Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཛ་དྲག་རེད།

Posted on 2011-04-12 By ཁ་བརྡ་ 6 Comments on དེ་རིང་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཛ་དྲག་རེད།

(བོད་ཀྱི་དུས་བབ་ནས་བླངས།)
ད་ལྟ་རང་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་སུ་རྒྱ་དམག་འབོར་ཆེན་རྔ་པ་ཀིརྟི་དགོན་པའི་ནང་འགྲོ་རྩིས་བྱས་སྐབས། ས་གནས་བོད་རིགས་མང་ཚོགས་ཀྱིས་དམག་མིའི་མདུན་བཀག་སྟེ་འགྲོ་རུ་བཅུག་མེད་པ་དང་། སྐབས་དེར་ཉེན་རྟོག་པ་དང་དྲག་ཆས་དམག་མི་མང་པོས་མི་མང་ལ་གཅར་རྡུང་དྲག་པོ་བཏང་ཡོད་པ་མ་ཟད། དམིགས་བསལ་སྦྱོར་བརྡར་ཅན་གྱི་སྤྱང་ཁྱི་མང་པོ་མང་ཚོགས་ནང་བཏང་སྟེ། མི་མང་ལ་ཁྱིས་རྨུག་པ་དང་སྡེར་འབྲད་བྱས་པ་སོགས་ཀྱིས་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

མི་མང་ཚོས་དམག་མིས་གཅར་གཏོང་དང་སྤྱང་ཁྱིས་སོ་འབྲད་གང་ལའང་མ་འཛེམས་པར་ཕྱི་བཤོལ་བྱས་མེད་སྟབས། དམག་མི་རྣམས་དགོན་པའི་ནང་འཛུལ་ཐུབ་མེད་པ་དང་། དེའི་རྗེས་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་ཕེབས་ཏེ། མི་མང་ལ་བཀའ་ནན་ཕེབས་པ་ལྟར་མང་ཚོགས་ཕྱི་སྣུར་ཙམ་བྱས་ཡོད་ཀྱང་། ཉིན་རྒྱབ་ཆུ་ཚོད་ ༣ དང་ཕྱེད་ཀ་ཙམ་ལ་ད་དུང་མང་ཚོགས་དང་དམག་མི་གདོང་ཐུག་གིས་ཛ་དྲག་གི་གནས་སྟངས་འོག་ལྷག་ཡོད་འདུག

དེ་རིང་གི་དོན་རྐྱེན་དེ་ནི། ཉིན་ཤས་གོང་ནས་གྲྭ་པ་དགུང་ལོ་ ༡༨ ནས་ ༤༠ བར་ཚང་མ་ས་གནས་གཞན་ཞིག་ལ་སློབ་སྦྱོང་གི་མིང་ཐོག་བཙན་འཁྲིད་བྱ་རྒྱུ་དང་། ལས་དོན་དེ་ཕྱི་ཚེས་ ༡༢ ཉིན་ལག་བསྟར་བྱ་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཕྱི་ཚེས་ ༡༡ ཉིན་གྱི་དགོང་མོ་ནས་ཡོངས་ཁྱབ་ཆགས་ཡོད་སྟབས། ས་གནས་མི་མང་གིས་དགོན་མཐའ་གཡས་གཡོན་ནས་དོགས་ཟོན་བྱས་བསྡད་ཡོད་པ་དང་། གལ་སྲིད་དེ་འདྲའི་གནས་ཚུལ་བྱུང་སྐབས་རང་སྲོག་བློས་གཏོང་གིས་འགོག་རྒོལ་བྱ་རྒྱུར་གྲ་སྒྲིག་ཡོད་སྟབས། དེ་རིང་ཉིན་གུང་རྒྱ་དམག་འབྱོར་མ་ཐག་དོན་རྐྱེན་དེ་བྱུང་ཡོད་འདུག

ད་ཆར་རྔ་པ་རྫོང་གི་འགྲིམ་འགྲུལ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པར་མ་ཟད། ཉིན་ཤས་གོང་ནས་རྔ་པ་ཀིརྟིའི་དགོན་གྱི་ཉེ་འཁྲིས་ཀྱི་གྲོང་སྡེ་ཁག་གི་ཕྲུ་གུ་རྫོང་ཐོག་ལ་སློབ་གྲྭར་འགྲོ་མཁན་དག་ཀྱང་ཕྱིར་ནང་ལ་ལོག་མི་ཆོག་པ་བཟོས་ཡོད་འདུག་ལ། དེ་ནི་དགོན་པ་གཏོར་བཅོམ་བྱ་འཆར་ཡོད་སྟབས་སློབ་མ་རྣམས་ལ་སྲུང་སྐྱོབ་བྱས་པ་ཞིག་ཡིན་པའི་བསམ་ཚུལ་ཡོང་གི་ཡོད་འདུག ཅེས་བཀོད་འདུག

གནས་ཚུལ་གཞན་ཞིག་ནི། ཟླ་འདིའི་ཕྱི་ཚེས་ ༨ ཡས་མས་ཤིག་ལ་རྔ་པ་ཁུལ་འཛམ་ཐང་རྫོང་བར་མ་ཞང་གི་ཉེན་རྟོག་ལས་ཁུངས་མདུན་དུ་མི་གྲངས་ ༣༠ ཙམ་གྱིས་ངོ་རྒོལ་སྐད་འབོད་བྱས་སྐབས། འཕྲལ་དུ་ཉེན་རྟོག་མི་སྣས་གཅར་རྡུང་དྲག་པོ་བཏང་སྟེ། བོད་མི་གཞོན་སྐྱེས་ལོ་ ༣༠ ཡས་མས་ཅན་ཞིག་རྐྱེན་ལམ་དུ་བཏང་ཡོད་ཅིང་། སྐབས་དེར་མི་མང་གི་ངར་ཤུགས་སྔར་ལས་ཇེ་ཆེར་སོང་སྟེ་མི་ ༡༠༠༠ ལྷག་གིས་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་སྟབས། རྒྱ་སྒོར་འབུམ་བདུན་ ༧༠༠༠༠༠ ཙམ་སྤྲོད་རྒྱུའི་ཁེ་ལེན་འོག་གནས་སྐབས་རིང་ཞི་འཇགས་ལྟ་བུ་བྱུང་ཡོད་ཀྱང་། དེ་རྗེས་སླར་ཡང་བཀག་སྡོམ་ཤུགས་ཆེ་རུ་བཏང་ཡོད་འདུག

ཕྱི་ཟླ་བཞི་བའི་ཚེ་ཤར་ནས་དགོན་པའི་ཕྱི་ནང་གི་འགྲོ་སྐྱོད་བཀག་སྡོམ་བྱས་ཏེ་དགོན་གྲོང་ཐུག་འཕྲད་བྱེད་འཇུག་གི་མེད་སྟབས། དགེ་འདུན་པ་རྣམས་ལ་བཞེས་ལག་འཆད་རྒྱུའི་ཉེན་ཁར་ཐུག་སྟེ། མི་མང་གིས་དང་བླང་ཐོག་རྩམ་པ་དང་མར་འཕྱུར་སོགས་དགོན་པའི་གཞུང་ལ་བསྐྱལ་བ་བགོ་འགྲེམས་བྱེད་ཀྱི་ཡོད་ཀྱང་། ཕྱི་ཚེས་ ༤ ཡས་མས་ནས་མི་མང་གི་བཟའ་བཅའ་བསྐྱལ་རྒྱུར་ཡང་བཀག་སྡོམ་བྱས་ཤིང་།ཉིན་ཤས་གོང་ནས་རྔ་པ་རྫོང་གི་གྲོང་སྡེའི་ལས་ཁུངས་ཁག་ཏུ་མི་མང་བསྡུས་ཏེ། གུང་ཁྲན་ཏང་ལ་བསྟོད་བསྔགས་ཀྱི་ཚོགས་འདུ་སྐོང་བ། ཕྱི་ཚེས་ ༣ ཡས་མས་ནས་དགོན་པའི་ཤར་ཕྱོགས་ཀྱི་གྲྭ་ཤག་མང་པོའི་ནང་རྒྱ་དམག་བཙན་ཤེད་ཀྱིས་འཛུལ་ནས་སྒོ་དང་སྒེའུ་ཁུང་བཅག་པ་དང་། བཅའ་དངོས་རྐུ་འཕྲོག་བྱས་པ། གྲྭ་པ་རྣམས་ལ་གང་བྱུང་དུ་རྡུང་རྡེག་གཏོང་བཞིན་ཡོད་པ། ཕྱི་ཚེས་ ༩ ཉིན་དམག་མི་ ༨༠༠ ཙམ་རྔ་པ་རྫོང་ལ་འཕར་སྣོན་བྱས་ཡོད་པ་སོགས་ཀྱིས། ད་བར་དགོན་པའི་བླ་མ་ལས་སྣས་བཀའ་གསུང་འོག གྲ་མང་གིས་བཟོད་བསྲན་ཆེན་པོས་ཞི་འཇགས་ལྷོད་ཡངས་ཡོང་རེ་བྱས་ཡོད་ཀྱང་། ད་ཆར་ཛ་དྲག་གི་གནས་སྟངས་ཅི་ཆགས་ཚོད་དཔག་དཀའ་བ་ཆགས་འདུག ཅེས་བཀོད་འདུག

ད་བར་འདི་ནས་ཤེས་རྟོགས་བྱུང་བའི་རྒྱ་ནག་གིས་འཛིན་བཟུང་བྱས་པ་ ༣༠ ཡོད་པ་དག་ནི། འཛམ་ཐང་རྫོང་ནས་སློབ་གྲྭའི་དགེ་རྒན་དཔལ་ཁོ་དང་རྡོ་རྗེ། ཨ་རྡོར། འོད་གསལ་རྡོ་རྗེ་སོགས་མི་ ༨ དང་། རྔ་པ་རྫོང་མཐའ་བ་འགབ་མའི་ཚེ་རིང་སྐྱིད། མཐའ་བ་གོང་མའི་བློ་བཟང་འཇམ་དབྱངས། དབང་ཕྱུག བསོད་ནམས་སོགས་མི་ ༨ ། རྨེའུ་རུ་མའི་ཕུན་ཚོགས། རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་བརྩོན་འགྲུས། ཕུན་ཚོགས་ཀྱི་སྤུན་ཆུང་བ་བློ་བཟང་སྐལ་བཟང་། བསམ་འགྲུབ། བློ་བཟང་བསྟན་འཛིན། བློ་བཟང་ཆོས་འཕེལ། བློ་བཟང་དངོས་གྲུབ། བློ་བཟང་ཚེ་དཔག དོན་ཡོད་རྡོ་རྗེ། བསྟན་འཛིན་རྒྱམ་ཁོ། བཀྲ་ཤིས། ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་གྲྭ་དཀོན་ཚེ་དང་གྲྭ་དཔལ་ལྡན། གཅའ་རུ་བའི་བཀྲ་ཤིས། ཆོས་རྗེ་མའི་སེང་གེ ཁང་སར་མའི་བསྟན་ཚེ། དཀོན་མཆོག་ཚུལ་ཁྲིམས་བཅས་དགེ་འདུན་པ་ ༡༤ བཅས་ཡིན་ཞིང་། དེ་དག་ལས་ད་ལྟ་མུ་མཐུད་བཀག་ཉར་བྱས་ཡོད་པ་གྲྭ་པ་ ༨ དང་མི་སྐྱ་ ༡༡ བཅས་ཡིན།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་བཏང་འབྱོར་བྱུང་།

གསར་འགྱུར།

Post navigation

Previous Post: མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཀྱི་དངོས་གཞིའི་འོས་མི།
Next Post: རྒྱལ་སྤྱིའི་ཉམས་ཞིབ་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཡོད།

Comments (6) on “དེ་རིང་རྔ་པ་ཀིརྟི་དགོན་པའི་གནས་སྟངས་ཛ་དྲག་རེད།”

  1. ལྡོང་གསེར་མིག says:
    2011-04-12 at 10:52 pm

    རྔ་བ་རྫོང་ཞེས་བོད་ཀྱི་ཤར་ཕྱོགས་བོད་དང་རྒྱ་ནག་གི་ས་མཚམས་སུ་ཡོད་པའི་གྲོང་ཁྱེར་ཆུང་ཆུང་དཔའ་བོའི་ཞིང་ཁམས་དེ་ད་ལྟའི་ཆར་སླར་ཡང་འཐབ་རྩོད་ཀྱི་ར་བ་དམར་པོ་ཞིག་ཏུ་གྱུར་འདུག རྔ་བའི་ས་གནས་མི་མང་ཚོ། ཁྱོད་ཚོས་བོད་དོན་ཆེད་འཇིགས་སྐྲག་གང་ཡང་མེད་པར་ཚེ་སྲོག་འབེན་དུ་བཙུགས་པའི་ཆོད་སེམས་དང་བློ་སྟོབས་དྲག་པོར་སྙིང་ནས་གུས་འདུད་ཞུ། འོན་ཀྱང་། ཐུགས་གཟབ་མཛོད། དགྲ་ནག་པོའི་མེ་མདའ་དང་། མེ་སྒྱོགས་ལ་ང་ཚོའི་ཁུ་ཚུར་དང་དཔུང་ཤུགས་ཀྱིས་ཟློག་མི་ཐུབ། འོན་ཀྱང་མིག་གཉིས་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོས་ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་དང་ཞི་བའི་གོམས་སྒྲར་རྣ་བས་བླགས་ཏེ་བསྡད་འདུག རྔ་བའི་མི་མང་། ཚེ་རིང་རྒྱུ་ཚོ། ཁྱོད་ཚོ་འགྲོ་བ་མི་སུས་ཀྱང་སླེབ་ན་མི་འདོད་པའི་འཇིགས་སྐྲག་གི་བར་དོའི་འཕྲང་དུ་མི་བརྫང་བར་སྨོན། སུས་ཀྱང་ཉན་ན་མི་འདོད་པའི་མེ་སྒྱོགས་ཀྱི་འུར་སྒྲ་རྣ་བའི་གསང་དུ་མི་འཛུལ་བར་སྨོན། སུས་ཀྱང་མཐོང་ན་མི་འདོད་པའི་གཅེར་རྡུང་དང་གློག་ཤུགས་དྲག་པོ་ལུས་ཀྱི་སྒལ་གཞོང་དུ་མི་འབེབ་པར་སྨོན། ཡ་གའི་ལྷ་ཚོགས་དང་། མ་གའི་བདུད་ཚོགས། བར་གྱི་བཙན་དང་སྒེར་གྱི་རྒྱལ་པོ་ཚོ། གང་དུ་ཡོད། སྤྱན་ལ་ལང་ཏོག་དང་རྣ་ཁུངས་སུ་འདམ་གྱིས་སྦགས་པ་ཡིན་ནམ། ང་ཚོའི་མི་མང་གི་སྡུག་བསྔལ་འདི་ལྟར་འཇོག་ཕོད་དམ། ལྷ་སྲུང་ཚོ། ཡུལ་ལྷ་ཚོ། གཞི་བདག་ཚོ། རྔ་བ་རུ་སྟོད་བར་གསུམ་གྱི་མི་མང་གིས་ཁྱོད་ཚོ། མཆོད་མཆོད། བསྟོད་བསྟོད། ད་ནི། སྡོང་གྲོགས་བྱེད་པའི་དུས་ལ་བབས་སོང། ཀི་ཀི་བསོ་བསོ་མི་རྒྱལ་ལོ། ཀི་ཀི་བསོ་བསོ་རྔ་བའི་མི་མང་རྒྱལ་ལོ། ཀི་ཀི་བསོ་བསོ་བོད་རྒྱལ་ལོ། བོད་རྒྱལ་ལོ། ༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །།།།།།།།།།།

  2. ཁྲག་ཐིགས། says:
    2011-04-13 at 2:08 am

    རྒྱལ་གཅེས་དཔའ་བོ་དེ་དག་གི་བླ་མེད་ཀྱི་སྙིང་སྟོབས་དང་རྣམ་དག་གི་ལྷག་བསམ་དེ་གལ་ཏེ་གཟུགས་སུ་གྲུབ་ན་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ཡང་སྣོད་དུ་ཆུང་།

  3. ཀིརྟི་སྐྱབས། says:
    2011-04-13 at 2:49 am

    གནས་ཚུལ་འདི་དག་གོ་རྗེས་སེམས་ལ་བཟོད་མི་ཐུབ་པའི་དངངས་སྐྲག་ཅིག་ཡོང་གི་འདུག སྐྱབས་མགོན་ཀིརྟི་རིན་པོ་ཆེས་མཁྱེན།
    དེང་སང་བློ་བཟང་ཡེ་ཤེས་ལགས་ཀྱིས་གནས་ཚུལ་མཁོ་གཏོང་བྱས་པས་གནས་ཚུལ་རྣམས་ཁ་གསལ་པོ་དང་གྲ་འགྲིག་པོ་བསྡུ་གཏོང་བྱེད་ཀྱི་འདུག ཐུགས་རྗེ་ཆེ། སྔོན་མ་གནས་ཚུལ་བཏང་པ་ཁག་ཡག་པོ་རེད་དེ། མགོ་ཚོས་ལ་མ་ཚོས་ཀྱི་སྐད་ཆ་དང་ས་ཁུལ་ཕྱོགས་འཐེན་གྱི་སྐད་ཆ་མང་པོ་འདུག དེ་ཡག་པོ་མ་རེད།
    རྔ་བའི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་རྒྱལ་གྱུར་ཅིག

  4. བྱ་ཁྲ་བསོད་ནམས། says:
    2011-04-13 at 10:18 am

    ལྟོས་དང་ཕ་མེས་ཀྱི་རྣམ་ཤེས་དག དེང་སང་གངས་ཅན་པ་རྣམས་ཀྱི་བྱེད་ལས་ལ། ཆོལ་ཁ་ཆོས་ལུགས་བར་གྱི་བསམ་ཚུལ་མི་མཐུན་པ་ཞིག་བྱུང་ན། ཀ་མད་སུམ་ཅུ་ཤེས་ཙམ་ཞིག་ཡིན་ཡང་། དྲ་ཐོག་ཡོང་ནས་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་རྩོད་ཀྱིན་རེད། དེ་རིང་རྔ་པ་མི་མང་གི་ཛ་དྲག་གནས་སྟངས་ལ་ཚོར་བ་ཡོད་མཁན་སུ་འདུག དངོས་གནས་སེམས་པ་སྐྱོ་སོང། མི་ཐོག་འདི་འདྲ་ཞིག་གི་བོད་མིར་སྐྱེས་པ།།

  5. ཟླ་བ་ཆོས་འཛོམས། says:
    2011-04-14 at 3:10 pm

    ཐུགས་རྗེ་ཆེ།བློ་བཟང་ཡེ་ཤེས་དང་ཚེ་རིང་གཉིས་ཀྱི་དྲིན་མིན་ན་བཙན་བྱོལ་མི་ཚོས་རྔ་བ་རྫོང་ན་ཅི་ཞིག་འབྱུང་གི་ཡོད་པ་ཟུར་ཙམ་ཡང་ཤེས་ས་མ་རེད།རང་ལ་གནས་ཚུལ་ཟུར་ཙམ་ཡང་གླེང་རྒྱུ་མེད་པར་ད་དུང་མིས་བཤད་པ་དག་ལ་འགྲིག་མིན་བཤད་པ་ནི་དགོད་སྤྲོ་བོ་རེད།དེ་མིན་འཇོན་གྱིན་ཡོད་ན་རང་ཉིད་ནས་རྒྱུས་ལོན་བྱས་ཏེ་ག་རེ་ཡིན་ཡང་བོད་ནང་གི་གནས་ཚུལ་འཕྲི་ཤོག།ཐག་རིང་ཐག་རིང་ནས་བོད་དུ་ལྟ་ཉན་བྱེད་དགོས་དུས་ཕྲན་བུ་འགྲིག་མིན་ལོས་ཡོད།ད་ལྟ་འབྱུང་བཞིན་པའིོ་ལེ་པེ་ཡའི་གནས་ཚུལ་ལ་ལྟོས་དང་།རྒྱལ་སྤྱིའི་གསར་ཁང་གྲགས་ཅན་འགས་ཀྱང་སྔོན་མར་སྤེལ་བའི་གནས་ཚུལ་དག་ལ་གསལ་བཤད་གཏོང་གིན་གཏོང་གིན་འགྲོ་བཞིན་པ་འདི་རེད།དོན་ཏག་ཅིག་བྱུང་བ་ཡིན་ན་དེ་གང་མགྱོགས་མགྱོགས་མྱུར་དུ་འདོན་སྤེལ་ཐུབ་དགོས་པ་རེད།

  6. ནམ་མཁའ། says:
    2011-04-14 at 3:55 pm

    ཕ་ཡུལ་གྱི་དཔའ་བོ་མི་མང་རྣམས་ལ་ང་ཚོས་གང་ཞིག་རོགས་བྱེད་ཐུབ་བམ།
    ད་ང་ཚོའི་གཞོན་ནུ་ཚོགས་པས་ག་རེ་བྱེད་བཞིན་ཡོད་དམ།
    དེ་བཞིན་དུ་ཚོགས་པ་གཞན་པ་ཚོས་ག་རེ་བྱེད་བཞིན་ཡོད་དམ།
    ངའི་ཕ་ཡུལ་གྱི་སྤུན་ཟླ་ཚོས་རང་སྲོག་བློས་བཏང་མྱོང་ལ།
    ད་དུང་མུ་མཐུད་དུ་གཏོང་བཞིན་ཡོད།
    དགྱ་རོ་འདི་དག་ལ་གདོང་ལེན་བྱེད་པའི་ནུས་པ་ཞིག་གང་ན་ཡོད།
    ངའི་ཕ་ཡུལ་གྱི་མི་མང་གི་ལག་ཆ་ནི་མ་ཎི་ཡིན་པ་དང་།
    དགྱ་རོ་འདི་ཚོའི་ལག་ཆ་ནི་དྲག་ཆས་དང་གདུག་རྩུབ་རེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme