་རྐྱེན་གཅིག་ནི་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱིས་བཙན་བྱོལ་ནང་དུ་རྒྱལ་བ་རིན་པོ་ཆེས་གཙོས་པའི་བླ་ཆེན་ཁག་དང་མི་མང་གི་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་པའི་པར་དང་གསར་འགྱུར་ཞིག་འདྲ་བོ། དྲིལ་བསྒྲགས་ཞིག་འདྲ་བོ་མང་དག་ཅིག་བསྟན་པའི་རྐྱེན་གྱིས་བོད་ནང་གི་བོད་མི་སེམས་ཤུགས་ཅན་ཚོས་རང་སྲེག་བཏང་ན་ཕན་ཐོགས་ཞིག་ཡོད་ས་བསམས་ནས་བྱེད་ཀྱི་ཡོད་པ་གསལ་བོ་རེད། ད་མཚམས་བཞག་ན་དགའ་ས་རེད། ངས་འདི་ནས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་ཚོར་བཤད་རྒྱུ་ཞིག་ལ། བོད་ནང་ནས་གསར་འགྱུར་རེ་རེག་ན་ཕར་མི་རིགས་གཞན་གྱི་གསར་འགྱུར་ནང་དུ་གཏོང་ཐུབ་ན་ཤིན་ཏུ་གལ་ཆེན་རེད་མ་གཏོགས། ཚུར་ང་ཚོའི་ནང་གཅིག་པོ་ལ་བསྐོར་བ་བརྒྱབ་བསྡད་ན་ཕན་ཐོགས་གང་ཡང་མི་འདུག ཁྱེད་ཚོའི་གསར་འགྱུར་བཤད་དེས་བོད་ནང་ལ་བསམས་བློ་ཞིག་གཏོང་རོགས་གནང། བོད་ནང་གི་བོད་མི་དེ་དག་ལ་སྙིང࿒རེ་རྫེ། ཁྱེད་ཅག་ལ་གནས་སྐབས་རིང་བོད་ནང་གི་བོད་མིའི་བདེ་སྡུག་ཆེད་འཚོ་བ་སྐྱིད་པོ་ཞིག་བསྐྱལ་བའི་གོ་སྐབས་ཡག་པོ་ཞིག་རེག་ཡོད་མོད། འོན་ཀྱང་དེ་དག་གི་ཁུངས་ག་རེ་ཡིན་མིན་ཤེས་དགོས་པ་དེ་གལ་ཆེན་རེད་འདོད།

  16. བོད་ཀྱི་བཙན་པོ། says:
    2012-11-07 at 5:04 pm

    པདྨ་འཕྲིན་ལས་ལགས་ཀྱིས་གསུངས་པར་རྒྱུ་མཚན་འདུག བོད་ནས་གསར་འགྱུར་རེག་པ་རྣམས་རྒྱལ་སྤྱིའི་གསར་འགྱུར་ཐོག་མཁོ་སྤྲོད་བྱེད་རྒྱུ་དེ་བོད་མི་ཚོའི་རེ་བ་རེད། ཨེ་ཤཾ་ཡ་རླུང་འཕྲིན་ཁང་དེས་གསར་འགྱུར་གསལ་པོ་ཞིག་རྩ་བ་ནས་བཤད་ཀྱི་མིན་འདུག དེ་ལས་ཁ་བརྡ་དང་དུས་བབ་རང་དྲག ཨེ་ཤི་ཡའི་རླུང་འཕྲིན་གྱི་འགོ་ཁྲིད་ཚོ་གཉིད་ཉལ་ནས་བསྡད་ཡོད་པ་འདྲ། ༢༠༠༨ ནས་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་པ་དང། ལྷག་དོན་༢༠༠༩ ནས་བཟུང་ད་བར་བོད་སྤྱི་པའི་ཆེད་དུ་བོད་མི་དྲུག་ཅུ་རེ་གྲངས་ཀྱིས་སྐུ་ལུས་མེ་སྲེག་བཏང་བ་དང་༧གོང་ས་སྐྱབས་མགོན་མཆོག་བོད་དུ་གདན་དྲངས་དགོས་པའི་སྐད་འབོད་བྱས་ཡོད།ཡིན་ན་ཡང་ཨེ་ཤི་ཡའིརླུང་འཕྲིན་གྱིས་བོད་མི་དམངས་ཀྱི་ཆེད་དུ་བསམ་ནས་་གསར་འགྱུར་ཡར་རྒྱས་རྩ་བ་ནས་གཏོང་གི་མིན་འདུག ཉིན་ལྟར་འབྲས་དང་དཱ་ལི་རྐྱང་རྐྱང་རེད། གསར་འགྱུར་ཡར་རྒྱས་གཏོང་རན་ཤག ད་དུང་ཁག་ཅིག་གིས་གསར་འགྱུར་རྩ་བ་ནས་ཀློག་ཤེས་ཀྱི་མིན་འདུག གསར་འགྱུར་གལ་ཆེ་བའི་སྐབས་མི་དེ་ཚོར་ཀློག་མ་འཇུག་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།་

  17. DorJee says:
    2012-11-07 at 11:52 pm

    ཨེ་ཤི་ཡའི་རླུང་འཕྲིན་གྱི་འགོ་ཁྲིད་ཚོ་གཉིད་ཉལ་ནས་བསྡད་ཡོད་པ་འདྲ་ཞེས་པ་དེ་མ་རེད། གཉེར་ནས་བསྡད་ཡོད་པ་རེད། ༢༠༠༨ ནས་བྱུང་བའི་བོད་ནང་གི་གནས་ཚུལ་མ་བཤད། ཐ་ན་ཁ་སང་ཨ་རིའི་སྲིད་འཛིན་འོས་ཐོབ་སྐོར་གྱི་གསལ་འགྱུར་ཡང་ཚེས་༧ཉིན་གྱི་ཞོགས་པའི་གསར་འགྱུར་ཆོལ་ཁ་གསུམ་པོའི་སྐད་ནང་བསྒྲགས་མེད་པ་མ་ཟད། ཚེས༧ཉིན་གྱི་ཉིན་གུང་རྗེས་ད་གཟོད་དྲ་རྒྱའི་སྟེང་བཞག་སོང་། དེར་སྐྱོན་ཡོད་པ་རེད་དེ་དེ་རིང་་ཚེས་༧ཉིན་གྱི་སྔ་དྲོའི་ཨ་མདོའི་ལས་རིམ་ནང་དཔལ་ལྡན་རྒྱལ་གྱིས་ཨ་རིའི་སྲིད་འཛིན་འོས་འདེམས་ཛ་དྲག་ངང་འགྲོ་བཞིན་ཡོད་སྐོར་བཤད་རྗེས། ང་ཨེ་ཤི་ཡའི་རླུང་འཕྲིན་གྱི་འགོ་ཁྲིད་ཧོར་སྐད་སྡེ་ཚན་གྱི་ལས་རིམ་བཀོད་སྒྲིག་པ་དང་རྩོམ་སྒྲིག་འགན་འཛིན་པ་དཔལ་ལྡན་རྒྱལ་ཡིན་ཞེས་བཤད་བཞིན་འདུག་པ་མ་ཟད། དེ་རིང་གི་ཨམ་སྐད་གསར་འགྱུར་ནང་དཔའ་མོ་རྟ་མགྲིན་མཚོའི་སྐོར་རྩ་བ་ནས་བཤད་མ་སོང་བ་མ་ཟད། ཐ་ན་ལྕགས་མོའཚོའི་ཨམ་སྐད་དྲ་བརྙན་གསར་འགྱུར་ནང་ནས་ཡང་བཤད་མ་སོང་། ལྟོ་གཟན་ཁྱི་གཅིག་རེད། ད་ཐབས་ཡོད་ནི་མ་རེད། ཁོ་ཚོའི་ལྟོ་བ་འགྲངས་ནས་བསྡད་ཡོད་པ་རེད། བཀའ་ལོག་བྱས་ཡོད་ན་དཀོན་མཆོག་དཔང་བཙུགས་ཡིན། རྣར་མི་འགྲོ་ན་ཨེ་ཤི་ཡའི་རླུང་འཕྲིན་གྱི་བོད་སྐད་དྲ་རྒྱ་དང་དྲ་བརྙན། སྒྲ་མཛོད་ཚང་མའི་ནང་བསྔོག་ནས་བལྟས་དང་ཉོན་དང་ཤེས་ཡོང་། ས་རིས་ཐང་གསལ་དུ་གྱུར་འགྲོ།༧གོང་ས་མཆོག་ད་ལོ་ཨེ་ཤི་ཡའི་རླུང་འཕྲིན་གྱིས་གདན་འདྲེན་སྐབས་བོད་སྐད་སྡེ་ཚན་ལ་ཐུགས་མཉེས་མེད་པའི་སྟེང་ཨེ་ཤི་ཡའི་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་གྱི་ལས་རིམ་དང་བཀོད་སྒྲིག་དང་རྩོམ་སྒྲིག་སོགས་ཀྱི་ཐད་བཀའ་སློབ་ཚིག་གཅིག་མ་གནང་བ་དེར་རྒྱུ་མཚན་ཆེན་པོ་ཡོད་པ་རེད། ཐབས་སྐྱོ་བོ་རེད། མེར་བསྲེགས་གནས་ཚུལ་ཡང་སྤེལ་གྱི་མི་འདུག འབྲི་རི་རྫོང་གི་མེར་བསྲེགས་གནས་ཚུལ་རྩ་མེད་དུ་བཏང་སོང་།ཐབས་སྐྱོ་བོ་རེད།

  18. ཀརྡོ་གཉེར་ཕྱག་པ་ says:
    2012-11-08 at 3:38 am

    བོད་ལྗོངས་ཞིང་ཁམས།
    སྟོད་མངའ་རིས་སྐོར་གསུམ་ཞི་བདེའི་ཞིང་། །
    བར་དབུས་གཙང་རུ་བཞི་ཆོས་རིག་ཞིང་། །
    སྨད་མདོ་ཁམས་སྒང་དྲུག་དཔའ་བོའི་ཞིང་། །
    བོད་ཡོངས་རྫོགས་དཀར་ཕྱོགས་ལྷའི་ཞིང་། །
    རང་ཞིང་སྲུངས་དགོས།

  19. བསམ་གཏན། says:
    2012-11-09 at 11:24 am

    རྒྱ་རྒན་རྫུན་གྱིས་བདེན་པའི་མགོ་མི་ནོན། །
    མེ་ལྕེའི་འོད་ཀྱིས་དྲང་བདེན་སྒྲོན་མེ་སྤར། །
    འུ་ཐུག་སྟག་ཚང་འཛུལ་བའི་དཔའ་མོ་ལ། །
    ཕྱི་མའི་སྔ་ལམ་དེ་ལ་སྐྱེལ་མ་བྱེད། །
    མཛེས་སྡུག་ལང་ཚོ་བརྩེ་བའི་བུ་ཕྲུག་དང་། །
    འདྲིས་པའི་ཟླ་གྲོགས་བཅས་པ་བློས་བཏང་ནས། །
    དམར་པོའི་མེ་རུ་བསྒྲོན་པའི་རྒྱལ་ཞེན་མར། །
    པྱི་མའི་སྔ་ལམ་དེ་རུ་སྐྱེལ་མ་བྱེད། །
    སེམས་ཀྱི་དབུས་སུ་ལ་རྒྱའི་དམ་བཅའ་བརྟན། །
    ཕྱི་ཡི་ལུས་ལ་མེ་ལྕེ་ལྷབ་ལྷུབ་གཡོ། །
    ཁྱེད་ལུས་འཚོ་བའི་ཁོར་ཡུག་གུ་དོག་པས། །
    ཕྱི་མའི་སྔ་ལམ་དེ་ན་སྐྱེལ་མ་བྱེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme