Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་འཇིག་རྟེན་འདིའི་མང་གཙོ་རྒྱལ་་སོང། 

Posted on 2020-11-08 By ཁ་བརྡ 23 Comments on དེ་རིང་འཇིག་རྟེན་འདིའི་མང་གཙོ་རྒྱལ་་སོང། 

བཞག་ལྡོམ་ལྗང་ལོ།
 
དོན་དངོས་སུ་གང་ཞིག་ལ་བཟང་བ་ཅེས་བསྟོད་པ་དང་། ཡང་ན་ངན་པ་ཅེས་སྨད་པ་བྱ་དགོས་ན། བཟང་ངན་ཟུང་བསྡུར་བའི་ཆ་ནས་བཤད་དགོས་བ་ཡིན་ལ། དེ་ཡང་ཁུངས་ལུང་དག་པ་དང་། བདེན་པ་ཡོད་པའི་ཆ་ནས་བཤད་ན་གནས་ལུགས་ལ་དག་དག་མཐུན་པ་ཡིན་པ་བརྟེན། ངས་འཇིག་རྟེན་འདིའི་ལོ་རྒྱུས་སུ་ཕྱིར་དྲན་བྱེད་བཞིན། དེ་རིང་གི་ཨ་རིའི་སྲིད་འཛིན་འགྲན་རྩོད་སྐབས་བྷན་ཌིན་རྒྱལ་བ་ནི་མང་གཙོ་ཚོགས་པ་རྒྱལ་བ་མིན་པ་དང་ཨ་རི་རྒྱལ་བ་ཡིན་པ་དང་། དེ་ཡང་ཨ་རི་ཁོ་ན་རྒྱལ་བ་མིན་པ་དང་འཇིག་རྟེན་འདིའི་མང་གཙོ་རྒྱལ་བ་ཡིན་པ་དོན་དངོས་འགའ་དང་སྡུར་ནས་བཤད་ཀྱི་ཡིན།

དང་པོ།༽ མང་གཙོའི་སྤྱི་ཚོགས་ནང་ཧིཊེལས་ལ་༡༩༣༣ནས་༡༩༤༤བར་སྟོབས་རྒྱས་ཚུལ།
འཛམ་གླིང་དམག་འཁྲུག་དང་བོའི་རྗེས་ལྗརམན་རྒྱལ་ཁབ་སྣུམ་ཟད་ཀྱི་མར་མེ་ནང་བཞིན། དམག་དོན་དང་དཔལ་འབྱོར་སོགས་སྐྱོ་ནས་སྐྱོ་རུ་སོང་བ་བརྟེན། ལྗརམིན་སྤྱི་ཚོགས་ནང་ལ་རི་མགོའི་དར་ལྕོག་བཞིན་ཁ་ཕྱོགས་ལ་ངེས་བརྟན་དབེན་པའི་སྐབས་་དེར། ཧིཊེལས (Hitler) ཡིས་སྤྱི་ཚོགས་ལ་ངེས་བརྟེན་མེད་པའི་གོ་སྐབས་དང་། ངལ་རྩོལ་རྒྱལ་ཞེན་རིང་ལུགས་(Nazi)པའི་ལྟ་བའི་གོ་སྐབས་བཟུང་ནས་ཆབ་སྲིད་པ་དང་། དབུས་སྲིད་གཞུང་གིས་བྱེད་སྟངས་ལ་རྒོལ་བ་དང་། གཞི་རིམ་དམངས་ཚོགས་ལ་རྒོལ་བ། ལྗེའུ་རིགས (Antisemitism ) ལ་རྒོལ་བ་བྱས་ནས་ཚོགས་པ་དེ་རྒྱ་སྐྱེད་དང་། རིགས་རུས་དབྱེ་འབྱེད་ལ་བརྟེན་ནས་ཁོ་བོར་ཆབ་སྲིད་ཀྱི་སྟོབས་རྒྱས་བར་བྱས། ལྗརམིན་སྲིད་འཛིན་(Paul von Hindenburg)ལ་ཁོའི་སློབ་སྟོན་པ་དང་ཚོང་བ་འགས་གནས་སྐབས་ཙམ་ཀྱི་དགོས་མཁོ་ལ་ལྟས་ནས་རེ་སྐུལ་བྱས་བ་བཞིན་ཁོས་ཧིཊེལས་དབུས་སྲིད་གཞུང་གི་བློན་ཆེན་(Chancellor) ལ་བསྐོས་དེ། ལོ་གཅིག་རྗེས་ལྗརམིན་སྲིད་འཛིན་འདས་སོང་ཡང་ ཧིཊེལས་ཡིས་འོ་བསྡུ་བྱས་པའི་ཚབ་དུ་སྲིད་འཛིན་དང་བློན་ཆེན་ཟུང་གི་གོ་གནས་གཅིག་ཏུ་བསྒྲིལ་དེ་རང་ཉིད་ལ་སྲིད་དབང་ཡོད་ཚད་བདག་པར་བྱས། རང་ཉིད་གང་དུ་སོང་ཡང་ཁོ་ནི་ལྗརམིན་ཀྱི་སློབ་སྟོན་དང་། དབུ་ཁྲིད།(führer )ཁོ་ན་ཡིན་པར་བརྗོད། ཁོ་ལ་ངོ་རྒོལ་བྱེད་མཁན་ཡོངས་བསད་བརྡུངས་བཙོན་གསུམ་བྱས་མ་ཟད། ཁོས་འུ་ཚོའི་རྒྱལ་ཁབ་སྐྱོ་བོ་ཡིན་པ་དང་། སྤྱི་ཚོགས་བརྟན་འཇགས་མིན་པའི་རྒྱུ་མཚན་ནི་ལྗེའུ་མི་རིགས་དང་། སྤྱི་ཚོགས་རིང་ལུགས་པ་ཡིན་པས། དེ་རྣམས་ཀྱིས་འུ་ཚོའི་རྒྱལ་ཁབ་འདི་འཇིག་རྟེན་སྟེང་མེད་པར་བཟོ་འདོད་ཡོད་པ་རེད་ཅེས་འཆལ་གཏམ་རྒྱུན་དུ་བཤད་དེ། སྤྱི་ཚོགས་སུ་འཇིགས་སྣང་དང་མང་ཚོགས་ཕན་ཚུན་བར་དབྱེན་སྦྱོར་བྱས། ད་དུང་རང་ཉིད་ཁོ་ན་མ་གཏོགས་(law and order) ཁྲིམས་དང་དེའི་ལུགས་ལྟར་ལག་ལེན་བྱེད་ཐུབ་མཁན་ཡོད་པ་མ་རེད་ཟེར་ནས། རྨ་བརྗོད་རང་དབང་ངམ་གསར་འགོད་རང་དབང་མེད་པར་བཟོས། Nazi དང་ལྟ་བ་མི་མཐུན་པའི་ཚོགས་པ་ཚང་མ་རྩ་རྫོགས་བྱས། ཁོས་Nazi་ཡི་མི་རྒྱུད་དཀར་པོ་Aryan race ་ནི་འཇིག་རྟེན་འདིའི་སྟེང་མཆོག་དུ་གྱུར་པ་ཡིན་པའི། ང་ཚོས་རིགས་རུས་གཞན་པ་རྩ་མེད་མ་བྱས་ན་འུ་ཚོའི་རྒྱུད་བཟང་ལ་ལྷད་ཞུགས་ཡོང་གི་རེད་ཅེས་Nazi དམག་དོན་ཡར་རྒྱས་བཏང། ད་དུང་ཁོས་་”ཚེ་ལ་རིན་ཐང་མེད་པའི་ཚེ་སྲོག་”ནི་ལྗེའུ་དང་། མཚན་མཐུན་ཆགས་སྤྱོད་པ་དང་། སེལབ(Slavs)མི་རིགས་དང་། Jehovah’s Witnesses ཆོས་ལུགས་པ་བཅས་ཡིན་ལ། “འུ་ཚོར་འཛམ་གླིང་འདིར་འདེམས་ཀ་གཉིས་ལས་མེད་པའི་རང་གི་རྒྱུད་བཟང་Aryan རྒྱལ་པའམ། ཡང་ན་འུ་ཚོ་ཕབ་དེ་ལྗེའུ་རིགས་ངན་རྒྱལ་བ་དེ་རེད་ཅེས“ ལྗེའུ་མི་རིགས་ལ་རྒོལ་དགོས་བ་ཁྲིམས་མཐུན་བྱས་ཤིང། ལྗེའུ་ས་ཡ་དྲུག་ལྷག་དང་མཉམ་དུ་མི་མང་ས་བཅུ་གཅིག་ལས་རྒལ་བའི་གི་ཚེ་སྲོག་ཕྲོག་དེ་འཛམ་གླིང་འདིར་དམག་འཁྲུག་གཉིས་པ་བྱས་པ་རེད། 

གཉིས་པ།༽ ཨིཊལི་ཡི་མོཟའལེ་Mussolini་ཡིས་ཆབ་སྲིད་ནུས་བ་༡༩༢༥ནས་༡༩༤༥ བར་ཡིན་པ་དང་།  ཁོ་ནི་ཆུང་དུས་ནས་དྲག་སྤྱོད་ལ་མོས་བ་ཞིག་ཡིན་པ་རྟེན། སློབ་གྲྭ་ནས་ཕྱིར་འཕུད་བཏང་དགོས་བྱུང་བ་དང་། དར་མའི་སྐབས་སུ་ས་གནས་འདྲ་མིན་ལ་ཉུལ་དེ་སྤྱི་ཚོགས་རིང་ལུགས་པའི་ཚོགས་པ་འགའི་གསར་ཤོག་རྩོམ་སྒྲིགས་བ་བྱས་ཀྱང་། ཚོགས་པའི་ཁྲིམས་དང་འགལ་བའི་རྐྱེན་བྱས་ནས་ཡང་སྐྱར་ཕྱིར་འཕུད་བཏང་འདུག  མཐའ་མ་མོཟའལེ་རང་གིས་གསར་ཤོག་ཁང་ཞིག་སྒོ་འབྱེད་བྱས་ཏེ་རང་གི་རྒྱབ་སྐྱོར་བའམ་ལྟ་བ་མཐུན་པ་ཚོར་དམངས་ཚོགས་སུ་འཚེ་བ་བྱ་དགོས་པར་སྐུལ་མ་ཡང་བྱས། འཛམ་གླིང་དམག་འཁྲུག་དང་བོའི་རྗེས་ཨིཊལིའི་ Versailles གྲོས་མཐུན་འཇོག་མཁན་ཚོའི་ནང་གི་གཅིག་ཡིན་པ་ལ། མོཟའལེ་ཡིད་མ་ཚིམ་པར་ཨིཊལིའི་གཞུང་སྐབས་དེར་ནུས་མེད་སྐྱོ་བ་ཡིན་ཚུལ་ཅེས་སྐྱོན་བརྗོད་བྱས་པ་དང་། ཁོ་དང་ལྟ་བ་མཐུན་པའི་ཧྥཤིསསེ་རིང་ལུགས་པའི་fascismཚོགས་པའམ་”སྟོད་གོས་ནག་པོའི་”འཇིགས་ཚོགས་གསར་འཛུགས་བྱས་དེ། ཁོའི་ལྟ་བ་དང་མི་མཐུན་པ་རྣམས་ལ་གཡས་ཕྱོགས་པ་ཅེས་གྲོང་རྡལ་དང་གྲོང་ཁྱེར་རྒྱུད་དེ་དྲག་རྒོལ་བྱས་ཏེ། ད་དུང་ཧྥཤིསསེ་ན་གཞོན་ཚོགས་པ་གསར་འཛུགས་བྱས་ནས་ལོ་ཆུང་བ་རྣམས་ངེས་བར་དུ་དེའི་ནང་འཛུལ་དུ་འཇུག་ཅིང་ན་ཆུང་ཚོཊ་པ་གཞན་པ་རྣམས་ཁྲིམས་འགལ་ཡིན་པ་བྱས།  མཐའ་མ་ཁོས་སྲིད་བློན་ཀྱི་གོ་ས་ཐོབ་པར་བརྟེན་ཏེ་སྲིད་དབང་སྒེར་སྤྱོད་ལམ་དུ་སོང་སྟེ་རང་ཉིད་ལ་སྲིད་ཀྱི་བདག་དབང་མུ་ལུས་ཡོད་པར་བྱས་ཤིང། རང་གིས་རང་ལ་གཙོ་འཛིན “Il Duce”འབོད་པ་དང་། ཁོས་དྲག་ཤུགས་ལ་བརྟེན་ནས་གཞུང་གི་ཁྲིགས་ལུགས་དང་། གསར་འགོད་རང་དབང་དང་། ཁོའི་ལྟ་བ་དང་མི་མཐུན་པའི་ཚོགས་པ་གཞན་པ་རྣམས་རྩ་མེད་བྱས་ཤིང། ཟིལོཝེ(Slovenes)གྲངས་ཉུང་མི་རིགས་ཚོ་ལ་ཀླ་ཀློ་འབོད་པ་དང་། ཨིཊལིའི་ནུབ་ཕྱོགས་མནའ་མཐུན་ཚོགས་པ་(League of Nations)ལས་ཕྱིར་འབུད་བྱས་ཤིང་Nazi དང་མཐུན་ལམ་བྱས་ཏེ་དམག་ཆེན་གཉིས་པའི་ནང་དུ་ཞུགས།

གསུམ་པ།༽ གོང་དུ་བཤད་པའི་མི་སྣ་དེ་གཉིས་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བསྡུར་བ་ཡིན་ན། ཌོ་ནལ་ཊམ་ནི་དུས་ཀྱི་ཆ་ནས་དེ་གཉིས་ལ་མི་འདྲ་བ་དང་། དེ་ཟུང་གཡུལ་དུ་སོང་བའི་དམག་མི་ཡིན་ཡང་ཌོ་ནལ་ཊམ་ནི་དམག་མི་མིན་པ་དང་། དམག་དོན་ཕྱོགས་ནས་ཤེས་བྱ་གང་ཡང་མེད་པ་དང་། ལྟ་བའི་ཆ་ནས་དེ་གསུམ་པོ་མི་རིགས་དབྱེ་འབྱེད་དང་།  སྤྱི་ཚོགས་སུ་རྒྱུན་དུ་བརྫུན་བཤད་པ་དང་། རང་དང་ལྟ་བ་མཐུན་པ་ཚོ་དྲག་སྤྱོད་བྱེད་པ་སྐུལ་ལ་མཁས་བ་དང་། དེ་དག་ལ་བརྟེན་ནས་རང་གི་ཆབ་སྲིད་ཀྱིས་སྟོབས་ཤུགས་ཡར་རྒྱས་བཏང་བ་དང་། སྲིད་དབང་སྒེར་སྤྱོད་ལ་དགའ་བ་ཧ་ཅང་མཐུན་པ་རེད། ད་དུང། དེ་གསུམ་པོ་སྨྲ་བརྗོད་རང་དབང་དང་། གསར་འགོད་རང་དབང་དང་། སུས་ཁོ་བོ་ཅག་གི་རྫུན་རྐུབ་རྡོལ་ན་དེ་ལ་མིང་འདྲ་མིན་བཏེགས་ནས་སྤྱི་ཚོགས་སུ་མཐོང་མེད་ཐབས་བྱ་བ་དང་།  མང་གཙོའི་ཁྲིམས་་ལུགས་ལ་མི་དགའ་བ་ཡང་འདྲ་བོ་རེད། ཧེཊེལས་དང་མོཟའལེ་གཉིས་ཀྱི་གཡོ་སྒྱུ་ཡིས་འོག་ལ་མི་མང་ཚུད་དེ་འཛམ་གླིང་དམག་འཁྲུག་གཉིས་པ་བསླངས་ནས་མི་མང་ས་ཡ་མང་པོའི་ཚེ་སྲོག་ཤོར་ཞིང་། མཐའ་མ་ཧེཊེལས་ཀྱིས་རང་སྲོག་རང་་གིས་བཅད་པ་དང་། མོཟའལེ་དམག་གི་མེ་མདས་ཁ་ནས་ཤི་བ་རེད། ཡིན་ཡང་ཌོ་ནལ་ཊམ་གྱིས་གཡོ་སྒྱུ་སྣ་ཚོགས་ལ་བརྟེན་ནས་ཨ་རི་བ་མགོ་སྐོར་བྱས་ཀྱང་། ཨ་རི་བ་མང་ཆེ་བ་ཁོའི་སྐྱག་རྫུན་ལ་མགོ་བོ་མ་འཐོམས་པར། མཐའ་མ་ཁོ་བོའི་གཡོ་སྒྱུ་ལ་བརྟེན་པའི་ཆབ་སྲིད་ལམ་ཁ་ཕམ་སྟེ་ཨ་རི་བ་དང་འཇིག་རྟེན་འདིའི་མང་གཙོ་རྒྱལ་བ་རེད། 

དཔྱད་གཞི་དྲྭ་ཚིགས་རྣམས་གཤམ་ལ་བཀོད་ཡོད། 

How Did Hitler Happen? | The National WWII Museum | New Orleans

https://www.history.com/topics/world-war-ii/adolf-hitler-1

Benito Mussolini – Biography, Facts & Death – HISTORY

https://youtu.be/s7uvHUVeEOE

https://www.reuters.com/article/us-trump-china-idUSKCN1GG015

https://youtu.be/j75K5-FU0JY

https://youtu.be/Um6s_bbmfbA

https://youtu.be/uRk1moc-Dw8

https://twitter.com/realDonaldTrump/status/1324108200141082624?s=20

སྣ་ཚོགས།

Post navigation

Previous Post: དྭ་ཕྲུག་དང་ཕ་མ་ཁ་བྲལ་དུ་སོང་བའི་བྱིས་པ་ཚོའི་དཀའ་སྡུག་སྐོར་གྱི་ཟིན་བྲིས།
Next Post: རྗེས་ལོ་ ༢༠༢༡ གི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་ཀ་བཤད།

Comments (23) on “དེ་རིང་འཇིག་རྟེན་འདིའི་མང་གཙོ་རྒྱལ་་སོང། ”

  1. ཀརྡོ་རབ་འབྱམས་པ་ says:
    2020-11-08 at 2:28 pm

    གོ་ལའི་མང་གཙོ་རྙིང་ཤོས།
    འདུལ་ཁྲིམས་མང་གཙོ་རེད་དོ།
    ཛམ་གླིང་མང་གཙོ་རྙིང་ཤོས།
    ཨ་རིའི་མང་གཙོ་རེད་དོ།

    གོ་ལའི་མང་གཙོ་དང་ཐོག
    བྱུང་ས་རྒྱ་གར་རེད་དོ།
    ད་ལྟིའ་མང་གཙོ་ཆེ་ཤོས།
    དེ་ཡང་རྒྱ་གར་རེད་དོ།

    ཌོལ་ཊམ་ཁྲམ་པ་ཤོར་སོང་།
    བོ་དེན་དྲང་བདེན་རྒྱལ་སོང་།
    བོད་མིའི་མང་གཙོའི་སྲིད་སྐྱོང་།
    དྲང་བདེན་ཞིག་ལ་ཐོབ་ངེས།

  2. བོད་ལ་དགའ། says:
    2020-11-08 at 3:17 pm

    ད་ དགྲ་གནོན་ ཁྲོམ་ཕམ་སོང་། ཇོ་ དཔལ་ལྡན་ལ་རེ་བ་བྱ་དགོས། དཀོན་མཆོག་མཁྱེན།

  3. གཞུང་པ་ཚེ་དབང་བསོད་ནམས says:
    2020-11-08 at 7:39 pm

    བསྟོད་རྒྱུ་སྔ་མི་ཉན་ལ་སྨད་རྒྱུ་ཕྱི་མི་ཉན་།
    འོས་ཤོག་ལ་ཐོབ་ཤོར་དང་དམག་འཁྲུགས་ལ་རྒྱལ་ཕམ་སོགས་ནི་
    འཇིག་རྟེན་ཆོས་ཉིད་ཡིན་འདའ་།

  4. བཞག་ལྡོམ་ལྗང་ལོ་། says:
    2020-11-08 at 8:21 pm

    གཞུང་པ་ཚེ་དབང་བསོད་ནམས་ལགས་།
    ཁྱེད་རང་བདེན་གི་། ངས་བདེན་པ་བཤད་པ་ལས་བསྟོད་སྨད་གང་ཡང་བྱས་མེད་།

  5. གནམ says:
    2020-11-09 at 1:23 am

    ཤི་བོས་དུར་ནས་འོས་ཤོག་བསྐུར།
    བཙན་སྡོད་ཁྲིམས་འགལ་བས་འོས་ཤོག་སྦྱིན།
    ཡུལ་མི་གཏོར་རློག་པས་འོས་ཤོག་བཅོམ།
    གློག་ལྐད་རྩིས་འཁོར་གྱིས་འོས་ཤོག་བསྒྱུར།
    ནམ་སྨད་འདྲས་ལྡོམ་གྱིས་འོས་ཤོག་སྟེར།

    མང་གཙོ་རྒྱལ་ལུགས་དེ་འདྲ་ཞིག་གང་ན་ཡིད་དམ། ཀླན་རྒན།
    གཏེ་ངན་མགོ་བོ་མཆན་ནས་འཇུར་ན་དེ་འདྲ་རེད།

    ནམ་འོག་གི་ཆེ་མཐོའི་ཁྲིམས་ཁ་ནས་ད་དུང་ཁྱེད་ཅག་རྒྱལ་མེད།
    ཁྲིམས་ཁ་ཆེ་ཆུང་གང་ནས་ཀྱང་རྒན་པོ་ཀླད་རྡུབ་དང་སོ་མ་རཱ་ཛ་མ་གཉིས་རྒྱལ་པའི་ཚིག་སྣ་གཅིག་ལ་གོ་རྒྱུ་མེད།
    གསར་འགོད་ཇག་ཚོགས་ལ་དེ་འདྲ་སྒྲོག་པའི་ཚད་དབང་མེད།

    Illegal aliens And Illegal votes ནི་བཀའ་ཁྲིམས་དང་ཐུན་པར་ལྟ་བ་ནི་མང་གཙོ་ཚོགས་མི་རེད། དེ་དག་བཀའ་ཁྲིམས་དང་མི་མཐུན་པར་ལྟ་མཁན་ནི་མང་གཙོའི་རྒྱལ་ཁབ་གྱི་ཁྲིམས་དང་དིའི་སྲིད་འཛིན་རེད།
    Legal aliens and legal votes ལ་ཆེས་མཐོང་བྱེད་པ་ནི་སྲིན་འཛིན་ཁྲུམཕ་རེད། དེ་ནི་མང་གཙོའི་ཁྲིམས་ལ་གུས་ཞབས་དང་མི་མང་ཁྲིམས་ཁ་ནས་མཐོ་དམའ་མ་དོད་པས་རེད།
    Legal དང་འགྲོག་ན་མང་གཙོ་དར་ཞིང་རྒྱས་ནི་རེད། illegal དང་འགྲོག་ན་ཁྲིམས་ཞིག་པས་མང་གཙོ་འཐོར་ནི་རེད། དེ་ཙམ་ཅིག་མི་ཤེས་ན། ཀླད་ལྗང་ཁྱོའི་མགོ་སྐོག་སྐམ་པོར་རེ་བ་ཆད་སོང་ནི་རེད།

    ད་དུང་ང་ལ་སྐྱུག་པ་ཀ་ཏོར་གང་ཁྱོའི་མགོ་ལ་བྱོ་རྒྱུ་ཡོད་ཀྱང་རེ་ཞིག་མངལ་བ་གསོས་ཡིན།

    སྲིད་འཛིན་ཁྲུམཕ། ཧིཏྟ་ལེར་དང་འདྲ་དཔེ་བྱེད་པ་ནི། ཁ་ཚོད་ཡོད་ནང་ནས་གཏམ་ཚོད་མེད་ཡིན་ནི་རེད། སྨྲ་བརྗོད་ལ་ཡང་མཚམས་ཚོད་ཡིད་ནི་རེད། དེ་ཤེས་ན་བཟང་། འགྲོ་འདུག་སྐྱིད་ནི་རེད།
    https://youtu.be/MA8a2g6tTp0
    མང་གཙོ་རྒྱལ་བའི་དུས་ན་མེད་ཀི། སྤྱི་ཚོགས་རང་ལུགས་ཐོན་པའི་དུས་ན་ཡོད་ཀི། བོད་པ་ཚོ།

  6. ཀརྡོ་རབ་འབྱམས་པ་ says:
    2020-11-09 at 9:02 am

    ཌོ་ནོལ་ཊོམ་ཁོ་ཤོར་སོང་། །
    ཇོ་བོ་དཔལ་ལྡན་ཐོབ་སོང་། །
    རྗོ་ཝོ་རྦེལ་དེན་དམ་བཅའ། །
    ༸གོང་ས་མཆོག་དང་མཇལ་རྒྱུ། །

    དེ་ནས་བོད་དོན་འགའ་ལ། །
    ཕན་ཐོགས་ཐོབ་པའི་རེ་བ། །
    ང་རང་ངོས་ལ་ཡོད་དོ། །
    དཔེར་ན་འགྲོ་མིའི་ཐོབ་ཐང་། །

    སྨྲ་བརྗོད་རང་དབང་སྒང་ལ། །
    ཆོས་དད་རང་དབང་ཐོབ་རྒྱུར། །
    ཇོ་བོ་དཔལ་ལྡན་ཁྱོད་ཀྱིས། །
    ཅུང་ཟད་སྒྲུབས་ཤིག་མི་བུ། །

  7. གནམ says:
    2020-11-09 at 7:44 pm

    ཡ་འ། བཞག་ལྡོམ་ལྗང་ལོ་ལགས།
    ཁྱོའི་མིང་འདི་ཡོད་ཀྱི་འཆལ་གཏམ་ལ་ངས་ཉིན་དེ་རིང་ནས་མཆན་ཀློག་གང་ཡང་མི་བྱེད་པའི་དམ་བཅའ་རྡོ་རྗེ་བཟུང་བ་ཡིན་ན། ཁྱོས་ཁ་བརྡ་ཚང་ནས་ཅི་བསམ་བྱོས།
    ངས་ཁྱོའི་ཀླད་སྐོག་སྐམ་པོ་དེ་ལ། ཐོས་བ་ཅན་གྱི་རྣ་ཞིག་དང་མཐོང་རྒྱ་ཅན་མིག་ཞིག་མེད་པ་ཤེས་ཡོད། རེད་དེ། ཁ་བརྡ་ཀློག་པོ་ཚོ་ལ་དམིགས་ནས་མཆན་རེ་སྤྲད་པ་ཡིན།
    ང་ཁྱོད་ཅན་པོ་ལ་སྟེར་རྒྱུའི་བྱང་ཆུབ་གྱི་སེམས་མེད། གཡག་ཞར་ལམ་ལ་འདེད་པའི་རེ་བ་དེ་བས་མེད་ན་ཡང་།
    བོད་ཡིག་ཤེས་ནི། ཆབ་སྲིད་ལ་ཁ་ཕྱོགས་ནིའི་ཁ་བརྡ་ཚང་གི་སྐད་རུས་གཅིག་པའི་དྲ་ཉུལ་བ་ཚོ་ལ། ཕྱོགས་མཚམས་360ནས་འཇིག་རྟེན་པ་ལ་དཔྱེད་ཚུལ་དང་ལྟ་ཚུལ་ཡོད་ཙམ་བཤད་པ་ཡིན། དེ་ལ་མི་འགྲིགས་པ་ཅི་ཞིག་འདུག། མེད་དོ།
    ཁྱོད་ལྟར་རྒྱུ་འབྲས་ཆུ་ལ་གཡུག་ནས། མགོ་སྐོར་འབངས་ལ་བཏང་ནས་ཅིག་བྲིས་ན། ང་ལ་དེ་དྲང་ལྡོག་ལ་སྐོར་བའི་གཏམ་བཤད་ཡོད་ན་བཟང་བར་འདོད་རུང་།
    ང་ནི་ཁྱོའི་ཞེད་སྣང་གི་Troll གཅིག་པོ་ཡིན་འདུག་ན། ང་བུད་སོང་ང། ཕྱིར་ར་མི་ཡོང་། ཁ་རྐུབ་ལ་ཅ་ག་ཡག་པོ་གནོངས།

  8. བསམ་ཤེས། says:
    2020-11-09 at 10:59 pm

    བདེན་པ་རེད། ཇོ་བོ་དཔལ་ལྡན་ཐོབ་པ་དེ་དྲང་བདེན་ལ་རྒྱལ་ཁ་ཐོབ་པ་རེད། བོད་མི་ཚོས་མ་ཤེས་ཤེས་མདོག་གིས་ཋོམ་རྒྱ་མིར་སྡང་ཚུལ་དང་རྒྱལ་ཞེན་ཡོད་མདོག དགྲ་གནོན་ཡིན་མདོག་བཤད་པ་ཅི་ཨ་རིའི་ཆབ་སྲིད་སྤྱི་དང་། ཡང་སྒོས་ཋོམ་གྱི་ལོ་རྒྱུས་དང་མི་ངོ་མ་ཤེས་པས་ལན། ཁག་མེད།

    ཋོམ་གྱིས་ཨ་རིའི་དགྲ་ངོ་མ་རུ་སུ་ལ་མགོ་འབུལ་ལུས་འབུལ་བྱས་མ་སོང་ངམ། ཋོམ་གྱིས་རྒྱ་ནག་གི་དགྲ་བོ་ཚང་མ་དགྲ་བསགས་ནས་རྒྱ་ནག་དགའ་བར་མ་བྱས་སམ། ཋོམ་གྱི་རྒྱ་ནག་ལ་དངུལ་ཁང་མང་པོའི་ནང་ལ་དངུལ་གསོག་འཇོག་བྱས་པ་དེ་ཚོ་མ་ཤེས་སམ། ཋོམ་གྱི་ཤི་ཅིང་ཕངས་ལ་གྲོགས་པོ་ཡིན་ཞེས་བཤད་ནས། རྒྱལ་སྤྱིའི་ནང་ལ་ཤི་ཡིས་གནས་བབ་མཐོ་རུ་བཏང་བ་དེ་མ་ཤེས་སམ། ཋོམ་གྱི་ལྟས་ཕྲུག་དེ་ཚོས་རྒྱ་ནག་ནང་ལ་ཚོང་རྫས་ལྔ་བཅུ་ལྷག་ལ་དེབ་སྐྱེལ་བྱས་ནས་ཚོང་ཆེན་བརྒྱབ་པ་དེ་མ་ཤེས་སམ། ད་གཡུགས་ཞོག ཋོམ་ནི་འདས་པའི་མི་རེད།

  9. བཞག་ལྡོམ་ལྗང་ལོ་། says:
    2020-11-10 at 7:22 am

    དྲྭ་གྲོགས་ཁ་བདེ་ཞིག་གིས་”Biden” ལ་བོད་མིང་ཡག་པ་ཞིག་བཏགས་ཡོད་ཀི་། ཨ་ཁུ་ཁྲོ་ཐུང་”Trump”གིས་ཁྲམ་པ་ག་རེ་བྱས་ཀྱང་ཕམ་ཚར་བ་རེད་། དེ་རིང་འུ་ཚོས་ཅོ་དཔལ་ལྡན་གྱི་རྒྱབ་ལ་ཨ་མདོའི་ལྭ་བ་དཀར་པོ་ཞིག་དང་། མགོ་ལ་ཁམ་པའི་རལ་བ་ནག་པོ་ཞིག་དང་། ལག་ལ་མངའ་རིས་སྒྲ་སྙན་བདེ་མོ་ཞིག་བཞག་སྟེ་གར་སྟེགས་སྟེང་ནས་བོད་གླུ་སྙན་མོ་ཞིག་ལེན་དུ་འཇུག་མི་ཐུབ་ཀྱང་། ཁོས་བོད་དོན་ལ་ཁས་ལེན་བྱས་མ་རྣམས་། ལོ་རྗེས་མ་ཁོ་ལ་ཡིག་ངག་གཉིས་ནས་དྲན་གསོ་བྱ་དགོས་རེད་ཡ་།

  10. འབྲོང་གི་བུ་བརྒྱུང། says:
    2020-11-11 at 7:14 am

    བྷྱོ་བྷཡེ་ཌན་ཐོབ་ོར་དགའ་བསུ་ཞུ། ཋམ་རྒན་ནི་ཁྲམ་པ་དང་མི་རིགས་དབྱེ་འབྱེད་ཀྱི་ཞེན་ཁོག་ཅན་ཞིག་རེད།

  11. བཞག་ལྡོམ་ལྗང་ལོ་། says:
    2020-11-11 at 7:30 pm

    https://www.npr.org/2020/11/11/933754512/the-dalai-lama-offers-a-warning-on-climate-change
    འདི་ལ་ཉན་དང་༧གོང་ས་མཆོག་གིས་འཁོར་ཡུག་སྐོར་དང་Trump གྱི་ལྟ་གྲུབ་སྐོར་གསུངས་འདུག

  12. གཞུང་པ་ཚེ་དབང་བསོད་ནམས says:
    2020-11-11 at 10:03 pm

    ཨ་རིའི་ཁྲིམས་ལུགས་བོད་མིའི་མི་ཤེས་།
    ཨ་རིའི་འོས་བསྡུའི་འགྲོ་ལུགས་བོད་མིའི་མི་ཤེས་།
    བོད་པའི་བཅའ་ཁྲིམས་ཨ་རིའི་མི་ཤེས་།
    བོད་པའི་འོས་བསྡུའི་སྒྲིག་གཞི་ཨ་རིའི་མི་ཤེས་།
    ཡུལ་ཁྲིམས་སྲུངས་རྒྱུ་ཡུལ་མིའི་འགན་།
    རང་ཁྲིམས་སྲུངས་རྒྱུ་རང་མིའི་འགན་།
    སེམས་ཅན་ཐམས་ཅད་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་།

  13. བན་དེ་བ། says:
    2020-11-12 at 5:27 am

    ད་ལན་ཨ་རིའི་མི་སེར་ལག་ཁྱེར་བླངས་པའི་བོད་མི་མི་ཉུང་བ་ཞིག་ནས་ཊོམ་ལ་འོས་འཕེན་ཡོད་རེད། ཊོམ་དྲང་བདེན་དང་རྒྱ་གནོན་རེད་ཟེར་ནས་ཡིད་ཆེས་བྱས་ནས་འོས་འཕེན་རེད། ད་ལྟོས་དང་་་་ཊོམ་གྱིས་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཀྱི་དཔེར་འཇོག་ས་དེ་མི་ངན་ཁོས་གང་འདྲ་བྱེད་ཀྱི་འདུག་གམ། དམངས་གཙོའི་རིན་ཐང་གང་འདྲ་འདུག་གམ། ཊོམ་ཟེར་མཁན་དེ་ནི་སྔ་ཕྱིའི་སྐད་ཆ་ལ་ངེས་གཏན་མེད། རྫུན་ཤོད་རྒྱུ་དང་མི་ལ་སྡིག་བསྐུལ་དང་མཐོང་ཆུང་བྱེད་རྒྱུར་ཡ་ང་སྤུ་ཙམ་མེད་མཁན་གྱི་མི་ཞིག་རེད། ད་ག་རེ་བྱེད་རྩིས་འདུག་ལྟོས་དང། ཁོ་རང་གིས་བཀས་བཀོད་ལ་མི་བརྩི་མཁན་གྱི་ཕོ་བྲང་དཀར་པོའི་ནང་གི་ལས་བྱེད་ཕལ་ཆེར་ཕྱིར་འབུད་བཏང་ཚར་སོང། ཉིན་ཤས་ནང་དུ་ཁོས་སྲུང་སྐྱོབས་དྲུང་ཆེ་ལས་སོགས་པཎ་ཌ་གོན་གྱི་ལས་བྱེད་བདུན་ཙམ་ཕྱིར་འབུད་བཏང་སོང་ཟེར། ཁྲིམས་དཔོན་མ་གསར་པ་དེ་ནི་ཁོས་བསྐོས་པའི་མི་ཞིག་རེད་་་་ཕལ་ཆེར་ཁོས་ཨ་རི་འདི་དབང་ཆ་གཅིག་བསྡུད་ཀྱི་རྒྱལ་ཁབ་ཞིག་ཏུ་བསྒྱུར་རྩིས་བྱེད་ཀྱི་འདུག

  14. བཞག་ལྡོམ་ལྗང་ལོ་། says:
    2020-11-12 at 7:49 am

    བན་དེ་བས་བཤད་པ་ལ་གནས་ལུགས་ཧ་ཅང་ཡོད་ཀི་། སྤྱང་གི་ཤ་ལ་རྔམ་པ་ལྟར་trump གྱིས་སྲིད་དབང་ཡོད་ཚད་ཁོའི་དབང་འོག་དུ་བྱ་འདོད་ཡོད་པ་དེ་། དེ་རིང་ལྟོས་དང་ཁོས་བྱེས་སྟངས་ལས་ཤེས་བ་དེ་རེད་།

  15. ཅོ་རི་ཉི་མ། says:
    2020-11-12 at 2:37 pm

    དྲ་གྲོགས་བན་དེ་བ་ལགས།་་་་བཀྲ་ཤིས་བདེ་ལེགས།

    ཨ་རིའི་དམངས་གཙོ་ཚོགས་པས་འོས་ཤོག་རྐུས་སོང་ཟེར་ནས་ཁྲིམས་ཐོག་ཏུ་འགྲོ་བཞིན་པ་རེད། ཉིན་ཤས་རྗེས་སུ་གསལ་པོ་ཆགས་འོང་གི་རེད། རྫུན་བཤད་མཁན་སུ་ཡིན་དང་རྐུབ་བརྒྱབ་མཁན་སུ་ཡིན་ཤེས་འོང་གི་རེད། མི་ངན་སུ་ཡིན་དང་མི་བཟང་སུ་ཡིན་ཤེས་འོང་གི་རེད། དམངས་གཙོ་གཏོར་མཁན་སུ་ཡིན་དང་དམངས་གཙོ་སྐྱོབ་མཁན་སུ་ཡིན་ཤེས་འོང་ངེས་རེད།

    ༡་་་ཕོ་རྒོད་ཁྲོམ་ཕུ་ལགས་ཀྱིས་བོད་རྒྱལ་ཁབ་བཅོམ་མཁན་དགྲ་བོ་གུན་ཁྲན་ཏང་ལ་ཁ་གཏོད་བཅག་བཞིན་ཡོད་པ་འདི་འདྲ་འཛམ་གླིང་གི་དབུ་ཁྲིད་སུས་ཀྱང་བཅག་མྱངས་མེད། དེའི་ཕྱིར་་་ཕོ་རྒོད་ཁོང་ལ་དགའ།

    ༢་་་ཝ་ཤིང་ཊམ་གྱི་དཔོན་རིགས་མང་པོ་རུལ་སུངས་ཅན་དུ་འགྱུར་ཡོད་རྣམས་གཙང་མ་བཟོ་བཞིན་འདུག མ་གཏོགས་སྲིད་དབང་གཅིག་བསྡུ་བྱེད་འོང་བསམས་པའི་སེམས་འཁྲུལ་དགོས་ས་མ་རེད། དམངས་གཙོ་ཚོགས་པའི་དཔོན་རིགས་མང་པོ་རྒྱ་དམར་ཀྱི་དངུལ་ཟས་ནས་རུལ་ཟིན་པ་རེད། དེ་དག་ཕྱི་འབུད་བཏང་ཐུབ་ན་བོད་རང་བཙན་གྱི་ཆེད་དུ་བཀྲ་ཤིས་བདེ་ལེགས་རེད།

    ༣་་་འཛམ་གླིང་འདིའི་ཐོག་ཏུ་རྒྱ་གུང་ཁྲན་གཏོར་ཐུབ་ས་རེད་བསམ་པའི་རེ་བ་བྱེད་ཆོག་ས་ཤིག་ཕོ་རྒོད་ཁྲོམ་ཕུ་ལས་དགའ་བ་སུ་ཡང་མེད། དེའི་ཕྱིར་་་ཕོ་རྒོད་ཁོང་ལ་ལོ་བཞི་མུ་མཐུད་ནས་སྲིད་དབང་འཛིན་ཡ་རག་ན་ཅི་མ་རུང་བསམས་ཀྱི་ཡོད་་་ཕོ་རྒོད་ཁོང་རྒྱལ་དགོས་པ་ནི་གུང་ཁྲན་གྱི་སྲོག་རྩ་བཅད་ཆེད་དུ་མཁོ།

    ༤་་་་བོད་རྒྱལ་ཁབ་བཅོམ་མཁན་གྱི་དགྲ་བོ་གུང་ཁྲན་གྱི་དགྲ་བོ་དེ་་་བོད་ཀྱི་་གྲོགས་པོ་རེད། དགྲ་བོ་གུང་ཁྲན་གྱི་གྲོགས་པོ་དེ་་་་བོད་ཀྱི་དགྲ་བོ་རེད།་་་་འདི་ནི་འཇིག་རྟེན་དགྲ་གྲོགས་ཀྱི་འགྲོ་ལུགས་རེད་བསམ་ཀྱི་འདུག

    དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་མི་ཆོས་ཀྱི་ལུགས་སུ་བྱས་ན་ཕོ་རྒོད་ཁྲོམ་ཕུ་ལགས་ཀྱིས་ཨ་རིའི་ཨང་དང་པོ་འཇོགས་པ་འདི་ནི་ལུགས་མཐུན་རེད། བོད་མི་དམངས་ལ་ཡང་བོད་རྒྱལ་ཁབ་ཨང་དང་པོ་ལ་འཇོག་མཁན་གྱི་སྲིད་འཛིན་ཞིག་མ་ཕེབས་བར་དུ་བོད་མི་དམངས་ལ་རང་ཡུལ་རང་བདག་ཡོང་ཐབས་མེད་ངེས་རེད།

    ཁྱོད་ཀྱི་དགོངས་ཚུལ་དང་མ་མཐུན་པ་བྱུང་ན་དགོངས་འགལ་མེད་པར་བྱོས། ངས་རང་ངོས་ནས་མིའི་རྒྱུད་དག་དང་ལ་རྒྱ་ཟེར་བ་ཅང་ཤེས་ལེ་མིན་སྟེ་ལོ་མང་རིང་དུ་དྲ་གྲོགས་བྱས་པའི་རྒྱུ་མཚན་གྱིས་བསམ་ཚུལ་ཚིག་གསུམ་བཤད་ཤོར་སོང་བས་དགོངས་འགལ་མེད་བྱོས།

  16. བན་དེ་བ། says:
    2020-11-14 at 3:57 am

    དྲ་གྲོགས་ཅོ་རི་ལགས་སྐུ་ཁམས་བཟང། ཊོམ་གྱིས་རྒྱ་ནག་ཐོག་སྲིད་ཇུས་འཛིན་སྟངས་སོགས་ལ་ངས་བསམ་ཚུལ་ཤོད་ཀྱིན་མེད། ཁོ་མི་གང་འདྲ་ཞིག་ཡིན་མིན་གྱི་སྐོར་ལ་ཤོད་ཀྱིན་ཡོད། དམངས་གཙོའི་རྒྱལ་ཁབ་ཀྱི་དཔེར་འོས་བྱེད་ས་ཞིག་ཡིན་ཅིང། ད་བར་དུ་ཨ་རིའི་སྲིད་འཛིན་གསར་རྙིང་དབར་ལ་བརྗེ་ལེན་བྱེད་དུས་འོས་རྒྱལ་ཕམ་ཅི་ཞིག་བྱུང་ཀྱང་རྙོག་ཟིང་ལབ་གླེང་གང་ཡང་མེད་པར་རྩིས་སྤྲོད་རྐྱང་བྱས་པའི་ལོ་རྒྱུས་དེ་ཊོམ་གྱིས་ད་ལན་མིང་ཆད་ཆེན་པོ་བཟོས་སོང། དམངས་གཙོ་ཚོགས་པས་འོས་རྫུས་མ་དང་རྐུ་འཁྱེར་བྱས་ཡོད་པའི་ཡིད་ཆེས་གཏན་ནས་མེད། གང་ཡིན་ཟེར་ན་དེ་ལྟར་བྱེད་སའི་ཁོར་ཡུག་མེད། ཨ་རི་ཟེར་བ་འདི་ང་ཚོས་སྐྱབས་ཡུལ་དང་དཀོན་མཆོག་ནང་བཞིན་བརྩིས་ནས་ཁྲིམས་དང་ལྡན་པ། དྲང་བདེན། རང་དབང། སྲུང་སྐྱོབས་ཡག་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་དུས། འོས་རྐུ་འཁྱེར་བྱེད་ས་ཡོད་དམ། འོས་རྫུས་མ་བྱེད་ས་ཡོད་དམ། དེ་ལྟར་ཡོད་ན་ཨ་རི་ཟེར་བ་དེ་ཡང་རུལ་སུང་དང་རྐུ་རྫུན་ཁྲམ་པ་བྱེད་སའི་གཞུང་ཞིག་ཏཇ་གྱུར་བར་ཁས་ལེན་དགོས། ཁྲོམ་ཊོམ་གྱི་ནང་ཆ་ཚང་མ་དུས་ཚོད་མི་ཐོགས་པར་ཕྱིར་མངོན་ཡོང་གི་འདུག་པ་ནི་གསར་འགྱུར་ཆེ་ཁག་དེ་ཚོར་གཟིགས་དང། ལྷག་པར་དུ་དབྱིན་ཡིག་ཏུ་ཡོད་པའི་གསར་འགྱུར། Washington post and NBC NEWS and CNN NEWS དེ་ཚོར་གཟིགས་ན་མཁྱེན་ཐུབ། FOX NEWS ་དེའི་རིགས་ལ་མ་གཟིགས་ན་དགའ། གསར་འགྱུར་དེ་ནི་ཁྲོམ་གྱི་ཕྱོགས་གཏོགས་སྤྱི་མཐུན་ཚོགས་པའི་གསར་འགྱུར་ཅིག་རེད། སྔོན་མ་ཨ་བྷ་མ་སྲིད་འཛིན་དུ་འཁོད་སྐབས་གསར་འགྱུར་དེ་ཡིས་ཨ་ོ་བྷ་མ་ཐོབ་ཀྱི་མ་རེད་ཟེར་ནས་བརྒྱ་ཆ་བརྒྱ་ཐམ་པ་ཐག་བཅད་ནས་བཤད་རེད། རྗེས་སུ་ཨོ་བྷ་མ་ཐོབ་དུས། ཨོ་བྷ་མས། FOX BEWS ལྟར་ན་ང་སྲིད་འཛིན་གྱི་འོས་ཐོབ་ཡོད་པ་མ་རེད་ཟེར་ནས་ཚིག་རྒྱག་གནང་བ་རེད། དྲ་གྲོགས་ཅོ་རི་ལགས་ད་ལྟ་རང་གསར་འགྱུར་ཆེ་ཁག་དེ་ཚོས་བཤད་པ་ལྟར་ན་ཊོམ་གྱིས་ཁོ་རང་གི་འོས་འཕེན་གྱི་ལས་ཀ་བྱེད་མཁན་དེ་ཚོས་ལས་ཀ་གྲ་སྒྲིག་ཡག་པོ་རྩ་བ་ནས་བྱས་མི་འདུག་ཟེར་ནས་ཁ་ངན་རྒྱབ་ཀྱི་འདུག་ཟེར། མ་ཟད་ཁོ་རང་གིས་ཀྱང་ཕམ་པར་ངོས་ལེན་བྱེད་པའི་རེ་བ་ཆེན་པོར་སླེབས་འདུག་ཟེར། སྔ་ཕྱི་མ་གཏོགས་མི་རིགས་དཀར་ནག་གི་དབྱེ་འབྱེད་དང་ཕྱི་མི་རྣམས་ལ་སྡང་ཟུག་དང་། ཆོས་ལུགས་ལ་དབྱེ་འབྱེད་ཀྱི་ཆགས་སྡང་དང། རྒྱལ་ཁབ་གཞུང་ལ་ཚོང་ཁྲལ་མི་འཇལ་ནས་གཡོ་རྫུན་བྱེད་པ་དང། ནང་མི་ཁ་བྲལ་དུ་གཏོང་མཁན་ཊོམ་ཕམ་རྒྱུ་ཉག་གཅིག་རེད། ང་ལ་མངོན་ཤེས་མེད་ཀྱང་རྟགས་དང་རྒྱུ་མཚན་གྱིས་སྔོན་ཚུད་ནས་གསལ་པོར་ཤོད་ཐུབ་པ་འདུག

  17. བཞག་ལྡོམ་ལྗང་ལོ་། says:
    2020-11-14 at 6:54 pm

    Trump རྒྱའི་སྟེང་ལ་མཁྲེགས་མིན་ནི་ཁོ་སྲིད་འཛིན་ཆགས་པ་ནས་བཟུང་ Covid19 བྱུང་ནས་འོས་བསྡུའི་བར་ཁོའི་Tweet བྱས་སྟངས་ལ་ལྟོས་དང་། ཁོ་ལ་རྒྱའི་ཕྱོགས་སུ་འཛིན་པའི་ལྟ་བ་གཏན་པོ་ཞིག་མེད་། སྐབས་རེ་རྒྱའི་གྲོགས་པོ་ཡིན་པ་དང་། ཚམས་རེ་གྲོགས་པོ་མིན་འདོག་ཁ་བོ་རེད་། ལྷག་པར་ཁོའི་བྱེད་སྟངས་ནི་བྱིས་བ་ལོ་ན་རྒྱད་ཚོ་རྩེས་ཆས་བར་འཛིང་བ་ལྟ་བུ་ལས་རྣམ་དཔྱོད་པ་ཞིག་གི་ལས་སྟངས་ནམ་ཡང་མིན་། མི་བདེན་འདོན་ན་། ཁོའི་མི་ཚེའི་ཚོང་གི་ལམ་དུ་སོང་བ་ནས་སྲིད་འཛིན་ཆགས་པའི་བར་དུ་དྲང་མོ་དང་། བོད་པའི་གནའ་བོའི་དཔྱད་ཐབས་། སྲེག་བཅད་བསྡར་བའི་གསེར་བཞིན་དུ།། ལེགས་པར་བཏགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན་། ཅེས་བ་དང་། ཡང་ན་དེངས་རབས་Academic research ཐབས་ལམ་རྒྱུད་ནས་དཔྱད་འཚོལ་བྱེད་དང་གཡོ་སྒྱུ་དང་མགོ་སྐོར་ལས་དྲང་བོ་བྱས་བ་ཞིག་ནམ་ཡང་རྙེད་དཀའ་། དེ་ལྟ་བའི་མི་ཞིག་ལ་བོད་པ་ཚོས་རེ་བ་བྱེད་པ་ནི་གནམ་ཀྱི་སྐར་མ་ལག་པས་འཛིན་པའི་དཔེ་ལས་གཞན་གང་ཡང་མེད་། ད་དུང་བོད་པ་ཚོས་ཁོ་ལ་རེ་བ་བྱེད་འདོད་ན་། སང་ལོ་ནས་ཁོ་ལ་ཁོམ་པ་ཡོད་པས་སྐབས་དེར་Lobby བྱེད་དང་ལན་གསལ་བོ་རོགས་ཡང་ནི་རེད་།

  18. རྭ་འཕྲིན says:
    2020-11-23 at 8:19 pm

    དམངས་གཙོ་རྒྱལ་སོང་ན་དགའ་བ་ལ། རྩོམ་མཆན་དང་བཅས་བ་བཀླགས་ཟིན། དྲི་བ་གཅིག་ཡོད། གཅིག་རང་མ་གཏོགས་མེད།
    ཐེངས་འདིའི་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས་མང་གཙོ་རིང་ལུགས་ཟེར་ན་འདྲ། བྷེ་ཌིན་ཕྱོགས་ཁག་ཟེར་ཀྱང་རུང་། ཐབས་ལམ་འདྲ་མིན་བཀོལ་ཏེ་འོས་རྫུན་བླུགས་ཡོད་དམ་མེད། དྲི་བ་འདི་གཅིག་པུ་ཡིན། འགྲེལ་བཤད་མི་དགོས། ལན་གསལ་བོ་ཞིག་ལ་བསྒུག་བསྡད་ཡོད། རྩོམ་པ་པོ་གཙོས་དྲི་བ་འདི་ལ་ལན་སུས་བཏབས་ན་འགྲིག།

  19. བན་དེ་བ། says:
    2020-11-24 at 1:24 am

    འོས་རྫུན་བླུགས་མེད། གལ་སྲིད་འོས་རྫུན་བླུགས་ནས་ཐོབ་པ་ཡིན་ན་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་ཨ་རི་ཟེར་བ་དེ་ཡང་ཁྲིམས་མེད་ལུགས་མེད་ཅིག་ཆགས་པ་རེད།

  20. བན་དེ་བ། says:
    2020-11-24 at 1:28 am

    དེ་རིང་ཁྲོམ་བུ་ཁོ་རང་ཕམ་པར་ངོས་འཛིན་བྱས་པའི་གསལ་བསྒྲགས་མེད་ཀྱང་་་་་ཁོང་རང་ཕྱོགས་གཏོགས་རྣམས་ཡིད་ཐང་ཆད་པར་རྟེན་ཊོམ་ཕུ་མི་རྐྱང་རྟ་རྐྱང་ལུས་དུས་དེ་རིང་གཞི་ནས་རྣམ་ཀུན་ལྟར་མིན་པའི་ཡི་གེ་ཞིག་འཇོ་བྷ་ཊེན་སྒེར་ལ་བཏང་ནས་་་་གཞུང་གསར་རྙིང་བརྗེ་བོ་བྱེད་རྒྱུའི་གྲྭ་སྒྲིགས་ཡོད་ཚུལ་ཞིག་བཏང་འདུག་ཟེར།

  21. ཀརྡོ་རབ་འབྱམས་པ says:
    2020-11-24 at 1:42 am

    ཊོམ་གི་བྱེད་སྟངས་དང་། བློ་སེང་སྐལ་རྡོར་གཉིས་ཀྱི་་བྱེད་སྟངས་འདྲ་བོ་ཆགས་བགྱི་རེད་དོ། གཟིགས་ནས་སྡོད་ཨ།

  22. རྭ་འཕྲིན says:
    2020-11-24 at 9:37 pm

    རྒྱ་དགའ་བ་ཧོན་ལོག་ Biden དང་རྒྱ་མིང་ཅན་贺锦丽 གཉིས་ལ་སྲིད་དབང་ཐོབ་པའི་ཉིན་མོ་ནས་བཟུང་ཨ་རི་ཞེས་བའི་སྟོབས་ཆེན་རྒྱལ་ཁབ་དེ་མཇུག་སྒྲིལ་སོང་བ་ཡིན་ལ། ཨ་རིའི་རུལ་སུངས་གཞུང་དངོས་སུ་དབུ་བརྙེས་བ་རེད། དེ་ཧ་གོ་བ་བྱོས།

  23. རྭ་འཕྲིན says:
    2020-12-01 at 6:16 pm

    http://wethepeopleconvention.org/articles/WTPC-Urges-Limited-Martial-Law

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme