Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་ཚེས་བདུན་ཉིན་རྔ་པ་ནས་རང་ལུས་མེ་སྲེག་གི་ལས་འགུལ་སྤེལ་བའི་གནས་ཚུལ།

Posted on 2011-10-07 By དབང་ཕྱུག་ 19 Comments on དེ་རིང་ཚེས་བདུན་ཉིན་རྔ་པ་ནས་རང་ལུས་མེ་སྲེག་གི་ལས་འགུལ་སྤེལ་བའི་གནས་ཚུལ།

ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༡༡།༣༠ ཐོག་རྔ་པ་རྫོང་མཐའ་བ་གོང་མའི་འཇུག་རིས་ཚང་གི་བུ་ཆོས་འཕེལ། རང་ལོ་ ༡༩ ཡིན་པ་ཁོང་དང་། མཐའ་བ་གོང་མའི་གསོང་པོ་ཚང་གི་སྐལ་བཟང་གི་བུ་མཁའ་དབྱིངས་༼ཁག་ཅིག་གིས་བཤད་ན་ཁོང་གི་ལ་མིང་ལ་ལྷུང་ཡངས་རེད་ཟེར་གྱིན་འདུག༽། རང་ལོ་ ༡༨ ཡས་མས་ཤིག་ཡིན་པ་ཁོང་གཉིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་ སྦར་ཞིང་ལག་ཟུང་ཐལ་མོ་སྦྱར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་གནང་ཡོད་ འདུག་ལ། སྐབས་དེར་ཉེན་རྟོག་པ་སོགས་ཀྱིས་ཁོང་གཉིས་ཀྱི་ལུས་ཀྱི་མེ་བསད་ཅིང་གཅར་རྡུང་གཏོང་བཞིན་ས་གནས་རྫོང་མི་མང་སྨན་ཁང་དུ་ཁྱེར་ཡོད་པ་དང་། ཉེན་རྟོག་པ་རྣམས་ཀྱིས་ཡར་སྨན་ཁང་ནང་ལ་ཁྲིད་ནས་འགྲོ་སྐབས་མཁའ་དབྱངས་ཀྱིས་ཁུ་ཚུར་གནམ་ལ་འཕྱར་ནས་འབོད་སྒྲ་སྒྲོག་བཞིན་ཡོད་ཀྱང་འབོད་ཚིག་གསལ་པོ་གོ་མེད་ འདུག འཇུག་རིས་གི་ཚང་གི་བུ་ཆོས་འཕེལ་དངོས་སུ་མཐོང་མཁན་མང་པོས་ཞིག་གིས་གསུངས་པ༌ལྟར་ན་བོད་ནང་གི་དུས་ཚོད་ ༡༢ ཡས་མས་སུ་གྲོངས་ཚར་ཡོད་པའི་གནས་ཚུལ་འབྱོར་ཡོད་ཅིང་། ཁོང་གཉིས་ཀ་དེ་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང་རྗེས་སུ་གྲྭ་ལོགས་བྱས་ཡོད་འདུག སྐལ་བཟང་གི་བུ་མཁའ་དབྱངས་ནི་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་དམར་གསོད་བྱས་པའི་མཐའ་བ་གོང་མའི་རྩེ་ཕྲུག་ཚང་གི་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ཀྱི་ཚ་བོ་ཡིན་འདུག དེང་སྐབས་རྔ་པ་རྫོང་ལ་དམ་དྲགས་ཤུགས་ཆེ་ཡོད་མུས་ཐོག་སྔར་བས་དམ་དྲགས་ཤུགས་རུ་སོང་ཡོད་པ་དང་། དམག་མི་གང་སར་འགྲེམས་འཇོག་བྱས་ཡོད་འདུག་ལ། མི་མང་སྐྱོ་གདུང་དྲག་པོས་གཟིར་ཞིང་ཚོར་བ་རབ་ཏུ་འབར་གྱིན་ཡོད་པས་ཆེས་ཛ་དྲག་དང་ཉེན་ཁ་ཆེན་པོ་ཞིག་ལ་འཕྲད་བཞིན་ཡོད་འདུག་པ་བཅས།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ལ།

གསར་འགྱུར།

Post navigation

Previous Post: ཅི་ཞིག་ལ་ཆོས་སྲིད་ཟུང་འབྲེལ་ཟེར་རམ།
Next Post: བོད་ཀྱི་ཤེས་ཡོན་པ་དག་ལ་གྲོས་སུ་བགྱི་བའི་ཞུ་འཕྲིན་ཞིག

Comments (19) on “དེ་རིང་ཚེས་བདུན་ཉིན་རྔ་པ་ནས་རང་ལུས་མེ་སྲེག་གི་ལས་འགུལ་སྤེལ་བའི་གནས་ཚུལ།”

  1. སེམས་མེད་བུ says:
    2011-10-07 at 11:55 am

    རྒྱལ་སྤྱིའི་དཔའ་བོ་རྣམ་པར་གུས་བརྩི་དང་གདུང་སེམས་མཉམ་སྐྱེད་ཡོད། འོན་ཀྱང་བཙན་བྱོལ་ནང་གི་སྐྱག་ཚོགས་དེ་ཚོར་གྲགས་འགུལ་ཅི་ཡང་མི་འདུག་པས་བློ་ཕམ་བྱུང་། དུས་རྒྱན་༸གོང་ས་མཆོག་དང་བོད་གཞུང་གིས་གཅིག་འགྲིག་མ་སོང་ཟེར་ནས་སྐད་ཅོར་རྒྱག་བཞིན་ཡོད། ད་སྐད་ཅོར་རྒྱག་རྒྱུ་མེད་པར་མ་ཤེས་མདོག་བྱེད་དོན་གང་ཡིན་ནམ། དངུལ་མེད་ཟེར་གྱི་མེད་འགྲོ

  2. ཆོས་འཕེལ་དར་རྒྱས་ says:
    2011-10-07 at 12:14 pm

    གངས་ཅན་གསར་བུ་གསར་མོ་རྣམས་པ། རྒྱལ་ཁ་ཟེར་བ་ནི་མུ་མཐུད་དུ་འཚོ་ཐུབ་པ་དེ་ཡིན་ཕྱིར་ཚེ་སྲོག་ལ་གཅེས་སྤྲེས་བྱེད་རོགས།

  3. ཨ་ར་དཀར་པོ says:
    2011-10-07 at 12:25 pm

    ཨོ་དཀོན་མཆོག་མཁྱེན། ཛ་ཇེ་དྲག་ནས་ཇེ་དྲག་རེད། ད་ངོ་མ་གཞུང་མང་གཉིས་ཀ་འདི་ལྟར་འདུག་ཚོད་ཅིག་རྩ་ནས་རེད་མི་འདུག བཀའ་ཤག་གསར་བས་ད་ཅི་ཞིག་བྱེད་ཀྱིན་ཡོད་ན།

  4. ཆུ་བ་འཕྲིན་བཟང says:
    2011-10-07 at 1:59 pm

    གཞུང་ས་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་མཇུག་བསྒྲིལ་པའི་ཁ་སང།། མང་གཙོ་ནས་མང་གཙོ་ཡང་དག་པའི་ལམ་ལ་ཕྱིན་པའི་ཁ་སང། མི་རབས་རྙིང་པ་ནས་མི་རབས་གསར་པ་སྲིད་དབང་བསྒྱུར་སྤྲོད་བྱས་པའི་དེ་རང། གཞུས་བཞུགས་སྤུན་ཟླ་ཚོས་་་ཁ་བཤད་ཆུ་ཡི་ཝི་བ་དང་་་ལག་ལེན་གསེར་གྱི་ཐིག་པ་བཞིན་མ་ཡིན་པར་མི་རབས་གསར་པའི་འགན་ཁྲི་རང་སྲོག་ལ་བརྗེས་ཏེ་གཅིག་རྗེས་གཉིས་འཐུད་ཀྱིས་སྟག་ཕྲུག་ནགས་ནས་མཆོངས་པ་བཞིན་དགྲ་པོས་མིག་མདུན་ནས་གཅེས་སྲོག་མེ་རུ་སྒྲོན་དང་སྒྲོན་བཞིན་པ་དབང་པོ་རྣམ་ལྔ་ཚང་པའི་བོད་པ་རྣལ་མ་ཞིག་ཡིན་ན་ཤེས་ཡོད་པ་མ་ཟད་ཅི་ཡང་མི་འཇོན་རུང་སེམས་ཁུར་ཙམ་དང་མ་ཎི་རེ་བགྲངས་ཡོད་ཤེས། དེ་རང་ཞོགས་པའང་དག་དག་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེ་རུ་སྒྲོན་འདུག་པའི་གསར་མཐོང་བྱུང་པས་ངོ་མ་རང་ཉིད་རང་ཉིད་ལ་ཡིད་མི་ཆེས་པ་ལྟ་བུའི་ཚོར་སྣང་ཞིག་དང་སེམས་ཁུར་ཞིག་འདུག། དེ་བས་འདིར་སྲིད་སྐྱོང་གསར་པ་དང་ཚོགས་སྡེ་ཁེག་ལ་རེ་བསྐུལ་ཞིག་མ་བྱས་ཐབས་མེད་བྱུང། དང་པོ་་་སྲིད་སྐྱོང་མཆོག་ལ་ཞུ་རྒྱུར། སྐུ་ཉིད་བོད་ཀྱི་སྲིད་སྟེག་ནས་བཞེངས་པའི་ཟླ་ངོ་འདི་དག་ལ་ཕ་ཡུལ་གྱི་ཛ་དྲག་དག་མཁྱེན་ཡོད་ཤགས། ཡིན་ཡང་ཟླ་ངོ་འདི་དག་ལ་སྐུ་ཉིད་ཐུགས་བྲེལ་ཆེས་ཆེ་བ་བཤད་ག་ལ་དགོས། འོན་ཀྱང་ཁ་སང་ཚོགས་འདི་གཟི་བརྗིད་ངང་གྲོལ་སོང་པས། ད་ནི་ཉིད་ཀྱིས་བཀའ་ཁྲིར་མ་ཕེབས་སྔོན་གྱི་གཏམ་བཤད་བཞིན་བོད་མི་རིགས་དང་རྒྱལ་ཁབ་ཆེད་རྒྱལ་སྤྱིའི་ལྡིང་ཆ་གང་ཞིག་ལ་སྐྱོད་དགོས་ཀྱང་ལག་དུ་རྒྱ་དར་ཞིག་བཟུང་ནས་བསྐྱོད་རྒྱུ་ཡིན་གསུང་བ་ད་ལྟ་དུས་ལ་བབས་འདུག་པས་ཟམ་གདོང་རིན་པོ་ཆེ་བཞིན་བོད་རྒྱ་ཞི་མོལ་གྱི་ཁོར་ཡུག་ལ་ཁ་གཡར་ནས་མི་བཞུགས་རོགས་ཞུ། དེ་མིན་མི་རིགས་སྣ་མང་ལས་གྲུབ་པའི་སློབ་ཕྲུག་ཚོགས་མི་ཚོར་ལགས། ཁྱོད་ཚོས་རྒྱུན་ཏུ་བཤད་བཞིན་པ་དང་བྱེད་བཞིན་པ་མི་རབས་གསར་པ་ཚོར་ལས་འགུལ་སྤེལ་སྟེང་ཀྱིས་སྤྱོང་བསྡུར་སྤྲོད་ཀྱིན་པའི་རྡ་སའི་ནགས་གསེབ་དང་ཚོགས་ཁང་ག་གེ་མོ་རེ་ནས་བསྐྱོན་པའི་འདྲ་པར་མང་པོ་ཞིག་ཁོ་བོས་ངོ་དེབ་དང་དྲ་ལམ་ནས་རྒྱུན་ཏུ་་མཐོང་ཀྱིན་འདུག་་པས་་་ད་ནི་ཁྱོད་ཚོས་སྤྲད་ཟིན་པའི་སྤྱོང་བསྡུར་དག་དངོས་སུ་འགུལ་སྐྱོད་བྱེད་རོགས་ཅེས་རེ་བསྐུལ་ཞུས་པ་ཡིན། གཞན་ཡང་མིང་དུ་དྲག་པའི་གཞོན་ནུ་ཚོགས་མི་ཚོར་ཞུ་རྒྱུ། དབུ་མའི་ལམ་གྱི་ཁ་གཏད་དུ་འགྱངས་ཏེ་བཙན་པོའི་རིམ་བྱོན་གྱི་ལོ་རྒྱུས་གཅིག་པོ་གླེང་བཞིན་ཟས་བཅད་ངོ་རྒོལ་པ་འགའི་གདོང་ལ་ཅེར་ཏེ་མི་བཞུགས་པར་དོན་དམ་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་བསྐྲུན་འདོད་ཚེ། བོད་ནང་གི་མི་རབས་པའི་དཔའ་རྒོལ་ཚོ་བཞིན་དགྲ་པོའི་སྙིང་རྩ་འདར་པའི་ལས་འགུལ་ཞིག་གིས་རི་དར་བསྒྲེངས་རན་རེད། ཤར་ནུབ་ཀུན་ན་བཞུགས་པའི་ཡུལ་གྱར་སྤུན་ཟླ་ཚོ་ཞུ་རྒྱུར། ནམ་ལངས་ཉི་ཤར་བྱས་ནས་རང་ཉིད་ཀྱི་ལྟོ་གོས་གཅིག་པོ་འཚོལ་ནས་མི་བཞུགས་པར་ཐོག་མར་སྐྱབས་བཅོལ་་གྱི་སྒོ་ཐེམ་འགྲིམ་དུས་ཀྱི་དཔའ་བོ་དཔའ་མོ་ཚོའི་མིང་བྱང་གཡོ་བཙོངས་བྱས་པ་དག་སེམས་ལ་ཡང་ཡང་དྲན་ཞོར་མ་མཐའ་ཡང་རྒྱ་མིའི་གཞུང་ཚབས་མདུན་ནས་ཀི་རིང་ཅིག་འདེབས་རོགས་་་་་་་་་མཐར་སྡོམ་ང་ལ་རེ་བ་ཞིག་ཡོད་པ་ནི་ཤར་ནུབ་གང་སར་ཡོད་པའི་གཞུང་དམངས་གཉིས་ཐད་ནས་མ་མཐའ་ཡང་ཉིན་གཅིག་ལ་ཚང་མིས་འགྲིན་གཅིག་དུ་རྒྱ་གཞུང་ལ་བརྡ་ལན་ཅིག་སྤྲོད་རྒྱུ་ངས་རེ་བ་ཡིན་་་་་་་་་་་་་་་་་་་་་་་བོད་རྒྱལ་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  5. ཕུན་ཚོགས་ says:
    2011-10-07 at 2:27 pm

    ད་རིངས་ནི་བོད་ནང་ནས་ཡངས་སྐུ་ལུས་མེར་སྤ་ནས་རྒྱ་ནགས་གཞུང་ལ་ངོ་དགོལ་བྱས་སོང་ངས་གང་འགྲལ་སེ་ཁོངས་རྣམས་པ་ཚོ་ལ་ཞུ་དགོས་མེད་ཤེས་མ་སོང།་དངོས་ཡོད་བྱས་ན་ཁོང་རྣམས་པས་རླབས་ཆེན་གྱི་སྐུ་ལུས་མེར་སྤར་ནས་ཨོ་མ་རེད་མ་རེད་དེ་ནི་ཁོང་རྣམས་པས་བདེན་པའི་མེ་ཆེ་ བཙན་རྒྱལ་རྒྱ་དམར་གི་བཙན་འཛུལ་སྟོབས་ཤུགས་བོད་ནས་མྱུར་དུ་ཕྱིར་བསྐྲད་ཏེ་ རང་གི་མི་རིགས་དང་རང་གི་རྒྱལ་ཁབ་འདིའི་དུས་ཀྱི་རྒུད་པའི་མུན་པའི་་ལས་དབང་འདི་ཁ་ལོ་སྒྱུར་ཆེད་རླབས་ཆེན་གྱི་ཟི་རྗེས་ངོ་རྣོངས་མེད་པའི་བོད་མི་རིགས་ཀྱི་དཔའ་བོ་ཞིགས་རེད། ་ འོན་ཀྱང་ ངས་དེ་ལྟར་བརྗོད་ནས་རང་ཉིད་བཙན་ཁུང་ཞིགས་དུ་ཡིབ་ནས་རང་གི་ཐབས་གྲོགས་གཅིག་པའི་སྤུན་ཟླའི་དམིགས་ཡུལ་བཟང་པོ་ཆུ་བཟོས་སུ་མི་འགྲོ་བའི་འབད་ཐབས་ཞིགས་ཀྱང་བྱེད་ཐུབ་གི་མི་འདུག། འོ་ན་དེང་སྐབས་གསར་བཀོད་པ་ཚོ་ག་པར་ ཡོད་ན་དེ་བདག་ཚངས་མའི་ལས་འགན་གཞན་གྱི་ཚེ་སྲོགས་ཀུམ་པར་བྱེད་པའི་གནས་ཚུལ་ཁོ་ན་མཁོ་སྒྲུབ་བྱེད་རྒྱུ་ཡིན་ནམ་ཡངས་ན་དེ་ལས་ལྡོགས་་ཏེ་རང་ཉིད་ཀྱི་ཚེ་སྲོགས་གཞན་ཀྱི་ཆེད་དུ་གནང་ནས་འཛམ་གླིང་འདིར་གཞི་བདེ་བསྒྲུབ་ཐབས་ཀྱི་འབད་བརྩོན་གནང་མཁན་བོད་པའི་དཔའ་རྒོད་ཚོའི་ཟི་རྗེད་འཇིག་བརྟན་སྐྱེ་འགྲོ་ཀུན་དང་བཞི་བདེར་དགའ་བའི་འཛམ་གླིང་མི་མངས་མདུན་དུ་གསལ་བར་བྱེད་རྒྱུ་ནི་གསར་འགོད་པ་ཚོའི་ལས་འགན་གལ་ཆེ་ཞིགས་རེད་མཉམ།་འོན་ཀྱང་འགའ་ཞིགས་ཀྱིས་དགྲ་མི་བསད་པའི་འགོ་ལགས་ནམ་མཁར་འཆར་བཞིན་ཁོང་རྣམས་པའི་རླབས་ཆེན་གྱི་མཛད་རྗེས་རྣམས་གོས་ཅན་གྱི་ཐབ་འཕྱིས་གནང་ནས་གཞུང་ལ་ངེས་ཚིགས་དང་མི་རྣ་གཞན་ལ་ངན་སྨས་ཐ་ན་ཕྱོགས་ཁའི་འཐེན་ཁྱེར་གི་ལགས་ཆར་འཁྱེར་བཞིན་པ་ནི་སྤྱོད་ཆུང་གི་ལས་རེད་ གཅིག་བྱས་ན་ངས་གོ་ནོར་ཡང་ཐེབས་་སྲིད་གང་ལྟར་ བོད་མི་རིགས་ཀྱི་ཅིགས་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་ནི་གལ་ཆེར་ཐོང་

  6. སད་ན་ལེགས says:
    2011-10-07 at 3:21 pm

    དཔའ་བོ་ཚོའི་སྙིང་སྟོབས་ལ་བསྔགས་བརྗོད་ལོས་བྱེད། འོན་ཀྱང་སྙིང་སྟོབས་དང་ལག་ལེན་ཅན་གྱི་དཔའ་བོ་དག་གི་ཚེ་སྲོག་ནི་བོད་མི་གཞན་སུ་ལས་ཀྱང་རིན་ཐང་ཆེ་བས། ཁོང་ཚོ་ད་དུང་འཚོ་དགོས། ཁོང་ཚོའི་སྙིང་སྟོབས་དང་ཆོད་སེམས་དེ་ཐབས་ལམ་གཞན་ཞིག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཕྱོགས་ལ་གནང་ཐུབ་ཚེ། མི་འགྲུབ་པ་ཅི་མཆིས།
    ང་ཚོའི་ཁ་གཏད་དུ་ལངས་པའི་རྒྱ་ནག་དམར་པོའི་གཞུང་འདི་ནི་བོད་མི་རིགས་ཀྱི་རང་དབང་གི་གཤེད་མ་ཙམ་དུ་མ་ཟད། རྒྱ་ནག་མི་མང་ཕལ་ཆེར་གྱི་ཁ་གཏད་དུ་ལངས་པའི་སྲིད་དབང་སྒེར་གཅོད་པ་ཞིག་དང་། ད་དུང་འཛམ་གླིང་གི་སྲིད་གཞུང་མང་པོས་ཤེས་བཞིན་དུ་ཚོང་འབྲེལ་གྱི་ལག་པ་རྐྱོང་སའི་སྒེར་གཅོད་པ་མཐར་ཐུག་པ་ཞིག་ཀྱང་ཡིན་པས། དུས་སྐབས་འདི་འདྲ་ལ་རང་རིགས་སྤུན་ཟླའི་གཅེས་སྲོག་འདོར་བ་འདི་སེམས་ཀྱིས་ག་ལ་གཟོད་དམ།
    བཀའ་ཁྲི་བློ་བཟང་སེང་གེ་དང་གྲོས་ཚོགས་ཀྱིས་གཞིས་པ་བོད་མི་རྣམས་ལ་རང་སྲོག་མི་གཏོང་བའི་འབོད་སྐུལ་དང་ཆབས་ཅིག རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་མི་བྱེད་པ་འདིའི་རྒྱབ་ལྗོངས་དང་གསང་བ་གང་ཡིན་ནམ།
    ངས་བསམ་ན། བཙལ་བྱོལ་གཞུང་དམངས་གཉིས་ཀྱིས་བོད་ནང་གི་སྤུན་ཟླ་ཚོར་སེམས་ཤུགས་ཆག་པར་བསམ་ནས་གཅེས་སྲོག་མི་གཏོང་བའི་འབོད་པ་མི་གཏོང་བ་ཡིན་ཚུལ་ལ་ཁ་གཡར་ཀྱང་། དོན་དངོས་སུ་བྱེས་པ་ཚོ་རང་ཉིད་ནུས་མེད་ཡིན་པ་དེ་གཞིས་པ་ཚོར་དྲང་པོར་བརྗོད་མ་འདོད་པ་དེ་ཡིན།
    གནས་བབ་འདི་འདྲར་ཐུག་ཀྱང་། ད་དུང་བྱེས་པའི་བྱེས་གོ་ཆོད་མདོག་གིས་བོད་ནང་གི་དཔའ་བོ་ཚོར་འུར་བསྟོད་བྱེད་པ་འདི་ཡི་མུག་པའི་རྒྱུ་འབའ་ཞིག་གོ།

  7. ལྷོ་པ་ལུང་རིགས། says:
    2011-10-07 at 3:42 pm

    བཀའ་ཤག་གསར་པས་ཅི་གང་གནང་གི་ཡོད་ས་མ་རེད། མང་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ཁྲོམ་སྐོར་རེ་བྱེད་ཀྱི་ཡོད་འདུག ལས་འགུལ་ཞིག་ཡོད་ནི། སང་ཉིན་གསོག་སྒར་སློབ་གྲྭ་ན། སྐད་ཡིག་སྲུང་སྐྱོབ་ཀྱི་སྤྲོ་ཚོགས་་་་་༼གསལ་བསྒྲགས་ནང་གསལ་ལྟར་ན།༽ ཟེར་བའི་གླུ་གཞས་འགྲན་བསྡུར་བྱེད་ཀྱི་ཡོད་པ་དེ་རེད།

    སང་ཉིན་གྱི་གླུ་གཞས་འགྲན་བསྡུར་སྦྲེལ་ཐག་ http://www.khabdha.org/?p=22372 འདི་ན་

  8. ཨ་ར་དཀར་པོ says:
    2011-10-07 at 3:56 pm

    བཀའ་ཤག་གསར་པས་བོད་ནང་དུ་རྒྱལ་གཅེས་དཔའ་བོ་དག་གིས་རང་ལུས་མེར་བསྒྲོན་བཞིན་པར་མྱ་ངན་ཞུ་འདོད་མེད་པ་འདྲ། ད་འོ་ན་བདེ་སྐྱིད་གླིང་གི་གཞིས་ཆགས་ཆུང་ཆུང་འདིའི་ནང་ནས་ད་བར་མི་ལྔས་རང་ལུས་མེར་བསྲེགས་པ་འདི་ལ་དགོངས་ཚུལ་གང་འདྲ་ཡོད་ན།

  9. རིིག་པའི་བུ says:
    2011-10-07 at 4:22 pm

    ཏ་ལི་བྷན་ལ་དཔེ་ལྟོས་ནས་དྲག་སྤྱོད་སྤེལ་ན་ལེགས་ཤིང་རྒྱ་རྒན་ཨ་ཧྥུ་རྒན་གྱི་ཨར་དམག་བཞིན་སྐྱག་པ་ཤོར་ཏེ། རང་ཡུལ་དུ་མ ལོག་ཟེར་ཡང་འབྲོ་ངེས་རེད། ཧཧ་

  10. ཞོལ་ཕྲུག says:
    2011-10-07 at 5:35 pm

    དཔའ་བོ་ཁོ་གཉིས་རྔ་བ་རྫོང་གི་ཁྲོམ་གཞུང་དུ་ཐོན་ནས་རང་ལུས་ལ་མེ་སྤར་ཏེ་ཁ་ནས། ༼བོད་ལ་རང་དབང་དགོས། རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་ཕེབས་དགོས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གློད་དགོས།༽ ཟེར་སྐད་འབོད་བྱས་འཕྲལ་གཡས་གཡོན་གྱི་མི་དམངས་ཁ་ཤས་ཀྱིས་མེ་གསོད་ཐབས་བྱས་འདུག དེ་ནས་རྔ་བའི་ཉེན་རྟོགས་པས་འཛིན་བཟུང་གིས་རྫོང་སྨན་ཁང་ནང་འཁྲིད་འདུག
    ད་ལྟའི་རྔ་བའི་དགོན་ཞོལ་ཚང་མར་དམ་བསྒྲགས་ཧ་ཅང་ཆེན་པོ་འདུག ཁ་དཔར་གྱི་འབྲེལ་ལམ་བྱེད་རྒྱུར་དཀའ་ལས་འདུག

    བཙན་བྱོལ་གཞུང་གཉིད་གསོད་རོགས།
    བོད་ནང་ཛ་དྲག་འདུག

  11. ཁྲི་རལ་པ། says:
    2011-10-07 at 5:43 pm

    བཙན་བྱོལ་ནང་དུ་ནམ་རྒྱུན་གཞན་ལ་བཤད་ན་ཚང་མ་བོད་དོན་ཆེད་འཚོ་བསྡད་པ་འདྲ་བོ་བཤད་མོད།བོད་ནང་རང་ལུས་མེར་བསྲེག་དང་སྲོག་བློས་གཏོང་གི་ལས་འགུལ་འདྲ་མིན་བྱུང་དུས་དེ་ལ་སྣང་ཆུང་དང་ཁྱད་གསོད་གླེན་རྟགས་འདྲ་བོར་བརྩི་ཀི་འདུག་ཅིང་།ལྷག་པར་བཙན་བྱོལ་དུ་སྐྱེས་འཚར་བོད་མི་མཁས་དབང་གི་མིང་འཛིན་ཁ་ཤས་ནས་རང་སྲོག་གཅོད་པ་ནི་སོ་སོའི་ལུས་སྟེང་གི་ལྷག་ལྷ་བསད་པ་སོགས་ནང་ཆོས་དང་འགལ་བ་དང་།ཁྱད་པར་བོད་ནང་གཞོན་སྐྱེས་ཚོས་ནུབ་ཕྱོགས་པར་ལད་ཟློས་ཀྱི་སྐད་གྲགས་འཇོག་རྒྱུར་རྔམ་པ་རེད་ཅེས་ཞེན་ལོག་གནང་གི་འདུག་ལ།
    བཙན་བྱོལ་ནང་གཞོན་སྐྱེས་ཚོ་ནི་བར་ལམ་༧རྒྱལ་བ་ཀརྨ་པས་གསུང་པ་ལྟར་བོད་དོན་དང་བོད་ཀྱི་ཆོས་རིག་ཆེད་ལྷག་བསམ་རྣམ་དག་གིས་ཅིག་སྒྲུབ་དགོས་ཟེར་མཁན་ཅིག་བྱུང་ན།མི་དེ་རྩ་མ་ཚང་བ་དང་བསམ་བློ་ཐང་ཐང་མེད་པ་ཅིག་ལ་བརྩི་ཀི་འདུག
    ཡིན་ནའང་།བོད་ཅེས་པའི་མིང་ཐོག་ནས་ཚོང་བརྒྱབ་རྒྱུ་དང་ཞལ་འདེབས་བསྡུ་བ་ཁེ་བཟང་ཟ་རྒྱུ་སོགས་རང་དོན་ཇི་ཙམ་སྒྲུབ་ཐུབ་ན་མི་དེ་འཇོན་ཐང་ཆེན་པོར་བརྩི།ཚོགས་པ་ཁག་གི་ལས་འགུལ་ཀྱང་དམིགས་ཡུལ་གཙོ་བོ་འདི་འདྲའི་ཆེད་ཡིན་པ་ལས།མར་མེ་ཁྲོམ་བསྐོར་སོགས་ཕྱིའི་རྣམ་པ་ཁོ་ན་ཙམ་ཡིན་པ་ཁོ་ཚོ་ལ་གཤིབ་དང་གསལ་ཐང་ཤེས་ཐུབ།
    ཕྱོགས་རིས་ཀྱི་ཆ་ནས་རང་ཕྱོགས་ཀྱིས་ཅུང་ཟད་སྒྲུབ་ན་དེ་ངོམ་སོ་དང་ཕུ་སྒྲོག་མདའ་སྒྲོག་བྱེད་རྒྱུར་དགའ་ལ་གཞན་ཕྱོགས་ཀྱིས་དེ་ལས་ལྡབ་མང་པོ་སྒྲུབ་རུང་།དེ་ལ་སྣང་ཆུང་ཁྱད་བསོད་དང་ཅམ་འཇོག་བྱེད་རྒྱུ་དེའི་སྐོར་རྒྱུས་ལོན་ཙམ་ཡང་བྱེད་འདོད་མེད་པ་སོགས་ནི་བཙན་བྱོལ་གཞུང་གིས་བསྐྱེད་བསྲིང་གི་མི་ཚོའི་གཤིས་ཀ་ཡིན།
    མི་དེ་འདྲ་རིགས་ཤིག་ནས་བོད་དོན་ཆེད་ཅིག་སྒྲུབ་ཡོང་རེ་དང་བོད་ནང་གནས་སྟངས་ཐོག་སེམས་འཚབ་སོགས་མི་ཡོང་བ་ནི་ནམ་མཁའི་མེ་ཏོག་རང་ཡིན་པ།ད་རེས་རྔ་པའི་གནས་སྟངས་ལ་བཙན་བྱོལ་གཞུང་གིས་ཁ་མི་གྲགས་པ་དང་།བཙན་བྱོལ་ནང་བོད་མི་ཚོ་རྩེད་འགྲན་སྣ་ཚོགས་ལ་རོལ་ནས་བོད་ནང་གི་བོད་མི་ཚོ་ལ་རོ་ཐོག་རྟ་རྒྱུགས་བྱེད་བཞིན་པ་དེས་མཚོན་ཐུབ།ལར་དེ་འདྲ་གཞུང་མང་གཉིས་ཆ་རུལ་སོང་རེ་མེད་དུ་གྱུར་བསྡད་པ་ཅིག་ལ་རེ་སྟོང་བཅངས་རྒྱུའང་གང་ཡོད།
    དེ་འདྲར་སོང་བོད་ཞེན་ཅན་ཚོས་བོད་མིའི་མདུན་ལམ་ཆེད་ཅིག་སྒྲུབ་འདོད་ན་ད་ནི་བོད་ནང་ཁོ་ན་ལ་ཁ་གཏད་ན་ང་ཚོར་རེ་བའི་མེ་སྟག་ཙམ་ཡོད་པ་ལས།བཙན་བྱོལ་ནང་གི་ནམ་རྒྱུན་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་སོགས་ཁ་མཁས་ཚིག་སྙན་གྱི་བསླུ་བྲིད་ལ་མགོ་འཁོར་བསྡད་ན།མཇུག་འབྲས་ཇི་ཡོང་ཚོད་དཔག་མི་ཐུབ་པ་མི་འདུག་སྙམ།

  12. བོད། ལྷ་ཀླུ་གཉན་གསུམ། says:
    2011-10-07 at 7:26 pm

    yum ལགས། ཉིད་ནས་འབྲེལ་ཐག་འདི་འདྲེན་དོན་གང་ཡིན་ནམ། བསམ་ཚུལ་ལྷུག་པོ་ཞིག་གསུང་རོགས་ཞུ།

  13. རྔ་བ་གཉན་རྒོད་ says:
    2011-10-07 at 9:04 pm

    བཀའ་བློན་ཁྲི་གསར་ཁང་གསར་ནང་དུ་གཉིད་ནས་བསྡད་ཡོད་ས་རེད་པ་ཧཧཧཧཧཧཧཧཧཧཧཧཧ་བོད་ནང་གི་གནས་ཚུལ་་་་་་ལས་འགུལ་སྤེལ་མཁན་ཡང་གཞོན་ནུ་དང་ཁ་གཏོང་ས་ཡང་གཞོན་ནུ་ལས་མི་འདུག་ཡ་་་་ངོ་མ་བཙན་བྱོལ་གཞུང་ལ་ཡིད་ཆེས་བྱས་ན་ཁྱེད་རང་ཚོ་ཚར་ཡ་རེད་ཡ་་་མི་གཉིས་ནས་གསུམ་གསུམ་ནས་བཞི་ག་ཚོད་མང་རུ་འགྲོ་ན་ཡང་བཀའ་ཁྲི་གསར་བའི་གཞུང་དེ་གཉིད་ནས་འདུག་ཡ་་་་་

  14. རིག་འབྱུང་རྒྱ་མཚོ says:
    2011-10-07 at 10:23 pm

    བདེན་དོན་རང་སྲོག་དོར་མཁན་རྣམས་དོན་དངོས་ཀྱི་མི་རེད་ལ། དཔའ་ནང་གི་ཡང་རྩེ་རེད། བདའ་མ་རྣམས་ཀྱིས་གནས་ཚུལ་དེ་གོ་བ་ཙམ་སྙིང་འདར་བཞིན་འདུག

  15. སད་ན་་ལེགས says:
    2011-10-08 at 3:38 am

    བཙན་བྱོལ་བོད་གཞུང་དམངས་དང་། སྲིད་དོན་མཁས་པར་རློམ་པ་དག སྲིད་དོན་ཚོགས་པ་ཁག རྒྱལ་སྤྱིའི་བོད་དོན་ཚོགས་པ་ཁག་ལ་སོགས་ཀྱིས། གཞིས་པ་བོད་མི་རྒྱལ་ཞེན་དང་སྙིས་སྟོབས་ཅན་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་སྲོག་གཏོང་བཞིན་པ་འདི་མཚམས་འཇོག་པར་འབོད་སྐུལ་མི་བྱེད་པ་དང་གཅིག རྒྱ་ནག་དམར་པོ་གཞུང་ལ་རྣམ་འགྱུར་གང་ཐུབ་མི་སྟོན་པ་གཉིས། ཁུ་སིམ་མེར་ལྟད་མོར་བལྟས་ནས་སྡོད་པ་གསུམ་བཅས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱིས་ཤིག

    ངོ་རྒོལ། ངོ་རྒོལ། ངོ་རྒོལ།

  16. རང་མགོ says:
    2011-10-08 at 9:23 am

    འདི་འདྲ་མི་མཐུད་དུ་འབྱང་ན་ཕྱི་སྡོད་བོད་པ་རང་འདུག་མི་ཉན། རྔ་བ་རྫོང་གཅིག་པོ་ནས་འདི་འདྲའི་
    གནས་ཚུལ་ཙམ་གྱིས་ཕན་ཐོགས་ཆེན་པོ་མེད་ཀྱང་བོད་ཡོངས་རྫོགས་ནས་ངོ་རྒོལ་ཞི་བའི་ཐབས་ལམ་གཞན་
    ཞིག་ནས་འགོ་བརྩམ་ན་བལྟ་ས་ཞིག་ཡོད་པ་རེད། བླ་སེང་ལ་དམའ་འབེལ་བྱས་པས་ཕན་པ་མེད། ཁོང་ལ་འཛམ་གླང་གི་མདུན་སར་ང་དང་ཁྱོད་ལྟ་བུའི་མཐོང་མ་གཏོགས་མེད། ཁོང་གི་ལས་ཀ་ནི་རྡ་སའི་
    ཆོས་ལུགས་དང་ཆོལ་ཁའི་བར་ན་ཡོད་། དེའི་སྟབས་ཀྱིས་འོས་ཤོག་ཐོབ་པ་མ་ཤེས་ན་ཁྱེད་ལྐུག་པ་རང་རེད།
    ང་ལ་མཚན་ན་རང་ལུས་མེར་ཕུལ་མཁན་ཚ་ོརང་ཐག་ཆོད་པའི་དཔའ་བོ་ཡིན་པར་བཤད་མི་དགོས་མོལ།
    ས སྲོག་གི་རིན་ལ་འབྲས་བུ་ཞིག་་མ་འོངས་པར་དགོས་ངེས་ཡིན།

  17. རིག་འབྱུང་རྒྱ་མཚོ says:
    2011-10-08 at 11:44 am

    བོད་ཀྱི་གནས་སྟངས་འདི་འདྲ་ཆགས་པ་དང་རྒྱལ་སྤྱིའི་གདེང་ཆའི་སྒང་དུ་སྐུ་ལུས་མེ་སྲེག་བྱེད་པའི་གནས་ཚུལ་འདི་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་པ་འདི་ཁོང་རྣམས་ཀྱི་བཀའ་དྲིན་རེད། གནས་ཚུལ་འདིས་བོད་མི་རྣམས་བཙན་དབང་བཏང་ཆོག་ཆོག་གི་མི་ཞིག་མིན་པའི་བདེན་དཔང་བྱེད་པ་རེད། གནས་ཚུལ་འདིས་རྒྱ་ནག་གཞུང་ལ་བོད་མི་རིགས་ནི་མི་མ་ཡིན་པའི་མི་ཞིག་ཡིན་པའི་ལྟ་སྟངས་ལ་ཤུགས་ཀྱིས་འགྲམ་ལྕགས་བཞེས་བ་ཞིག་ཏུ་འདོད།

  18. རེ་བ་ says:
    2011-10-09 at 5:37 pm

    ཡ་་་ད་་་ཡིན་ན་་་གཅིག་འཇུག་གཉིས་མཐུས་ངང་སྐུ་སྲོག་དོར་ན་མི་རིགས་རྒྱུན་འཛིན་བྱ་མཁན་ཉིན་རེ་ནས་ཉིན་རེ་འཛད་འགྲོ་ནེ་རེད། བོད་ནང་གི་དཔལ་རྒོད་ཚོས་སྐུ་སྲོག་བློས་གཏོང་མ་གནང་བར་ལས་འགུལ་རྒྱུན་གནས་ཐུབ་ཆེད་ལས་འགུལ་གཞན་པ་གནང་ན་དགེ་མཚན་ཆེ་བ་མེད་དམ་སྙམ་མོ།།

  19. རེ་བ་ says:
    2011-10-09 at 5:42 pm

    དྲ་གྲོགས་སད་ལེགས་མཆོག་གིས་གསུངས་པ་ལ་མངོན་པར་བསྟོད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme