Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་བོད་ནང་

Posted on 2009-03-012009-03-01 By དགེ་རབ་ 5 Comments on དེ་རིང་བོད་ནང་

དེ་རིང་བོད་ནང་གི་བོད་མི་ཞིག་ལ་གླེང་མོལ་བྱུང་སྐབས་གནས་ཚུལ་ངོ་སྤྲོད་བྱས་བ་ལྟར་ན།
དེང་སང་རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱི་རྒྱལ་ཡུལ་སྐོར་མི་སྣ་སོགས་ཡོང་རྒྱུར་བཀག་བསྡོམས་བྱས་ནས་དམ་དྲག་ཆེན་པོ་བྱེད་གྱི་ཡོད་མེད་ལ་མ་ལྟོས་བར་ཟླ་བ་འདིའི་སྤྱི་ཚེས་ ༢༦ ཉིན་རྔ་བ་རྫོང་ཐོག་དང་ཀིརྟི་དགོན་པ་སོགས་སུ་ཁ་སང་གི་དམར་གསོད་ལ་མ་སྐྲག་པར་དེ་རིང་གི་རྡུང་བརྡེགས་ལ་ཅི་ལ་སྐྲག། ད་ལོར་ང་ཚོར་སྨོན་ལམ་ཆེན་མོ་ཚོགས་ཏུ་མ་བཅུག་ན་རྒྱ་ནག་གཞུང་ལ་བོད་མི་ཚོ་མཉམ་རུབ་གྱིས་བསྐྱར་དུ་ཞི་བའི་ངོ་རྒོལ་བྱེད་དགོས་ཟེར་བ་སོགས་གྱི་ཡིག་ཆ་འདྲ་མིན་འགྲེམ་སྦྱར་བྱས་ཡོད་པ་དང༌། ཕྱི་ཉིན་སྤྱི་ཚེས་ ༢༧ བོད་ཟླ་དང་པོའི་ཚེས་གསུམ་ཉིན་ཀིརྟི་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་ཞིག་མཉམ་དུ་དགོན་པའི་འདུ་ཁང་ལ་སོང་ནས་སྨོན་ལམ་ཡར་ཚོགས་ལ་སྨོན་ལམ་ཚོགས་རྒྱུ་གྲ་སྒྲིག་བྱས་ཐབས་བྱས་ཡོད་ཀྱང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་སྔོན་མ་ནས་སྨོན་ལམ་ཚོགས་མི་ཆོག་པའི་བཙན་བཀའ་བཏང་བ་དང་བཀག་བསྡོམས་བྱེད་རྒྱུ་ཡིན་ཚུལ་བཤད་པ་བཞིན་ཉིན་དེར་དངོས་སུ་སྨོན་ལམ་ཚོགས་ཐུབ་མེད།
དེ་ནས་ཅང་མ་འགོར་བའི་ཉིན་གུང་གི་ཆུ་ཚོད་དང་པོ་ཙམ་ལ་རྔ་བ་རྫོང་ཐོག་གི་རྫོང་སྲིད་གཞུང་དང་བར་ཐག་ཉེ་བའི་བཞི་མདོ་ཞིག་ནས་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་བྷེ་ཟེར་བས་ལག་དུ་བོད་གྱི་རྒྱལ་དར་ཐོག་གོང་ས་མཆོག་གི་སྐུ་པར་ཡོད་པ་ཞིག་བསྒྲེངས་ཞོར་རང་ལུས་ལ་སྣུམ་བླུགས་ནས་ཡོང་ཡོད་པ་མེ་ལ་སྤར་ཡོད་པ་དང༌། ལུས་ཐོག་ན་མེ་ལྕེ་ལྷབ་ལྷུབ་དུ་འབར་བའི་ཁོང་གིས་སྐད་འབོད་བྱེད་ཞོར་ལམ་ཁ་ན་ཡོད་བའི་ཉེན་རྟོག་པའི་རླངས་འཁོར་ཞིག་ལ་འཇུ་ཐབས་བྱེད་སྐབས་དེ་མ་ཐག་མེ་མདའ་རྒྱབ་བའི་སྐད་སྒྲ་གསུམ་ཙམ་གྲགས་པ་དང་མཉམ་ཁོང་ས་ལ་འགྱེལ་སོང་བ་དང༌། དེ་ནས་དམག་མི་དང་མེ་གསོད་རུ་ཁག་གིས་རྡོག་རྫིད་གཏོང་བ་སོགས་བྱས་ནས་ལུས་ཐོག་ལ་འབར་བཞིན་མེ་གསོད་ཐབས་བྱས་རྗེས་ཤི་གསོན་གསལ་བོ་མེད་པར་དགེ་འདུན་པ་ཁོང་དམག་གི་རླངས་ལ་བླུགས་ནས་བཙན་གྱིས་ཁྲིད་ཡོད་འདུག། གོ་ཐོས་ལྟར་ན་རྫོང་གི་སྨན་ཁང་ལ་འཁྱེར་དུས་དགེ་འདུན་པ་ཁོང་ཤི་མེད་པ་དང༌། རྫོང་སྨན་ཁང་ནས་ཁོང་མྱུར་སྐྱོབ་བྱེད་ཐབས་མེད་ཚུལ་བཤད་ཡོད་ཚུལ་འདུག།
དེ་མ་ཐག་རྔ་བ་རྫོང་ཐོག་གི་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་རྒྱབ་དུ་བཅུག་པ་དང༌། སྲང་ལམ་ཁག་དུ་མི་ཕར་ཚུར་འགྲོ་བསྐྱོད་བྱེད་དུ་མ་བཅུག་པར་བཀག་བསྡོམས་བྱས་བ༌། ཀིརྟི་དགོན་པ་ཡོགས་སུ་དམག་གིས་སྐོར་བ་སོགས་བྱས་ཏེ་ས་གནས་གྱི་གནས་སྟངས་ད་ཆ་ཛ་དྲག་ཆེན་པོའི་ངང་གནས་ཡོད་བ་རེད་འདུག།
དགེ་འདུན་པ་ཁོང་ནི་ཨ་མ་མེ་ཁོ་དང༌། ཨ་ཕ་འཇིགས་སྐྲག་གཉིས་གྱི་བུ་ཡིན་པ་དང༌། རྗེས་སུ་ཁོ་གཉིས་བཟའ་ཚང་ཁ་བྲལ་ལ་སོང་ནས་ད་ཆ་ཕ་ཚབ་རབ་བརྟན་དང་ཨ་མ་མེ་ཁོ་གཉིས་དང་མཉམ་དུ་ཡོད་པར་རྔ་བ་མཐའ་བ་འགབ་མའི་ཁྲིམས་རྒན་ནས་ཡིན་པ་དང༌། ཀིརྟི་དུས་འཁོར་གྲ་ཚང་གི་དགེ་འདུན་པ་ཡིན་པར་ད་ལོ་ཕལ་ཆེར་རང་ལོ་ ༢༦ ཙམ་ཡིན་འདུག
ཀླུ་འབུམ་ནས་

གསར་འགྱུར།

Post navigation

Previous Post: བོད་དོན་མཇུག་སྒྲིལ་སྟངས་ཀྱི་བརྡ་རྟགས་ངོ་མ།
Next Post: བོད་ཀྱི་”ཞི་བའི་བཀའ་ཁྲིམས་བརྩི་མེད”ཀྱི་ལས་འགུལ་ཆེན་མོ།

Comments (5) on “དེ་རིང་བོད་ནང་”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-03-01 at 6:47 am

    གསར་འགྱུར་འདི་ཉིད་ཡོང་ཁུངས་གསུམ་ནས་དགེ་འདུན་པ་བཀྲ་བྷེ་ཟེར་ནས་མིང་འབོད་སྟངས་གཅིག་ཡིན་ཡང་། ཚང་མས་བཤད་པའི་ལོ་གཅིག་མཚུངས་མིན་པ་མ་ཟད། ཚང་མའི་ཁོ་རང་གི་ཤི་གསོན་ཡང་གཏན་ནས་ཤེས་ཀྱི་མི་འདུག་པ་མ་ཟད། གསར་འགྱུར་གཅིག་མཚུངས་མིན་པ་གཞན་ཞིག་ནི་མེ་མདའ་བརྒྱབ་ཡོད་མེད་ཀྱི་སྐད་ཆ་དེ་རེད། ང་ཚོ་ལ་གསར་འགྱུར་བ་ཞིག་རེག་ན་ཡང་མི་གཅིག་གི་གནས་ཚུལ་གསར་འགྱུར་ཁག་གསུམ་ཆགས་པ་འདི་ལ་བལྟས་ན་ཡང་ད་དུང་ང་ཚོས་དགེ་འདུན་པ་ཁོང་གི་གནས་སྟངས་ངོ་མ་ཤེས་ཀྱི་མེད་པ་ར་སྤྲོད་བྱེད་ཀྱི་འདུག ཚང་མས་ཁ་གཅིག་གྲགས་ཀྱི་གནས་ཚུལ་ཞིག་ཡོད་པ་ནི་དགེ་འདུན་པ་བཀྲ་བྷེའི་ལུས་ལ་མེ་སྒྲོན་ནས་སྐད་འབོད་བྱས་པ་དེ་ལས་ཤི་གསོན་གྱི་གནས་ཚུལ་སུས་ཀྱང་གསལ་བཤད་གསལ་བོ་ཞིག་མི་འདུག་ན་ཡང་། དྲ་ཐོག་གི་བོད་རིགས་སྤུན་ཟླ་གང་མང་ཞིག་གིས་དགེ་འདུན་པ་བཀྲ་བྷེ་མཆོག་གྲོངས་ཡོད་ཤག་བྱེད་ཀྱི་ཡོད་པ་རེད། གང་ལྟར། ད་ནི་དངོས་ནས་སེམས་པ་གཏིང་ནས་སྐྱོ་བ་ཞིག་ནི། སུམ་བཅུའི་ཉིན་མོ་སླེབས་རྒྱུར་ཉིན་གྲངས་བརྒྱད་ལས་ལྷག་མེད་སྟབས། ང་རང་ལ་དངོས་ནས་དམིགས་གསལ་གྱིས་བོད་ནང་གི་བོད་མི་དག་གི་ཚེ་སྲོག་གི་བདེན་འཇག་ལ་སེམས་འཁུར་ཡོད་པ་བཞིན། དྲ་གྲོགས་ཁྱེད་ཅག་ལ་ཡང་ཡོད་ངེས་པ་ཡིན་དུས་ང་ཚོས་རང་རང་གི་ས་ནས་གང་བྱེད་རྒྱུ་འདུག་བལྟ་དགོས་ཀྱི་ཡོད་པ་རེད།

  2. མགོན་པོ་ཕྱག་གཉིས་པ། says:
    2009-03-01 at 4:26 pm

    སྤྱི་ཟླ་གསུམ་པའི་ཚེས་གཅིག་ཉིན་རྔ་བ་རུ་ཡང་སྐྱར་ཁྲོམ་སྐོར་བྱས་པའི་གནས་ཚུལ་བྱུང་འདུག say དགོན་པ་ནས་གྲྭ་པ་༦༠༠ སྐོར་ནས་ངོ་རྒོལ་བྱས་ཚུལ་དང། གསར་གནས་གཞན་ཞིག་ཏུ་གྲྭ་པ་༥༠ སྐོར་ཅེས་བྲིས་འདུག ཉེ་སྔོན་གྱི་གྲྭ་པ་བཀྲ་པེ་ཞུ་བ་རང་ལུས་མེ་ལ་བསྒྲོན་མཁན་གྱི་དཔའ་རྒོད་དེའི་མགོ་དང་སྐེ་མེ་ལ་ཚིག་ཡོད་པ་དང་ད་ལྟ་ཁོང་སྨན་ཁང་དུ་ཡོད་སྐོར་ཀྱང་བྲིས་འདུག

  3. མགོན་པོ་ཕྱག་གཉིས་པ། says:
    2009-03-01 at 4:34 pm

    དེ་རིང་སྐད་འབོད་ཀྱི་ནང་དོན་སྨོནལམ་ཆེན་མོ་ཚོགས་འཇུག་དགོས་པ་དང་ས་དེའི་བཙོན་པ་རྣམས་གློད་དགོས་པའི་རེ་བ་བཏོན་འདུག

  4. ཤར་རལ་གྲི says:
    2009-03-01 at 10:29 pm

    དངོས་ནས་དཔའ་རྒོད་འདི་ཚོའི་རིགས་ལ་རྗེས་སུ་ཡི་རངས་ཞུ། ད་ལྟ་ཁོ་ཚེ་འདི་ཕྱི་གང་དུ་ཡོད་མེད་ཀྱང་མ་ངེས་པ་འདི་ང་ཚོ་ཕྱི་རབས་པ་དང་གྲོགས་པོ་ཚོའི་ངོ་ཚ་ཡིན་པས། ང་ཚོའི་ཀྱང་མི་རེའི་ངོ་རེ་ནས་འདིའི་རིགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེན་རེད།

    སེང་དར་དགུང་ལ་འཕྱར་བའི་སྙིང་སྟོབས་ཅན།།
    སྐུ་པར་མཐོང་གྲོལ་ངོམས་པའི་གཏན་ཚིགས་ཅན།།
    རང་ལུས་ཕངས་མེད་སྦྱིན་པའི་ཞེ་སྟོབས་ཅན།།
    དཔའ་རྒོད་བཀྲ་བྷེ་དགྲ་ལས་རྒྱལ་གྱུར་ཅིག།

  5. ཤེས་རབ་ says:
    2009-03-02 at 4:03 am

    ཨ་ཤུ་རེ་ཁོ།  བུ་རབ་དེའི་དབུ་འཕང་དགུང་ལ་བསྟོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme