Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གླིང་ཚ་ལྡི་ལི་ནས་སྤྱི་ལེ་༣༡༠བརྒལ་འདུག

Posted on 2013-04-192013-04-19 By ཁ་བརྡ་ 17 Comments on དེ་རིང་གླིང་ཚ་ལྡི་ལི་ནས་སྤྱི་ལེ་༣༡༠བརྒལ་འདུག

དེ་རིང་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཞི་བའི་གོམས་བགྲོད་ཐེངས་གཉིས་པ་དབུ་འཛུགས་ཀྱིས་ཉིན་བཞི་བཅུ་ཞེ་གཅིག་པར་འགྲོ་བཞིན་ཡོད་པ་དང་། དེ་རིང་ལྡི་ལི་ནས་ཕར་སྤྱི་ལེ་སུམ་བརྒྱ་དང་བཅུ་བརྒལ་བའི་ས་མཚམས་རྒྱ་གར་UPམངའ་སྡེ་ནང་གི་Banthra shahghanpur ནང་བསྐྱྱོད་བཞིན་ཡོད་འདུག་ལ། ལམ་བར་དུ་རྒྱ་གར་ཡུལ་མིའི་གནས་ཚང་གཡར་བ་སོགས་ཀྱི་ཐད་རོགས་རམ་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་པ་མ་ཟད་རྒྱ་གར་ཉེན་རྟོག་པ་རྣམས་ཀྱིས་ཀྱང་རྣམ་འགྱུར་ཧ་ལས་པའི་ཡག་པོ་སྟོན་གྱིན་འདུག་ཅེས་འགྲེལ་བརྗོད་གནང་སོང་།

ཡིན་ནའང་། ལམ་བར་དུ་ས་སྟོང་མང་པོར་འཁེལ་བ་དང་ཚ་བ་ཆེ་བའི་རྐྱེན་སྐོམ་ཆུ་མ་རག་པའི་དཀའ་ངལ་དང་། ཁྲུས་བྱེད་ས་མ་རག་པའི་དཀའ་ངལ་མང་ཙམ་འཕྲད་ཀྱིན་ཡོད་འདུག་ལ། དེ་རིང་ཕྱི་དྲོ་རྒྱ་གར་གྱི་ལྷ་ཁང་ཞིག་ལ་གནས་ཚང་གཡར་ས་རག་སྟེ་་ཁྲུས་བྱེད་ས་དང་གོན་པ་ཁྲུ་སའང་སྟབས་བདེ་ཞིག་རག་ཡོད་རྐྱེན་དེ་རིང་ཕྱི་དྲོ་ངལ་གསོས་ཏེ་གོན་པ་ཁྲུས་ནས་བསྡད་འདུག

ཉིན་ཤས་སྔོན་ནས་ཁོང་གི་ཞི་བའི་གོམ་བགྲོད་ནང་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་མཉམ་ཞུགས་གནང་ཡོད་པ་དང་། ཁོང་ཁྱོན་བསྡོམས་ཉིན་བཅོ་ལྔར་མཉམ་ཞུགས་གནང་རྒྱུ་ཡིན་འདུག

 

གསར་འགྱུར།

Post navigation

Previous Post: རྒྱ་སྲས་མེ་ཏོག
Next Post: སྔ་མོའི་འདྲེ་སྒྲུང་།

Comments (17) on “དེ་རིང་གླིང་ཚ་ལྡི་ལི་ནས་སྤྱི་ལེ་༣༡༠བརྒལ་འདུག”

  1. ཁྱུང་དཀར says:
    2013-04-19 at 12:53 pm

    རྒྱལ་གཅེས་པ་གླིང་ཚ་མཆོག་རྒྱལ་གྱུར་ཅིག རྒྱལ་གྱུར་ཅིག རྒྱལ་གྱུར་ཅིག

  2. BONPO says:
    2013-04-19 at 11:17 pm

    གླིང་ཚ་ཚེ་བརྟན་རྡོ་རྗེ་ཁྱེད་ཀྱི་འདོད་པའི་དོན་ཀུན་འགྲུབ་པར་ཤོག། མོ་ཊའི་ལམ་ཟུར་ནས་གོམས་པ་བརྒྱབ་ནས་འགྲོ་དུས་གཟབ་གཟབ་གནོངས། རྒྱ་གར་བའི་ཁ་ལོ་བ་དེ་ཚོ་ཞེ་སྣང་ཚ་པོ་ཡོད་རེད། རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་བདག་པོ་ལེགས་པར་བྱོས། སྐུ་ཚེ་རིང་། །

  3. བདུད་རྡོ says:
    2013-04-20 at 1:44 am

    སྙིངས་སྟོབས་ལ་ཡི་རང་དང་བར་ཆད་མེད་པའི་སྨོན་ལམ་གྲངས་མེད་འདེབས།

  4. མ་ཧཱ་སིདྡྷི། says:
    2013-04-20 at 2:22 am

    གཞིས་བྱེས་གཉིས་ཀྱི་བདེ་སྡུག་བསམ་ནས།།
    ས་ཡ་དྲུག་པོའི་བང་ཆེན་བསམ་ནས།།
    ༧གོང་ས་མཆོག་གི་དགོངས་གཞི་བསམ་ནས།།
    གླིང་ཚས་དཔའ་བོ་ཁེར་འགྲོས་བྱས་སོང་།
    ཨ་རོགས་ཁམས་པར་བློ་ཁོག་ཡོད་ན།།
    ཨ་མདོའི་ཕོ་རྒོད་དེ་ལ་བལྟོས་ཤིག།
    ཨ་གསར་ཅན་གྱི་དབུས་གཙང་མིན་ན།།
    ཨ་ལེ་མ་བཞུགས་གོམས་བགྲོད་ཕེབས་ཤིག
    ཁྱེད་ནི་གངས་དཀར་སྟོད་ཀྱི་སེངྒེ།།
    ཁྱེད་ནི་དངས་གཙང་སྔོན་མོའི་གསེར་ཉ།།
    ཁྱེད་ནི་ཙན་དན་ནགས་ཀྱི་རྒྱ་སྟག།
    ཁྱེད་ནི་གདོང་དམར་བོད་ཀྱི་དཔའ་བོ།།

  5. རྟ་བདུན་དབང་བོ says:
    2013-04-20 at 4:06 am

    གླིང་ཚ་ལགས་ལ་བོད་སྤྱིའི་དོན་དུ་སེམས་་ཤུགས་ཆེན་པོ་འདུག རྗེས་སུ་ཡི་རངས་ཡོད། ཁྱེད་ཀྱི་སྐུ་ཚེ་ལ་བར་ཆད་མེད་ཅིང་བསམ་པའི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་སྨོན་འདུན་ཞུ། །

  6. ཐབས་ཇུས་ཅན says:
    2013-04-20 at 7:52 am

    བོད་མི་ཁ་ཤས་ཀྱིས་ཁ་ན་གྲ་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་བར་དུ་གོམས་བགྲོད་ཞིག་སྣང་འཆར་ཡོད་པ་གོ་ཐོས་བྱུང་། གླེང་ཚ་ཚེ་བརྟན་རྡོ་རྗེ་རྒྱལ་གྱུར་ཅིག །

  7. མ་ཧཱ་སིདྡྷི། says:
    2013-04-20 at 11:14 am

    གཞོན་ནུའི་རང་བཙན་བགྲངས་ནས་བརྩད།།
    དབུ་མ་ཉལ་ནས་རེ་བ་བྱས།།
    གླིང་ཚས་བོད་དོན་འགྲོས་ནས་བརྩད།།
    བརྩད་སྟངས་མི་འདྲ་ཁ་ཁ་ཡིན།།

  8. ཨ says:
    2013-04-20 at 2:31 pm

    དེ་རིང་ཁ་སང་། དུས་ཚོད་ཀྱིས་ང་གཙབས་རལ་གཏོང་གིན་ཡོད། འོན་ཀྱང་ང་སང་ཉིན་ཤི་ཀི་དེ་རིང་ཡིན་རུང་། ངས་ཁྱེད་ཀྱི་ཡིད་དུ་འོང་བའི་ཡོད་ཚད་ལ་དད་པ་བྱེད་ངེས་་་་་་་་་

  9. སྡོང་ཆུ་མིག says:
    2013-04-20 at 3:30 pm

    བཀུར་འོས་པའི་གླིང་ཚའི་བསམ་དོན་ཐམས་བཅད་འགྲུབ་པའི་སྨོན་འདུན་དང་བཅས་ཏེ་སྐུ་ཚེ་ཡུན་རིང་དུ་བསྟན་པའི་སྨོན་ལམ་འདེབས་། ཁྱོད་ནི་ངའི་སེམས་སྟེང་གི་དཔའ་རྒོད། གླིང་ཚ་རྒྱལ་གྱུར་ཅིག

  10. ཐབས་ཇུས་ཅན says:
    2013-04-20 at 5:14 pm

    རང་དོན་གཅིག་པོའི་ཆེད་དུ་བསམ་བློ་བཏང་བ་མ་ཡིན་པར། བོད་པའི་རིག་གཞུང་གོམས་སྲོལ་དང་རང་གི་མི་རིགས། ལྷག་པར་ཏུ་སྐད་དང་ཡི་གེར་བརྩེ་བ་ཟབ་པའི་བཙན་བྱོལ་བོད་མི་ཚོས་ཞི་བའི་གོམས་བགྲོད་པ་གླེང་ཚ་ཚེ་བརྟན་རྡོ་རྗེ་རྒྱ་གར་དང་བོད་ཀྱི་ས་མཚམས་ལ་མ་སླེབས་གོང་སེམས་ལ་གྲ་སྒྲིག་ཞིག་དགོས་ངོས་ལ་སོང་། ཚོགས་པ་དང་མི་སྒེར་བ་སུ་ཡིན་རུང་། ང་ཚོའི་ངོ་རྒོལ་གྱི་རྣམ་པ་ཆེ་ཆུང་གང་ཡིན་རུང་། གཅིག་གིས་གཅིག་ལ་རྒྱབ་སྐྱོར་གྱིས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེ་རུ་གཏོང་རྒྱུ་ནི་ང་ཚོའི་ལས་འགན་རེད་བསམ་ཡོད། གོ་སྐབས་འདི་འདྲ་ཡོད་དུས་རིགས་པ་མ་བསྒྲིམ་ན་རྗེས་མར་རྒྱབ་སྐྱོར་བྱེད་བསམ་ཡང་བྱ་ས་མེད་པའི་དཀའ་ངལ་མེད་པ་མ་རེད། ང་ཚོའི་གཞུང་དང་ཚོགས་པ་ཁག་ད་དུང་མི་སྒེར་བ་སུ་ཡིན་རུང་གླིང་ཚ་ལྟ་བུའི་རང་སྲོག་བློས་གཏོང་གི་དང་བླངས་ལས་འགུལ་བ་ཡོད་ན། ང་ཚོའི་སྤོབས་པ་དང་ལ་རྒྱ་ཡིན་པ་ཤེས་དགོས། ང་ཚོས་ཁོང་གི་ལས་འགུལ་འདི་རྒྱལ་སྤྱིའི་སྒང་ལ་ཁྱབ་བསྒྲགས་ཤུགས་ཆེ་རུ་བཏང་ནས་རྒྱ་བསྐྱེད་དགོས།

  11. ཐུ་བ་རྒྱ་མཚོ། says:
    2013-04-20 at 5:30 pm

    རེད། ཐབས་ཇུས་ཅན་བདེན་གི ང་ཚོས་ཁོང་རྒྱལ་སྤྱིའི་སྒང་ནས་གོ་ཐུབ་པ་ཞིག་བྱ་དགོས་པ་རེད། བོད་པའི་རླུང་བརྙན་འཕྲིན་ཁང་གི་རྣ་བ་དེ་འང་གླིང་ཚའི་ཕྱོགས་ལ་བསྐོར་རན་རེད།

  12. ཅོག་མྱི། says:
    2013-04-20 at 9:23 pm

    གཞོན་ནུ་མཇེ་ལྟར་སྒྲེངས་ན་མི་སྐྱོན་ཀི
    དབུ་མ་ཉྭ་མ་ཉལ་ནའང་མི་སྐྱོན་ཀི
    བླུན་པོ་མགོ་སྟོང་ལྟོ་བ་འགྲེངས་ཙ་ན།
    རྒྱ་ལ་གུས་ཕྱག་འཚལ་བ་འདི་ནི་འཚང་།

  13. མ་ཧཱ་སིདྡྷི། says:
    2013-04-20 at 10:17 pm

    ཐབས་ཇུས་ཅན་ནས་ཡག་པོ་གསུངས་འདུག་ང་ཚོ་བོད་པའི་སྤྱི་ཚོགས་འདིར་གཞན་ལ་མེད་པའི་ནད་ངན་ཞིག་ཡོད་པ་དེ་ནི་ང་ཚོའི་མི་རིགས་དང་། ང་ཚོའི་མཁས་དབང་། ང་ཚོའི་འཐབ་རྩོད་པ། ང་ཚོའི་ཆེད་ལས་པ་སོགས་ལ་མཐོང་མེད་པ་རེད། མ་ཟད་མཁས་དབང་དང་དེང་དུས་ཀྱི་ཤེས་ཡོན་ཅན་རེ་གཉིས་སྤྱི་ཚོགས་ཁྲོད་དུ་བྱུང་ན་དེ་ལ་རྒྱབ་རྩ་བྱེད་རྒྱུ་ཕར་ཞོག་གཉའ་ནས་ཕབས་ཤིང་། རྐང་པ་ནས་མར་དྲུད་ཅི་ཐུབ་བྱེད་རྐྱང་ཡིན། དཔེར་མཚོན་མདོར་བསྡུས་ཞིག་ཞུས་ན་ད་ལྟ་གོམས་བགྲོད་བྱེད་བཞིན་པའི་གླིང་ཚ་ལྟ་བུར་མཚོན་ན་ཁྱིམ་ཚང་གཉིས་ཐམ་པ་བུ་ཕྲུག་ཆུང་མ་དང་བཅས་པ་བློས་གཏངས་བ་མ་ཟད་ཐ་ན་ཁོ་རང་གི་གཅེས་པའི་སྲོག་ཀྱང་གཏའ་མར་བཞག་ནས་བོད་མི་ས་ཡ་དྲུག་པོའི་བདེ་སྡུག་གི་ཆེད་དུ་ཡིན་པ་ལས་ཁོ་རང་སེམས་ཁམས་མ་བདེ་བ་དང་། གཟའ་ཚང་དང་དཔལ་འབྱོར་སོགས་ཀྱི་དཀའ་ངལ་གང་ཡང་མིན་པ་ནི་ཚང་མས་ཤེས་གསལ་ལྟར་རེད། འོན་ཀྱང་ད་དུང་དེ་ལ་རྒྱབ་རྩ་བྱེད་རྒྱུ་ཕར་ཞོགས་དྲ་འབུ་ཁ་ཤས་ནས་རང་གི་ནང་ཆ་ཕྱི་རུ་འདོན་ནས་སྨྱོ་ལབ་བྱེད་སྟངས་འདི་ལ་བལྟས་ན་ཤེས་གསལ་རེད།

  14. གནམ says:
    2013-04-20 at 11:17 pm

    རྒྱལ་སྤྱི་ལ་གསལ་བསྒྲགས་བྱས་ནས་ཁ་གྲགས་ཀི་འཇུག་ཡ་དེ་གླིང་ཚ་ཁོང་གི་འཐབ་རྩོད་མ་ཡིན་པས་ང་ཚོ་ལ་བྱ་ཐབས་བྲལ་བ་རེད། བོད་མི་ཚོ་བཟང་ས་ནས་བཟང་པོ་དང་སྡུག་ས་ནས་སྡུག་རྐྱལ་ཡོད་པ་གསལ་པོ་རེད། ཡིན་ན་ཡང་བོད་མི་ཚོས་ཤ་ཚ་བ་དང་འདང་ཆེ་བའི་ཞུ་སྐུལ་མང་པོ་འཐེན་པ་རེད། གཅན་ཚང་སྒོ་ལ་ར་རོ་བསྐྱལ་བའི་དགོས་བ་མེད་པ་ཡང་མང་པོ་བཤད་པ་རེད། བོད་མི་ལ་ཁྱོད་ཤི་བ་ལས་གསོན་པའི་ཕན་པ་ཡོད་པ་ཡང་མང་པོ་བཤད་པ་རེད། འདི་ལ་བདེན་ཁ་སྟེར་བའི་རེ་བ་ཞིག་ཞུ་ས་མེད་པའི་ཨུ་ཚུགས་བརྒྱབས་པ་རེད།
    དེ་མིན།
    གླིང་ཚ་ཁོ་རང་གིས་ཡང་རྒྱལ་ཁབ་སོ་སོའི་སྲིད་སྐྱོང་མི་སྣ་ལ་ངག་ཐོག་ནས་གཟིགས་མཐོང་དང་ཡིག་ཐོག་ནས་འཕྲིན་སྐུར་སོགས་ཕྱོགས་གཉིས་ཀྱི་སྒང་ནས་འཐབ་རྩོད་ཀྱི་ལས་གཞི་ལ་རྒྱབ་བརྟེན་ཞུ་འབུལ་ཞུས་ན་འགྲིགས་པ་ཞིག་རེད། ཁོང་ལ་དེ་ལྟར་བྱེད་ཐུབ་པའི་ལྟ་བ་དང་ཡོན་ཏན་ཡོད་ཟེར་གི་ཡོད་པ་རེད། འོན་ཀྱང་། མྱི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་ར་ཁ་དྲུག་ཅུ་ཟེར་བ་ལྟར། རྒྱ་འདྲེ་ཚང་ལ་ཕོག་ཐུག་མེད་པར་མགོ་འདེགས་ཞུ་ཡ་འདི་འདེམས་པ་རེད། རྩ་དོན་འདིའི་སྒང་ནས་བོད་མི་ཚོས་བོད་མིའི་བར་དབྱེན་དཀྲུག་མེད་ན་ཡག།

  15. རྒྱ་ཞིང་མྱི་དཀར says:
    2013-04-21 at 1:34 pm

    ཁེར་རྐྱང་མི་ཡིའི་སྣང་བརྙན་མཐོང་ཚེ།།
    སྐྱོ་གདུང་སེམས་ལ་ཟིག་ངུ་འབྱུན་ཀི།
    སྟོང་གསུམ་གཡོ་བའི་སེམས་བསྐྱེད་དྲན་དུས།།
    ཡུ་རིང་སེམས་པ་ཁྱོད་ལ་ཤོར་ཀི།

    ཤུལ་ལས་ཕ་མའི་གདུང་བ་བསམ་ན།།
    བྲལ་བའི་སྙིང་སྟོབས་སུ་ལ་འགྲན་བཟོད།།
    གཅེས་བའི་ཕྲུ་གུ་བདག་ལ་དབང་རུང་།།
    རྒྱལ་དོན

  16. བསྟན་འཛིན་ says:
    2013-04-22 at 10:16 pm

    སྙིང་རྗེ། དཀའ་ངལ་ཆེ་གི ལམ་ཁ་གཞན་རེ་བདམ་ན་ཨེ་ལེགས་སྙམ།

  17. ནུབ་ཕྱོགས་ཀྱི་བྱ་གླག། says:
    2013-05-01 at 1:56 am

    རྒྱ་གར་ལུང་པ་ཚ་བ་ཆེ་དང་ཅིག། སྟག་གཟིགས་དུག་སྦྲང་ཟ་འབུ་མོང་དང་གཉིས། ལམ་འགྲུམ་འཕྲུལ་འཁོར་འཇིག་སྣང་ཆེ་དང་བཞི། ལམ་ཟུར་འགྲུམ་པའི་ཁེར་རྐྱང་གཟབ་རོག་གནང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme