Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་བལ་ཡུལ་ནང་གི་ལས་འགུལ་དང་བོད་མི་འཛིན་བཟུང་།

Posted on 2012-03-10 By ཁ་བརྡ་ 5 Comments on དེ་རིང་བལ་ཡུལ་ནང་གི་ལས་འགུལ་དང་བོད་མི་འཛིན་བཟུང་།

རྐྱང་ཕྲུག་ནས།

སྤྱི་ཟླ་༣་ཚེས་༡༠ཉིན་གྱི་སྔ་དྲོ་བལ་ཡུལ་ནང་གནས་སྡོད་བོད་མི་ཁག་ཅིག་འདུ་འཛོམས་ཀྱིས་སུམ་ཅུའི་དུས་དྲན་ཐེངས་༥༣པ་དེ་སྲུང་རྩི་བྱས་སོང་། སྐབས་དེར་བལ་ཡུལ་བོད་མིའི་དངས་བླངས་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིས་ལས་བླ་མ་ཡང་ཕེབས་འདུག ཚོགས་ཐོག་དེར་བཀའ་ཁྲི་བློ་བཟང་སེངྒེའི་གསུང་འཕྲིན་མང་ཚོགས་ལ་སྒྲོག་སྦྱང་གནང་བ་དང་། སུམ་ཅུའི་དྲན་གླུ་དང་མི་མང་ལངས་གླུ། བོད་ཀྱི་རྒྱལ་གླུ་དང་བལ་ཡུལ་གྱི་རྒྱལ་གླུ། ཚད་མེད་ཡོན་ཏན་བཅས་རྔ་རོལ་དང་དབྱངས་རྟའི་ལམ་ནས་སྐྱོར་སོང་། དེ་རྗེས་བསང་གསོལ་བཅས་བྱས་ཏེ། མཛད་སྒོ་མཇུག་སྒྲིལ་ཡོད་ནའང་། སྐབས་དེར་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྐོར་ལམ་གཡས་གཡོན་གང་སར་བལ་ཡུལ་གྱི་དྲག་ཆས་སྤྲས་པའི་ཉེན་རྟོག་པ་གང་མང་ཞིག་འགྲེམ་འཇོག་བྱས་འདུག ཕར་བལྟས་ཚོད་ལ་གཡུལ་ས་ལྟ་བུ་ཞིག་མིན་ནམ་སྙམ་པའི་ཚོར་སྣང་སྐྱེས། ཁོང་ཚོས་གང་བྱུང་བོད་མི་ལམ་འགྲོ་བ་དེ་ཚོ་ཡང་འཇུ་བཟུང་བྱེད་རྒྱུའི་མགོ་བརྩམས་ཀྱིན་འདུག སྐབས་དེ་དུས་ཁོ་བོས་དངོས་སུ་མཐོང་བ་ལ་ཉེན་རྟོག་པ་ཚོས་བསམ་གཏན་གླིང་གི་སྒོ་འགྲམ་དེ་ག་རང་ནས་ཤེལ་དཀར་ཆོས་སྡེ་དགོན་པ་ནས་ཡིན་པའི་གྲྭ་པ་གཉིས་ལ་དོན་མེད་འཛིོན་བཟུང་བྱེད་རྩིས་བྱས་ཏེ་དགེ་འདུན་པ་དེ་གཉིས་ལ་ཉེན་རྟོག་པས་འཐམ་སོང་། འོན་ཀྱང་མང་ཚོགས་ཀྱིས་ཚུར་འཕྲོག་ཐུབ་པ་བྱུང་སོང་། དེ་ནས་རིམ་པས་དགོན་པའི་རྒྱ་སྒོ་ཉེན་རྟོག་པས་བཀག་ནས་བོད་མི་རྣམས་རིམ་པས་ཕྱི་ལ་བཏང་བྱུང་། དེ་རྗེས་མཆོད་རྟེན་སྐོར་ལམ་ནས་དོན་མེད་བོད་མི་འཇམ་དཔལ་དང་ཨ་ཡེ་ཟེར་པ་གཉིས་ཀྱང་འཛིན་བཟུང་བྱས་འདུག མཛད་སྒོ་དེ་གྲོལ་བའི་རྗེས་སུ་ཉིན་རྒྱབ་ཚོུད་༢ཙམ་ལ་འཇོ་ཁེལ་ས་གནས་དང་བྷོ་དྷ་བཅས་ནས་ཡིན་པའི་མི་མང་ཁ་ཤས་ཤིག་གིས་དང་བླངས་ཐོག་ནས་རྒྱ་མིའི་གཞུང་ཚབ་མཐོང་མཆེན་ཞུ་སའི་སྒོར་ཞི་བའི་སྐད་འབོད་བྱས་འདུག རིམ་པས་ཉེན་རྟོག་པས་ཁོང་ཚོ་བོད་མི་༦འཛིན་བཟུང་བཙན་ཁྲིད་བྱས་འདུག་ཀྱང་། ལས་འགུལ་དེའི་སྔོན་ཙམ་ལ་ལམ་བར་ནས་རྒྱ་མིའི་གཞུང་ཚབ་ཀྱི་ཕྱོགས་སུ་སྐྱོད་བཞིན་པའི་བོད་རིགས་བུད་མེད་གསུམ་ཡང་འཛིན་བཟུང་བྱས་འདུག ཁྱོན་བསྡོམས་དེ་རིང་བལ་ཡུལ་ནང་གི་ཉེན་རྟོག་པས་བོད་མི་༡༡འཛིན་བཟུང་བྱས་འདུག ད་ལྟའི་ཆར་ཁོང་ཚོ་བཙོན་ཁང་གང་དུ་ཡོད་པ་དང་གནས་སྟངས་ག་འདྲ་བྱུང་ཡོད་མེད་གང་ཡང་ཤེས་རྟོགས་མ་བྱུང་།

གསར་འགྱུར།

Post navigation

Previous Post: སྦེལ་ལྗམ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི།
Next Post: དོན་ཆེན་གཙོ་བོ་བྱས་ནས་དོན་ཆུང་བློས་གཏོང་དགོས་ནི་རེད།

Comments (5) on “དེ་རིང་བལ་ཡུལ་ནང་གི་ལས་འགུལ་དང་བོད་མི་འཛིན་བཟུང་།”

  1. ཀིརྟི་སྐྱབས། says:
    2012-03-10 at 10:59 pm

    རྒྱ་གར་དང་ཨ་རིར་སོགས་ཞི་བདེ་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་དུ་སྐད་འབོད་བྱས་ཀྱང་འཛུན་བཟུང་བྱེད་ཀྱིན་མེད་ཡང་་་ཡིད་སྐྱོ་བ་ཞིག་ལ་་་་རྒྱ་ནག་གི་་་རྒྱུགས་ཁྱི་བལ་ཡུལ་གིས་བོད་མའི་བདེ་སྐྱིད་ལ་མཐོང་ཆུང་བྱེད་ཀྱིན་འདུག

  2. བྲག་རྡོ། says:
    2012-03-11 at 12:53 am

    གནས་ཚུལ་འདིར་བཀོད་པ་བཀའ་དྲིན་ཆེ། མ་གཞི་ནས་བལ་ཡུལ་གི་གནས་ཚུལ་ལ་བལྟས་ན་འདི་འདྲ་ཡོང་བ་གཏན་ཁེལ་བསྡད་པ་ཅིག་རེད། འོན་ཀྱང་བོད་མི་དེ་ཚོ་ལ་གདུང་སེམས་མཉམ་བསྐྱེད་ཡོད། ལས་འགུལ་ནང་ཉམས་ཞུགས་བྱེད་མི་ཡོངས་ལ་བཀའ་དྲིན་ཞུ།

  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-03-11 at 4:10 am

    རྐྱང་ཕྲུག་འདི་ངར་བ་ཞིག་རེད། བར་རུབ་བར་ནས་གནས་ཚུལ་དྲ་ཐོག་ལ་བསྐྱལ་ནས་བུད་སོང་ཟིག། ཧ་ཧ་ཧ་ཧ་་་། ཧྲ་ཀི ངར་ཀི ཤུགས་རྒྱོབས་ཤོག

  4. བདེན་རྒྱབ། says:
    2012-03-11 at 1:07 pm

    དེ་དངོས་ཡོད་གནས་ཚུལ་རེད། ཁོ་བོས་ལྟས་ལྟས་རིག་རིག་ལ་ཉེན་རྟོག་པས་རྡུང་བཟུང་ཁྲིད་གསུམ་བྱས་སོང་ང། སྤྱིར་བལ་གཞུང་གིས་བོད་མི་ཚོར་༢༠༠༨ ནས་བཟུང་སྡང་པོ་རང་ཅིག་བྱས་སོང་བས་དེ་སྙིང་ནད་ཆེན་པོ་ཅིག་ངེད་ཡོངས་ལ་ཡོད།

  5. རྐྱང་ཕྲུག་ says:
    2012-03-12 at 2:58 am

    དེ་སྔོན་ཕྱི་ལོ་༢༠༠༨ལོ་ལ་བལྟས་ན་བལ་ཡུལ་གྱི་ཉེན་རྟོག་པས་བོད་པར་ཉེས་རྡུང་དེ་འདྲ་གཏོང་གི་མི་འདུག དེ་ཡང་བལ་ཡུལ་གྱི་ཉེན་རྟོག་རྣམས་ཡ་རབ་སོང་བ་དེ་འདྲ་མིན་པར་སེམས། ཕྱོགས་གཅིག་ནས་བལ་ཡུལ་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་གང་ལ་གང་མཚམས་ཐེབས་ཡོད་ཅིང་། ཕྱོགས་གཅིག་ནས་བལ་ཡུལ་གྱི་ཉེན་རྟོག་པ་དེ་ཚོ་མང་པོ་ཞིག་སྦྱོང་བརྡར་བྱེད་དུ་ཕྱི་ལ་འགྲོ་བཞིན་ཡོད་པ་རེད། སྦྱོང་བརྡར་དེ་དག་གི་ཁྲོད་ནས་ཞི་བའི་ལམ་ནས་མི་འཛིན་བཟུང་བྱེད་སྟངས་ཀྱིས་མཚོན་པའི་གནས་ལུགས་མང་པོ་ཞིག་གི་ཐོག་སྦྱོང་བརྡར་སྤྲད་ཡོད་པ་དེས་ཀྱང་ཡིན་ཤས་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme