Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་མ་ཇུ་ཊེ་ལ།

Posted on 2012-06-30 By ཁ་བརྡ་ 23 Comments on དེ་རིང་གི་མ་ཇུ་ཊེ་ལ།

བྲོ་འཚལ་ནས།

ཁ་རྩང་དེ་རིང་ལྡི་ལི་ཡི།།
བསམ་ཡས་གླིང་ཞེས་གྲོང་ཆུང་འདིའི།།
དུས་རབས་ཉི་ཤུའི་འགྱིག་ཁང་ལས།།
ཉེར་གཅིག་དུས་ཀྱི་རྡོ་ཁང་གིས།།
གཅིག་ལ་གཅིག་འགྲན་བང་བསྒྲིགས་ཏེ།།
རྐང་མཐིལ་ཙམ་གྱི་ས་ཆ་འདིར།།
ཁང་པ་མང་པོ་གྲལ་དུ་བསྒྲིགས།།
ཁང་བརྩེགས་གང་མཐོ་གང་ཡག་རེད།།
ཁང་རིན་གང་མཐོ་གང་ཆེ་རེད།།
མདུན་ལ་མོ་ཊ་འཕྲུལ་རྟའི་ཁེངས།།
ནང་དུ་གྲང་གློག་ཆུ་གློག་མང་།།
རྒྱབ་ཏུ་སྐམ་གློག་མེད་པ་ཉུང་།།
མི་ལ་ཆེ་ཆུང་ཡེ་ནས་མེད།།
ལས་ལ་འཇུག་ལྡོག་ཤིན་ཏུ་ཕྲ།།
སུ་ལ་སྒོར་མོ་ཡོད་གྱུར་ན།།
གང་བྱེད་ཁྲིམས་དང་བདེན་པ་ཡིན།།
གང་བྱས་དགེ་དང་གྲོགས་སུ་སྒྲོགས།།
རྒན་གཞོན་བར་མས་དེ་ལ་བཀུར།།
ཡར་ལ་སོང་ན་ཁྱོད་དང་ང་།།
མར་ལ་ཡོང་ན་ང་དང་ཁྱོད།།
བར་མ་དོ་ཡི་གནས་འདི་རུ།།
མི་རེའི་བར་ན་གཡོ་སྒྱུ་རེ།།
གཡོི་སྒྱུའི་རྗེས་ན་རྫུན་གཏམ་རེ།།
སྲང་བར་ཆུང་ཆུང་ཚོང་གིས་ཁེངས།།
ཚོང་ལ་ཆེ་ཆུང་དུ་མ་ཡོད།།
ལ་ལས་མི་ཚོང་འབུ་ཚོང་ཡིན།།
ལ་ལས་འཕྲལ་ཚོང་ཉིན་འཁྱོལ་ཙམ།།
ལས་ཀྱིས་བཀོད་ཐང་འདི་འདྲའི་འོག།
རྒྱུ་ལ་བར་ཆད་གནམ་ས་ཡིན།།
མི་ལ་དྲང་ཚུགས་ཉིན་སྐར་ཙམ།།
འཐུང་བ་ཇ་དང་ཟས་རིན་གཅིག།
གསར་འབྱོར་བུ་མོའི་སྣང་བ་གཉིས།།
འཕྱོན་མ་བུ་མོའི་ཉ་གོང་གསུམ།།
བསམ་ཡས་གླིང་ན་མཐོ་དམའ་མེད།།
གཞོན་པས་རྒས་མོ་ཟུར་དུ་བསྟེན།།
རྒན་པས་གཞོན་པ་གང་བརྗེ་ཡིན།།
ཁ་བདེ་ཅན་ལ་རྒྱུ་འབྱོར་ལྡན།།
མགོ་བདེ་དག་ལ་བུད་མེད་མང་།།
མགྲོན་ཁང་ཐམས་ཅད་དགོན་པར་བདག།
ལས་གཡོག་ཐམས་ཅད་གྲྭ་བ་ཡིན།།
འདུལ་ཁྲིམས་ཡོད་མེད་ས་མཚམས་ནས།།
སུ་ལ་ཐུག་ན་ཁ་བཙོག་བྱེད།།
བུད་མེད་སྤྱོད་ལ་བྱང་མ་ཡིན།།
ཁ་ན་ཡོད་པ་གཞན་དོན་ཡིན།།
གཞན་དོན་རྗེས་ན་འཐེན་འཁྱེར་རེ།།
སྐྱ་སེར་འདུས་པའི་སྲང་བར་ན།།
སུ་ལ་དྲིས་ན་ཚོང་པ་ཡིན།།
སུ་ལ་བཤད་ན་ཕྱི་རྒྱལ་ཡིན།།
དོན་དུ་ཡོད་དང་མེད་པ་གཉིས།།
གཞན་ལ་འཕུར་ས་འདི་རང་ཡིན།།
གཞན་ལ་བཙོང་སའང་འདི་ནས་ཡིན།།
རང་གིས་རང་ཉིད་གཞན་ལ་བཙོང་།།
གཞན་པས་མགོ་གཡོག་མགོ་བསྐོར་ཉོ།།
ཁ་ཤས་རྐང་པར་བརྟེན་ནས་འཕུར།།
ཁ་དང་རྐུབ་ཨོང་གཞན་གྱིས་འཕྲོག།
ཁ་ཤས་བྱ་གྲུར་བརྟེན་ནས་འཕུར།།
རྫུན་དང་མནའ་ཚིག་གཞན་ལ་སྦྱིན།།
ཁ་ཤས་འཕུར་སྟངས་མ་ངེས་པའི།།
ངེས་མེད་ཆོས་འདི་མཐོང་བའི་བུ།།
ཟུར་ག་ཞིག་ནས་གད་མོ་ཤོར།།

སྙན་ངག

Post navigation

Previous Post: པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་སྐུ་གཤེགས་པའི་སྐྱོ་གནས།
Next Post: བསྟོད་དབྱངས་དུང་གི་ཟླ་བའི་རླབས་ཕྲེང་།

Comments (23) on “དེ་རིང་གི་མ་ཇུ་ཊེ་ལ།”

  1. གནམ says:
    2012-06-30 at 7:15 am

    ཡག་པོ་དགའ།

  2. བསྟན་སྐལ། says:
    2012-06-30 at 10:10 am

    ཡག་པོ་བྲིས་འདུག།་ བོད་ཡིག་ཡག་པོ་མ་ཤེས་ན་གོ་ནོར་ཐེབས་པའི་དོགས་པ་འདུག།

  3. མེ་ཏོག་དཀར་པོ། says:
    2012-06-30 at 10:49 am

    ཨ་ཅེ་དགོས་ན་དེ་རུང་སོང་། །
    སློབ་གྲྭ་འགྲིམ་མཁན་ལོ་ཆུང་ཡོད། །
    སུད་ཊར་ཚོང་མཁན་ལོ་རྒན་ཡོད། །
    བུ་གསུམ་ཨ་མ་དགོས་ན་ཡོད། །
    གཟན་གཤམ་གྱོན་པའི་མཛེས་མ་ཡོད། །
    མགྲོན་ཁང་ནང་དུ་ཁྲིད་ཆོག་ཡོད། །
    ཉལ་ཁྲིའི་སྟེང་དུ་སྙོལ་ཆོག་ཡོད། །
    སྤུས་ཟུང་གདན་ལ་བཙུག་ཆོག་ཡོད། །
    ཡོད་ཡོད་བཤད་པའི་ག་ལ་ལང་། །

    མན་ཇུ་ཊི་ལ་སྐྱིད་པོ་ཡོད། །

  4. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-30 at 7:10 pm

    ངོ་མ་ཡག་པོ་བྲིས་འདུག།

  5. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-06-30 at 7:14 pm

    མ་ཇུ་ཀྲི་ལའི་གདོང་རིས་ངོ་མ་བྲིས་འདུག། བུ་མོ་གང་འདྲ་དགོས་དགོས་ཡོད་ས་འདུག། ང་ཡང་གུང་གསེང་ཞིག་རག་ན་བུ་མོ་འཚོལ་བར་འགྲོ་ཁོ་ཐག་ཡིན། སྐྱིད་་ནི་རེད་གོ།

  6. ལུང་རྟོགས། says:
    2012-06-30 at 11:21 pm

    མེ་ཏོག་དཀར་པོས་སྙན་ངག་བྲིས་ཚད་ནང་ནས་དེ་རིང་གི་སྙན་ངག་འདི་ཕལ་ཆེར་སྙན་ཤོས་ཡིན་ད།

  7. བདག་མེད་ནས། says:
    2012-07-01 at 3:37 am

    མ་བྱུང་ཀྲུན་འགག་སྐྱེད་ཡོད་ན།།
    ཆང་གཟི་ར་བཟི་དེ་ཡི་སྐྱེད།།
    བཙུག་ཆོག་དེ་ལ་སྐྱེད་ཡོད་ན།།
    སྤགས་ཁུག་ཚང་མོ་སྐྱེད་ལས་མེད།།

  8. མེ་ཏོག་དཀར་པོ། says:
    2012-07-01 at 3:43 am

    བདག་མེད་པས་ཚིགས་བཅད་ལ་རང་འགྲེལ་རི་འདྲ་བ་ཞིག་མ་བྲིས་ན་དོན་མི་གོ་ཐག་གཅོད་རེད།

  9. ཨ་བུ་འབྲོག་ཕྲུག says:
    2012-07-01 at 7:45 am

    ནུབ་ཁའི་མཚམས་སྤྲིན་གྱི་ཀློང་ནས།།
    སྐུ་ལུས་ཚིག་དྲུག་གི་སྨྱུག་མར།།
    སྣ་ལྔའི་དར་མཚོན་གྱིས་བརྒྱན་ནས།།
    ལག་ཟུང་རྣམ་འགྱུར་གྱིས་ཆས་ཐལ།།

  10. གཡུ་ཐོག་བུ། says:
    2012-07-01 at 8:37 am

    བེ་རི་འཇིགས་མེད་དབང་རྒྱལ་གྱི་མ་ཇུ་ཀྲི་ལའི་སྙན་ངག་ཅིག་བྲིས་པ་ལྷང་གིས་དྲན་གི སྙན་པོ་ཡོད་ཡ

  11. དྭངས་བླངས་པ says:
    2012-07-01 at 10:51 am

    མེ་ཏོག་དཀར་པོའི་ག་དུས་ཡང་མེད་རབས་མུག་རབས་མ་གཏོག་གང་ཡང་བཤད་རྒྱུ་མེད། སྤྱིར་བཏང་འདིའི་མཆན་བུ་མ་ཇུ་ཊི་ལ་ཅེས་པ་འདི་ག་རེ་ཡིན་ཟེར་གི་ཡོད་རེད། ལེགས་ཆ་ལེན་རྒྱུ་མེད་པ་སྙིང་དོན་མེད་ནས་ཆོ་མེད་པ་བེད་སྤྱོད་མེད་པ་འདི་འདྲ་གང་ཡིན་ཟེར་དགོས་ཟེར།

  12. མེ་ཏོག་དཀར་པོ། says:
    2012-07-01 at 10:59 am

    དྭངས་བླངས་པ་ལགས། ཉིད་ཀྱིས་ཁོ་བོར་དོ་སྣང་གནང་འདུག་པར་ཐུགས་རྗེ་ཆེ།

  13. རུ་ཤུལ་བུ་ says:
    2012-07-01 at 11:31 am

    མ་ཇོ་ཏྲི་ལིའི་སྲང་བར་ནས།།
    ཇ་ཁང་གྲུ་བཞིའི་སྔོན་སོ་ནས།།
    རྐུབ་བཏེགས་ནར་མོའི་སྣེ་ཐོག་ནས།།
    མཛེས་མ་གང་བཟང་འདེམས་ན་ཆོག།

  14. རྡོ་རྗེ་རྒྱལ་མཚན། says:
    2012-07-01 at 12:05 pm

    རྒྱ་གར་མན་ཇུ་ཏྲེ་ལ་དེ།།
    ཕྱི་རྒྱལ་བོད་མི་འཁོར་ས་རེད།།
    རྒྱ་གར་གཡོག་པོར་ཉར་ས་རེད།།
    བོད་པས་ནག་ཚོང་བརྒྱབ་ས་རེད།།
    བོད་མོ་བཞང་ཚོང་མང་ས་རེད།།
    ཨེ་ཙི་འགོས་ནད་ཁྱབ་ས་རེད།།
    བོད་པ་ཕྱི་རྒྱལ་བཙོང་ས་རེད།།
    སྒོར་མོ་ཁ་ཤས་རག་གི་རེད།།
    གླང་ཤ་འབེལ་པོ་ཟ་ས་རེད།།
    ཇ་ཁང་ཟ་ཁང་མང་ས་རེད།།
    ནེ་པལ་ཁྱི་ཤ་ལ་སོགས་པའི།།
    བཞང་ཚོང་བུ་མོ་མང་ས་རེད།།
    རྡ་ས་ལ་དྭགས་ལ་སོགས་པའི།།
    ཕྱོགས་ཡོང་བོད་ཕྲུག་མགོ་སྟོང་དང་།།
    གངས་སྐྱིད་གཞུང་ཞབས་ཡན་ཆོད་ནས།།
    གང་འདོད་བཞང་ཚོང་མོ་བདམས་ཏེ།།
    འདོད་པའི་འཁྲུག་སྦྱོར་བསྟེན་ས་རེད།།
    རྗེས་སུ་འགོས་ནད་སྣ་ཚོགས་ཀྱིས།།
    ལིང་ག་སྡུག་ལ་སྦྱོར་དུས་སུ།།
    ཆགས་ལྡན་བོད་མི་རྒན་གཞོན་ཚོས།།
    ལྡི་ལེ་མན་ཇུ་ཏྲེ་ལར་དམོད།།
    འོན་ཀྱང་ཆགས་པས་གདུང་སྐབས་སུ།།
    ས་དེར་ཨེ་སླེབས་མི་སླེབས་བལྟ།།
    གང་ལྟར་ས་དེར་ཚ་བ་དུག་སྦྲང་དང་།།
    དྲི་མ་ངན་པ་འཚང་ཁ་སོགས།།
    གོང་བརྗོད་གང་ངན་སྣ་འཛོམས་ཀྱང་།།
    ང་ཚོ་སྐྱབས་བཅོལ་བོད་མི་ལ།།
    དེ་ལས་གཞན་དུ་བདམས་ཀ་མེད།།
    ད་དུང་ས་དེ་འཕྲོག་རྩིས་ཀྱི།།
    སྦྱོར་བ་མང་པོ་བྱུང་ནའང་།།
    ༧གོང་ས་མཆོག་གི་གཟི་བརྗིད་ཀྱིས།།
    སྐབས་འཕྲལ་དཀའ་རྙོག་མེད་པ་ཡི།།
    ཡི་གེ་ལྡི་ལེ་མངའ་གཞུང་གིས།།
    ས་གནས་འགོ་འཛིན་ལ་ཕུལ་བ།།
    ༧གོང་ས་ཆེན་པོའི་བཀའ་དྲིན་རེད།།

  15. སྤོ་ཕྲུག says:
    2012-07-01 at 1:29 pm

    འབྱོར་ལྡན་ཆགས་སྲེད་བྱེད་ས་རེད།།
    འབྱོར་མེད་ཚ་བས་ཤི་ས་རེད།།

  16. གཡུ་འབྲུག་དཀར་པོ། says:
    2012-07-01 at 1:31 pm

    ངས་ཀྱང་མན་ཇུ་ཏྲི་ལ་རུ།  །
    ཐེངས་གཅིག་ཐེངས་གཉིས་ཕྱིན་མྱོང་ཡོད།  །
    ལོ་བིང་བཙོང་མཁན་རྨོར་ཏོ་ལས།  །
    བུ་མོ་མཛེས་མ་མཐོང་མ་མྱོང་།  །

    འོན་ཀྱང་ཟ་ཁང་གཅིག་གི་ནང་།  །
    སྒོར་མོ་༣༠ ཐམ་པ་ལ།  །
    མོག་མོག་སྡེར་མ་གང་ཐོབ་པ།  །
    དེ་ནི་ངའི་དགའ་ཤོས་ཡིན།  །

  17. འདྲེ་རྐང་ཐོ། says:
    2012-07-01 at 11:38 pm

    མི་ཚང་རྒྱག་ས་དེ་ག་རེད་། །
    གྲྭ་བཙུན་ལོག་ས་དེ་ག་རེད། །
    སྟུ་ཚོང་རྒྱག་ས་དེ་ག་རེད། །
    སྒོར་མ་ཡོད་ན་སྐྱིད་ས་རེད། །

  18. མེ་ཏོག་དཀར་པོ། says:
    2012-07-01 at 11:59 pm

    གཡུ་འབྲུག་དཀར་པོ་ལྐུགས་པ་ཁྱོད། །
    སྒོར་མོས་འགྲོ་སོང་མ་བཏང་ཞིང་། །
    འགའ་དང་འབྲེལ་བ་མ་བྱས་ལ། །
    ཁ་སངས་གོ་སྐབས་མ་བཙལ་བར། །
    མཛེས་མས་སྟུ་དམར་སྤུ་དང་བཅས། །
    ཉོ་བར་འདོད་དམ་ཟེར་རབས་མེད། །
    ད་ནི་གཡུ་འབྲུག་དཀར་པོ་ཁྱོད། །
    མཇེ་ལ་ལྟོ་ཞིག་ལྟེར་འདོད་ན། །
    སྒོར་མོ་ཟེར་དུས་མང་ཙམ་ཞིག །
    ཁུག་མའི་ནང་དུ་བཅུག་ལ་ཤོག །
    མགྲོན་ཁང་ཉལ་ཁྲི་ཉིས་ཅན་དང་། །
    གྲང་རླུང་ཅན་ཞིག་གླས་ལ་ཤོག །
    ཁ་པར་ཀུ་ཤུའི་རྟགས་ཅན་ཞིག །
    གློ་ཟུར་ཞིག་ཏུ་བཏགས་ལ་ཤོག །
    ཐ་མག་མེ་དང་བཅས་པ་ཞིག །
    མཛུབ་མོའི་བར་དུ་བཅུག་ལ་ཤོག །
    ཤེལ་སྣོད་ཡུ་བ་ཅན་གྱི་ནང་། །
    སྦུ་ཆང་གྲང་མོ་བཀང་ལ་ཤོག །
    ཨ་མ་གཡག་དང་ཁྲུང་ཁྲུང་སོགས། །
    ཟ་ཁང་ནང་དུ་ཟ་ཁུལ་གྱིས། །
    དུས་ཡུན་མང་ཙམ་སྐྱེལ་ལ་ཤོག །
    དེ་ནས་མཛེས་མ་མ་ཐོབ་ན། །
    མཇེ་རྒོད་བཏུབ་ནས་ཡ་མུ་ནའི། །
    གཙང་པོའི་ནང་དུ་གཡུག་ལ་ཤོག །

  19. བྲོ་འཚལ། says:
    2012-07-02 at 12:55 am

    ལས་མེད་རྐྱལ་སྟོང་ཡོད་གྱུར་ན།།
    འདི་རུ་ཤོག་དང་ལས་ཀའི་རྒྱུ།།
    ཤོ་དང་སྦག་ཁང་འདི་ན་ཡོད།།
    ཆེ་བ་ཁྲི་ནས་འབུམ་གྱི་བར།།
    ཆུང་བ་བརྒྱ་ནས་སྟོང་ལ་སོགས།།
    མི་འཛོམས་བྱ་བ་གཅིག་ཀྱང་མེད།།
    རྐུ་འཕྲོག་ལས་ལ་གཟིགས་འདོད་ན།།
    འདི་རུ་ཤོག་དང་ལྟད་མོ་ཡོད།།
    ཉིན་དཀར་ངོ་དཀར་མཐོང་མཐོང་ལ།།
    ལག་ཏུ་བཟུང་བའི་ཁ་པར་འཕྲོག།
    མགུལ་དུ་བཏེགས་པའི་གསེར་ཐག་འཕྲོག།
    སེམས་ཆུང་སེམས་པ་མ་གཟབ་ན།།
    གྱོན་པ་འཕྲོག་ནས་གཅེར་བུར་ཕུད།།
    དུག་རྫས་སྨྱོ་ཆུ་སྤྱོད་མཁན་མང་།།
    ལག་པ་བསྲིངས་ནས་སློང་མཁན་མང་།།
    མངོན་སུམ་མདུན་ནས་བཙོང་མཁན་ཡོད།།
    བོད་མོ་ཁྱི་ཤ་རྒྱ་གར་མོ།།
    ནེ་པ་ལ་སོགས་གང་དགོས་ཡོད།།
    གོང་ལ་ཆེ་ཆུང་མི་འདྲ་སྟེ།།
    ཆུང་དང་མཐོ་སློབ་འགྲིམས་པ་ཚོ།།
    བཞི་སྟོང་ལྔ་སྟོང་མཚན་གཅིག་ཡིན།།
    ནེ་པ་ལ་དང་ཁྱི་ཤ་ལ།།
    ཉིས་སྟོང་ཕྱེད་དང་སུམ་སྟོང་གིས།།
    མཚན་ཐོག་ཅིག་ལ་འགྲིག་པ་ཡིན།།

  20. བོད་ཀྱི་བུ says:
    2012-07-02 at 4:06 am

    བཀྲ་ཤེས་བདེ་ལེགས་

  21. བོད་ཀྱི་བུ says:
    2012-07-02 at 10:00 am

    གྲོགས་པོ་རྣམས་པ། ང་ལ་མི་ཇུ་ཏྲི་ལ་ནས་བུ་མོ་ལ་ཇི་ལྟར་འབྲེལ་བ་བྱེད་དགོས་པ་དང་། རབ་ཁ་པར་ཨང་གྲང་ཞིག་སྤྲད་རོག་གནང་།

  22. འབྲོག་ཕྲུག་ says:
    2012-07-02 at 12:08 pm

    འུར་སྟོང་མ་རྒྱག་བྲོ་འཚལ་ཁྱོད།།
    རྒྱ་གར་ང་ཡི་ཕ་ཡུལ་ཡིན།།
    མ་ཇུ་ཏྲི་ལ་གནས་ཚང་ཡིན།།
    ལོ་རེར་འགྲོ་བཅུ་རེ་ཙམ།།
    ཐེངས་རེ་ཉིན་གྲངས་བཅུ་རེ་ཙམ།།
    མ་ཇུ་ཏྲི་ལ་སྡོད་མཁན་ཡིན།།
    བུ་མོ་ཁྲུང་ཁྲུང་འགྲོ་འགྲོ་རེད།།
    བཙོང་མཁན་ཡིན་པ་གཅིག་མ་མཐོང་།།
    ཡང་ན་ཐམས་ཅད་བཙོང་མཁན་རེད།།
    གོས་ཐུང་བརླ་རྩར་ཐུག་པ་དང་།།
    སྟོད་གོས་སྐེད་ཆད་རེ་རེ་གྱོན།།
    མཛེས་ཉམས་མི་སྟོན་སུ་ཡང་མེད།།
    འོན་ཀྱང་འདི་དག་བཙོང་མཁན་མིན།།
    དེང་རབས་བོད་ཀྱི་གོམས་གཤིས་རེད།།
    འོན་ཀྱང་པན་ཇབ་བྷ་སུ་ཏིས།།
    བལ་པོ་དང་ནི་ཁྱི་ཤ་སོགས།།
    བཙོང་མཁན་འགའ་ཞིག་ཡོད་འདུག་ཅིང་།།
    ཁོང་ཅག་བོད་པ་ཡིན་རབས་བཤད།།
    བོད་སྐད་འབྱོངས་ངེས་་མེད་ནའང་།།
    དབྱིན་ཧིན་བོད་སྐད་འདྲེས་མ་བཤད།།
    ཁ་ཅིག་འདི་དག་བོད་པར་འཁྲུལ།།
    བོད་པའི་གཞང་བཙོང་མང་རབས་བཤད།།
    བོད་ཀྱི་བུ་མོའི་སེམས་ཁམས་དཀྲུགས།།
    ང་ནི་འདི་དག་རྒྱུས་ཡོད་ཡིན།།
    ཉེ་ཆར་ཉིན་གྲངས་ཉིན་ཤུར་བསྡད།།
    བོད་མོ་གཅིག་ལ་ཨེ་ཐུག་བསམ།།
    ཡར་མར་ཁ་པར་མང་པོ་གཏང་།།
    དངུལ་ལོར་མང་ཙམ་རུམ་ལ་བཅུགས།།
    ཉིན་ལྟར་གོ་བོ་ལྡིང་ལྡིང་བྱས།།
    བོད་མོ་གཅིག་ལ་མ་ཐུགས་ནས།།
    བལ་མོ་གཅིག་ལ་ཐུག་ནས་ཐལ།།
    སྒོར་མོ་སུམ་སྟོང་ཐམས་པ་ཤོར།།
    ཞག་པོ་གཅིག་ལ་ཅི་དགོས་བྱས།།
    འདི་ན་བོད་མོ་མི་འདུག་གོ།།
    བོད་མོ་འདུག་ལ་ང་ལ་སྨྲོས།།

  23. མེ་ཏོག་དཀར་པོ། says:
    2012-07-03 at 1:42 am

    ཉིན་ལྟར་གོ་བོ་ལྡིང་ལྡིང་བྱས།། ཧ་ཧ། ངེད་གཉིས་ཨ་ན་མ་ན་རེད་ཨེ་མིན་འདུག་་ཧཧ་ཧ་ཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme