Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་རྒྱལ་སྤྱི་མི་ཡི་ཐོབ་ཐང་ཉིན།

Posted on 2020-12-122020-12-12 By ཁ་བརྡ No Comments on དེ་རིང་རྒྱལ་སྤྱི་མི་ཡི་ཐོབ་ཐང་ཉིན།

སེང་བུ་འབྲུག་ཞོན།
 
དེ་རིང་རྒྱལ་སྤྱི་མི་ཡི་ཐོབ་ཐང་ཉིན།།
ཨོ་གླིང་གྲོང་ཁྱེར་འཆི་མེད་དཀྱིལ་འཁོར་དུ།།
བཙོན་ཟུར་དཔའ་བོ་སེང་དར་དཔུང་ཚོགས་ཀྱིས།།
ངོ་རྒོལ་གནམ་ས་ཡོམ་ཞིང་གྲགས་ཆེའོ།།

ལེ་དབར་དུ་མར་བགྲོད་ཏེ་རྒྱ་དམར་སྒོར།།
སྐད་ཤུགས་ཆེན་པོས་རང་དབང་དགོས་ཡོད་འབོད།།
བྱི་ལའི་ངར་སྐད་རྒྱ་སྟག་ཡ་མི་ང་།།
གྲོག་མ་ཆུང་ཡང་གླང་ཆེན་གདུལ་རན་ནོ།།

བདེན་མཐའ་གསལ་བར་ལས་འགུལ་མང་དགོས་ཀྱང་།།
རིགས་ཀྱི་སྲོག་རྩ་ཕ་སྐད་གཅེས་སྲུང་མེད།།
སེམས་ཚོར་ཙམ་དང་འཇིག་བརྟེན་ཆོས་བརྒྱད་ཀྱིས།།
གཙོ་ཕལ་ནོར་བས་རྒྱལ་ཁ་ཐོབ་དཀའོ།།

དེ་རིང་འདིར་ཕེབས་རྣམས་པ་བཀའ་དྲིན་ཆེ།།
ནུས་པ་ཇི་འདྲ་ཐོན་མིན་མ་ལྟོས་པར།།
གཟེར་འཇོམས་སྨན་བཞིན་རང་སེམས་ཞི་བར་ཕན།།
ལྷག་བསམ་རྒྱལ་ཞེན་བཅངས་བར་སྔགས་འོས་སོ།།

རང་ཡུལ་དགྲ་ལག་ཤོར་བའི་དུས་ཡུན་དུ།།
དཔའ་བོ་ས་ཡ་བརྒལ་བའི་ཚེ་སྲོག་ཤོར།།
ཉེས་མེད་ཉམ་ཆུང་མང་པོ་སྡུག་གསོད་ཐེབས།།
འདི་དྲན་སེམས་ཁོང་གཟེར་གྱིས་འདེབས་ཏེའོ།།

དཔའ་རྒོད་མངས་པོས་བོད་ཀྱི་བདེ་རྩའི་སླད།།
རང་ལུས་འདོམ་གང་ལ་ལས་ཆུ་རུ་བསྟིམས།།
འགའ་རེས་མེར་སྤུར་མངས་པོར་མཚོན་གྱིས་གཤགས།།
དེ་དག་ཡིད་ལ་ནམ་དྲན་བཟོད་མེད་དོ།།

ཕ་མ་སྤུན་ཆེད་གསོན་བྲལ་སྡུག་འཁུར་ལྕི།།
གཉེན་ཉེ་ཡུལ་མི་མ་མཇལ་སྐྱོ་བས་གནར།།
སེམས་ངལ་བྲང་ཁོག་སྟོད་དུ་འཚངས་ཆེ་བས།།
དབུག་གི་རྒྱུ་བ་ཇེ་མྱུར་གཉིད་བྲལ་ལོ།།

ཀེ་ལ་ཤ་ཡིས་བསྐོར་བའི་བསིལ་ལྗོངས་འདི།།
མིང་ཙམ་མ་གྱུར་བར་དུ་བདེན་མཐའ་བརྩད།།
ཆོས་སྲིད་གོ་ཐོབ་བརྩད་ན་དགྲ་ལ་རྩོད།།
རང་དབང་ཆོས་དད་ཕྲོག་མཁན་རྒྱ་དམར་རོ།།

ནང་རྩོད་འཁྲུག་སྦྱོར་དག་ལ་སྐྱི་གཡའ་སྟེ།།
ནང་དམེ་དགྲ་ལ་སྒྱུར་ན་རྟུལ་ཕོད་ཅན།།
བཙན་པོ་སྙིང་སྟོབས་འབྲོང་གི་སྙིང་རྩ་དེ།།
ད་རུང་མ་ཉམ་གདོང་དམར་དཔུང་བསྒྲིག་གོ།

བསྟན་སྲིད་ཆག་འཇིག་གཉན་ཕྲང་དུས་ངན་འདིར།།
ང་བཟང་ཁྱོད་ངན་བཙན་དུག་བཞིན་དུ་དོར།།
མེས་པོ་གོང་མ་ང་ཚོའི་ཁྲག་རྒྱུན་དུ།།
བསམས་ཏེ་སྤུན་ཟླའི་འདུ་ཤེས་དྲོངས་ཏེའོ།།

བཞན་གྱིས་བཟང་ངན་ཅི་ཡང་བཤད་མོད་ཀྱང་།།
རང་གི་རིགས་ཞེན་དཀར་པོ་དྲི་མེད་འདི།།
ནམ་ཡང་མི་འདོར་ང་ཡི་དམ་བཅའ་ཡིན།།
ཚུལ་ཆོས་དྲིལ་སྒྲག་ངོ་སྐོག་ཅི་དགོས་སོ།།

ལ་རྒྱ་འཁྱེར་ཏེ་སྒེར་འཁོན་སྤྱི་ཚོགས་དཀྲུག།
རང་ཕྱོགས་གཅིག་པ་འགའ་རེ་སྔོན་ཐོན་ཏེ།།
སེམས་ཤུག་བཅགས་ཏེ་དགྲ་ཕྱོགས་འདེད་ན་ཡང་།།
ཁྱེད་ཅག་རེ་སྟོངས་བསྒྲུབ་ལས་འཆི་འོས་སོ།།

རང་བློ་སྐོག་གྱུར་རང་ལ་མ་ཡིན་པས།།
གང་དུ་ངོ་གནོང་ཅི་ལ་གནོང་དབེན་པས།།
བསྟོད་སྨད་གང་ལ་དགའ་སྡུག་སྐྱེ་དོན་ཅི།།
རང་སེམས་ཟླ་དཀར་ནག་ནོག་དྲི་བྲལ་ལོ།།

བུ་ལ་རུས་དང་བུ་མོར་རྐང་ཡོད་ན།།
དགྲ་ལ་བདེན་དོན་བརྩད་ན་ལ་རྒྱ་དང་།།
བླ་མའི་བཀའ་ཡང་ཡིན་ལ་ལས་འགན་ཡིན།།
ཆོས་སྲིད་གཉིས་སྒྲུབ་འདི་ཕྱི་གཉིས་ཕན་ནོ།།

ཨ་ཐང་མ་ཆད་རིགས་གཅིག་སྤུན་ཟླ་ཚོ།།
ལན་ཁག་འགེལ་ས་དགྲ་བོ་སྟན་དགྲ་ཡིན།།
ཤ་ཁོན་དགྲ་ལན་མི་དགོས་བླ་མས་གསུངས།
འཚེ་བྲལ་་ངང་ནས་བདག་དབང་ནན་རྩོད་དོ།།

སྐུ་དྲག་ངན་ཇུས་རྒྱ་དམར་སླུ་བྲིད་དང་།།
ཆོལ་ཞེན་སོགས་ཀྱིས་ཤུག་རྐྱེན་ངན་པས་ན།།
༧རྒྱལ་བའི་བཀའ་དང་འདས་པའི་དཔའ་བོ་རྣམས།
དྲན་ན་བཞན་དབང་འོག་ཚུད་ཡེ་མེད་དོ།།

དེ་རིང་ཚོར་བ་ཅི་བྱུང་ངང་གིས་བྲིས།།
ཕྲག་དོག་ཅན་ཚོར་སྤྲོ་བ་མི་བསྐྱེད་ཀྱང་།།
སེམས་རྣལ་མ་ལ་རྨ་བྱར་གཡར་རྔའི་སྒྲ།།
དོན་མེད་ཀུ་ཅོ་སྨྲ་བར་བཏང་སྙོམས་སོ།།

རྒྱལ་ཁམས་སྐོར་བའི་སེང་བུ་འའབྲུག་ཞོན་ངས།།
ཉན་ཤེས་རྣམས་ལ་སྙིང་གཏམ་ཐོལ་བྱུང་སྤེལ།།
ཕན་གནོད་མེད་པའི་རེ་ཚོར་ཙམ་ཞིག་འདི།།
འབྲི་འདོད་མེད་ཀྱང་དེ་རིང་བྲིས་ཐལ་ལོ།།

སྤྱི་ལོ། ༢༠༢༠ ཟླ། ༡༢ ཚེས། ༡༠ ཉིན། སེང་བུ་འབྲུག་ཞོན་གྱིས།

སྙན་ངག

Post navigation

Previous Post: ཞི་བདེ་གཟེངས་རྟགས་ཉིན་མོ་ཨོ་གླིང་དུ་སྲུང་བརྩི་དང་ཁ་ཚུབ་ཚགས་པར།
Next Post: བུ་ཕྲུག་གི་རྒྱུད་ལ་བོད་སྐད་བཤད་པའི་གོམས་གཤིས་འཇོག་ཚུལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme