Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་འདུག་རོགས་སྙན་ངག་འདི་ཡིན།

Posted on 2012-07-182012-07-18 By ཁ་བརྡ་ 18 Comments on དེ་རིང་གི་འདུག་རོགས་སྙན་ངག་འདི་ཡིན།

འབའ་སྲས།

ཁོག་པ་བཤང་གཅིས་གང་བའི་དྲི་མ་འདི་དང་།།
ཀླད་པ་གསེར་གྱིས་བལྟམས་པའི་རྣམ་དཔྱོད་འདི་གཉིས།།
མི་ཡི་ལུས་ཕུང་འདི་ལ་མཉམ་དུ་གནས་པ།།
རྣམ་འབྱོར་གཙང་བཙོག་མེད་པའི་བརྡ་རྟགས་རེད་དམ།།

ཉིན་མོ་ཉི་མའི་འོད་ཀྱིས་འཛམ་གླིང་འཁྱུད་པ།།
མཚན་མོ་མུན་པ་ནག་པོས་ཉེ་ཁོར་བསྒྲིབས་པ།།
གོ་ལ་ས་ཡི་ཁྱོན་ནས་རིམ་གྱིས་འཁོར་བ།།
ཀུན་མཁྱེན་བློ་དང་སྒྲིབ་པ་བསྟན་པ་ཡིན་ནམ།།

མཐོན་པོ་རི་ཡི་མགོ་བོས་སྤྲིན་དཀར་གྱོན་པ།།
དམའ་བ་ས་ཡི་རྡུལ་གྱིས་གད་སྙིགས་བཏུས་པ།།
རང་བྱུང་ཁམས་སུ་མཐོང་བའི་ལྟད་མོ་འདི་ཡིས།།
དབུལ་ཕྱུག་ལག་པའི་རི་མོ་དཔར་བ་རེད་དམ།།

མཁའ་རུ་སྐབས་སུ་བཀྲ་བའི་འཇའ་ཚོན་སྣ་ལྔ།།
ས་རུ་རྒྱུན་དུ་རྒྱུ་བའི་ཆུ་ཡི་གཉེར་རིས།།
སྐྱིད་ཉུང་སྡུག་མང་འཇིག་རྟེན་འཁོར་བར་ལྟུང་བའི།།
མི་ཚེ་ཐོད་པའི་རི་མོ་བྲིས་པ་ཨེ་རེད།།

དྭངས་པའི་མཚོ་ལ་ཤར་བའི་ཟླ་བའི་རི་མོ།།
མེ་ལོང་ནང་ལ་བལྟས་པའི་རང་གི་འཛུམ་རིས།།
མིག་ལ་སྣང་ཡང་ལག་པས་འཛིན་ཏུ་མེད་པ།།
ཁ་བཤད་ལག་ལེན་སྟོང་བའི་བརྡ་འཕྲིན་རེད་དམ།།

མཛེས་པའི་ཧ་ལོ་མེ་ཏོག་མིག་ལ་འཚེར་བ།།
དུག་ཅན་ལྗོན་པའི་ཤིང་འབྲས་ཞིམ་མངར་ཆེ་བ།།
རོལ་བར་བྱས་ན་རང་ཉིད་བརླག་པར་འགྱུར་བ།།
འཇུད་མཐུན་མ་ཡི་ལུས་ཀྱི་དཔེ་མཚོན་ཡིན་ནམ།།

དམར་པོའི་གློག་ཐག་གཡོ་བས་སྤྲིན་དཀར་གཏོར་བ།།
ཆར་ཆེན་བབ་པའི་ཆུ་ཡིས་མེ་ཏོག་འཇུད་པ།།
ཕུན་ཚོགས་མཛེས་སྡུག་བཅོམ་པའི་ངང་ཚུལ་འདི་ཡིས།།
ཕྲག་དོག་སྟག་གི་སྡེར་མོ་གསལ་བ་རེད་དམ།།

རླུང་བུ་དལ་གྱིས་ལྡང་ཡང་རྩེ་མོ་གཡོ་བ།།
འགྱིག་ལྒང་བདེ་སར་བཞག་ཀྱང་འཁོར་ཞིང་འགྲོ་བ།།
བརྟན་ཅིང་བརླིང་བ་མེད་པའི་དངོས་པོ་དག་གིས།།
གཡོ་ཅན་མི་ཡི་འགྱུ་བ་བསྟན་པ་རེད་དམ།།

མེ་ཤིང་ཐུར་དུ་བསྒྲོན་ཡང་གྱེན་དུ་འབར་བ།།
ལྒང་བུ་ས་ལ་བརྡབས་ཀྱང་གནམ་ལ་ལྡིང་བ།།
འཇུག་ལྡོག་ཆོས་ཉིད་འཛིན་པའི་གནས་ལུགས་འདི་ཡིས།།
མཆོག་རྣམས་གནོན་པ་མེད་པའི་གསལ་བརྡ་ཡིན་ནམ།།

ཕྱི་ཡི་དངོས་པོའི་འགུལ་སྐྱོད་མི་ལ་སྦྱར་ཞིང་།།
མི་ཡི་ལུས་དང་རྣམ་རྟོག་ཕྱི་ལ་སྦྱར་ཏེ།།
དཔེ་དོན་ཚུལ་ལ་དྲི་བའི་སྙན་ངག་འདི་ཉིད།།
དེ་རིང་ཉི་མ་འཁྱོལ་བའི་འདུག་རོགས་ཙམ་མོ།།

སྙན་ངག

Post navigation

Previous Post: ཏཱ་ལའི་བླ་མའི་ཤུགས་རྐྱེན་བོད་ནང་ཡོད་པ་རྒྱ་ནག་གཞུང་གི་ངོས་ལེན་བྱས་ཡོད།
Next Post: རང་ལུས་མེར་སྲེག་ཐེངས་ ༥༡ པ་དང་བཅས་པའི་ས་ཁྲ

Comments (18) on “དེ་རིང་གི་འདུག་རོགས་སྙན་ངག་འདི་ཡིན།”

  1. མེ་ཏོག་དཀར་པོ། says:
    2012-07-18 at 1:35 pm

    ལེགས་སོ།།

  2. འདྲེ་རྐང་ཐོ། says:
    2012-07-18 at 2:17 pm

    སྒོར་མོ་ཡོད་དུས་ག་རེ་ལབ་ཀྱང་འཛུམ་གྱིས་བསུ་ལ། །
    སྒོར་མོ་མེད་དུས་འཁྲིས་ནས་མཐོང་ཡང་མ་མཐོང་མདོག་མདོག །
    ཨ་ཐང་ཨུ་ཐུག་ཅན་གྱི་སྤྱོད་སྟངས་ངན་པ་འདི་ཡིས། །
    ཁྲེལ་གཞུང་མེད་པའི་མི་ཡི་ཚུགས་ཀ་བསྟན་པ་འེ་ཡིན། །

  3. ཐབས་ཇུས་ཅན says:
    2012-07-18 at 3:32 pm

    ངལ་གསོའི་ཉིན་འདི་འདྲའི་སྙན་ངག་ཡིད་སྤྲོ་བ་རེ་ཀློག་རྒྱུ་ཡོད་པའང་སྐྱེ་བ་སྔོན་མར་བསོད་ནམས་རེ་བསགས་པའི་ལས་འབྲས་ཅི་ལ་མིན། དེའི་རྒྱུ་མཚན་གྱིས་འབའ་སྲས་ལགས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
    ང་ཚོ་བོད་རིགས་རྣམས་ཀྱིས་འདི་འདྲའི་བོད་ཡིག་གི་ལམ་ནས་སྙན་ངག་དང་སྒྲུང་རྩོམ། དཔྱད་རྩོམ། ལྷུག་རྩོམ། ནང་ཆོས་ཡི་སྐོར་དང་མཚན་རིག་གི་སྐོར། ད་དུང་དེང་རབས་ཤེས་བྱ་དང་འཛམ་གླིང་གསར་འགྱུར།
    ཕོ་མོའི་བརྩེ་དུང་དང་བྱིས་སྒྲུང་སོགས། དམུགས་བསལ་གངས་ཅན་པ་ཚོས་སོ་སོའི་མི་རིགས་ནང་ཁུལ་ལ་སོ་སོའི་སྐད་ཡིག་བེད་སྤྱོད་ཆ་ཚང་བ་གཏོང་གི་ཡོདཔ་དི་བསམ་ན་ཇི་འདྲའི་ཡི་སྤྲོ་བ་ཞིག་རེད་ཨང་། ཡིན་ནའང་མཚམས་ལ་རེ་ང་ཚོའི་གནས་སྟངས་དང་། ང་ཚོའི་ཁ་གཏད་རྒྱ་དམར་པོའི་ཇུས་ངན་། རྒྱ་དམར་པོའི་སྡིགས་རྩུབ་སོགས་བསམ་ན་ང་ཚོར་འདི་འདྲའི་སྐལ་བཟང་གི་ཉིན་མོ་ག་དུས་བར་ཏུ་ཡོད་ན་བསམ་ནས་སེམས་འཁྲལ་ཞིག་རང་བཞིན་གྱིས་ཡོང་གི་འདུག ད་དུང་དེའི་སྒང་ལ་བཙན་བྱོལ་བོད་ཁྱིམ་སློབ་གྲྭའི་སོ་སོའི་བོད་པའི་སློབ་ཕྲུག་ལ་དགོས་པ་བོད་ཡིག་ཡར་རྒྱས་སུ་མི་གཏོང་བར་རྒྱ་ཡིག་གི་སློབ་ཚན་ཁྲིད་པ་ནི་ཇི་འདྲའི་དགོད་སྤྲོ་བོ་དང་ཡི་མིག་པ་ཞིག་མ་རེད་པས། དེ་ནི་ཅོལ་ཆུང་གི་ལས་ཀ་རང་རེད་བསམ་སོང་། བོད་ནས་རྒྱ་ཡིག་སྦྱང་ཡོད་པའི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མ་ཚོར་རྒྱ་ཡིག་དེ་མ་བརྗེད་པའི་ཆེད་དུ་ཐབས་ཤེས་རེ་གཏང་ཆོག་ཀྱང་། སློབ་ཆུང་གི་སློབ་མ་ཚོར་རྒྱ་ཡིག་འཁྲིད་དགོས་དོན་མེད་བསམ་པ་དེ་ཡིན། རྡ་ས་དཔེ་སྟོན་སློབ་གྲྭའི་སློབ་མ་ཚོར་རྒྱ་ཡིག་འཁྲིད་གྱིན་པ་མཐོང་སོང་། དཔེ་སྟོན་སློབ་གྲྭའི་སློབ་མ་ཚོས་རྒྱ་ཡིག་ཀློག་ན་གད་མོ་ཤོར་བ་ཞིག་ལས་མི་འདུག

  4. ཟུར་གནས། says:
    2012-07-18 at 3:56 pm

    བོད་ལ་རང་བཙན་དགོས་ཅེས་སྡིག་པ་དང་།
    ཚེ་རབས་ཨ་རིར་སྡོད་པའི་འདུན་པ་གཉིས།
    གལ་འདུ་འཛོམས་པའི་སྣང་བའི་ཆོས་ཉིད་འདི།
    རང་རེ་མགོ་བོ་སྐོར་བའི་བམ་ཆོས་སམ།

    ཁ་ལ་མཐུན་སྒྲིལ་ཐ་རེ་ཐོ་རེ་ཁྱེར།
    ཡིད་ལ་ཐེན་ཁྱེར་ཝ་ལེ་ཝ་ལེ་བཅངས།
    ཁ་དང་བསམ་པའི་ལྡོག་ཕྱོགས་ལུས་གཅིག་ཏུ།
    ཤར་མར་ཡོང་བ་བོད་པའི་གནས་ལུགས་རེད།

    གཞན་ལཞི་བདེའི་ཆོས་བཤད་ཆུ་རྒྱུག་རྒྱུག
    རང་ལ་ཞེ་སྡང་བསམ་པ་མཚོ་འཁྱིལ་འཁྱིལ།
    ཕྱི་ནང་གོ་ལྡོག་ལོག་པའི་ལྐོག་ཆོས་འདིས།
    རང་གཞན་འཇོམས་པའི་སྟོབས་ཤུགས་ལིང་ལིང་རེད།

    རྒྱལ་བའི་དགོངས་པ་ཐམས་ཅད་བདེ་བ་དང་།
    རང་རེའི་བསམ་པ་རང་དོན་ལྷུན་གྲུབ་ཏེ།
    ཅི་ནས་མི་མཐུན་བོད་པའི་ཆོས་ལུགས་འདི།
    ཐམས་ཅད་གཡང་ལ་འབུད་པའི་ཤིང་རྟ་ཆེ།

    ཀ་དག་ལྷུན་གྲུབ་རྣལ་ལ་བབ་པའི་ཆོས།
    བདེ་སྟོང་དབྱེར་མེད་ཟབ་ལ་ཏིག་པའི་གནད།
    གསལ་སྟོང་དབྱེར་མེད་ལ་མྱུར་ལ་ཟབ་པའི་ཆོས།
    བདག་འཛིན་འཇོམས་པའི་གནད་ལ་གོ་མཁན་དཀོན།

  5. འབའ་སྲས། says:
    2012-07-18 at 4:45 pm

    ཉིན་མ་རེ་ལ་ཚིག་རེ་མ་བཟུང་ན།།
    ལོ་བརྒྱ་སོང་ཡང་ཚིག་གིས་སྟོང་བ་བཞིན།།
    ཉིན་མ་རེ་ལ་སྙན་ངག་མ་བྲིས་ན།།
    ལོ་བརྒྱ་སོང་ཡང་བདེ་སྐྱིད་མེད་པ་ཚོར།།

  6. འབའ་སྲས། says:
    2012-07-18 at 4:56 pm

    སྙན་ངག་སྙན་མོ་ཞིག་ལ་ཧམ་སེམས་བཅིངས།།
    འཚོ་བ་སྐྱ་བོ་ཞིག་གིས་ཆོག་ཤེས་བྱས།།
    ཀུན་ཀྱང་དགའ་བ་བདག་གིས་མི་འདོད་པ།།
    འབའ་སྲས་རྨོངས་པའི་གླེན་རྟགས་ཐེངས་གཅིག་ཡིན།།

  7. གནམ says:
    2012-07-18 at 7:08 pm

    ཀློག་ན་ལྕེ་གཅོག་སྤྱད། ཉན་ན་རྣ་འོན་སྤྱད། འདི་སྙན་ངག་ཟིག་མ་རེད་མོ། ཨ་ལ་དག་ནོར་མེད་ན་ཡོང་ང་།

  8. ཀླུ་སྨྱོན། says:
    2012-07-18 at 8:55 pm

    འབའ་སྲས་འབའ་གིན་འབའ་གིན་སྒང་ལ་སོང་།
    སྒང་ནས་ཅི་རིག་ཚང་མ་སྙན་ངག་རེད། །
    འབའ་སྲས་འབའ་གིན་འབའ་གིན་ཤོད་དུ་སོང་། །
    ཤོད་ནས་ཅི་ཐོས་ཚང་མ་སྙན་ངག་རེད། །
    འབའ་སྲས་འབའ་གིན་འབའ་གིན་དྲ་ངོར་ཡོང་། །
    དྲ་ངོར་ཅི་བྲིས་ཚང་མ་སྙན་ངག་རེད། །

  9. རང་དབང་ཨ་རྡུ་མན་ says:
    2012-07-19 at 12:29 am

    རྩོམ་བྲིས་མེད་ན་སྙན་ངག་སྟོང་པ་དང་། །ནད་པ་མེད་ན་ཨམ་ཆེ་སྟོང་པ་གཉིས། །
    རྩོམ་དང་ནད་པ་ཡོད་དུས་གནས་སྐབས་སྐྱིད། །འོན་སྟངས་ཐར་པར་འདོད་ལ་གེགས་བྱེད་སྲིད། །

  10. འབའ་སྲས། says:
    2012-07-19 at 2:53 am

    མ་ཤེས་བཀླག་ན་ཁའི་ནང་ལྕེ་ཡང་གཅོག །
    མ་དགའ་བཀླག་ན་མིད་པའི་འཕྲང་རྩ་འགག།
    མ་གོ་ཉན་ན་རྣ་ཡི་དབང་རྩ་གཅོད།།
    དབང་བོ་སྣ་ལྔ་དཀྲུགས་པའི་སྙན་ངག་ཡིན།།

  11. བྱ་གླག་རྒོད་པོ་ says:
    2012-07-19 at 5:21 am

    ཚེ་གང་གངས་རི་མཐོང་གངས་ཕྲུག་རྣམས། །སྒོར་མོའི་ཆེད་དུ་གླིང་ལྔའི་ཁྱོན་དུ་འཐོར། །
    སླར་ཡང་གླིང་ལྔའི་ཁྱོན་ནས་བོད་དོན་གྱི། །བདེན་པའི་ངར་སྐད་དབྱངས་རྟར་གྱེར་དུས་སྤྲོ། །
    ཤོག་ཡ་ཤོག་དྲ་ལམ་ཐོག་ཏུ་ཤོག །ཤོད་ཡ་ཤོད་རང་དབང་བདེན་པ་ཤོད། །
    ཕྱོར་ཡ་ཕྱོར་ཡ་རིགས་པའི་རལ་གྲི་ཕྱོར། །རྒྱོབ་ཡ་རྒྱོབ་ཡ་དགྲ་བོའི་མགོ་ལ་རྒྱོབ། །

  12. ཨ་འདུས་མིག་ཆུ།། says:
    2012-07-19 at 9:53 am

    སྙན་ཚིག་སྙན་མོ་ཞིག་གིས་སེམས་གསོ་འཐོབ་བོ།།
    བརྗོད་བྱ་ཟབ་མོ་ཞིག་གིས་རྣམ་དཔྱོད་རྒྱ་འོ།།
    མངོན་ལྐོག་མེད་པའི་གྲོགས་པོ་སྙན་ངག་ཡིན་ནོ།།
    འབའ་སྲས་སྙན་ངག་འདི་ལ་སེམས་པ་གླན་ནོ།།

    ཚིག་གི་སྡེབ་སྦྱོར་ཟེར་བ་མ་ཤེས་པ་དང་།།
    དོན་ལ་སྙིང་པོ་ཟེར་བ་མ་གོ་བ་ཚོས།།
    གང་ཞིག་བཤད་ཀྱང་གད་སྙིགས་ངོ་མ་ཡིན་ནོ།།
    འབའ་སྲས་སྙན་ངག་བྲིས་པ་ཤིན་ཏུ་རྨད་དོ།།

  13. ཞི་བདེ says:
    2012-07-19 at 12:03 pm

    སྐུ་་་ལུས་མེ་རུ་བསྒྲོན་མཁན་གཞིས་བཞུགས་བོད་པ།།
    གསུང་་་གཏམ་འཛམ་གླིང་སྒྲོགས་པའི་བཙན་བྱོལ་གཞུང་དམངས།།
    ཐུགས་་་སྣང་གཅིག་ཏུ་བཞག་སྟེ་ལུས་དོན་སྒྲུབ་ཅིག།
    རང་བཙན་་་རང་ཡུལ་ཆོས་སྲིད་མི་འགྱང་སྐྱོངས་དགོས།།

    ལུས་་་ལ་རྨ་ཁ་མང་བའི་གཞིས་བཞུགས་བོད་མི།།
    སེམས་་་ལ་ན་ཟུག་ལྕི་བའི་བྱེས་འབྱོར་བོད་པ།།
    ཁ་་་སེམས་གཅིག་ཏུ་འདྲེས་ཏེ་སྙིང་སྟོབས་བསྐྱེད་ཅིག།
    གངས་ཅན་མགོན་པོའི་ཞབས་སོར་བོད་ལ་འཁོད་དགོས།།

    སྲིད་་་ཀྱི་མགོ་བོ་རྨོངས་བའི་མཉམ་འབྲེལ་རྒྱལ་ཚོགས།།
    དབང་་་བསྒྱུར་ལམ་ལ་དགའ་བའི་གུང་ཁྲན་དམར་པོ།།
    རྒྱུ་་་ལ་ཧམས་སེམས་ཆེ་བའི་རྒྱལ་སྤྱིའི་དཔོན་རིགས།།
    བདེན་པའི་མེ་ལྕེའི་འོད་ཀྱིས་གསལ་བར་མཛོད་རོགས།།

  14. Gewo says:
    2012-07-19 at 12:31 pm

    འབའ་སྲས་འབའ་སྟངས་ཅི་འདྲ་སྙན་པ་ལ།།

  15. གནམ says:
    2012-07-20 at 12:31 am

    ཚིག་སྙན་མོའི་སྙན་ངག་བྲིས་ཡོད་ཟེར་གི།
    མཆན་འདེབས་ནི་་ཡོད་ན་དགའ་རབས་ཟེར་ཡང་།།
    གཏམ་སྙན་མོའི་ཀུ་རེ་འགྲོ་ས་མེད་ན།
    མཆན་འདེབས་ལ་བསམ་རུང་འཚེར་གི།

  16. གཅན་འོད་འབར། says:
    2012-07-20 at 3:26 am

    འབའ་སྲས་ལགས་ཀྱིས་སྙན་ངག་བཀླགས་ནས་སོང།། འཁོར་བའི་ཆོས་ཀྱི་སྣང་ཚུལ་གསལ་ལེར་རེད།།

  17. གཅན་འོད་འབར། says:
    2012-07-20 at 3:27 am

    ཀྱིས་མ་རེད་ཀྱི་རེད།

  18. ཨྱོན says:
    2012-08-03 at 7:30 am

    ཀུན་ཏུ་བཀྲ་བའི་བརྗིད་ལྡན་ཡིད་འོང་མ།།
    ཞལ་འཛུམ་ནམ་མཁའི་ཉིན་ཟེར་འཕྲོས་པ་བཟང།།
    ཁོ་བའི་སེམས་ཀྱི་ས་གཞིའི་མུན་པ་རྣམས།།
    བསལ་བའི་དགའ་སྤྲོ་སྙིང་ལ་མཐའ་དག་སིམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme