Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་རེབ་གོང་། ༢

Posted on 2012-03-142012-03-15 By ཁ་བརྡ་ 14 Comments on དེ་རིང་གི་རེབ་གོང་། ༢


ཤར་སྐལ་ལྡན་རྒྱ་མཚོ་ཚང་མི་མང་དཀྱིལ་དུ་ཕེབས་ནས་བཀའ་སློབ་གནང་བཞིན་པ།

གསར་འགྱུར།

Post navigation

Previous Post: དེ་རིང་གི་རེབ་གོང་།
Next Post: སྐྱབས་རྗེ་ཤིང་བཟའ་ཚང་ལ་ཕུལ་བའི་གུས་ཕྱག

Comments (14) on “དེ་རིང་གི་རེབ་གོང་། ༢”

  1. yeshe says:
    2012-03-14 at 7:02 pm

    དགོན་པ་ཆེན་པོའི་བླ་མ་ཡིན་ན་འགན་ཁུར་ལྕི་མོ་རེད།

  2. རག་ཕྱགས་རྡོར says:
    2012-03-14 at 8:37 pm

    གོ་ཐོས་ལ་རེབ་གོང་ནི་སྤྱི་ཚོགས་གསར་རྙིང་གང་ཡིན་ན་མདོ་སྨད་ཁོལ་དུ་ཆོས་དང་འཇིགས་བརྟེན་གསོལ་བསྟོད་སའི་གཞི་དང་མདོ་སྨད་ཁོལ་མཁས་དབང་དང་བརྩོམ་པ་པོ་རྣམས་ཀྱི་འཁྲུང་སའི་བསྟེ་གནས་ཡང་ཡིན་ཁྱེད་རྣམས་ཀྱི་སྙིང་སྟོབས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རིང་ཡོད་བོད་རྒྱལ་ལོ་བོད་རྒྱལ་ལོ་ན་གཞོན་གྱི་བོད་ཀྱི་སློབ་མ་དག་རྒྱས་རྒྱལ་གྱུར་གཅིག

  3. ངཔྱིད་འགོའི་མེ་ཏོག says:
    2012-03-14 at 9:39 pm

    ༧སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་ལ་ཐུགས་རྗེ་ཆེ་སློབ་གསོ་མ་བཏང་ན་གྲ་སྒྲིག་མེད་པའི་ལས་འགུལ་ཁྲོད་དཔའ་བོ་མང་པོས་ཚེ་སྲོག་ཤོར་རྒྱུ་རེད།

  4. ཟངས་རྡོ། says:
    2012-03-14 at 9:47 pm

    རེབ་གོང་ནི་ཤེས་བྱའི་ཕ་ས་དང་སྒྱུ་སྩལ་གྱི་འབྱུང་ཁུངས་ཉིད།།
    གངས་ཅན་པའི་མཁས་དབང་གྲགས་ཅན་དགེ་འདུན་ཆོས་འཕེལ་དང་དཔལ་དོན་འགྲུབ་རྒྱལ་ལ་སོགས་པའི་གཞན་དྲང་མི་འཇོག་པའི་སྐྱེ་བུ་མང་དག་ཅིག་འཁྲུངས་མྱོང་། བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་རྒྱལ་གྱུར་ཅིག

  5. ཀརྡོ་གཉེར་ཕྱག་པ་ says:
    2012-03-15 at 2:21 am

    ༧སྐྱབས་མགོན་ཤར་སྐལ་ལྡན་རྒྱ་མཚོ་མཆོག་རྒྱལ་འགྱུར་ཅིག
    བོད་མི་མང་དང་། བོད་ཀྱི་ཟཟས་རིག་རྒྱལ་འགྱུར་ཅིག
    བདེན་པ་ཉིད་རྒྱལ་འགྱུར་ཅིག
    བོད་རྒྱལ་ལོ། །

  6. ཀརྡོ་གཉེར་ཕྱག་པ་ says:
    2012-03-15 at 2:22 am

    བོད་མི་མང་དང་། བོད་ཀྱི་ཟཟས་རིག་རྒྱལ་འགྱུར་ཅིག
    འདི།
    བོད་མི་མང་དང་། བོད་ཀྱི་ཤེས་རིག་རྒྱལ་འགྱུར་ཅིག ལ་བཅོས།

  7. ཧི་མི་ལ་ཡའི་མནཱ་མ། says:
    2012-03-15 at 2:40 am

    རེབ་གོང་མི་དམངས་ལ་བསྔགས་བརྗོད་དང་དད་གུས་ཞུ།
    ཁྱོད་ཚོའི་སེམས་ཤུགས་འདི་ནི་མ་འོངས་བོད་ཀྱི་ལོ་རྒྱུས་ནང་བཞག་དགོས་པ་མ་རེད་དམ།
    ངའི་མིག་གི་མདུན་གྱི་དཔའ་བོ་དཔའ་མོ་ཚོ་སེམས་ཤུགས་ནམ་ཡང་མ་ཆགས།

  8. ཐུབ་པ། says:
    2012-03-15 at 4:19 am

    དེ་ཡག་པོ་བྱུང་། དོན་མེད་ལ་ཚེ་སྲོག་ཤོར་དུ་མ་འཇུག
    རེབ་གོང་ནི་བོད་མི་རིགས་ཀྱི་ཚབ་མཚོན་ས་ཆ་ཡག་ཤོས་ཤིག་ལ་རྩི་བཞིན་ཡོད།
    དེ་ལ་བོད་དྲོ་བྲོ།

  9. ཨ་ཕ། says:
    2012-03-15 at 5:29 am

    ཨ་ཁ་ཁ་

  10. ནག་ཐར་སྐྱིད། says:
    2012-03-15 at 5:41 am

    ཀླུ་སྨྱོན་རིན་པོ་ཆེ་ལགས། སྐུ་ཉིད་ལ་རང་ཉིད་ཀྱི་ཚོར་སྣང་སྤྲིད་བྱེད་ཀྱི་སྙན་ངག་ཐན་ཐུན་རེ་དང་། ཆགས་པའི་གདུང་བ་སེལ་བྱེད་ཀྱི་བུ་མོ་བྲེད་པོ་རེ་མ་གཏོགས་དགོས་མཁོ་མེད་པ་དེ་བཞིན་ག་ལེར་བཞུགས་རོགས། རིན་པོ་ཆེས་ད་བར་དུ་སྨྱོ་རྟགས་གཟར་རྟགས་ཅི་ཞིག་བསྟན་རུང་ཡག་ཉེས་གང་གི་སྐད་ཆ་བྱེད་མྱོང་མེད་སྟེ། སྤྱི་ལ་ཕན་ཞིང་མིག་ལ་མཛེས་བ། ཡིད་དུ་འོང་ཞིང་སྙིང་དུ་སྡུག་པའི་ལས་རིམ་ཞིག་རིན་པོ་ཆེ་ཡིས་དབུ་རྩོམ་པའི་རེ་བ་ཤིན་ཏུ་ནས་ཆེ། མ་གཞི་ནས་ཀླུ་སྨྱོན་ཚང་ནི་བྱམས་སེམས་ཆེ་ཞིང་གཏོང་ཕོད་ཆེ་བ་ཞིག་ཡིན་ཚུལ་ལོ་འདི་གའི་རིང་ལ་མང་མང་གི་ཤེས་གསལ་རེད། དེ་སྔོན་ཞིག་ལ་དད་པ་གློ་བུར་དང་སྙིང་རྗེ་ཚད་མེད་ཀྱིས་དབང་གིས་ཕུག་རོན་རྐང་ཆགས་ཞིག་ལ་ཞེན་ཆགས་ནས་སྙིང་རླུང་འཚུབ་འཚུབ་དང་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བའི་ལེ་ཚན་དེ་བསམ་ཚེ། ཡེ་ཤེས་སམ་ཀླུ་སྨྱོན་དམར་ལྷབ་ལྷབ་ཨ་རིའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་ན་འབར་ཀྱིན་པའི་སྣང་བ་ཞིག་ཚོད་ཚོད་ལ་སེམས་ལ་འཆར་ཀྱིན་འདུག དེ་མིན་རིན་པོ་ཆེ་ལགས་ལ་ཨ་རིའི་མི་ནག་གི་ཐོབ་ཐང་རྩོད་ལེན་བྱེད་ཕྱོགས་དང་རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་ལ་རྒྱུས་མངའ་ཡོད་མཁན་ཞིག་གམ་དོ་སྣང་བྱེད་མཁན་དེ་མིན་པ་མང་མང་གི་ཤེས་ཡོད་ལེ་རེད། དོན་དངོས་ཐོག་ཀླུ་སྨྱོན་རྒྱ་ནག་དོན་གཅོད་ཀྱི་མདུན་ནས་འབར་སོང་ན། སྐུ་ཉིད་བློ་བདེ་བདེ་ངང་ཕེབས་རོགས། སྐུ་ཉིད་ཀྱི་རྗེས་ལ་གྲ་འགྲིག་པོ་དང་སྙིང་རྗེ་མོ་དགོས་ཕན་ཆེ་བའི་ལས་འགུལ་རིམ་པ་ཞིག་བྱེད་དང་བྱེད།

  11. མཚོ་ནག says:
    2012-03-21 at 2:07 pm

    རེབ་གོང་ནི་སྙིང་སྟོབས་གྱི་ལ་རྒྱའི་ཕ་ཡུལ་ངོ་མ་དང་དྲང་བདེན་དང་རྣམ་དཔྱོད་གྱིས་ཕྱུགས་པའི་ཕ་ས་ངོ་མ་དེ་ཡང་ཡིན། རེབ་གོང་ནི་འབར་བཞིན་པའི་མི་རབས་གསར་པ་ཞིག་གིས་དྲན་བརྟེན་གྱིས་རྡོ་རིང་གཙུག་པའི་མཐའ་འཚམས་གི་འགག་སོ་ཞིག་ཡིན་ལ་རེབ་གོང་ནི་ཁྲེལ་དང་ངོ་ཚ་མེད་པའི་དུས་རབས་ཞིག་གིས་ཁ་བཏད་ངོ་མ་དེ་ཡང་ཡིན། དམག་ཤོག་དང་སྟོབས་འབྱོར་གྱིས་ལྷ་དབང་རྒྱ་སྦྱིན་ལ་ཡང་འགྲན་ནུས་པའི་སྟོབས་ཆེན་གྱི་རྒྱལ་ཁབ་ཞིག་གིས་འདར་སྐད་དང་སྐྲག་སྐད་ཤོར་སའི་ཡུལ་ལུང་སྟེ། ཨམ་མདོ་རེབ་གོང་སྟེ་བོད་པའི་ཕ་ས།

  12. མཚོ་ནག says:
    2012-03-22 at 2:44 pm

    1980སྤྱི་ཟླ་ལྔ་པའི་ཟླ་འཇུག་ལ། ཏང་གི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡོ་པང་གིས་བོད་ལ་བཅོས་བསྒྱུར་ལས་རིམ་དོན་ཚན་དྲུག་ཡོངས་བསྒྲགས་བྱས་ཤིང། དེ་ནི་གཙོ་བོའི་དོན་ཚན་ཁག་གི་ནང་གསལ་ཡོད་པ་སྟེ། ༼དོན་ཚན་དང་པོ༽ ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོངས་དབང་ཆ་ཡོངས་སུ་ལག་བསྟར་བྱ་རྒྱུ། གཅིག་གྱུར་གྱི་འགོ་ཁྲིད་འོག་རང་བདག་དབང་ཆ་མེད་པ་བཟོ་མི་ཆོག། དབང་ཆ་འདི་ཉིད་ཆ་ཚང་གི་སྒོ་ནས་དང་གཞན་ལ་ལྟོས་མེད་གྱི་སྒོ་ནས་ལག་བསྟར་བྱ་རྒྱུའི་དགོས་གལ་ཆེན་པོ་ཡོད། བོད་ཀྱི་གནས་སྟངས་དང་མི་འཚམས་པའམ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་ཐོན་སྐྱེད་གོང་འཕེལ་ལ་ཕན་འབྲས་མེད་པའི་རིགས་གང་ཡིན་ཡང་ལག་བསྟར་མི་བྱེད་པའམ་བབ་བསྟུན་བསྒྱུར་བཅོས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་རང་སྐྱོངས་ལྗོངས་ཀྱི་བདག་དབང་ཡོངས་སུ་སྤྱད་ནས་རང་ཉིད་སོ་སོའི་ཁྱད་ཆོས་ལ་གཞིགས་སྟེ་ཁྲིམས་དང་སྒྲིག། གཏན་འབེབས་བཟོས་ནས་མི་རིགས་རང་སྐྱོངས་གི་དབང་ཆ་དང་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་དབང་ཆ་སྲུང་སྐྱོབས་བྱེད་དགོས། ༼དོན་ཚན་གཉིས་པ༽  བོད་མི་མངས་ཀྱི་འཚོ་བའི་ཆུ་ཚད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོངས་ལྗོངས་གཞན་དག་དང་བསྡུར་ན་ཧེ་བག་ཆེན་པོ་ཤོར་ཡོད་པ་གཞིགས་ནས་ཤུགས་ཆེན་གྱིས་མི་མངས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པ་དངལོ་འགའ་ཤས་ནང་དཔྱ་ཁྲལ་བསྡུ་བ་དང་སྲིད་གཞུང་གི་ཉོ་སྒྲུབ་ལས་འགན་རྩ་ཆག་གཏོང་རྒྱུ་རྣམ་པ་ཅི་རུང་གི་བཙན་བསྡུའི་རིགས་ཚང་ངེས་པར་དུ་མེད་པ་བཟོ་དགོས། མི་མངས་ལ་གླ་ཆ་མ་སྤྲད་པར་ལས་ཀ་འཕར་མ་གང་ཡང་བསྐུལ་མི་ཆོག་ལ། ཞིང་པ་དང་འབྲོག་པའི་ཐོན་རྫས་རྣམས་གོང་ཚད་གྲོས་བསྡུར་གྱི་ཐོག་ནས་ཉོ་སྒྲུབ་བྱེད་པའམ། ཐུན་མོངས་གི་དགོས་མཁོ་མཁོ་སྤྲོད་ཀྱི་ཆེད་དུ་བརྗེ་ཚོང་བྱས་ཆོག་ཅིང། རྒྱལ་ཁབ་ཀྱི་ཉོ་བསྡུའི་རིགས་ཚང་མ་རྩ་ཆག་གཏོང་དགོས། ༼དོན་ཚན་གསུམ་པ༽ བོད་ཀྱི་དཔལ་འབྱོར་སྔར་བས་རྒྱུན་མཐུད་དུ་གོང་འཕེལ་གཏོང་རྒྱུའི་ལྟ་ཚུལ་རྩ་བར་བཟུང་སྟེ་ཞིང་ལས་དང། འབྲོག་ལས། དཔལ་འབྱོར་དང་ཚོང་ལས། ནོར་སྲིད། ལག་ཤེས། འཕྲིན་གཏོང་བཅས་ཚུད་པའི་དཔལ་འབྱོར་འཐབ་ཕྱོགས་མཐའ་དག་ཐད། བོད་ཀྱི་གནས་ཚུལ་མཐུན་པའི་དམིགས་བསལ་དང་སྟབས་བསྟུན་གྱི་སྲིད་བྱུས་ངེས་པར་དུ་ལག་བསྟར་བྱེད་དགོས།༼ དོན་ཚན་བཞི་པ་ཆད༽༼དོན་ཚན་ལྔ་པ ༽  སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པའི་ཆ་རྐྱེན་འོག། ངེས་པར་དུ་བོད་ཀྱི་རིགས་གཞུང་དང། སློབ་གསོ། ཚན་རིག་བྱ་བཞག་བཅས་པ་ཉམས་པ་སོར་ཆུད་དང། མི་ཉམས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། བོད་མི་རིགས་ལ་ཡུན་རིང་གི་ལོ་རྒྱུས་དང། ཕུན་སུམ་ཚོགས་པའི་རིགས་གཞུང་ལྡན་ཡོད། ནང་ཆོས་གཙང་མ་དང། ཡིད་དབང་འཕྲོག་པའི་རོལ་མོ་དང་ཞབས་བྲོ། དེ་བཞིན་གསོ་རིག་དང་ལྷ་མོ་སོགས་ཀྱིས་གཙོ་བོ་བྱས་པའི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་བོད་ཀྱི་གནའ་བོའི་རིག་གཞུང་ཐམས་ཅད་ལ་གཟབ་ནན་གྱིས་སློབ་སྦྱོང་དང་གོང་འཕེལ་གཏོང་རིན་ཆེན་པོ་ལྡན་ཡོད། བོད་ཀྱི་རིག་གཞུང་ལ་སྣང་ཆུང་དང་ཉམས་དམས་གཏོང་རྒྱུའི་བསམ་ཚུལ་ཅི་མཆིས་པ་ཚང་མ་ནོར་འཁྲུལ་རེད། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་དར་སྤེམ་ཡག་པོ་གཏོང་དགོས། བོད་ནང་སློབ་གསོ་ཡར་རྒྱས་ཡག་པོ་བྱུང་མེད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལ་བསམ་གཞིགས་ཀྱིས་སློབ་གྲྭ་ཆེ་མོ་དང། སློབ་གྲྭ་འབྲིང་བ། སློབ་གྲྭ་ཆུང་བ་བཅས་གཉེར་རྒྱུར་འབད་འབུངས་བྱེད་དགོས། དགོན་སྡེའི་ནང་གི་རིག་དངོས་དང་གསུང་རབ་ལ་གཏོར་སྐྱོན་བྱུང་ཡོད་པས། དེ་དག་ལ་ཏན་ཏན་གྱིས་སྲུང་སྐྱོབས་དང། ལེགས་སྒྲིག། ཞིབ་འཇུག་བྱེད་དགོས། བོད་དུ་ལས་དོན་བྱེད་མཁན་རྒྱ་རིགས་ལས་བྱེད་པ་ཚོས་ངེས་པར་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་དགོས། དེ་ངེས་མཁོའི་སློབ་ཚན་ཞིག་ཡིན་དགོས། དེ་མིན་ཁོང་ཚོ་མངས་ཚོགས་དང་ཁ་བྲལ་རྒྱུ་རེད། གྲངས་ཉུང་མི་རིགས་ལ་དགའ་ཞེན་བྱེད་པ་ཞེས་པ་དེ་སྐད་ཆ་སྟོང་པ་ཞིག་མིན་པས། བོད་རིགས་མི་མངས་ཀྱི་གོམས་གཤིས་དང། ལུགས་སྲོལ། ལོ་རྒྱུས་རིགས་གཞུང་བཅས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས། ༼དོན་ཚན་དྲུག་པ༽ གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་འཛིན་པའི་ཏང་གི་སྲིད་བྱུས་ངེས་པར་དུ་ལག་བསྟར་ཡང་དག་པར་བྱས་ནས། བོད་རྒྱ་ལས་བྱེད་ཀྱི་མཐུན་སྒྲིལ་སྔར་བས་དམ་ཟབ་ཡོང་བར་ཤུགས་སྣོན་རྒྱག་དགོས། དྲ་གྲོགས་ཡོངས་ལ་རེ་བསྐུལ་ཞུ་རྒྱུར། དོན་ཚན་བཞི་པ་དེ་འདིའི་ནང་དམིགས་བསལ་འཁོད་མི་འདུག་བས་དགོས་མེད་ཞིག་ཡིན་ནམ་ཡང་ན་བརྩོམ་པ་པོས་འགོད་རྒྱུ་བརྗེད་པ་ཡིན་ན་གང་ལྟར་འགོད་མི་འདུག་བས་ཞིབ་འཇུག་ཡོད་པར་ཞུ། 

  13. མཚོ་ནག says:
    2012-03-23 at 3:46 pm

    ནང་པ་སངས་རྒྱས་པའི་ལུགས་ལ། རྒྱུད་ལས། རང་གི་ལུས་ལ་དཔེར་བླངས་ལ། གཞན་ལ་གནོད་པར་མ་བྱེད་ཅིག། ཅེས་པའི་ཚིགས་ཟུར་ལ་དཔྱད་ན། སོ་སྐྱེས་ཐ་མ་བར་རང་གི་ལུས་ལ་ཤིན་ཏུ་གཅེས་པ་འཛིན་པར་བཤད་ཡོད། ཤིན་ཏུ་གཅེས་པའི་རང་གི་ལུས་ལ་གནོད་འཚེ་ཆུང་ཙག་དཔེར་ན། ཤིག་གིས་སོ་རྒྱབ་ན་ཡང་སེན་མོས་བར་དུ་བཙིར་ནས་དགྲ་ཤ་ལེན་ཁུལ་བསོད་ཐུབ་གི་ཡོད་རེད། གནོད་འཚེ་ཆེན་པོ་ལ་ནི་ལྟ་ཅི་སྨྲོས། མ་ཚད་རང་གི་ལྟོ་གོས་གིས་ཆེད་དུ་སེམས་ཅན་གཞན་པའི་ཤ་ཁྲག་ཡང་ཟ་གི་ཡོད་རེད། ་ཡིན་ན་ཡང་ཤིང་བཟའ་རིན་པོ་གཙོས་པའི་ཟས་བཅད་བ་གསུམ་གྱི་བོད་མི་རིགས་དང་མི་རིགས་གིས་ལྟོ་གོས་ཀྱི་་ཆེད་དུ་རང་གི་ལུས་གྱི་དཀའ་ངལ་དངས་དུ་བླངས་བ་མ་ཚད་དགོས་ངེས་བྱུང་ན་གཅེས་པའི་ཚེ་སྲོག་ལ་ཡང་འཕངས་མེད་གྱི་གཞན་དོན་མཛད་ཚུལ་ལ་བསམ་གཞིགས་གནང་དང། དངོས་གནས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཟེར་ན་ཁོང་ཚོར་ལས་གཞན་པ་ཞིག་ནི་མེད་པ་མངོན། མི་རིགས་ཞིག་གི་ངོས་ནས་བཤད་ན་རྒྱལ་གཅེས་དཔའ་བོ་ཞིག་པའི་མཚན་གནས་འབུལ་དགོས་རྒྱུ་དང། ཆོས་ལུགས་པ་ཞིག་ངོས་ནས་བཤད་ན་བྱང་ཆུབ་སེམས་དཔའ་ཟེར་ནས་འབོད་དགོས་གི་ཡོད་རེད། བ྄ང་ཆུབ་སེམས་དཔའཡིན་པའི་སྒྲུབ་བྱེད་ཡང་དག་ཡོད་རེད། དཔེར་ན། ཞི་བ་ལྷས་སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། འཁོར་བའི་བཙོན་རར་བསྡམ་པའི་ཉམས་ཐག་རྣམས། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང། འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱ་འགྱུར། ཅེས་པས་བྱང་ཆུབ་ཀྱི་སེམས་ཟེར་བ་དེ་གཞན་ལ་བདེ་སྐྱིད་སྟེར་འདོད་དང་སྡུག་བསྔལ་ལས་སྒྲལ་འདོད་གྱི་བློ་ཞིག་ལ་ཟེར་དགོས་རྒྱུ་གོ་མ་ཆག། ད་ལྟར་ཟས་བཅད་གནང་མཁན་དེ་ཡང་དེའི་གྲལ་དུ་ཚུད་འདུག་བསམ་པ་ཞུ་འདོད་བྱུང། དངོས་གནས་ཤིང་བཟའ་རིན་པོ་ཆེ་ལ་སྐྱབས་སུ་འཆིའོ་ཞེས་པའི་ཚིག་ཁ་ཤས་འབྲི་འདོད་བྱུང་བས་བྲིས་པ་ཡིན། བདེན་པ་ཉིད་རྒྱལ་གྱུར་ཅིག། དྲག་གནོན་མནར་གཅོད་སྡུག་བསྔལ་གྱིས་མུན་པ་ལས་གྲོལ་སྟེ་རང་དབང་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་ལམ་འདེབས་སོ།

  14. མཚོ་ནག says:
    2012-03-28 at 2:14 pm

    དྲ་གྲོགས་ཡོངས་ལ་རེ་བསྐུལ། དེ་རིང་ནས་འགོ་གཙུག་སྟེ་ཆོལ་གསུམ་ནང་ཁུལ་ནང་འཁྲུག་དང་ནང་རྐུན། མ་ཚད་བོད་སྤྱི་ལ་ཕན་པའི་ལས་བྱས་མ་ཐུབ་ཀྱང་གནོད་པའི་ལས་མི་བྱེད་པའི་མཆོག་གསུམ་དཔང་གཙུག་དམ་བཅའ་བྱེད་རོགས་ཞུ་གི་ཡོད། ང་རང་ནས་འགོ་གཙུག་སྟེ་བྱེད་བསམ་ཡོད། སྐུ་མཁྱེན་དྲ་གྲོགས་ཚོ་ངའི་རེ་བ་དོན་ཐོག་སྨིན་པ་མཛད་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme