Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་རྒྱ་གར་ལྷོ་ཕྱོགས་སུ་མང་ཚོགས་དང་དགོན་སྡེ་ཁག་གིས་ཆོ་འཕྲུལ་དུས་ཆེན་སྲུང་བརྩི་ཞུས་པ།

Posted on 2021-02-27 By ཁ་བརྡ 3 Comments on དེ་རིང་རྒྱ་གར་ལྷོ་ཕྱོགས་སུ་མང་ཚོགས་དང་དགོན་སྡེ་ཁག་གིས་ཆོ་འཕྲུལ་དུས་ཆེན་སྲུང་བརྩི་ཞུས་པ།

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲིས།

དེ་རིང་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ནང་ཚོང་ཁང་དང་ཟ་ཁང་ལས་ཁུངས་བཅས་ཡོངས་རྫོགས་སྒོ་བརྒྱབ་ཏེ་ཆོ་འཕྲུལ་དུས་ཆེན་སྲུང་བརྩི་ཞུ་བཞིན་འདུག ཡིན་ན་ཡང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་འདི་ལོ་མང་ཚོགས་རྣམས་དགོན་པ་ཁག་ལ་མཆོད་མཇལ་དང་བཅོ་ལྔ་མཆོད་པའི་མཇལ་ཁ་སོགས་མི་འདུག ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཆེ་ཤོས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ལ་ཆ་མཚོན་ན་མང་ཚོགས་ཚོས་ཞོགས་པ་སྔ་པོ་ནས་ཞལ་ལག་དང་། བཞེས་ཏོག གསོལ་ཇ་བཅས་བསྣམས་ཏེ་གཞིས་སྤྱི་རྒྱལ་བའི་ཕོ་བྲང་ལ་མཇལ་ཁ་དང་། རྣམ་གྲོལ་གླིང་དགོན་པར་གོས་སྐུ་མཇལ་ཁ། གཞིས་གྲོང་གཉིས་པའི་མཆོད་རྟེན་སྐོར་བ་སོགས་ཉིན་གང་རིང་རྣམ་དཀར་ཆོས་ཕྱོགས་ཀྱི་བྱ་བ་ལ་འབད་བཞིན་འདུག

ཡང་གདན་ས་གྲྭ་ཚང་ཁག་ལ་མཚོན་ན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་འདི་ལོའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཀྱི་ཐབས་ལམ་ཡོད་པའི་ཐོག་ནས་ཚོགས་ཐབས་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཟུང་གདན་ས་གྲྭ་ཚང་ཁག་དྲུག་གི་མཁན་ལས་ཟུར་རྣམས་བཀའ་གྲོས་གནང་བ་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གི་བཀའ་ཁྲོལ་ཐོབ་པ་གཞིར་བཟུང་འདི་ལོ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཛད་རིམ་དེ་མང་ཇ་གཉིས་ཚོགས་ཐེངས་གཉིས་ཉུང་དུ་བཏང་བ་དང་། སྨོན་ལམ་ཚོགས་མཁན་དགེ་འདུན་ཞལ་གྲངས་ཉུང་དུ་བཏང་ཏེ་གྲྭ་ཚང་རེ་ནས་དགེ་འདུན་ཞལ་གྲངས་༡༥༠ལས་མ་མང་བ་དང་།ཚོགས་ཡུན་ཉིན་བདུན་ནས་ལྔ་བར་ཉུང་དུ་བཏང་བ། ཚོགས་ཡུལ་གདན་ས་ཁག་ཁུངས་སོར་སོར་ཚོགས་ཆེན་དུ་ཚོགས་བཞིན་ཡོད་པ་རེད་འདུག དེ་ཡང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་དང་དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་དགའ་ལྡན་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་གསུངས་བྱུང་།

དེ་སྔ་བོད་ནང་ལོ་རྒྱུས་ཐོག་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་དེ་གདན་ས་སེ་འབྲས་དགེ་གསུམ་གྱི་མཚོན་པའི་དགོན་སྡེ་ཁག་ཅིག་གི་དགེ་འདུན་པ་ཞལ་གྲངས་ཁྲི་གཅིག་ཙམ་ཞིག་གིས་ལྷ་སའི་གཙུག་ལག་ཁང་དུ་བོད་ཟླ་དང་པོའི་ཚེས་༣ནས་ཚེས་༢༥བར་མཉམ་དུ་ཚོགས་སྲོལ་ཡོད་འདུག་ཀྱང་བཙན་བྱོལ་ནང་དེ་སྔ་གནས་མཆོག་རྡོ་རྗེ་གདན་དུ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་དང་བསྟུན་ནས་དུས་ཚོད་ངེས་མེད་དུ་གདན་ས་གསུམ་མཉམ་དུ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་འཕར་མ་ཐེངས་ཁ་ཤས་ཤིག་ཚོགས་ཡོད་པ་ལས་གཞན་སྔར་སྲོལ་བོད་ཟླ་དང་པོའི་ནང་གི་སྨོན་ལམ་ཆེན་མོ་དངོས་གཞི་དེ་དགའ་ལྡན་འབྲས་སྤུངས་གཉིས་མཉམ་དུ་ཚོགས་པ་དང་སེ་ར་ཐེག་ཆེན་གླིང་ལོགས་སུ་ཚོགས་ཀྱི་ཡོད་སྟབས་གདན་ས་གསུམ་མཉམ་དུ་ཚོགས་མ་ཐུབ་ཀྱི་མེད་པ་རེད་འདུག་དེའི་རྒྱུ་རྐྱེན་གང་ཡིན་མིན་སྐོར་བཀའ་དྲི་ཞུས་པར་སེ་ར་དང་དགའ་ལྡན་འབྲས་སྤུངས་བར་ས་ཐག་རྒྱང་པོ་ཡོད་པའི་རྐྱེན་གྱིས་ཡིན་པ་གསུངས་གནང་སོང་།

སེ་ར་ཐེག་ཆེན་གླིང་དུ་བཅོ་ལྔ་མཆོད་པ་གཏོར་རྒྱག་དང་བྱམས་པ་གདན་འདྲེན་མེད་སྐོར་ཁྲིམས་བདག་དགེ་བསྐོས་དགེ་བཤེས་བྱམས་པ་ནོར་བུ་ལགས་ཀྱིས་གསུངས་བྱུང་།

རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་ཕྱི་ལོ་༡༩༥༩ལོའི་རྗེས་ནས་ཕྱི་ལོ་༡༩༨༦ལོ་བར་ལོ་ངོ་༢༦ རིང་བོད་ནང་སྨོན་ལམ་ཆེན་མོ་ཚོགས་ཐུབ་མེད་པ་རེད། བོད་ནང་སྨོན་ལམ་ལོ་མཐའ་མ་༡༩༥༩ ལོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ཡོད།

འོན་ཀྱང་བཙན་བྱོལ་ནང་༡༩༦༠ལོར་སྦྱིན་བདག་དགེ་འདུན་པ་ཞིག་གིས་སྦག་ས་ཆོས་སྒར་ནས་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཞལ་གྲངས་༥༠༠གནས་མཆོག་རྡོ་རྗེ་གདན་དུ་གདན་ཞུ་གནང་ནས་བཙན་བྱོལ་ནང་ལྷན་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དེ་ཐེངས་དང་པོ་དེ་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པ་དང་དུས་དེ་ནས་ད་བར་སྨོན་ལམ་ཆེན་མོ་གཏན་ནས་ཆད་མྱོང་ཡོད་པ་མ་རེད་ཅེས་སྐབས་དེར་གནས་མཆོག་རྡོ་རྗེ་གདན་ལ་སྨོན་ལམ་ལ་ཕེབས་མཁན་གྲས་ད་ལྟ་དགུང་གྲངས་༨༨ཡིན་པ་སེ་ར་ཐེག་ཆེན་གླིང་སེར་སྨད་ཡེར་པ་ཁང་ཚན་དུ་བཞུགས་པའི་དགེ་བཤེས་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་གསུངས་བྱུང་།

ཡང་བཀྲིས་ལྷུན་པོ་དང་བརྒྱུད་སྨད་གྲྭ་ཚང་རྫོང་ཆོས་གྲྭ་ཚང་སོགས་ལ་ཡང་ཁུངས་སོ་སོར་སྨོན་ལམ་ཚོགས་བཞིན་འདུག་ལ་འདི་ལོ་སྨོན་ལམ་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་མཁན་དགེ་བཤེས་བརྒྱ་ཙམ་ཡོད་པ་རེད་འདུག རྒྱུན་གཏན་ཡིན་ན་བོད་ཚེས་བཅོ་ལྔ་ཉིན་མང་ཚོགས་རྣམས་ལ་བཅོ་ལྔ་མཆོད་པ་མཇལ་ཁ་དང་མཆོད་པའི་གླུ་གར་གཟིགས་འབུལ་བཅས་གནང་ཏེ་ཆོ་འཕྲུལ་དུས་ཆེན་སྲུང་བརྩི་ཟབ་རྒྱས་གནང་སྲོལ་ཡོད་ཀྱང་འདི་ལོ་ནད་ཡམས་སྔོན་འགོག་ཆེད་མང་ཚོགས་ལ་བཅོ་ལྔ་མཆོད་པའི་མཇལ་ཁ་དེ་མེད་པ་རེད་འདུག

གསར་འགྱུར།

Post navigation

Previous Post: གློག་བརྙན་ཟིན་བྲིས།
Next Post: བོད་ཀྱི་དཀར་ཡོལ་བཤད་པ།

Comments (3) on “དེ་རིང་རྒྱ་གར་ལྷོ་ཕྱོགས་སུ་མང་ཚོགས་དང་དགོན་སྡེ་ཁག་གིས་ཆོ་འཕྲུལ་དུས་ཆེན་སྲུང་བརྩི་ཞུས་པ།”

  1. ལ་དྭགས་འཇམ་དཔལ།། says:
    2021-02-28 at 9:27 am

    དོན་གྲུབ་བཀྲིས། ཀྱིས་ཡི་གེའི་བརྗོད་བྱ་སྤྱི་ལེགས་པར་བྲིས་པར་བཀའ་དྲིན་ཆེ། འོན་ཀྱང་བོད་ལུགས་ལྟར།རང་ལོ་༨༩་པར་སླེབས། ལྟ་ལོང་མེད། དོན་གྲུབ་བཀྲིས། རང་མིང་བསྡུས་ཡིག་ཏུ་བྲིས། དེ་ནི་དག་ཡིག་གི་དགྲ།་བོད་དུ་དགེ་བའི་བཤེས་གཉེན་ཞལ་ནས་ཐོས། དགེ་འདུན་པ་ཞལ་གྲངས། ཞེས་པ་བསྣན་མ་བྲིས་པ་སོགས་ཡིན་ཏོ། ཐེངས་ཞེས་་པ། ཐང་། ཞེས་པར་སྐྲུན་ཐུབ་ན། སྐག་ཅོག་རྣམ་གཉིས་ཉི་ཟླ་ཟུང་ལ། ཞེས་བོད་ཀྱི་ལོ་ཙ་པ། སྐ་བ་དཔལ་བརྩེགས་ཀྱི་དགོངས་པར་བབས་སོ།

  2. Jigwang Abharu says:
    2021-03-02 at 11:20 pm

    རྒྱ་ནད་དུག་པ་ཅན་འདི་ལ་། བླ་སྤྲུལ་། དགེ་བཤེས་མཁས་པ་སོགས་ཆོས་ཀྱིས་སྐོར་ལ་སློབ་སྦྱོང་ཡང་དག་གནང་བ་
    འདི་ཚོའི་རྟོག་དབྱིབས་ནད་ཡབས་འདི་ལ་གང་ཡང་ཕན་ཐོགས་གནང་ཐུབ་ཀྱི་མེད་པ་གང་ཡིན་ནམ།
    གསལ་བཤད་འདྲ་གནང་རྒྱུ་ཡོད་ན་འདིར་བཤད་དང།

  3. དོམ་འགྲུབ་བཀྲ་ཤིས says:
    2021-03-07 at 3:03 pm

    ལ་དགས་འཇམ་དཔལ་ལགས་་ཡ་ཡ་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme