Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་དཀའ་ངལ་ཞིག་ཡིན་ན་འདི་ལྟར་གླེང་དགོས་པ་འདྲ།

Posted on 2011-06-19 By ཁ་བརྡ་ 48 Comments on དེ་དཀའ་ངལ་ཞིག་ཡིན་ན་འདི་ལྟར་གླེང་དགོས་པ་འདྲ།

མི་ནག་ཚང་ལུང་རིགས་རྒྱལ།

ངས་བལྟས་ན་ཀརྨ་ཆོས་འཕེལ་ལགས་གཅིག་པུ་ཁྱིམ་ཚང་འདིའི་༼ལྷས་ར་ནང་གི་ལུག་ནག་པོ་གཅིག་པུ་༽ དེ་རེད་ལབ་ན་འགྲིག་གི་མི་འདུག

བོད་པ་ཚང་མ་ཐུན་མོང་གིས་དགའ་ས་་་་
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཡང་ར་བཟི་ཞིག་རེད།
དགེ་འདུན་ཆོས་འཕེལ་ཡང་ར་བཟི་ཞིག་རེད།
དོན་གྲུབ་རྒྱལ་ཡང་ར་བཟི་ཞིག་རེད།
ཟླ་བ་ནོར་བུ་ཡང་ར་བཟི་ཞིག་རེད།

ད་དུང་།
འཇམ་དབྱངས་ནོར་བུ་ཡང་ར་བཟི་ཞིག་རེད།
བཀྲ་ཤིས་ཚེ་རིང་ཡང་ར་བཟི་ཞིག་རེད།
པདྨ་འབུམ་ཡང་ར་བཟི་ཞིག་རེད།
སྤེན་པ་ཚེ་རིང་ཡང་ར་བཟི་ཞིག་རེད།

དཔེར་ན། བོད་ཀྱི་གསོལ་མགྲོན་ཁང་ Hotel Tibet ནི། ཉེ་རབས་ཀྱི་བོད་པ་གྲགས་ཅན་དེ་དག་འཛོམས་ས་རེད། ཁོང་ཚོས་རིག་གཞུང་གླེང་ས་རེད། ཆབ་སྲིད་བཤད་ས་རེད། ལ་རྒྱ་བསྟོད་ས་རེད། དཔའ་སྟོབས་རྒྱས་ས་རེད། ཁུ་ཚུར་སྒྲེང་ས་རེད། མནའ་སྐྱེལ་ས་རེད། རྩོམ་ཡིག་གི་སྤྱི་ཁོག་དང་ཁ་བྱང་གཏན་འཁེལ་བྱ་ས་རེད། མི་རིགས་ཀྱི་དོན་དུ་ར་བཟི་ས་རེད། རིག་གཞུང་གི་དོན་དུ་ར་བཟི་ས་རེད། རང་བཙན་གྱི་དོན་དུ་ར་བཟི་ས་རེད། འདི་དག་མཐོང་ན་ང་ནམ་ཡང་ངོ་ཚ་གི་མི་འདུག དཔའ་བོ་ཚང་མ་ར་བཟི་རེད།

དེ་དག་ལས་ང་ངོ་ཚ་ས་གཞན་པ་མང་པོ་འདུག ངོ་ཚ་ནས་བཤད་ཐུབ་གི་མི་འདུག ཤུ་རེ་གོ། ཨ་རག་ཅིག་ཡོད་རྒྱུ་ན་ངས་ཏོག་ཙམ་འཐུང་རྗེས་བཤད་ཐུབ་ས་རེད། དགོངས་དག

སྣ་ཚོགས།

Post navigation

Previous Post: བོད་ཤར་ཕྱོགས་མདོ་ཁམས་ཏྲེ་ཧོར་ལུང་ནང་རང་དབང་གི་འབོད་སྒྲ།
Next Post: རང་གིས་རང་ལ། ༢

Comments (48) on “དེ་དཀའ་ངལ་ཞིག་ཡིན་ན་འདི་ལྟར་གླེང་དགོས་པ་འདྲ།”

  1. ཚེ་རིང་ནས། says:
    2011-06-19 at 1:44 am

    རེད་དངོས་གནས། དེ་དག་ཙམ་དུ་མ་ཟད་ད་དུང་སྤྱི་འཐུས་མང་ཆེ་བ་རག་བཟི་རེད་དེ། ཡང་ཀརྨ་ཆོས་ནི་དེ་དག་ལས་ཅུང་དམིགས་བསལ་བ་ཡིན་པ་བཤད་ཆོག ཁོང་ནི་ག་དུས་ཡིན་ནའང་མཛད་སྒོ་ཆེ་གྲས་ཁག་ཏུ་ཕེབས་དུས་བཟིའི་ཡོད། ཧཧཧཧཧ ལོ་སྔར་མར་སྤྱི་འཐུས་ཁ་ཤས་མགྲོན་ཁང་དུ་སྡད་དེ་རག་བཟི་ནས་ཁ་རྩོད་ཀྱང་ཤར་འདུག

  2. ཚབ་ཆང་འཇམ་དཔལ། says:
    2011-06-19 at 1:46 am

    རྒྱ་ནག་གི་ལྐོག་ཟ་རུལ་སུངས་བྱེད་མཁན་གྱི་དཔོན་རིགས་ཚོས་འདས་པའི་ལོ་བཅུ་ཕྲག་འགའི་རིང་། ཨ་རིའི་སྒོར་མོ་ཡིན་པའི་ལྐོག་དངུལ་ཐེར་འབུམ་ ༡༢༠ ལྷག་ཕྱི་རྒྱལ་རྒྱལ་ཁབ་ཁག་ཏུ་བཏང་ཡོང་པ་རྒྱ་ནག་དབུས་དངུལ་ཁང་གིས་བརྗོད་འདུག དེ་ཡང་ལོ་བཅུ་ཕྲག་གཉིས་ཀྱི་རིང་རྒྱ་ནག་དཔོན་རིགས་ ༡༦༠༠༠ ནས་ ༡༧༠༠༠ བར་གྱི་དཔོན་རིགས་ཚོས་རྒྱ་ནག་གཞུང་ལ་དབང་བའི་ཨ་རིའི་དངུལ་སྒོར་ཐེར་འབུམ་ ༡༢༠ ལྷག་ཙམ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁྲིམས་འགལ་གྱི་ཐོག་ནས་བཏང་ཡོད་པ་དང་། རྒྱ་ནག་གི་ལྐོག་ཟ་རུལ་སུངས་བྱེད་ མཁན་དཔོན་རིགས་དེ་ཚོས་ནུབཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རི་དང་། ཁེ་ནཱ་ཊ། ཨོ་སི་ཊི་ལ་ཡ་སོགས་ཀྱི་ནང་གཏོང་གི་ཡོད་ཚུལ་དང། དེ་མིན་ར་ཤི་ཡ་དང་། ཐ་ལན་ཊིའི་ནང་དུའང་མ་དངུལ་གཏོང་མཁན་ཡོད་པའི་སྐོར་རྒྱ་ནག་དབུས་གཞུང་གི་དངུལ་ཁང་གིས་ར་སྤྲོད་བྱས་འདུག རྒྱ་ནག་དབུས་དངུལ་ཁང་གིས་དེའི་སྐོར་ལ་ཉམས་ཞིབ་སྙན་ཐོ་ཞིག་སྤེལ་བའི་ནང། རྒྱ་ནག་གཞུང་ལ་དབང་བའི་མ་དངུལ་འབོར་ཆེན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཏོང་གི་ཡོད་པའི་གནས་སྟངས་འདིས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀར་གནོད་སྐྱོན་བཟོ་བཞིན་ཡོད་པར་བརྟེན། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༦ པའི་ནང་གནད་དོན་དེ་རིགས་ཐོག་བརྟག་དཔྱད་ནན་མོ་དང་འབྲེལ་བྱ་སྤྱོད་དེ་རིགས་སྤེལ་མཁན་ལ་ཁྲིམས་ཐོག་ནས་ཉེས་ཆད་ནན་མོ་གཅོད་རྒྱུའི་སྲིད་ཇུས་ལག་ལེན་དུ་་བསྟར་ཡོད་ཀྱང་། དེར་ཕན་ནུས་ལྡན་པའི་འབྲས་བུ་དེ་ཙམ་ཐོན་གྱི་མེད་སྟབས། རྒྱ་ནག་གཞུང་གིས་གནད་དོན་དེ་ཐག་གཅོད་ཡག་པོ་ཞིག་ཡོང་ཐབས་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

  3. དཀོན་མཆོག་ནོར་བུ says:
    2011-06-19 at 2:37 am

    མི་ནག་ཚང་ལ་ངོ་ཚ་གྱི་ཞིག་ཡོད་ན་་ཚ་དགོས་ཡོད་་་་གཞན་ལ་བལྟ་བའི་མིག་ཡོད་ན་་་རང་ལ་བལྟ་བའི་མེ་ལོང་ཞིག་ངེས་པར་ཡོད་ན་བཟང་་་

  4. སྐྱུ་རྩི་ནས། says:
    2011-06-19 at 2:38 am

    ཁོང་ཚོ་ཟ་བཟི་ཡིན་ན་ཡང་ལས་དོན་དངོས་ལ་འཐུས་ཤོར་བཏང་བ་བྱུང་ཨེ་ཡོད་ནམ།

  5. སྐྱུ་རྩི་ནས། says:
    2011-06-19 at 2:41 am

    སྔ་མོའི་སྐུ་ངོ་ཐུགས་སྤྲོར་བྲེལ་ནས་ཆབ་མདོ་ཤོར་བར་ཐུགས་ཚབ་མེད།
    དགྲ་བོ་རྒྱ་དམར་མགོ་ཁར་སླེབས་དུས་ལྷ་དང་ཀླུ་ལ་༧སྐྱབས་འཇུག་བྱེད།
    ད་ལྟའི་སྐུ་ངོ་སྐྱུ་ལ་དད་ནས་ཉིན་མཚན་རྒུན་ཆང་འདོད་དགུར་རོལ།
    གསོལ་གྲོད་ནང་དུ་ཚ་བོ་མི་འགྲོ་ཉ་ཆུང་གསེར་ཉ་གསོས་ལགས་སམ།

  6. ཀིརྟི་སྐྱབས། says:
    2011-06-19 at 2:46 am

    སྤེན་པ་ཚེ་རིང་མ་གཏོགས་གཞན་རྣམས་མི་མང་གི་འཐུས་མི་དང་གཞུང་འབྲེལ་གྱི་མི་སྣ་དེ་འདྲ་མ་རེད་དོ། སྤེན་ཚེས་ཆང་རག་འཐུང་ནའང་གཞུང་དོན་སྒྲུབ་སྐབས་ར་བཟི་བའི་ལོ་རྒྱུས་བཤད་རྒྱུ་མེད། གཞུང་འབྲེལ་ལས་དོན་སྐབས་ར་བཟི་བ་འདི་འགྲིག་གི་མི་འདུག་ཟེར་གྱི་ཡོད་པ་ལས། ཁོང་སྒེར་གྱིས་ཆང་རག་འཐུང་བ་འགྲིག་གི་མི་འདུག་ཟེར་གྱི་ཡོད་པ་མ་རེད། ཤེས་ཡོན་ཅན་དེ་ཚོས་མི་མང་གི་ཚབ་དང་སྤྱི་འཐུས་ལྷན་ཁང་གི་ཚབ་བྱས་ནས་གཞུང་དོན་སྒྲུབ་ཀྱི་ཡོད་པ་མ་རེད།

  7. ལྷོ་མོན་འབྲུག་རིས says:
    2011-06-19 at 2:48 am

    ལྷས་ར་ནང་གི་ལུག་ཚང་མ་ནག་པོ་བཟོས་འདུག

  8. སྐྱུ་རྩི་ནས། says:
    2011-06-19 at 3:17 am

    ཚངས་དབྱངས་རྒྱ་མཚོ་བདུད་རྩི་བཞེས་ཀྱང་མགུལ་གླུ་རྩོམ་ལ་ཐོག་པ་མེད།
    དགེ་འདུན་ཆོས་འཕེལ་ཨིལ་ལ་མཉེས་ཀྱང་མཛད་རྗེས་ཁ་བའི་ལྗོངས་ལ་གྲགས།
    དོན་གྲུབ་རྒྱལ་ལགས་ཆང་ལ་དགའ་ཡང་ཁ་བའི་གཞོན་ནུའི་གཙུག་རྒྱན་ལགས།
    ཟླ་བ་ནོར་བུས་ཞབས་ཏག་བརྒྱབས་ཀྱང་ཤར་ཕྱོགས་མཁས་པའི་གྲགས་པ་འབར།
    འཇམས་དབྱངས་ནོར་བུ་སྐྱུ་ལ་དད་ཀྱང་རྩོམ་པའི་གྲགས་སྙན་འཛམ་གླིང་རྒྱས།
    བཀྲ་ཤིས་ཚེ་རིང་བཞེས་རག་མཆོད་མིན་སྐྱུ་རྩི་ཚང་ལ་བཤོད་རྒྱུ་མེད།
    པདྨ་འབུམ་མཆོག་ལ་རྩེའི་ནང་དུ་ཨ་རག་མཆོད་པའི་དུས་ཚོད་མེད།
    སྤེན་པ་ཚེ་རིང་སྐུ་ར་བེར་ནས་ཚོགས་གཙོའི་ལས་དོན་ཕྱུག་མྱོང་མེད།
    ཀརྨ་ཆོས་འཕེལ་སྐུ་ར་བེར་ནས་ར་བཟིའི་སྐྱུ་གོང་རྫོགས་མཐའ་མེད།

  9. ཀླུ་སྨྱོན། says:
    2011-06-19 at 3:22 am

    ཆང་འདི་དང་པོས་མ་བཟི། །
    ཆང་འདི་གཉིས་པས་མ་བཟི། །
    ཚོགས་འདུའི་སྐབས་ལ་བཏུངས་པས། །
    ར་བཟི་དྭངས་རྒྱུ་མི་འདུག །
    ཀརྨ་ཆོས་འཕེལ་གྱི་ཆང་གཞས་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམས།

  10. སྐྱུ་རྩི་ནས། says:
    2011-06-19 at 3:37 am

    རྩ་བའི་ཆང་སུས་བཏུང་ན་ཡང་དེ་སོ་སོའི་རང་དབང་རེད། ཆང་རྩ་བ་ནས་བཏུང་མི་ཆོག་པའི་ཁྲིམས་དེ་འདྲ་སུས་ཀྱང་བཟོས་ཀྱི་ཡོད་མ་རེད། ཡིན་ན་ཡང་ཚོད་མ་ཟིན་པར་ལས་དོན་དངོས་ལ་བཞུགས་པའི་སྐབས་སུ་ཆང་བཏུང་ནས་མི་མང་ལ་ར་བཟི་བཤད་ནས་ལས་དོན་འཐུས་ཤོར་བཏང་ན་མི་དེའི་ངོ་བོ་གང་འདྲ་ཞིག་ཡིན་ནམ། ཤེས་པ་རྣལ་དུ་གནས་པ་ཞིག་ཡིན་ན་ཤེས་པར་ངེས། མང་གཙོའི་ལུང་པའི་ནང་དུ་འགོ་ཁྲིད་ནས་འཆལ་སྤྱོད་དེ་འདྲ་བྱས་ན་གོ་གནས་ད་ཕར་ཞོག བཙོན་ཁང་དུ་ཁྲིད་པ་རེད་། རང་ཅག་བོད་པ་ཚང་འདི་ཅི་འདྲ་རེད།

  11. གཡུ་བྲག་པ says:
    2011-06-19 at 4:10 am

    མི་ནག་ཚང་གི་ཚངས་དབྱངས་རྒྱ་མཚོ་སོགས་སྔོན་ཀྱི་སྐྱེས་ཆེན་འགའ་གླེང་ནས། ཀརྨ་ཆོས་འཕེལ་ལ་དག་འབུལ་བྱེད་ཀི་ཡོད་མོད། ཁོང་འདི་ཚོ་དང་འདྲ་ལེ་མ་རེད།

  12. དབང་གྲགས་འབུམ། says:
    2011-06-19 at 4:11 am

    རྩ་བའི་ཆ་ནས་སྤྱི་འཐུས་སྐར་མ་ཆོས་འཕེལ་གྱིས་བོད་དོན་སྐོར་ལ་སེམས་
    ཤུགས་དང་གོ་རྟོགས་སོགས་ཀྱི་སྐོར་སྤྱི་འཐུས་ནང་དྲག་ཤོས་ཁྲོད་རེད། འོན་
    ཀྱང་ཚད་མི་ཟིན་པའི་ཨ་རག་གིས་ཁོང་གི་རླུང་རྟ་ཆུ་ལ་བསྐུར་གྱི་འདུག སོང་
    ཙང་ཨ་རག་དེ་གཏན་དུ་སྤང་ཐུབ་ན་བོད་ཀྱི་རྩ་དོན་ལ་ཕན་པའི་མི་ཡིན།

  13. གཡུ་བྲག་པ says:
    2011-06-19 at 4:21 am

    གཏུང་བའི་ཚེ་ན་ཆང་ཞིམ་སྟེ།། རྣམ་སྨིན་ཚེ་ན་མཆོག་ཏུ་ཚ།། ཀིམ་པ་ཀ་དང་ཀིམ་མ་ཀ།། ཆང་ཞེས་མཁས་པ་རྣམས་ལ་བཤད།། བདག་ལ་ཆང་གི་མི་གནོད་དེ།། བློ་ལྡན་ཆང་ལ་ཡིད་མ་སྟོན།།

  14. ཆོས་འགྲུབ། says:
    2011-06-19 at 4:41 am

    གཏམ་དྲང་མོ་མི་ནག་ཚང་ནས་བཤད་འདུག དེ་མིན་དྲང་བདེན་གྱི་མིག་བུ་ལྡོངས་ཤིང་། ཕྱོགས་རེས་ཀྱི་གདོན་གྱིས་ཟིན་པའི་མི་རྣམས་ལ་ནི་ཉན་རྒྱུ་ཅི་ཡང་མི་འདུག མདོར་ན་ཕྱོགས་རེས་ལས་མེད་པའི་མཆན་འབྲི་བ་བརྒྱ་ལས། དྲང་བདེན་ལ་འགྲུས་པའི་ར་བཟི་གཅིག་དགའ་ངེས་ཡིན།།

  15. འཇམ་དཔལ་ཚུལ་ཁྲིམས། says:
    2011-06-19 at 4:41 am

    བདེན་པ་འདྲ་ཞིག་རེད་མོ།
    ཁྱེད་ཀྱི་འབྲི་རྩལ་འདིས་ངའི་བསམ་ཚུལ་ཀྱང་བསྒྱུར་སོང་།

  16. པ་མགོ says:
    2011-06-19 at 5:08 am

    རེད་ཡ ། ངོ་མ་ཡོད་ཚད་ར་བཟི་རེད་ཡ་བོད་རིག་པའི་ཞིབ་འཇུག་ལ་སོང་བའི་ལུང་རིག་སོགས་ཡང་ར་བཟི་ནས་ལུས་སོང་བ་མ་ཡིན་ནམ། སྤུན་ཟླ་ཚོ་ད་དུང་ང་ཚོ་སྤྱི་ཚོགས་ནང་དུ་ར་བཟི་ག་ཚོད་་ཡོད་སུ་ཡིས་ཤེས།

  17. དཀོན་མཆོག་ཆོས་འཕེལ། says:
    2011-06-19 at 5:23 am

    རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་། དགེ་འདུན་ཆོས་འཕེལ་སོགས་ཀྱིས་ཨ་རག་བཞེས་པ་དེ་ཀརྨ་ཆོས་འཕེལ་ལ་ཨེ་འབྱོར་མི་འབྱོར་གྱིས་དག་འབུད་བྱེད་ཀྱི་ཡོད་ན་དེ་ནོར་བ་རེད།

    xxxxxxxxxxxxxxxxxxxxxxxxxxxxxxxxxxxxxxxxxxxx

  18. གངས་དཀར་ཟླ་བ། says:
    2011-06-19 at 5:41 am

    སྨྱོ་ཆུ་དེ་ལོངས་སུ་སྤྱད་ནས་བོད་དོན་ནི་བསྒྲུབས་དཀའ་འོ།
    བོད་ནང་གི་སྤུན་ཟླ་ཚོ་སྙིང་རེ་རྗེ།ལུས་སེམས་གཉིས་ཀྱི་སྟེང་ན་མནར་གཅོད་མྱོང་གིན

  19. པདྨ་གེ་སར says:
    2011-06-19 at 5:49 am

    ཀརྨ་པ་མཁྱེན་ནོ།
    ཀརྨ་ཆོས་འཕེལ་མཁྱེན་ནོ། །
    རང་རང་སོ་སོའི་བསམ་པ་འགྲུབ་པ་དང་། །
    ཐམས་ཅད་ར་བཟི་བདེ་བས་སྨྱོས་པར་ཤོག །
    http://www.youtube.com/watch?v=h5QD53EY9hw
    རྡོ་རྗེ་འཆང་ཡང་ཆང་ར་བཟི། །
    ཏེ་ལོ་ན་རོ་མར་པ་དང་། །
    མི་ལ་སྒམ་པོ་ཀརྨ་པ། །
    ཀརྨ་ཆོས་འཕེལ་དེ་བཞིན་ནོ། །

  20. པདྨ་གེ་སར says:
    2011-06-19 at 5:54 am

    རླུང་བུ་བསིལ་བསིལ་ལྡང་བའི་རྟེན་འབྲེལ་ལ་དམིགས་ན།།
    སྡུག་ཀུན་ཞིག་རལ་ཅན་གྱི་བསླུ་བྲིད་དེ་དྲན་ནས།།
    སྐྱོ་བའི་སྨུག་སྤྲིན་རི་བོའི་ཕ་མཐའ་ལ་མཆེད་དེ།།
    ལུས་ཀྱི་ཟུངས་ཁྲག་འདྲེས་མའི་མགུར་གླུ་ཞིག་ཤོར་སོང་།།

    ལོ་ཟླའི་བསིལ་ཆབ་འཇིག་རྟེན་ཁུག་པ་ནས་ཐོར་དུས།།
    བསམ་བློ་འཁྲུལ་འཁྲུལ་ཞིག་གི་དབྱར་གཞུང་དེ་ཡལ་སོང་།།
    མི་རྟག་དངོས་པོའི་གཤིསཀྱི་ཆོས་ཉིད་ལ་དཔོག་ན།།
    འཆི་བདག་ཞགས་པ་དེས་ཀྱང་བརྡ་ལན་ཞིག་སྤྲད་སོང་།།

    སྒེའུ་ཡོལ་སྔོན་པོ་རླུང་གིས་ཡབ་ཡོབ་དུ་སྒུལ་དུས།།
    ཆགས་སྡང་བདུད་ཀྱི་བཟུང་བའི་གཟུགས་ཕུང་འདིའི་སྟེང་ལ།།
    ཞེན་ཆགས་ལོ་མ་ཐོར་བར་སྐྱེངས་སེམས་ཀྱིས་བསྡུས་ནས།།
    རང་ཉིད་གཅིག་བུ་ཡིན་ཡང་ཁུམ་ཁུམ་ཞིག་བྱས་སོང་།།

    འདོད་པའི་ཤྭ་འོད་རྒྱུགས་པའི་ལམ་ཆེན་འདིའི་སྟེང་ནས།།
    ལང་ཚོའི་སྒྲིབ་གཡོག་རལ་བའི་བགྲེས་པོ་ཚོ་མཐོང་དུས།།
    ཆགས་སྲེད་གླང་ཆེན་སྨྱོན་པ་ཕར་འཛིན་ཞིག་བྱས་ཏེ།།
    ཚོགས་དྲུག་སྣང་བ་འགག་པའི་ཏིང་འཛིན་ཞིག་ཐོབ་ན།།

    མགོ་སྐྲའི་ནགས་ཀློང་ཆེན་པོ་སེ་མདའ་ཡིས་བཅུམས་ནས།།
    ཁྲ་ཆུང་མིག་གི་རྒྱལ་མོ་ཁྲག་མདོག་ལ་འགྱུར་ན།།
    སྡོང་ལོའི་ཆུ་ཐིག་ཟེགས་འདྲའི་མི་ཚེ་ཡི་རིན་ཐང་།།
    མདང་གི་རྨི་ལམ་བཞིན་དུ་རབ་རིབ་དུ་གྱུར་སོང་།།

    དུ་ཞགས་དགུང་ལ་ཟུགས་ཏེ་ཀ་བ་ཞིག་བཙུགས་ན།།
    མདུན་གྱི་མེ་ལྕེ་འདི་ཡང་ལྷབ་ལྷབ་དུ་འབར་ན།།
    གཞོན་པའི་ལང་ཚོའི་ངར་ཤུགས་སེམས་ཁོང་ལ་ཐིམ་ནས།།
    བདེ་མོའི་ཉལ་ས་ཞིག་པའི་ཕག་ཙག་ཅིག་བྱས་སོང་།།

    རྟེན་འབྱུང་ཕ་མཐའ་བྲལ་བའི་ཐང་ཆེན་དུ་ལྷུང་དུས།།
    མི་ཕྱེད་རྡོ་རྗེ་བྲག་རིའི་རྩེ་མོ་ལ་བུད་ནས།།
    འཁོར་བའི་འགག་འཕྲེང་གཏོར་བའི་ཀི་རིང་ཞིག་བཏབ་སྟེ།།
    ཟག་མེད་བདེ་བ་ཆེན་པོར་སྨོན་པ་ཞིག་ཤོར་ན།།

    དམར་སེར་ཉི་མའི་དར་ཐག་རི་རྩེ་ལ་ལྡོག་ནས།།
    ལྷུན་པོའི་གྲིབ་རས་དེས་ཀྱང་འཇིག་རྟེན་ལ་རྒོལ་ན།།
    འདས་པའི་བྱ་བཞག་མེ་ལོང་ཧ་བཏབ་ལྟར་ཡལ་བས།།
    གང་དུ་གཏད་སོ་མེད་པའི་འཇིག་རྟེན་འདི་སྐྱོ་བ།།

  21. ལྷ་མོ་སྐྱབས། says:
    2011-06-19 at 5:54 am

    ར་བཟི་ལ་ལས་དོན་ཆེན་འགྲུབ། ར་བཟི་ལ་ལས་དོན་ཆེན་བརླག
    ར་བཟི་ཚང་མ་གཅིག་ཡིན་ན། ཆང་སྐྱོན་ཅན་ཞེས་བཀར་དོན་མེད།

  22. བདེ་ཆེན། says:
    2011-06-19 at 6:27 am

    པདྨ་གེ་སར་འདི་ཉིད་ཀརྨ་པ་ལ་ཧ་ཅང་སྡང་པོ་ཡོད་ཚོད། དེ་ནི་ཕྲག་དོག་མིན་ནམ་གང་ཡིན། བོད་གཞིས་བྱེས་གཉིས་སུ་ཁོང་ནི་ད་ལྟ་ཉི་ཟླ་སྐར་གསུམ་གྱི་གྲལ་དུ་བརྩི་བ་དང་། བོད་ལ་ཤ་ཞེན་ཡོད་མཁན་གཞོན་སྐྱེས་རྣམས་ཀྱིས་དགའ་མོས་བྱེད་ས་ཆེ་ཤོས་དེ་ཡིན། ཀརྨ་ཆོས་འཕེལ་གྱིས་མཛད་སྒོ་འཐུས་ཤོར་བཏང་བ་བདེན་པ་ཡིན་མིན་མ་ངེས་ཀྱང་། ཀརྨ་པ་ལ་འབྲེལ་བ་གང་ཡོད་དམ། ཁོང་བཀའ་བརྒྱུད་སྤྱི་འཐུས་སུ་བཞག་མཁན་བཀའ་བརྒྱུད་སྤྱི་ཡོངས་ཀྱི་གྲྭ་པ་རྣམས་ལས་ཀརྨ་པ་ག་ལ་ཡིན་དགོས།

  23. གཙུག་ལག་སློབ་དཔོན་ says:
    2011-06-19 at 7:50 am

    ཀར་ཆོས་དང་པད་གེ་ལ་གདམས་པ།

    པད་མ་གེ་སར་སྐུ་མཁྱེན་ཐུགས་མཁྱེན་སོམས། །
    རྡོ་རྗེ་འཆང་དང་ཏེ་ལོ་ན་རོ་དང་། །
    མར་མི་སྒམ་པོ་ཀརྨ་པ་སོགས་ལ། །
    ལོག་ལྟ་མ་བྱེད་པད་གེ་དམ་ཉམས་ཁྱོད། །

    ཀརྨ་ཆོས་འཕེལ་ག་ཚོད་འཐུང་ཀྱང་འཐུང་། །
    ཁྱེད་རང་གཉིས་ཀྱི་རང་མདོག་ཀུན་གྱིས་མཐོང་། །
    བྱུང་ན་ཀརྨ་ཆོས་འཕེལ་འཐུང་ཚོད་གྱིས། །
    བྱུང་ན་པད་མ་གེ་སར་ལབ་ཚོད་གྱིས། །

    ཆོག་སྒྲིལ་ཡོང་བར་བརྩོན་ཅིག་ཀ་པད་གཉིས། །

  24. ལ་སྟོད་བུ། says:
    2011-06-19 at 8:16 am

    གྲོས་ཚོགས་ར་བའི་ནང་དུ་ར་བཟི་མིན་པ་གཅིག་ཀྱང་མེད།
    ཆོས་ལུགས་སྤྱི་འཐུས་ཆོས་ཀྱི་ཞེན་པས་བཟི།
    བུད་མེད་སྤྱི་འཐུས་གཡེམ་པའི་ཆགས་པས་བཟི།
    སྐྱེ་བོའི་སྤྱི་འཐུས་མྱོས་པའི་ཆང་གིས་བཟི།
    ཆོལ་ཁའི་སྤྱི་འཐུས་ཆོལ་ཁའི་རིས་ཀྱིས་བཟི།
    གང་གིས་བཟི་ཡང་ཐམས་ཅད་བཟི་བ་ཡིན།

  25. གཙུག་ལག་སློབ་དཔོན་ says:
    2011-06-19 at 9:20 am

    བཟི་ཚད་སྤྱི་དོན་ལ་འགྲོ་སྟངས་གདམས་པ།

    ཆོས་ལུགས་སྤྱི་འཐུས་ཆོས་ཀྱི་ཞེན་པས་བཟི། །
    བུད་མེད་སྤྱི་འཐུས་གཡེམ་པའི་ཆགས་པས་བཟི། །
    སྐྱ་བོའི་སྤྱི་འཐུས་མྱོས་པའི་ཆང་གིས་བཟི། །
    ཆོལ་ཁའི་སྤྱི་འཐུས་ཆོལ་ཁའི་རིས་ཀྱིས་བཟི། །

    བོད་ཀྱི་ཆོས་ལུགས་བོད་ཀྱི་བུད་མེད་དང་། །
    བོད་ཀྱི་སྐྱ་བོ་བོད་ཀྱི་ཆོལ་ཁ་ཚོས། །
    ཆང་གིས་བཟི་སོགས་བཟི་ལུགས་མང་ཞོར་དུ། །
    རྒྱ་གཞུང་ལས་བྱེད་ར་བཟི་ལས་ལྷག་དགོས། །

    བཟི་དོན་དོན་དང་ལྡན་པར་གྱིས་ཤིག་ཀྱེ། །

  26. འདོད་ལྷ་ཁམས་པ། says:
    2011-06-19 at 1:02 pm

    སྐད་ཆ་ཅིག་བཤད་བསམ་ན། ཡོ་འཁྱོག་མེད་པ་དང་གནས་ལུགས་དང་མཐུན་པ་ཞིག་ཡིན་དགོས་གི་རེད། འདིར། ལུང་རིགགས་ལགས་ཀྱིས་ཀརྨ་ཆོས་འཕེལ་དང་༧རྒྱལ་བ་ཚངས་དབྱངས་སོགས་བསྡུར་བ་ནི་རྟ་བོང་མཉམ་བསྡེབས་དང་གསེར་རྡོ་མཉམ་གསེས་རང་རེད།
    སྤྱིར་ཆང་གིས་བཟི་བ་ནི་ཡོང་སྲིད་པ་དང་ཡོང་ཆོག་པ་ཞིག་རེད། ཡིན་ན་ཡང་། ཀརྨ་ཆོས་འཕེལ་བཟི་བ་དེ་སྤྱིར་བཏང་ཞིག་མ་རེད། བོད་མིའི་གཞུང་དོན་ལ་ཐུག་པའི་སྐབས་སུ་མི་མང་གི་ཚབ་བྱས་ནས་བཟི་བ་ཞིག་རེད། སོང་ཙང་། ཁོ་བཟི་བ་དང་མཉམ་དུ་མི་མང་དང་མི་མང་གི་ལས་དོན་ཚང་མ་ཡང་བཟི་བཅུག་པ་འདྲ་བོ་རེད།
    ད་རེས་ཁོ་བཟི་བའི་དབང་དུ་ཐོངས། ན་ནིང་གྲོས་ཚོགས་ཐོག་ཁོ་བཟི་ཡོད་པ་མ་རེད། གྲོས་ཚོགས་ཐོག་་ཁོ་བ་མ་བཟི་ན་ཡང་བཟི་བ་འདྲ་བའི་གཤིས་ཀ་དེ་མི་མང་གི་མངོན་སུམ་དུ་གསལ་བོ་མཐོང་བ་རེད། བྱས་ཙང་། དབུས་གཙང་གིས་རུལ་དྲི་ཁ་བ་ཧ་གོ་ནས་གད་རྙིགས་སུ་མར་གཡུག་པ་རེད།
    ག་རེ་བྱས་ནས། གད་རྙིགས་ནས་ཡང་བསྐྱར་ཡར་བསྒྲིག་པ་རེད། གད་རྙིགས་ནས་བསྒྲིག་མཁན་ཞིག་ཡིན་ན་མིག་ལ་ལོང་ཏོག་ཡོད་པ་དང་། སྣ་ལ་ཚོར་ཤེས་མེད་པའི་དབང་བོ་སྐྱོན་ཅན་དུ་གྱུར་པའི་རྟགས་བསྟན་པ་མིན་ན་ག་རེ་རེད།

  27. ཟླ་བ་ཆོས་འཛོམས། says:
    2011-06-19 at 4:25 pm

    ལུང་རིགས་ཀྱི་རྩོམ་དེ་ཡང་ར་བཟི་ནས་བྲིས་པ་ཡིན་ས་རེད།

  28. མཐའ་མཚམས་ཀྱི་ཕོ་ཉ། says:
    2011-06-19 at 5:21 pm

    དགེ་འདུན་ཆོས་འཕེལ་དོན་འགྲུབ་རྒྱལ་སོགས་ཀྱིས།།
    ཆང་བཟི་ཞོར་ནས་བོད་དོན་རྒྱ་ཆེ་གླེང་།།
    ཀརྨ་ཆོས་འཕེལ་ཆང་བཟི་བྱས་ཞོར་དུ།།
    ཉམ་ཐག་བོད་མིའི་་ལས་དབང་སྡུག་ལ་སྦྱར།།
    དུས་དང་མི་གཤིས་གང་གི་ཆ་ནས།།
    དམ་པ་དེ་ཚོར་རྗེས་སུ་འབྲངས་པ་ནི།།
    སྟག་རྩལ་ངོམ་སར་ཝ་མོ་འཆངས་འདྲ་བས།།
    བོད་མིའི་ཞབས་འདྲེན་བྱོས་ལས་དགེ་མཚན་གང་།།

  29. གཞོན་ནུ་ཟླ་མེད། says:
    2011-06-19 at 8:51 pm

    འོ་ངས་མཆན་འདེབས་ས་འདི་རེད་འདུག ནོར་ནས་ཕར་ཕྱོགས་ལ་བཏབ་འདུག ད་ང་ཡང་མཆན་འབྲི་བཞིན་འབྲི་བཞིན་ར་བཟི་བ་ཡིན་ས་རེད། འོན་ཀྱང་འདིའི་ནང་དུ་ཡང་བསྐྱར་གཏོང་གི་ཡིན་ལྟོས་འ།
    ཆང་དང་ཨ་རག་མྱོས་འགྱུར་རིགས་འདིས་ནི།།
    མཐོ་དམའ་ཐམས་ཅད་མཐའ་ལ་བསྐྱལ་ངེས་ཡིན།།
    ཚངས་དབྱངས་རྒྱ་མཚོ་ཆང་གིས་བཟི་བས་ན།།
    སྡེ་བ་གཞུང་གིས་དགོངས་འབོགས་བཏང་ཞེས་ཐོས།།
    ཆོས་འཕེལ་འཆལ་བོ་ཆང་གིས་བཟི་བ་ན།།
    སྐུ་དྲག་རྣམ་པས་བཙོན་དུ་བཙུད་པ་ཡིན།།
    དོན་འགྲུབ་རྒྱ་ནི་ཆང་གིས་ར་བཟི་ནས།།
    རང་སྲོག་རིན་ཆེན་ཕྱི་མའི་ལམ་དུ་བརྫངས།།
    དེ་ལྟར་ཆང་གིས་རང་ཉིད་བརླགས་པས་ན།།
    སྤྱི་དོན་ཟེར་བ་ཕ་རིའི་སྤང་གི་རྒྱན།།
    ཀརྨ་ཆོས་འཕེལ་གཞུང་གི་ཕོག་གཟན་ལ།།
    ར་བཟི་གཞུང་དོན་ཟེར་བ་ག་ནས་ཡོང་།།

  30. ལྷ་མོ says:
    2011-06-19 at 8:51 pm

    དེ་རིང་དྲ་གྲོགས་མང་བོ་ར་བཟི་རེད་ང་ཡང་ར་བཟི་ཡིན་ཞབས་འདྲེན་མི་ཞུ་ཉལ་རྒྱུ་ཡིན།

  31. གཞོན་ནུ་ཟླ་མེད། says:
    2011-06-19 at 8:58 pm

    འོ་ད་རུང་ཡོད།
    རྩོམ་པ་པོ་དང་མཆན་འདེབས་ཡོད་ཚད་པོ།།
    ཁ་ལ་ཨ་རག་ཞིམ་པོ་མ་འཐུང་རུང་།།
    ཀརྨ་ཆོས་འཕེལ་མདུན་གྱི་དམ་བུ་ལ།།
    བལྟས་ཀྱིན་བལྟས་ཀྱིན་བཟི་བ་འདི་ཅི་ཞིག།
    ཕར་ལ་འཁོར་ནས་ཀརྨ་ཆོས་འཕེལ་གྱི།།
    གཞུང་དོན་འཐུས་ཤོར་བཏང་ན་མི་བཤད་པར།།
    ཚུར་ལ་འཁོར་ནས་དོན་མེད་དྲ་གྲོགས་ཚོར།།
    ཆང་གི་ཉེས་པ་འགེལ་བ་འདི་ཅི་ཞིག།
    ཀརྨ་ཆོས་འཕེལ་ག་བུར་འཐུང་ནས་བཟི།།
    བཟི་པས་མ་ཚད་ཉིན་ཞགས་གཉིས་ལ་བཟི།།
    དེ་ལ་བགྲོ་གླེང་བྱེད་པའི་དྲ་གྲོགས་བཟི།།
    བཟི་པས་མ་ཚད་ཕན་ཚུན་འཛིན་རེས་བྱེད།།
    ད་ནི་བོད་ཀྱི་དོན་ཆེན་ཡོད་ཚད་པོ།།
    ར་བཟི་རྐྱང་རྐྱང་གིས་ནི་བསྒྲུབས་དགོས་སམ།།
    ཡང་ན་མ་བཟི་ཆོས་གོས་ཅན་དག་གིས།།
    སྲིད་ཀྱི་དོན་ལ་ཇུས་གཏོགས་བྱེད་དགོས་འདྲ།།

  32. སྐྱུ་རྩི་ནས། says:
    2011-06-20 at 3:34 am

    སྐུ་ངོ་ལགས་མཆོད་ཆང་མཆོད་ན་མཆོད་ལུགས་ཤེས་པ་དགོས།
    ༡ དཔེར་ན། beer མཆོད་ན། whiskey དང་། wine མཉམ་དུ་མཆོད་ན་ར་དྭང་རྒྱུན་རིང་ཞིང་དབུ་བསྨྱུངས་པ་དང་། སྐུ་ལུས་ཁྱོར་བ་སོགས་ཡོང་གི་ཡོད། ཕན་ཚུད་མཉམ་དུ་སྲེལ་ན་ཡག་པོ་མེད།
    ༢ ཨ་རག་མ་མཆོད་སྔོན་དུ་ཞལ་ལག་མཆོད་ན་ར་ཉུང་བ་བཟི།
    ༣ ཨ་རག་མཆོད་རྗེས་ཆུ་མང་པོ་མཆོད་ན་ར་མྱུར་དུ་དྭང་བར་ཕན་ཐོགས་ཡོད།
    ༤ whiskey ར་བཟི་ཚད་བརྒྱ་ཆ་༨༠ ཡོད་པས་ཆུ་དང་། ཤིང་ཏོག་གི་ཁུ་བ་མང་དུ་སྲེས་ན་མང་པོ་བཏུང་པ་ཡིན་སྙམ་པས་ཡིད་ཚིམ་པ་དང་། ར་བཟི་ཚད་ཀྱི་ནུས་པ་ཉུང་དུ་འགྲོ་གི་ཡོད།
    ༥རབ་བྱུང་ན་དགོང་དྲོ་ལས་ཀ་གྲོལ་ནས་གཟིམ་ཁང་དུ་ཕེབས་རྗེས་ལྷོད་ལྷོད་བྱས་ནས་མཆོད་དེ་གཟིམ་ན་སྔ་དྲོ་ར་དྭང་ནས་ཕྱག་ལས་ལ་འཐུས་ཤོར་འགྲོ་དོག་མེད།
    ༦ ནམ་ཉིན་མེད་པར་མཆོད་ན་སྤྱི་དོན་ཕར་ཞོགས་ཨ་ཞང་ཆོས་རྒྱལ་མཇལ་བར་ཕེབས་རྩིས་གནང་།

  33. གསང་གྲོལ། says:
    2011-06-20 at 5:14 am

    ཏན་ཏན་དོན་དག་མ་བྱུང་པའི་སྔོན་དེར་སྤྱི་འཐུས་རྨོག་རུ་ཚང་མདའ་མོ་དང་ལྷན་ངོ་དེབ་སྟེང་ནས་ཁ་བརྡ་ཅུང་ཙམ་ལྷོད། སྐབས་དེར་ངས་སྐལ་མེད་སར་སྐེ་བསྲིངས་མགོ་མི་ཆུད་སར་ལུས་འཚངས་ནས་འདི་ལྟར་བརྗོད། ན་ནིང་གྲོས་ཚོགས་ནང་གི་རྙོག་དྲ་དེའང་ཡོང་ཁུངས་ལྟ་བུ་སྤྱི་འཐུས་རྒྱུན་ལས་ནང་ཡིན་པ་དང་། སྐུ་ཉིད་རྒྱུན་ལས་ནང་བཞུགས་ཡོད་ཚེ་ངེས་པར་ཏུ་གཟབ་དགོས་བ་འདུག མ་གཞི་རྒྱུན་ལས་ནང་མི་སུ་སུ་བཞུགས་འདུག་ཅེས་དྲིས་མོད་ཁོ་རང་ལས་བྲེལ་ཆེ་བའི་རྗེས་ལ་ལན་སྤྲད་ཆོག་ཟེར། ད་སུ་རྒྱུན་ལས་ནང་ཡོད་པ་ཤེས་སོང་ལ་ངའི་སེམས་ཚབས་དེའང་དཀར་སེང་ངེར་འཆར། ད་ཁྲག་ཤེད་འཕར་གྱིན་འདུག འོ་ཀརྨ་ཚང་ལ་གྲགས་རྒྱུ་མེད་ནོ་ཅི་རེད། ད་ཡང་དགོངས་སེལ་ཞུ་རྒྱུའི་ཚབ་ལ་ཨ་རག་ནང་རྒྱ་ནག་གི་གནོན་ཤུགས་སླེབས་འདུག་ཟེར་ནས་ཨམ་ཕྲག་ནང་ནས་ཁུངས་སྐྱེལ་ཤོག་བུ་ཆང་དྲི་འཐུལ་ལུ་ལུ་ཅན་ཞིག་འདོན་རྒྱུ་སྟ་གོན་བྱེད་ཀྱི་ཡོད་དམ།

  34. སྒྲོལ་མ་མེ་ཏོག་ says:
    2011-06-20 at 5:24 am

    གང་ལྟར་ཡང་ཀརྨ་ཆོས་འཕེལ་སྔོན་མ་ར་བཟིའི་དོན་རྐྱེན་བྱུང་རྗེས་སྐབས་15པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་མིར་ཚུད་མེད། འོན་ཀྱང་ཀརྨ་ཆོས་འཕེལ་གྱིས་ཐབས་ཤེས་སྣ་ཚོགས་ཀྱིས་ཆོས་རྒྱུད་སྤྱི་འཐུས་སུ་ལངས་པ་རེད། དེ་ཡང་དགེ་ལུགས་དང་བཀའ་བརྒྱུད་གཉིས་ཀྱི་ཆོས་རྒྱུད་ཁོངས་སུ་ཞུགས་ནས་མཐར་བཀའ་རྒྱུད་སྤྱི་འཐུས་ཀྱི་འོས་མིར་ལངས་ཏེ། སྐབས་15པའི་སྤྱི་འཐུས་སུ་བདམས་ཐོན་བྱུང་ཡོད། དོན་དངོས་སུ་མི་བུ་སྒེར་གྱི་ཀུན་སློང་གང་འདྲ་ཞིག་ཡིན་མིན་དེ་ནས་ཤེས་ཐུབ།
    ཁོ་པའི་ར་བཟིའི་དོན་རྐྱེན་ཐེངས་དང་པོ་བྱུང་སྐབས་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ནས་ཀརྨ་ཆོས་འཕེལ་སྤྱི་འཐུས་ནས་དགོངས་ཞུ་བྱ་དགོས་པའི་ཞུ་སྙན་གནང་བར་ཁས་ལེན་བྱ་རྒྱུ་ལྟ་ཞོག ད་དུང་རྫིག་ར་གང་མང་བཤད་ནས། ཁོ་པ་མངའ་རིས་སྤྱི་མཐུན་ཚོགས་པས་འོས་གཞི་བཏོན་ཏེ་འདེམས་ཐོན་བྱུང་བས་དབུས་གཙང་ཆོལ་ཁར་དེ་ལྟར་བཤོད་པའི་དབང་ཆ་མེད་ཅེས་ཡོང་ཁྱབ་གསལ་བསྒྲགས་སྤེལ་བ་ཀུན་གྱིས་ཤེས་གསལ་ཡིན། ཁོའི་བྱ་སྟངས་ལ་བལྟས་ན་ད་ཐེངས་ཡང་ར་བཟིའི་དོན་རྐྱེན་བྱུང་སྐབས་བཀའ་བརྒྱུད་པ་ཚོས་ཚིག་ལབ་མ་བྱུང་ན་གཞན་སུ་གང་གིས་ཅི་ཞིག་བཤད་ཀྱང་ཁས་མི་ལེན་ཟེར་ཚོད་ཡོད།
    སྤྱིར་ཆང་འཐུང་དང་མ་འཐུང་དེ་མི་སྒེར་གྱི་དོན་དག་ཡིན་རུང་། གཞུང་གི་ལས་དོན་བསྒྲུབ་སྐབས་ཆང་བཏུང་ནས་ལས་དོན་འཐུས་ཤོར་བཏང་ན། དེ་ལ་ནང་ཁུལ་ཞི་འགྲིག་བྱེད་དགོས་པ་དེ་འདྲ་དགོས་དོན་ག་ལ་ཡོད། དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་སོགས་ཀྱིས་ཆང་བཏུངས་པའི་ལོ་རྒྱུས་ཀརྨ་ཆོས་འཕེལ་དང་རིགས་འགྲེས་མ་གཏོང་རོགས། ཀརྨ་ཆོས་འཕེལ་སྙན་ངག་འབྲི་རུ་སོང་མེད་ལ་སྙན་ངག་གྱེར་སྟོན་དུ་སོང་བའང་མ་རེད། ཁོ་རིགས་པ་དྭངས་གསལ་དང་ནན་ནན་ཏཏ་བྱ་དགོས་པའི་སྲིད་ཀྱི་སྡིང་ཆར་བཏང་ཡོད་པས་ར་བཟིའི་སྐྱུར་ལབ་བཤད་ན་མང་ཚོགས་ལ་བསམ་འཆར་མི་ཡོང་བ་ག་ལ་སྲིད།
    འཐུང་རྒྱུའི་ཆང་འདྲ་ནའང་འཐུང་མཁན་གྱི་བྱ་སྤྱོད་ལ་ཁྱད་པར་ཡོད་པས་ཉ་མྱུང་མཉམ་བསྲེས་མ་གནང་རོགས།

  35. སྒྲོལ་མ་མེ་ཏོག་ says:
    2011-06-20 at 5:28 am

    ནན་ནན་ཏཏ། ནན་ནན་ཏན་ཏན་ལ་བཅོས་རོགས།

  36. ཆོས་འགྲུབ། says:
    2011-06-20 at 7:29 am

    མི་སྐྱོན་མེད་གཅིག་མིའི་ནང་ན་ཡོད་ཚོད་མི་འདུག་པས། ཀརྨ་ཆོས་འཕེལ་ཡང་མིའི་འགྲོ་བ་སོང་སྐྱོན་གཅིག་རང་ཡོད་པ་རེད། དེ་ནི་ཚད་མེད་པའི་ཆང་འཐུང་རྒྱུ་ལ་དགའ་བ་དེ་རེད། དེ་མིན་ཁོང་ལ་སྐྱོན་གཅིག་ཀྱང་ཡོད་པ་མ་རེད། འདི་ན་མྱོས་གྱུར་ཆང་གི་བཟི་བ་མིན་མོད་ཕྱོགས་རེས་ཁྲག་གི་བཟི་བའི་དྲ་འབུ་འགས་བཀའ་རྒྱུད་པ་ལ་སྐྱོན་བརྗོད་ཞིག་དང་ཀརྨ་ཆོས་འཕེལ་གྱི་མི་གཞི་ལ་སྐྱོན་བརྗོད་བྱེད་ཁུལ་བྱེད་པ་ནི་ཇི་འདྲའི་སྐྱུག་བྲོ་བ་ཞིག་རེད། ཀརྨ་ཆོས་འཕེལ་གྱི་མི་གཞིའི་ཚད་ནས་བཤད་ན། ཁོང་གི་མི་གཞིའི་རྒྱ་ཆ་ལྔ་བཅུ་ལོན་པ་ཞིག་སྔོན་རྗེས་གཉིས་ཀྱི་འཐུས་མི་ནང་ན་མེད་ངེས་ཅན་རེད། མ་གཞི་དྲ་འབུ་ཚོས་མི་གཞིའི་ཐད་ལ་གཅིག་བཤད་ཀྱི་ཡོད་ན་རང་ཉིད་ལ་མི་གཞིའི་མ་རྩ་ག་ཚད་འདུག་ལྟོས། འདི་ལོའི་འོས་བསྡུའི་སྐབས་སུ་དབུས་གཙང་ཆོལ་ཁའི་ཆ་རྐྱེན་གཉིས་བཏོན་པ་དེ། ཀརྨ་ཆོས་འཕེལ་ལ་ཆེད་དུ་དམིགས་ནས་བཟོས་པ་རེད། འོན་ཀྱང་གཞན་ནས་ཁོང་ལ་ཚད་མཐོ་པོའི་རྒྱབ་སྐྱོར་གནང་བ་དེ་མིའི་རིན་ཐང་ཧ་གོ་ནས་བྱས་པ་རེད། དེ་མིན་སྤྱི་འཐུས་ནས་མར་ཟག་པ་ག་ཚད་ཡོད་གཅིག་ནས་མར་ཟག་དུས་ཕྱོགས་གཞན་ནས་ཡར་སྐྱོར་ནས་གྲོས་ཚོགས་སུ་སླེབས་པ་སུ་འདུག འདི་ནི་མི་ལ་རིན་ཐང་ཡོད་མེད་ལ་ཐུག་པ་རེད། མིའི་རིན་ཐང་ཤེས་ནས་རིན་ཐང་ཅན་གྱི་མི་ལ་བདག་པོ་བརྒྱབས་པ་དེ་སྐྱོན་དང་ནོར་འཁྲུལ་ག་ནས་ཡིན

  37. ནགས་ཤོད་སད་མི། says:
    2011-06-20 at 8:52 am

    ཚངས་དབྱངས་རྒྱ་མཚོ་ནག་ཆང་བསྟེན་ཡང་རྒྱ་འབྲས་བསློགས་པའི་སྐད་ཆ་མེད།
    དགེ་འདུན་ཆོས་འཕེལ་བཟི་ཁ་རྒོད་ཀྱང་སྨྱུག་རྩེའི་སྟངས་སྟབས་འགྲན་ཡ་མེད།
    ཀརྨ་ཆོས་འཕེལ་ཆང་གིས་བཟི་ཡང་བསྐོས་པའི་ལས་ལ་འཆུག་རབས་མེད།
    འཇམ་དབྱངས་ནོར་བུ་ར་བཟི་ཚ་ཡང་བོད་དོན་ཤོད་ལ་ཐོགས་རེག་མེད།

  38. ལྷོ་མོན་འབྲུག་རིས says:
    2011-06-20 at 10:02 am

    མིའི་རིན་ཐང་ཤེས་པའི་མི་ཕལ་ཆེར་དཀོན་པོ་ཡིན་པ་འདྲ།། མིའི་རིན་ཐང་ཤེས་ན་ཐུག་པ་ར་བཟི་ཞིག་ལ་ཡང་རིན་ཐང་མཐོན་པོ་དཔེ་རེད་འདུག འོན་ཀྱང་ད་ལྟའི་དུས་རབས་འདི་སྔོན་དང་མི་འདྲ་བ་ ཤེས་རིག་བེད་སྤྱོད་བྱེད་པ་ལས་ ལོང་བ་གཡང་མཆོངས་ཀྱི་དུས་རབས་མིན་པས་་ མིའི་རིན་ཐང་ཡང་འགྲེལ་ལོག་བྱེད་མི་དགོས་པ་ཞིག་ཆགས་ཡོད།།།

  39. བརྩོན་རྒྱམ། says:
    2011-06-20 at 10:11 am

    ཆང་འཐུང་མང་པོ་གླེང་ཡོང་ན་ང་ནི་ཆང་འཐུང་གྲས་ཤིག་ཡིན་དང་པོ་འཐུང་དུས་བཟི་ནི་མིན་འཐུང་གི་འཐུང་གི་བཟི་གི་ཡོད་རང་གི་མཆོད་ཆང་བཞེས་དགོས་ན་ལས་དོན་མེད་དུས་ནང་ནས་བཞེས་དེ་འདྲ་བྱས་ན་ཅུང་ཙམ་དྲག་ཆུང་མས་འཛིང་ན་གཞུང་དོན་མིན་དེ་ལ་གནོད་པ་ཅི་ཡང་མེད།  མཁས་དབང་སྐུ་ངོ་བྱེད་འདོད་ན་སྤྱི་དོན་སྒྲུབ་དུས་ཆང་མ་བཞེས་སྐུ་ངོ་ཀརྨ་ཆོས་འཕེལ་གྱི་མཆོད་ཆང་བཞེས་པ་ཐང་གཅིག་མིན་དེ་འདྲ་མཆོད་ཆང་བཞེས་རྒྱུ་ན་ཆང་སྐྱོན་འབྱུང་པ་དངོས་ཡོད་ཡིན་དེ་ནི་ཆང་འཐུང་བརྩོན་རྒྱམ་གྱི་རང་གི་མྱོང་ཚོར་བྲིས་པ་ཡིན།

  40. རྔ་བ་གཉན་རྒོད་ says:
    2011-06-20 at 9:43 pm

    བདེན་པ་རེད་ཆང་འཐུང་མཁན་གྱི་དཔོན་པོ་དང་མཁས་པ་སྙན་ངག་པ་ཡོད་རེད་་་་མི་རིགས་དང་རྒྱལ་ཁབ་ལ་ཐུག་དུས་ཆང་དང་བརྗེ་བོ་རྒྱག་མཁན་སུ་ཡོད་དམ་་་་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་བཞིན་པའི་སྐབས་སུ་ཆང་འཐུང་ནས་སྣང་མེད་བྱེད་པ་འདི་ཡག་པོ་མ་རེད་་་་་

  41. དཔའ་རྟུལ། says:
    2011-06-21 at 1:35 am

    བཀུར་བོད་མི་མང་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ར་བཟི་ཡོད་པའི་སྐོར་སྐད་ཆ་འདི་ཡོང་ཁུང་གཏེར་བ་ནི་སྒོ་མང་གོང་རི་ལགས་རེད། ཁོང་པས་སྐད་ཆ་འདི་དངོས་ཡོད་དུ་བཤད་པ་ཡིན་མིན་གནས་ཚུལ་གཙོ་བོ་མ་ཡིན་པར་བཤད་ཚུལ་འདིའི་བོད་གཞུང་དང་བཀའ་རྒྱུད་པའི་ཆོས་རྒྱུད་ལ་མཐོང་ཆུང་བྱེད་པ་དང་དམིགས་བསལ་འདིའི་ནང་དབྱིང་དཀྲུག་གི་གོ་སྐབས་ཆེ་པོ་ཞིག་ལེན་འདུག་སྙམ་པ་བྱུང་། དྲང་བདེན་ཐོག་བཤད་ན་ཆང་འཐུང་མཁན་སྐྱ་སེར་གཉིས་ཀའི་ཐོག་ཡོད་ཡང་མི་སྐྱ་ཞིག་གི་ཆང་འཐུང་ནས་ར་བཟི་བའི་གནས་ཚུལ་འདི་ཆེན་པོ་བཟོ་དགོས་པ་ཞིག་ཆགས་ཀྱི་མེད། དེ་ཡང་དགོས་དབང་ཐོག་བཤད་ན་ཁྲིམས་དང་སྒྲིག་གཞི་གང་ཡང་འགལ་མེད། དེ་རིང་སྐད་ཆ་འདི་སྤྱི་ཚོགས་ནང་ཁོང་པས་གསལ་བསྒྲགས་བྱེད་ཟེན་པ་ཡིན་དུས་འབྲེལ་ཡོད་དྲ་བདག་གཙོའི་ཁོང་གིས་ཞབས་ཞུ་བ་རྣམས་ལ་སྐད་ཆ་ཚིག་གཅིག་བཤད་འདོད་བྱུང་། ང་ཚོའི་སྤྱི་ཚོགས་ནང་ཆིལ་སྒྲིག་དགོས་པ་སོགས་ཁ་ནང་མ་ནི་བགྲང་བགྲང་བྱེད་སྡོད་པ་དེར་ལག་ལེན་དངོས་སུ་བསྟར་དུས་བྱེད་སྟངས་འདི་ལས་མེད་པ་རེད་པས། མ་གཞི་སྒོང་མང་གོང་རིའི་སྐད་ཆ་ལ་བདག་པོ་རྒྱབ་ཀྱི་ཡོད་ན་རྒྱབ་འོས་དང་མི་འོས་ཐུགས་བསམ་བཞེད་དགོས། རྣམ་པ་ཚོའི་མ་མཁྱིན་པ་ཡིན་རྒྱུ་མ་རེད། དེ་ཡང་མོན་གྷོ་གཞིས་ཆགས་ནང་ཧེ་རོ་དང་པོ་རྨོག་རུ་བསྟན་པའི་རྒྱུ་ཁྱི་ཡིན་པ་སྒོ་མང་གོང་རི་ལ་ཡོན་ཏན་སྣ་གཅིག་སྟོན་རྒྱུ་མེད་པར་ཕྱོགས་ཞེན་ཁོ་ནས་དབྱིན་དཀྲུག་གནང་མཁན་གཏེར་བ་གཅིག་ཆགས་ཡོད་། ཁོ་པས་རྒན་རྨོག་རུ་སྒོ་མང་གྲ་ཚང་གི་སྒྲིག་ཁོང་སུ་ཕོད་དུས་ཁོ་པས་བྱེད་རྒྱུ་ཡོད་མདོག་རྣམ་འགྱུར་འདྲ་མིན་དང་དབྱིན་དཀྲུག་འདྲ་མིན་བྱས་ཡོད། འདི་དག་ཆོས་སྐྱོང་སྲུང་མས་ཡག་པོ་བཞག་གི་མ་རེད་ལ་སྒོ་མང་གྲ་ཚང་གི་ལས་སྣེ་རྣམས་པས་རྩིས་རྒྱབ་རྒྱུ་སྡད་ཡོད། ཁོ་པས་ལོ་རྒྱུས་དཔེ་མཚོན་ཙམ་ཞུས་ན་དེ་སྔོན་སྒོ་མང་གྲ་ཚང་གི་ཚོང་ཁང་ནང་ལས་ཀ་བྱེད་སྐབས་ཧན་སྒོར་འབུམ་༩ལྷག་རྩིས་རྒྱབ་མ་ཐུབ་པར་སྒོར་དེ་དག་རྐུ་ཁྱེར་བྱེད་པ་ཡོངས་གྲགས་ཆགས་ཡོད་པས་ལུས་ལ་གྲ་ཆས་གྱོན་འདུག་བསམ་ནས་ཡིད་གཏད་མ་གནང་བ་དམ་ཆོས་འདུལ་བའི་དགོང་དོན་བཞིན་རྩ་བ་བཞི་དང་འགལ་བའི་ཁོང་པས་བཤད་པ་དེ་རིན་ཐང་རྩིས་ཆོག་མིན་ལ་དཔྱད་ཞིབ་གནང་རོགས།

  42. ཚེ་རིང་ནས། says:
    2011-06-21 at 5:37 am

    བོད་ཀྱི་དུས་བབ་ཟིན་བྲིས་སུ་ཀརྨ་པ་དང་བཀའ་བརྒྱུད་པ་གཉིས་གང་རུང་ཞིག་ལ་སྐྱོན་བརྗོད་ཀྱི་ཡི་གེ་མེད་ན་བཏང་གི་མ་རེད་ཟེར་གྱི་འདུག་བདེན་པ་ཡིན་ནམ། དེ་ཡིན་ན་བོད་ཀྱི་དུས་བབ་གསར་འགོད་པ་རྣམས་ནི་ཕྱོགས་ཞེན་གྱིས་བཟི་ཡོད་ཚོད་འདུག

  43. ལྷ་མོ says:
    2011-06-21 at 7:06 am

    ཨ་ཁ་ཁ་ཡང་དཔའ་རྟུལ་ལགས་ཀྱི་ཅིག་དཀྲུག་ས་རེད་དྲ་གྲོགས་རྣམས་ཀྱི་མ་ཉན་རོག

  44. ཀུ་ཤུ་དམར་པོ། says:
    2011-06-21 at 9:43 am

    ཚོད་བལྟ་ཞིག་བྱོས་དང་།

  45. གངས་སྦལ། says:
    2011-06-21 at 11:03 am

    མི་ནག་ཚང་གིས་འདི་ལྟར་བཤད་ནི་རེད། ཁོང་གིས་ཀྱང་ཁེ་ན་དྲ་ནས་ཆང་འཐུང་ནས་ལག་འཁྱེར་ཚང་མ་བོར་བརླགས་བྱུང་སྟེ། ཕྱིར་རྡ་སར་ཕེབས་མ་ཐུབ་པ་རེད། དེ་མིན་ཁོང་ཕྱིར་རྡ་སར་ཕེབས་འདུན་ཡོད་ནི་རེད། མ་ཟད་དུས་བབ་ནས་མུ་མཐུད་ལས་ཀ་བྱེད་བསམ་པ་ཡོད་པ་རེད་ད། ཁྱེད་ཅག་གིས་མི་ནག་ཚང་ལ་དོན་མེད་གླེང་ཉོག་མ་བཟོ། ཁོང་ངོ་ཚ་དགོས་ནི་མ་རེད་ཡ་་་་་་་་ཁོང་ཅིའི་ཕྱིར་ངོ་ཚ་དགོས་ནི་རེད། ཁོང་ཁེ་ན་དྲ་གཞུང་གིས་ཕྱིར་མ་བཏང་བ་རེད་མ་གཏོགས་ཁོང་གིས་འཁྲེལ་མེད་ཀྱི་བྱ་བ་ལས་ནི་མ་རེད་ཡ། ཁོང་གིས་ནམ་རྒྱུན་ཀུན་སྤྱོད་རིག་པ་དང་། ཀུན་སྤྱོད་ཀྱི་རྣམ་བཞག་མང་པོ་བཤད་ནི་རེད། ཁྱེད་ཅག་གིས་དེ་ཙམ་ཤེས་ཀྱི་མི་འདུག་གམ།

  46. འདྲེ་མགོ་རྡོ། says:
    2011-06-21 at 11:23 am

    བོད་རིག་པ་ཟེར་བའི་ཚོགས་འདུ་དེ་ག་ལེར་རྒྱ་ལག་ཏུ་ཤོར་དོན་ཡང་། ལུང་རིགས་ལྟ་བུའི་ཆང་རྐྱ་ཁ་ཤས་ཀྱི་བཀའ་དྲིན་ཡིན་པས། ཁོང་ར་བཟི་དོགས་ཅན་ཀརྨ་ཆོས་འཕེལ་ལ་ཁྱི་ར་རྒྱགས་པ་འདི་ཆོས་ཉིད་ཅིག་རེད། དེ་བས་འདིའི་རིགས་འདིར་ཉོག་དྲ་བཟོ་སྤྱད་ལས་ཅི་གང་ཕན་ནི་མ་རེད། གཡུག་ཞོག དེ་རིང་ཀརྨ་ཆོས་འཕེལ་གྱིས་ལག་གཡས་ལ་ཕྲེང་བ་ཞིག་དང་གཡོན་ལ་ཉི་གདུགས་ཤིག་བཟུང་ནས་དཔེ་མཛོད་ཁང་ལ་བསྐོར་བ་རྒྱག་བཞིན་ལས་ཁུངས་སུ་ཕེབས་སྐབས། ངས་ལམ་ཁ་ནས་དེ་བདེན་པ་ཡིན་མིན་དྲིས་ཀྱང་ཁོང་རླུང་ལངས་ནས་ཁ་མ་གྲགས་པར་ཕེབས་སོང་། འོ་དེ་འདྲ་རེད། དེ་བས་འདིའི་རིགས་འདིར་རེ་བ་འདྲ་རྒྱག་རྒྱུ་ཡོད་པ་མ་རེད།

  47. ལུང་རིགས་རྒྱལ། says:
    2011-06-21 at 3:38 pm

    ༡། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དབུས་གཙང་གི་སྤྱི་འཐུས་དང་། བཀའ་རྒྱུད་ཀྱི་སྤྱི་འཐུས། དགེ་ལུགས་ཀྱི་སྤྱི་འཐུས་གང་དུ་ལངས་ནས་ཅི་ཙམ་ཐོབ་ན་དེ་ཁོང་གི་གཟི་བརྗིད་རེད། ཁོང་དེ་འདྲའི་སྤྱི་བའི་མི་སྣ་ཞིག་ཆགས་ཐུབ་གི་ཡོད་པ་རེད། མི་དམངས་ཀྱིས་ཁོང་ལ་འོས་བླུག་སྟེ་ཐོབ་པ་མ་གཏོགས་ཁོང་གིས་ཉོས་པ་ནི་མ་རེད། འཕྲོག་པ་ནི་མ་རེད། གོང་གི་མཆན་འདེབས་མཁན་ཚང་མས་སོམས་དང་། ང་རང་ཚོ་སྤྱི་མི་ཞིག་ཆགས་རྒྱུར་དཀའ་ལས་ཞེ་དྲག་ཡོད་པ་རེད་དོ།

    ༢། ཁོང་གིས་ཨ་རག་བཞེས་པ་དེ་འགྲིག་གི་འདུག་ཟེར་གི་མེད། ཡིན་ཡང་། ཁོང་གིས་བོད་དོན་འཐུས་ཤོར་ལ་བཏང་ཚུལ་གྱི་སྐད་ཆ་ལུང་བ་གང་བཤད་ཀྱིན་པ་འདི་དག་ནི་བྱབ་ཆུང་རེད་འདོད་ནས་བཤད་པ་ཡིན། ཨ་རག་བཞེས་དང་མ་བཞེས་ལ་ཁྱད་མེད་པར། ཁོང་ལས་ལྷག་པའི་འཐུས་ཤོར་ལ་གཏོང་མཁན་གྲོས་ཚོགས་ཀྱི་ར་བའི་ནང་དུ་མང་ཙམ་མཐོང་རྒྱུ་འདུག་པས་ཅི་བྱ།

    ༣། མཆན་དེ་དག་གི་ནང་དུ་གཅིག་གིས་སྤྱི་མི་དང་གཞུང་འབྲེལ་གྱི་མི་སྣ། དེ་ནས་མི་སྒེར་བཅས་ཀྱི་ས་མཚམས་ཞིག་དབྱེ་གྲབ་བྱས་འདུག ཡིན་ཡང་། ངས་བཤད་འདོད་པའི་ཕྱོགས་གཞན་ཞིག་ནི། ངས་གོང་དུ་དྲངས་པའི་མི་སྣ་ཤི་གསོན་དེ་དག་གི་ནང་ནས་ང་ཚོས་ནག་པོ་མ་བཟོས་པ་དེ་སུ་རེད། འགའ་ཤས་ཤིག་དུར་འོག་ན་ཡོད་དུས་མ་གཏོགས་དཀར་འདོན་བྱས་མེད་ལ། ལ་ལ་ནི་གནས་དབྱུང་གི་ཚུལ་དུ་བཞུགས་ཡོད་པ་རེད། ཁ་ཤས་ཀྱི་གདོང་ལ་ད་ལྟ་དྲི་མག་བྱུག་བཞིན་པ་མ་རེད་དམ།

  48. ཚེ་རིང་ནས། says:
    2011-06-22 at 1:48 am

    ལུང་རིགས་རྒྱལ་གྱིས་གསུང་པར་རྒྱུ་མཚན་འདུག འོན་ཀྱང་མཛད་སྒོ་ཐོག་ཏུ་རག་བཟི་པ་དེ་ཚབས་ཆེན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme