Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་ཡང་བསྐྱར་རེབ་གོང་དུ་སློབ་མས་ངོ་རྒོལ་གནང་འདུག

Posted on 2012-03-152012-03-20 By ཤར་ཕྱོགས་ཁུག་རྟ། 4 Comments on དེ་རིང་ཡང་བསྐྱར་རེབ་གོང་དུ་སློབ་མས་ངོ་རྒོལ་གནང་འདུག

དེ་རིང་ཞོགས་པའི་བོད་ནང་གི་ཚུ་ཚོད་ ༨ ཡས་མས་ལ་རེབ་གོང་ཐུན་རིན་རྫོང་བཅའ་སྡོད་སློབ་གྲྭའི་སློབ་མ་བརྒྱ་ལྷག་གིས་སློབ་གྲྭ་དང་ཉེ་སའི་ཁྲོམ་གཞུང་ནང་ཕྱིན་སྟེ་ངོ་རྒོལ་སྐད་འབོད་བྱས་འདུག

གཞན་ཁ་སང་སྔ་དྲོར་དགེ་སློང་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་”༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ཀྱི་མི་རིགས་དང་སྐད་ཡིག་ལ་རང་དབང་སྤྲོད་དགོས”ཞེས་སྐད་འབོད་གནང་སྟེ་རང་ལུས་མེར་བསྲེགས་བཏང་བ་དང། སྐབས་དེར་རེབ་གོང་ཐུན་རིན་རྫོང་གི་ཆོས་དོན་སྡེ་ཚན་གྱི་མི་སྣ་དང་དམག་མིས་རྨ་ལྷོ་ཁུལ་སྨན་ཁང་དུ་ཁྱེར་བ་སེར་སྐྱ་མི་མང་གིས་ཕྱིར་རེག་ཐུབ་པ་བྱུང་སྟེ། ད་ལྟའི་ཆར་ཁོང་གི་གྲྭ་ཤག་ཏུ་སྨན་བཅོས་བྱེད་བཞིན་ཡོད་ནའང་གཟུགས་པོའི་གནས་སྟངས་ཚབས་ཆེན་དང་ན་ཟུག་བཟོད་སྲན་བྲལ་བའི་གནས་སུ་གྱུར་འདུག་པས། དེ་རིང་ནས་རེབ་གོང་སྟོད་སྨད་ཀྱི་རོང་འབྲོག་དང་། དགོན་པ་ཆེ་ཆུང་ཚང་མས་ཁོང་གི་ཆེད་དུ་སྐྱབས་འཇུག་སྨོན་ལམ་དང་རོང་འབྲོག་ས་ཁུལ་འགའ་ཤས་ན་དྭངས་བླངས་ཞལ་འདེབས་གནང་བཞིན་པ་དང། རེབ་གོང་གི་ས་ཆ་ཁ་ཤས་ཀྱི་ཁ་པར་མཐུད་མི་ཐུབ་པའི་གནས་ཚུལ་ཡང་ཐོན་འདུག

གསར་འགྱུར།

Post navigation

Previous Post: རང་བཙན་བགྲོ་གླེང་།
Next Post: ལས་འགུལ་ལ་མ་ཞུགས། ཕ་ཡུལ་དུ་འགྲོ་མི་ཐུབ།

Comments (4) on “དེ་རིང་ཡང་བསྐྱར་རེབ་གོང་དུ་སློབ་མས་ངོ་རྒོལ་གནང་འདུག”

  1. ལྗང་སྨྱུག says:
    2012-03-15 at 9:45 am

    ངེད་སྒང་པ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས། དམར་ནག་མེ་དཔུང་འཁྲུགས་པའི་ཁྲོད་ནས་ཞུམ་པ་མེད་པའི་ལ་རྒྱའི་ཁུ་ཚུར་གནམ་ལ་བསྒྲེངས་ཏེ། མགྲིན་གཅིག་དབྱངས་གཅིག་གིས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་སྨྲ་བརྗོད་དང་སྐད་ཡིག་ལ་རང་དབང་དགོས་ཞེས་པའི་སྙིང་སྟོབས་དང་། ཁོང་རྣམ་པའི་རེ་བ་དང་ཞལ་འཆེམས་ལ་བསམ་གཞིགས་ཤིག་བྱས་ཏེ། བྱེས་བཞུགས་བོད་རིགས་ཡོངས་ནས་ཀྱང་རྟག་ཏུ་ནང་འཁོན་དང་ཞབས་འདྲེན་ཤ་སྟག་བཞག་རྒྱུ་མཚམས་བཞག་སྟེ། ཁ་དང་ཁོག་པ་གཅིག་པ་དང་། སོ་དང་སེན་མོ་མཉམ་གཤིབས་ཤིག་བྱེད་རན་པའི་དུས་ལ་སླེབས་ཡོད་པས་དེ་ལུགས་མཁྱེན་པ་མཛོད། ད་དུང་བྱབ་ཆུང་སྙིང་མེད་ཅིག་གིས་ངའི་སྨྱུག་མིང་༼ ལྗང་སྨྱུག ༽ ཅེས་པ་འདི་སྤྱད་ནས། དེང་སང་ཁ་བརྡའི་དྲ་བར་བསམ་ཡུལ་ལས་འདས་པའི་ཕུང་དཀྲུགས་དང་། ངས་ཇུས་གཤམ་བཞིན་འདུག་པས། ཁ་བརྡའི་རྩོམ་སྒྲིག་པས་གཟིགས་ཞིབ་རེ་གནང་ན་ལེགས་སྙམ།

  2. ཀིརྟི་སྐྱབས། says:
    2012-03-15 at 11:03 am

    དམྱལ་ཁམས་ལ་རྒྱུན་ཏུ་མུན་པ་འཐིབས་ཡོད་པས་་་་་འོད་ཟེར་ལ་དགའ་བའི་སྐྱེ་བོ་མང་དག་ཅིག་མུན་པ་འཐིབས་པའི་དམྱལ་ཁམས་ནས་་་་་དམྱལ་ཁམས་གཞན་ཞིག་ལ་བཞུད་པའི་གཏམ་རྒྱུད་མོད་་་་་ད་ལོ་ཡང་་་་དམྱལ་ཁམས་སུ་གཤིན་རྗེའི་རྩ་ཁྲིམས་ལ་རྒོལ་བའི་ཡར་ལངས་བྱསཤིང་་་་་དམྱལ་ཁམས་ཀྱི་བྱེ་ཆུ་རབ་མེད་གཏིང་ནས་རྒོལ་བའི་སྐད་སྒྲ་བསྒྲགས་པས་་ལྕགས་སྒྲོག་དང་བོའུ་རིང་ཐོགས་པའི་དམྱལ་ཁམས་ཀྱི་ཨ་བ་གླང་མགོ་དང་ཨ་བ་སྟག་མགོ་དག་གིས་་་་དམྱལ་ཁམས་ཀྱི་ཡར་ལངས་བ་ཚོ་ཐག་རིང་ཐག་རིང་ཞིག་ཏུ་དེད་་་དམྱལ་ཁམས་ཀྱི་ཡར་ལངས་དེ་འོད་ཟེར་ལ་འབོད་པ་ཁོ་ན་ཡིན་པས་་་མུན་ནག་མཐོང་མི་འདོད་པ་ཡོད་ཚད་ཀྱིས་བདེན་པའི་རྒྱབ་རྩ་སྲུང་་་ཡིན་ནའང་་་མུན་ནག་གི་དམྱལ་ཁམས་སྔར་བཞིན་མུན་ནག་ཡིན་པས་་འོད་ཟེར་ལ་འབོད་མཁན་ཡོད་ཚད་དམྱལ་ཁམས་ཀྱི་དགྲ་རུ་བལྟས་ཤིང་་་གཤིན་རྗེའི་རང་ནས་ཀྱང་དམྱལ་ཁམས་ཀྱི་ཚོགས་འདུ་ག་གེ་མོ་ཞིག་ནས་དེ་ལྟར་ལབ་་་དམྱལ་ཁམས་ནས་མི་རྣམས་ཀྱིས་ཆེས་འདོད་པ་ནི་རང་དབང་རེད་་་་རང་དབང་གི་འགྲོ་འདུག་དང་རང་གི་སྐད་ཆ་་་ད་དུང་རང་དབང་གི་ནམ་མཁའ་རེད་་ཡིན་ནའང་་་གཤིན་རྗེའི་ཆེས་སྐྲག་ས་ནི་མི་རྣམས་ལ་རང་དབང་སྤྲོད་རྒྱུ་དེ་རེད་་་མི་རྣམས་ལ་རང་དབང་སྤྲད་རྗེས་ཨ་བ་གླང་མགོ་དང་ཨ་བ་སྟག་མགོ་དག་་་ད་དུང་གཤིན་རྗེའི་རང་དང་འདྲ་བའི་དམྱལ་ཁམས་ཧྲིལ་པོ་འཇིགས་འགྲོ་དེ་རེད་་་་སྐྲག་སྣང་དེ་དམྱལ་ཁམས་ལ་མ་གཞི་ནས་རང་དབང་མ་ཡོད་པ་ཁོ་ནས་རེད་་དམྱལ་ཁམས་ཀྱི་ཡར་ལངས་ནི་བརྡ་ཙམ་རེད་་་ཚེ་སྲོག་སྐད་སྒྲ་དང་མཉམ་དུ་ཕྱིན་པའི་བརྡ་ཙམ་རེད་་་ཚེ་སྲོག་དང་སྐག་སྒྲ་་་་སྐག་སྒྲ་དང་ཚེ་སྲོག་་་དམྱལ་ཁམས་ནས་རང་དབང་འབོད་པའི་སྐད་སྒྲ་རྒྱུན་ཆད་མི་སྲིད་ལ་་་ཚེ་སྲོག་དང་སྐག་སྒྲ་མཉམ་དུ་འདས་པའི་གཏམ་རྒྱུད་དེ་བས་ཀྱང་རྒྱུན་ཆད་མི་སྲིད་་་དམྱལ་ཁམས་སུ་རང་དབང་འབོད་པའི་བརྡ་དེར་ད་དུང་ཡང་བརྡ་རྟགས་མི་གསལ་ན་་་དམྱལ་ཁམས་ཀྱི་ཡར་ལངས་དེ་ད་དུང་ཡང་དུས་དང་དུས་སུ་འབྱུང་ངེས་རེད་ལ་་་་ནམ་ཞིག་་་་དམྱལ་ཁམས་དེ་སིལ་བུར་མི་འགྲོ་བའི་ངེས་པའང་ག་ལ་ཡོད། ཐེའུ་རིང་ནས།

  3. རག་ཕྱགས་རྡོར says:
    2012-03-15 at 12:55 pm

    བོད་གངས་ཅན་ལྗོངས་ཀྱི་སོན་ཙ་དག་ཡོད་ཚད་གཏོང་ཕོད་ཅན་ཡོད་ཚད་ཤེས་ཡོན་ཅན་ཡོད་ཚད་ནོར་གྱིས་ཕྱུགས་པས་ཁྱེད་རྣམས་ལ་བདག་གིས་སྙིང་ཁུང་རུས་པའི་གཏིང་ནས་རྗེས་སུ་ཡི་རིང་ཞུ་ཁྱེད་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་གཏོང་ཕོད་ཡིས་གུས་པ་ཡང་རང་གར་དུ་སྡད་མི་ཐོབ་པ་བཟོས་སོང་ད་ཅི་བྱེད་དགོས་ན་ད་བྱེད་རེན་སོང་།།།

  4. མི་འཁྱམ། says:
    2012-03-16 at 12:42 am

    ཚེས་་14་ཉིན་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིསརང་ལུས་མེར་བསྲེགས་ཀྱི་ལས་འགུལ་དང་མཉམ་རེབ་གོང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་འབོད་ཚིག་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་དང་སྐད་ཡིག་རང་དབང་སྤྲོད་དགོས་ཀྱི་འབོད་ཚིག་བསྒྲགས་པར་བརྟེན། ད་ལྟའི་ལས་འགུལ་འདི་བོད་ས་ཡོངས་ལ་ཁྱབ་ཐུབ་ཀྱི་རེད་བསམ། རྒྱུ་མཚན་ནི་པགས་རིགས་མེར་བསྲེགས་ཀྱི་ལས་འགུལ་ཐེངས་དང་པོ་དེ་2006་གི་ཆོ་འཕྲུལ་སྨོན་ལམ་ནས་འགོ་འཛུགས་རེབ་གོང་ནས་བྱས་པ་དང། ས་བྱི་ཞི་རྒོལ་ཆེན་མོ་འང་2008 གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནས་འགོ་འཛུགས་ཀྱང་རེབ་གོང་ནས་བྱས། ད་དུང་སྐད་ཡིག་རང་དབང་གི་ལས་འགུལ་ཐེངས་དང་པོ་དེ་འང་2010་ལོར་རེབ་གོང་ནས་བྱས་འདུག་པས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme