Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་རབས་ཉེར་གཅིག་པའི་བོད་མི།

Posted on 2010-08-182010-08-18 By ཁ་བརྡ་ 8 Comments on དུས་རབས་ཉེར་གཅིག་པའི་བོད་མི།

བོད། ཤ་ཁྲག་རུས་གསུམ།

ངས་དེ་རིང་འདི་ནས་དུས་རབས་ཉེར་གཅིག་པའི་བོད་མི་ཟེར་ནས་གླེང་གཞི་འཛིན་དོན་ནི། དེང་སང་དྲ་ཐོག་དང་ཡིག་ཐོག ངག་ཐོག་སོགས་ནས། བོད་མི་འདུས་བསྡོད་ཀྱི་ས་གནས་བོད་ཕྱི་ནང་གཉིས་ཀྱི་གཙོ་བའི་བོད་རིགས་འདུས་བསྡོད་ཀྱི་ཡུལ་གྲུ་གང་ས་ནས་ང་བོད་ཡིན་ཟེར་བ་ཞིག་གླེང་འགོ་བཙུགས་དེ་ལོ་ངོ་འགའ་སོང་ཡོད་ལ། དེ་ཡང་ངག་ཐོག་ནས་བརྙན་འཕྲིན་ཐུང་ཐུང་བཟོས་པ། ཡིག་ཐོག་ནས་བསམ་ཚུལ་སྤེལ་བ། འདུས་འཛོམ་གྱི་སྒོ་ནས་བགྲོ་གླེང་སྤེལ་བ་བཅས་བྱུང་ཡོད་ལ། དེ་ཡང་བོད་ནས་མཆེད་པའི་མེ་ལྕེ་ཞིག་དང་འགྲོགས་ནས་དེང་གི་བོད་མི་འདུས་བསྡོད་ཀྱི་འཛམ་གླིང་གང་སར་མཆེད་པ་རེད།

དེ་ཡིན་དུས་དེ་རིང་འདི་ནས་བདག་གི་རང་ཅག་བོད་མི་ཡིན་པ་གང་ཞིག་ལ་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་པ་ལ་ཆ་རྐྱེན་གང་ཞིག་་ཚང་དགོས་མིན་གྱི་ཐད་དུ་བདག་གི་བསམ་ཚུལ་ཞིག་འབྲི་བཞིན་ཡོད། མི་རིགས་སུ་ཞིག་ལ་མཚོན་ན་ཡང་ཐོག་མ་མི་རིགས་ཤིག་ལ་ངེས་འཛིན་བྱེད་ལུགས་དེ་ནི་སྐད་དང་ཡི་གེ་གཉིས་ཆགས་ཡོད་པར་ཀུན་མཐུན་ལྟ་བ་ཞིག་ཆགས་ཡོད་པ་རེད། དེ་ཡིན་དུས་དེང་གི་འཆར་འུ་ཅག་ནི་དུས་རབས་ཉེར་གཅིག་ནང་གི་བོད་མི་ཞིག་བྱེད་པ་ལ་ཐོག་མར་རང་རིགས་ཀྱི་སྐད་དང་ཡི་གེ་ཤེས་དགོས་པ་དེ་ནི་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་པའི་ཆ་རྐྱེན་དང་པོ་ཡིན་དགོས་པར་བདག་གི་དུས་དང་རྣམ་པ་ཀུན་དུ་འདོད་ཀྱིན་ཡོད་ལ། དེ་ལྟར་ཡིན་ཡང་དགོས། ད་དུང་། ལོ་མང་རིང་བོད་མི་ཞིག་བྱེད་པའི་མ་མཐའི་ཆ་རྐྱེན་ནི་བོད་ཀྱི་སྐད་དང་ཡི་གེ་ཤེས་དགོས་པར་ཐེངས་དུ་མར་གླེང་མྱོང་ཡོད།

དེ་རིང་ཡང་བསྐྱར་གླེང་ལྟ་བུ་ཞིག་ཆགས་ཡོད་ཀྱང་། ངས་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་པ་ལ་ཐོག་མར་རང་གི་སྐད་ཡི་གེ་གཉིས་ཤེས་དགོས་པ་མ་ཟད། ཞོར་དུ་འཛམ་གླིང་གཞན་དག་ནང་རང་ཉིད་གང་དུ་འདུས་བསྡོད་བྱེད་ས་དེ་ཡི་སྐད་རིགས་ལ་སྤྱངས་པ་དང་དགའ་ཞེན་དང་གུས་བརྩི་བྱེད་རུང་བ་ཡིན་ལ། བྱེད་ཀྱང་དགོས་ཀྱི་ཡོད། དེ་མིན་ད་ལྟའི་འཆར་ང་ཚོ་ནི་རྒྱལ་ཁབ་མེད་པའི་མི་སྤྲང་ཤ་སྟག་ཡིན་ལ། ནམ་ཞིག་གི་བར་དུ་རང་ཡུལ་དུ་ལོག་རེག་བར་དུ་དེ་ལ་བསྟུན་ནས་གནས་ཁུལ་དེ་ནས་འཚོ་བ་བསྐྱེལ་དགོས་ཀྱི་ཡོད། འོ་རེད། དེང་སང་ཁ་ཤས་ལ་མི་རིགས་ཀྱི་བསམ་བློ་མེད་པ་དང་མི་རིགས་ཀྱི་འདུ་ཤེས་མེད་པ། རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་མ་གཏོགས། མེས་པོ་དང་རང་གི་ཡབ་མེས་དག་གི་ཤུལ་རྗེས་ལ་འགན་ལེན་བྱེད་འདོད་མེད་པ་ཆེས་མང་བོ་ཞིག་བྱུང་དེ་འོང་གི་འདུག དེ་དག་གི་རིགས་ལ་མི་འདོད་ཀྱང་བཙན་པོ་བྱེད་པའི་བདག་དབང་དང་ཐོབ་ཐང་དེ་ནི་ང་རང་ལ་གཏན་ནས་མེད་པ་ངས་ཤེས་ཀྱི་ཡོད་སྟབས། མི་དེ་ཡི་རིགས་ཀྱི་ངས་སྐད་ཆ་འདི་སྣང་མེད་ངང་གད་སྙིགས་ཁྲོད་དུ་གཡུགས་རྐྱང་བྱེད་ངེས་ཡིན་ལ། བྱས་ཀྱང་དེ་དག་ལ་ངས་ལེ་བདའ་ཇི་ལྟར་བྱེད། གལ་སྲིད། ལེ་བདའ་བྱེད་མཁན་ཞིག་ཡོད་པས་དབང་དུ་བཏང་ན། དེ་ནི་ཁོང་ཚོའི་ཡབ་མེས་དང་ཤུལ་འཛིན་པ་དག་ཡིན་སྲིད་པ་ཡིན།

ང་ཚོས་དུས་རབས་ཉེར་གཅིག་པའི་ཁྲོད་དུ་མི་རིགས་རང་ལུགས་ཀྱི་ལྟ་བ་བཟུང་དེ་ཁེར་རྐྱང་དུ་འབུད་མི་རུང་བ་ཟེར་མཁན་ཡང་ཏན་ཏན་ཡོད་ངེས་ཡིན། དེ་ཡི་སྐོར་ལ་ཁྱེད་ཅག་གི་བསམ་བློ་ཞིབ་དུ་གཏོང་རོགས་ཞུ། འུ་ཅག་གིས་རང་གི་མེས་པོ་དག་གི་ཞབས་རྗེས་ནག་གསུབ་མི་གཏོང་ཆེད་དུ་བདེན་པའི་ཆེད་དུ་མི་རིགས་ཤིག་གི་འཆི་གསོན་ལ་འགན་ལེན་བྱེད་ཀྱི་ཡོད་པ་ལས། རང་རྒྱལ་གཞན་ཕམ་གྱི་བསམ་བློའི་གཏིང་རིམ་ནས་མི་རིགས་རང་ལུགས་ཟེར་བ་དེ་ནི་དུས་ནམ་ཡང་རྩོད་ཀྱི་མེད་ལ། མི་རིགས་གཞན་གྱིས་དེ་ལྟར་བྱེད་པ་དེར་རྗེས་སུ་ཡི་རུང་ཡང་གཏན་ནས་བྱེད་དགོས་དོན་མེད། འུ་ཅག་གིས་རང་གི་རིགས་ཀྱི་ཞེན་པ་འདི་ལ་བདེན་པ་ཡོད་པ་དང་། མི་རིགས་འདི་འཛམ་གླིང་འདིར་གནས་པ་ལ་དོན་སྙིང་ལྡན་པ། མི་རིགས་འདིའི་སྐད་ཡིག་ལ་རིན་ཐང་ཡོད་པ་བཅས་ཀྱི་བདེན་པ་ལ་རྒྱབ་བརྟེན་བྱོས་དེ། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་ཆགས་པར་འབད་བརྩོན་བྱེད་ཀྱི་ཡོད་པ་དེ་ཡིན་ལ། དུས་རབས་ཉེར་གཅིག་པའི་ནང་དུ་ཡང་བོད་ཟེར་བའི་མི་རིགས་འདིའི་ད་དུང་ཡང་དུས་རབས་བཅུ་དགུ་ཉི་ཤུའི་ནང་གི་གཉའ་གནོན་རང་ལུགས་ཀྱི་སྲིད་གཞུང་དེ་འདྲ་ལ་འགོ་སྒུར་ནས་འདུག་དགོས་དོན་མེད་པ་དེ་འཛམ་གླིང་མི་དམངས་ལ་བདེན་དབུང་བྱེད་ཀྱི་ཡོད་པ་དེ་ཡིན་པ་ལས། ཕྱོགས་རུས་རང་ལུགས་ཀྱི་མི་རིགས་རང་ལུགས་ཤིག་གཏན་ནས་རྩོད་ཀྱི་མེད་ལ། རྩོད་དགོས་དོན་ཡང་མེད། ད་དུང་། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་གི་དངོས་ནས་བཤད་པ་ཡིན་ན། གཏན་ནས་ཡིག་རྨོངས་ཡིན་མི་རུང་བ་དང་། དེ་ཡང་རང་གི་སྐད་ཡིག་ལས་ལྷག་དུ་རྨོངས་པ་ཆགས་མི་རུང་བ་དེ་ནི། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་རྒྱུའི་འོས་འགན་དང་བོ་དེ་ཡིན།

ལྷག་པར་དུ། དེང་སང་ཁ་ཤས་ཀྱི་རང་གི་བློ་ངོར་ཇི་ཤར་བདེན་དུ་སྣང་དེ། སྐད་ཡིག་གི་རིན་ཐང་མི་གླེང་བར་ཆབ་སྲིད་ཀྱི་རྩོད་རྙོག་ཁྲོད་དུ། རང་རྒྱལ་གཞན་ཕམ་གྱི་རྩ་དོན་ཁོ་ན་ཞིག་གླེང་དེ་འོང་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་ནི། དུས་རབས་ཉེར་གཅིག་པའི་བོད་མི་ཞིག་སྐྱོབས་པའི་ཐབས་ལམ་ལས་དུས་རབས་ཉེར་གཅིག་པའི་བོད་མི་དག་འཆི་ལམ་དུ་འདེད་བྱེད་ཡིན་མིན་དེ་ཡི་ཐད་དུ། དུས་རབས་ཉེར་གཅིག་པའི་བོད་མི་བྱེད་འདོད་ཡོད་མཁན་གྱི་བོད་མི་གང་ན་སུ་ཡོད་པ་དག་གི་བགློ་གླེང་བྱེད་པ་ནས་རང་ཐོག་ནས་འགོ་བརྩམས་ཟིན་པ་དག་ལ་རྗེས་སུ་ཡི་རུང་། མ་བརྩམས་པ་དག་གིས་བརྩམས་རྒྱུ་དང་། བརྩམས་མྱོང་མེད་པ་དང་བརྩམས་འདོད་མེད་པ་དག་ལ་རེ་སྐུལ་བཅས། དེ་རིང་འདི་ཙམ་གྱི་བསམ་ཚུལ་ཐུང་ཐུང་འདི་ཕུལ་བ་ཡིན།

རྩོམ་རིག

Post navigation

Previous Post: འཛམ་གླིང་གི་ཟིན་་ཐོ་(world record)འཛིན་མཁན་གྱི་བོད་པ་ཐོག་མ།
Next Post: མ་བུ་དགྲ་གྲོགས།

Comments (8) on “དུས་རབས་ཉེར་གཅིག་པའི་བོད་མི།”

  1. དབང་ཆེན། says:
    2010-08-19 at 1:24 am

    དུས་རབས་ཉེར་གཅིག་པའི་བོད་མིར་སྙིང་སྟོབས་དགོས། ཤེས་ཡོན་དགོས། སྐྱིད་སྡུག་མཉམ་མྱོང་དགོས། མཐུན་སྒྲིལ་དགོས། དེ་ལས་ཀྱང་གལ་ཆེ་བ་ཞིག་བུ་མང་པོ་བཟོ་དགོས། ས་རྒྱ་ཆེ་བའི་བདག་པོ། ལོ་རྒྱུས་རྒྱང་རིང་པོའི་བརྒྱུད་པ། རིག་གཞུང་ཕུན་སུམ་ཚོགས་པ་འདི་ཚོར་བདག་པོ་ཞིག་བྱེད་མཁན་མེད་ན་ག་ཡོང་། བླ་མ་ལས་བྱེད། མི་ཆེན་ཀུན་གྱིས་བུ་སྐྱེ་བའི་བཀའ་སློབ་གནང་དགོས། བུ་མང་པོ་སྐྱེ་ཐུབ་ན་གསོ་མཁན་ཞིག་ལོས་ཡོང་། གཞུང་དང་ཕྱུག་པོ། བླ་མ་འཇོན་ཐང་ཅན་ཚོས་མི་རིགས་ཀྱི་ཆེད་དུ་ཐུགས་བསམ་རེ་བཞེས་ཡོང་། བརྒྱུད་འཛུན། དམག་མི། འཛུག་སྐྲུན། གྲྭ་རྒྱུན། ཆོས་དང་ཆབ་སྲིད་གང་དུ་བསམ་བློ་བཏང་ཡང་བུ་སྐྱེ་རྒྱུ་འདི་གལ་ཆེན་རེད། ཉེ་བའི་ལོ་དྲུག་གིས་ནང་དུ་ངས་བུ་སྐྱེ་དགོས་པའི་སྐད་འབོད་མང་དུ་བྱས་པ་ཡིན། བོད་མི་ཞིག་གིས་བུ་དྲུག་བཟོ་ཐུབ་ན་དྭངས་བླང་ཞལ་འདེབས་མི་དགོས། སྐད་འབོད་མི་དགོས། གཞུང་གི་ལས་ཀ་མི་དགོས། ལས་འགུལ་སྤེལ་མི་དགོས། བུ་མང་གི་ཕ་མ་དེས་དོན་དུ་ཆོས་དང་མི་རིགས་ཀྱི་དོན་འགྲུབ་པ་རེད། བུ་ཕྲག་གི་དོན་དུ་འབད་པ་ཅི་བྱས་ཆོས་དང་མི་རིགས་ཀྱི་ཆེད་རེད། རླབས་ཆེན་གྱི་བྱ་བ་རེད། ངོ་སོ་བསྟོད། བསྔགས་པར་འོས། ཀུན་གྱིས་འབད་པ་གནང་རོགས། སྲིད་པའི་ཁམས་ཀྱི་སེམས་ཅན་མ་ལུས་པའི། །དལ་འབྱོར་ཚང་པའི་མི་ལུས་ཐོབ་པར་ཤོག

  2. མདོ་ལྷ་ཁམས་པ། says:
    2010-08-19 at 5:33 am

    གཅིག རང་རྐྱ་འཕེར་པའི་ངང་རྒྱལ་སྤྱིའི་གནས་ཚུལ་དག་རང་གི་སྐད་ཡིག་ཐོག་འབྲི་ཀློག་ཐུབ་མཁན་་ཞག་ཡིན་ན། དེ་ནི་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་རེད་ཟེར་ཆོག

    གཉིས། མངོན་ལྐོག་འཛེམ་ཟོན་མེད་པར་རང་གི་མངོན་འདོད་གང་ཡིན་ལ་དུས་ནས་དུས་སུ་གནད་ལ་འཁེལ་བའི་ལས་འགུལ་སྤེལ་ཐུབ་མཁན་ཞིག་ཡིན་ན་།དེ་ནི་དུས་རབས་ཉེར་གཅིག་པའི་སྲིད་དོན་ཚོགས་པ་ཞིག་ལ་ངོས་འཛིན་བྱེད་ཆོག

    གསུམ། སྲང་ལམ་གད་རྒྱག་ཡན་ཆོད་ནས་ཕྱི་སྲིད་ནང་སྲིད་མན་ཆོད་ལ་འགན་འཁྲིའི་གླ་ཡོད་ལས་གནས་གོ་སྒྲིག་འཐུས་ཚང་གནང་ཐུབ་པའི་གཞུང་ཞིག་ཡིན་ན་། དེ་ལ་དུས་རབས་ཉེར་གཅིག་པའི་རྒྱལ་ཁབ་ཅིག་རེད་ཟེར་ཀྱང་ཆོག།
    ཆ་རྐྱེན་འདི་ཁོ་ནའི་འགྲིག་པ་ཞིག་དང་ཆ་རྐྱེན་གཞན་ཡང་མེད་པ་མིན།

  3. ༜࿋དབྱངས་བུ། says:
    2010-08-19 at 12:06 pm

    དགོས་དང། བྱེད་དགོས་ཞེས་རྐྱང་པ་བཤད་པས་མི་ཕན་པར། གང་འདྲ་བྱེད་དགོས་མིན་གྱི་ཐབས་ལམ་ཚད་ལྡན་སྟོན་དགོས་སྙམ། བོད་མིས་བོད་ཀྱི་སྐད་ཡིག་ཤེས་དགོས་པ་དང་། ལ་རྒྱ། སྙིང་སྟོབས། ཆིག་སྒྲིལ་སོགས་དགོས་ཚུལ་བཤད་མཁན་མང་ལ། ཕལ་ཆེར་མི་ཚང་མས་དེ་དག་དགོས་པ་ཤེས་ཀྱང་། དེ་དག་རྒྱུད་ལ་ཇི་ལྟར་ལྡན་པ་བཟོ་དགོས་མི་ཤེས་ད་དུང་ཡང་ལྷག་ཡོད། དེས་ན་བོད་ཤ་ཁྲག་རུས་ཟེར་བ་ཁྱེད་ཀྱིས་ཐབས་ལམ་གཙོ་སྟོན་གནང་དགོས་པ་ལས། དེ་མིན་ཁ་བཤད་སྟོང་པ་ཙམ་དུ་འགྱུར་ངེས་སྙམ་

  4. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-19 at 1:40 pm

    དབང་ཆེན་ལགས། ཉིད་ནས་གཙོ་བོ་མི་རིགས་དར་སྤེལ་གྱི་སྐོར་ནས་གསུངས་ཀྱི་འདུག དེ་ལ་བདག་གིས་ཀྱང་རྗེས་སུ་ཡི་རུང་དང་མི་རིགས་ཤིག་གི་གསོན་གནས་དང་འབྲེལ་བ་ཏན་ཏན་ཡོད་པ་ཡིན། རེད་དེ། བོད་སྐད་དང་བོད་ཡིག་མི་ཤེས་པའི་བུ་རབས་ཚ་རྒྱུད་ཅི་ཙམ་མང་བ་དེ་ཙམ་ལ་འུ་ཅག་གིས་དགའ་བསུ་ཞུ་ཐབས་མེད། དེ་ནི་མི་རིགས་ཤིག་གི་གསོན་ནས་དང་གཏན་ནས་འབྲེལ་བ་མེད་ཟེར་དཀའ་ཡང་། སྐད་དང་ཡི་གེ་བོར་བའི་མི་རིགས་ཤིག་ལ་མི་རིགས་ཤིག་གི་རང་དབང་རྩོད་པའི་བདེན་དཔུང་མེད་སོང་བ་ཡིན་ཟེར་ན་འགྲིག དེ་ཡིན་དུས་མི་རིགས་དར་སྤེལ་བྱེད་པ་དང་ལྷན་དུ་རང་གི་བུ་རབས་དེ་དག་བོད་སྐད་དང་བོད་ཡིག་ཤེས་མཁན་ཞིག་ཏན་ཏན་བཟོ་ཐུབ་པར་རང་ཉིད་ལ་གདེང་ཚོད་དགོས་པ་དང་རང་ཉིད་ཀྱིས་འགན་འཁུར་དགོས་ཀྱི་ཡོད།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-19 at 1:45 pm

    མདོ་ལྷ་ཁམས་པ་ལགས། ཉིད་ཀྱི་བསམ་ཚུལ་དང་བོ་དེ་ནི་བདག་གི་དུས་རབས་ཉེར་གཅིག་པའི་བོད་མི་བྱེད་ཐབས་ཀྱི་གནད་འགག་ལ་ཐུག་ཡོད། ང་ཚོས་རང་གི་བུ་རབས་ཚ་རྒྱུད་དག་བོད་སྐད་དང་བོད་ཡིག་ཤེས་མཁན་ཞིག་བཟོ་རྒྱུ་དེ་ནི་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་ཆགས་པའི་ཆ་རྐྱེན་དང་བོ་དེ་ཡིན་ལ། དེ་ཉིད་བཟོ་བ་ལ་ཐོག་མར་དེང་དུས་ཀྱི་སྤྱི་ཚོགས་འདིའི་ནང་ནས་བོད་མི་ཕོ་མོ་གཉིས་ཀྱིས་རང་ཉིད་ཀྱི་བཟའ་ཚང་དེ་ནི་བོད་པ་ཞིག་ཡོང་ཐབས་སུ་འབད་དགོས་པ་ཡིན་ལ། དེ་ལྟར་བྱས་རྗེས་སུ་ཕ་མ་གཉིས་ཀྱིས་རང་སྐད་བཤད་ཀྱི་ཡོད་དུས། རང་སྐད་དེ་ནས་རང་བཞིན་གྱིས་ཤེས་དེ་འོང་གི་རེད་ལ། གཉིས་པ་དེ་ཕ་མ་གཉིས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་དེ་ཉིད་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་ཆགས་པར་འགན་འཁུར་བ་ལ་བོད་ཡིག་སློབ་སའི་སློབ་་གྲུ་རུ་འཇུགས་དགོས་པ་དང་། དེ་ནས་ཕ་མ་གཉིས་ཀྱིས་ཀྱང་དུས་རྒྱུན་དུ་བུ་ཕྲུག་ལ་སྐུལ་སློང་ཡག་པོ་བྱེད་དགོས་ཀྱི་ཡོད་པ་རེད།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-19 at 2:02 pm

    དབྱངས་བུ་ལགས། ཉིད་ནས་གསུངས་པ་དེ་ནི་དངོས་ནས་བདག་གིས་རྟག་དུ་དྲན་བཞིན་པ་དང་རང་གི་ངོ་ཤེས་ཚད་ལ་གླེང་བཞིན་པ་དེ་ཡིན་ལགས། དེ་ཡིན་དུས་བདག་གི་རང་ཉིད་ཀྱི་ཉམ་མྱོང་དང་ཞིབ་གཤེར་ལ་བལྟས་པས་རང་གི་ཤེས་ཚད་ཐུང་ཐུང་ཞིག་ཉིད་ལ་ངོ་སྤྲོད་ཞུ།

    ཇི་ལྟར་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་ཆགས་པར་ཕ་མ་གཉིས་ལ་འགན་གང་ཡོད་པ་དེ་གོང་དུ་མདོར་བསྡུས་ཤིག་ཞུས་ཡོད། དེ་ལྟར་རེད། འུ་ཅག་གིས་རང་ཉིད་དང་ཁོར་ཡུག་གི་འཐུས་ཤོར་བཅས་ལ་ཞིབ་ཚགས་པོའི་བསམ་བློ་བཏང་ནས། རང་ཉིད་ནས་རང་གི་ཁོར་ཡུག་ལ་གཙང་གཤེར་བྱེད་པར་འགོ་རྩོམ་དགོས་པ་དེ་ལ་ཆ་རྐྱེན་འདྲ་མིན་ཡོད།

    ཆ་རྐྱེན་དང་པོ་དེ་གོང་དུ་དྲངས་ཟིན་པ་དེ་ཡིན། བཟའ་ཚང་འདྲིས་ཟིན་པ་དག་ལ་བཤད་ཀྱི་མེད། འདྲིས་མ་ཟིན་པ་དག་གིས་རང་ཉིད་ཀྱི་བཟའ་ཚང་དེ་ནི་བོད་རིགས་ཁེ་གཙང་ཞིག་ཡོང་བར་སེམས་ཐག་གཅོད་དགོས། དེ་ནས་རང་གི་འཚོ་བ་དང་མི་རིགས་ཀྱི་འཆི་གསོན་གཉིས་ལས་དང་བོ་མི་རིགས་ཀྱི་འཆི་གསོན་ལ་བསམ་བློ་གཏོང་ཐུབ་དགོས་ཀྱི་ཡོད། ངས་འདི་ལྟར་བཤད་དུས་སུ་རང་རང་གི་འཚོ་བ་དོན་དུ་གཉེར་རྒྱུ་གཡུགས་དེ་ཆུ་ཚོད་ཉེར་བཞིའི་རིང་དུ་བོད་དོན་ཁོ་ན་བྱེད་དགོས་པར་བཤད་ཀྱི་མེད། དེ་ལྟར་བྱེད་ཐུབ་སོང་བ་ཡིན་ན། སྔ་མོ་ནས་འུ་ཅག་གི་སྡུག་སྐད་འདི་ཡོང་མི་དགོས་པ་ཆགས་ཟིན་པ་རེད།

    གཙོ་བོ་བོད་མི་རིགས་ཀྱི་ལས་ཀྱི་སྣེ་མོ་དག་གིས་རང་ཉིད་བོད་མི་རིགས་ཀྱི་ལས་དོན་ཆེད་དུ་ཡང་བླངས་ཉིན་ནས། རང་ཉིད་ནི་གཏན་ནས་མི་སྒེར་བ་ཞིག་གི་འཚོ་བ་ལ་འཐམ་ནས་འགྲོ་མཁན་གྱི་མི་དེ་ལས་རིང་དུ་སོང་ཡོད་པ་དང་དུ་བླངས་དེ། སྤྱི་ཚོགས་ལ་དམིགས་དཔེ་བཟང་བོ་འཇོག་དགོས་ཀྱི་ཡོད། དེ་ཡང་བོད་སྐད་སྤུས་གཙང་བཤད་པ་དང་བོད་ཡིག་ལ་རིན་ཐང་འཇོག་པ་པ་དེ་ཡང་བོད་ཡིག་ཤེས་དགོས་པ་རེད་ཟེར་བ་གཅིག་བུས་མི་འགྲིག་་པར་བོད་དགེ་དང་བོད་ཡིག་གི་ལས་ཀྱི་སྣེ་ཁྲིད་མཁན་དག་ལ་གོ་གནས་དང་རིན་ཐང་སྤྲོད་པ། ཁོར་ཡུག་ཆུང་ཆུང་ཞིག་ལས་བསྐྲུན་མ་ཐུབ་ཀྱང་ཆ་རྐྱེན་བསྐྲུན་ཐབས་སུ་རྒྱབ་སྐྱོར་རོགས་འབོད་བྱེད་པ། བྱིས་པ་དག་ལ་གཞན་སྐད་ལས་རང་སྐད་ནི་མི་རིགས་ཤིག་གི་བླ་སྲོག་ཆགས་དགོས་པའི་རྒྱུ་མཚན་སྐོར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་ཟབ་སྤྱོང་རྒྱུན་དུ་སྤྲོད་ཐབས་བྱེད་པ། བོད་ཡིག་གི་སྟེང་ནས་དཔེ་དེབ་སྣ་འདུས་ཤིག་ཡོང་བར་གཞུང་སྒེར་ཚང་མ་ལ་འབོད་སྐུལ་གྱིས་དཔེ་ཚོགས་བསྐྲུན་པ། བྱིས་པའི་རྩེད་འཇོའི་རིགས་ལ་བོད་ཡིག་གི་སྟེང་ནས་ཀློག་རྒྱུར་ཡོད་པར་བཟོ་བ་དང་། གཞུང་སྒེར་གཉིས་ནས་ལས་བྱེད་བསྡུ་སྐོང་བྱེད་དུས་སུ་ཐོག་མར་རང་གི་སྐད་ཡིག་གི་རྨང་གཞི་གཏན་པོ་ཡོད་པ་དག་བསྡུ་རབས་བྱེད་པ། དེ་ནས་ཆེད་ལས་ཀྱི་སྐོར་ཕྱི་ནས་ནང་འདྲེན་བྱེད་པའི་གཞུང་སྒེར་གང་རུང་མཐུན་རྐྱེན་ཅི་འཛོམས་ཀྱིས་འཛུགས་བསྐྲུན་བྱེད་པ་བཅས་ཕྱོགས་སྣ་ཧ་ཅང་མང་། ད་དུང་། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་སོགས་ནས་བོད་རིགས་གནས་ཡུལ་གྱི་ཟ་ཁང་དང་ཚོང་ལ་ཅིས་ཀྱང་བོད་ཡིག་གི་སྒོ་བྱང་དགོས་པར་འབོད་སྐུལ་ཞུ་བ་དང་འབྲི་རོགས་བྱེད་པ། ཐ་ན་སྒེར་གྱི་རླངས་འཁོར་སོགས་ཀྱི་སྟེང་དུ་བོད་ཡིག་འབྲི་བ་དང་བོད་ཡིག་འབྲེལ་ཐུག་ས་གནས་སོགས་འབྲི་བར་ཐབས་ཤེས་འཐེན་པ་བཅས་མང་བོ་ཡོད། དེ་དག་ནི་དུས་རབས་ཉེར་གཅིག་པའི་བོད་མིའི་སེམས་ཁོང་དུ་རང་ཉིད་བོད་མི་ཡིན་པར་དྲན་སྐུལ་ཐེབས་པར་རོགས་འདེགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཡིན། ཐ་ན་སྒེར་གྱི་ལས་ཀ་བ་ཞིག་གིས་རང་ཉིད་ཀྱི་ཁ་བྱང་དབྱིན་ཡིག་གི་སྟེང་དུ་བཟོ་དགོས་པ་དེ་དགོས་མཁོའི་རང་བཞིན་ཞིག་ཆགས་ཡོད་ཀྱང་། གོང་དུ་བོད་ཡིག་གི་རང་གི་མིང་དང་བསྡོད་གནས་ཁ་པར་ཨང་གྲངས་བཅས་བོད་ཡིག་གི་སྟེང་དུ་འབྲི་བ་སོགས་ཕྱོགས་སྣེ་ཧ་ཅང་མང་བོ་ཡོད། ད་རེབས་ཉིད་ལ་འདི་ཙམ་གྱིས་འཐུས་པར་བྱེད། རྗེས་སུ་གཅིག་གཅིག་གཉིས་གཉིས་བྱས་དེ་དྲི་བ་གང་འདོད་པ་བཞིན་དྲིས་ཤིག་དང་། རང་ཉིད་ཀྱི་གང་ཤེས་པ་དང་གང་མ་ཤེས་པ་དག་ཕན་ཚུན་ལ་བགྲོ་གླེང་བྱེད་འདོད་ཆེན་པོ་ཡོད།

  7. tenzindhargay says:
    2010-08-21 at 9:59 pm

    ཤ་ཁྲག་རུས་གསུམ་གྱིས། གླེང་བའི་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་བྱེད་པ་ལ་ཆ་རྐྱེན་གང་ཞིག་་ཚང་དགོས་མིན་གྱི་ཐད་ཀྱི་བསམ་ཚུལ་འདི་ལ་རང་ཉིད་ཀྱི་བསམ་ཚུལ་ཞིག་ཞུ་འདོད་བྱུང་། ཐོག་མར་ངས་བོད་མི་རིག་གི་བསམ་ཚུལ་འདི་རིག་གླེང་བ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།། ངའི་བསམ་ཚུལ་ཞུས་ན། ཆ་རྐྱེན་དང་པོ་ནི། བོད་མི་རིག་གི་བླ་སྲོག་འམ་མི་རིག་གི་ངོ་བོ་ནི་སྐད་དང་ཡི་གེ་གཉིས་ཆགས་ཡོད་པས་རང་མི་རིག་གི་སྐད་ཡིག་མི་ཤེས་ཚེ་མི་རིག་དེ་བསླག་ཉེན་ཡོད་པ་ཤེས་གསལ་ལྟར། རང་མི་རིག་གི་སྐད་ཡིག་ཤེས་དགོས་བ་ནི་དོན་མཚན་ངད་པོ་དེ་རེད་སྙམ།། དོན་མཚན་གཉིས་པ་ནི། རང་མི་རིག་གི་སྐད་ཡིག་ཤེས་པའི་ཐོག་འཛམས་གླིང་རྒྱལ་སྤྱིའི་སྐད་ཡིག་དང་དེང་དུས་ཀྱི་ཤེས་ཡོན་ཡོད་ན་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་ལ་ངོས་འཛིན་བྱེད་ཐུབ།།
    ཁྱེད་ཀྱི་གསུང་བའི་དུས་རབ་ཉེར་གཅིག་པའི་བོད་མི་ཟེར་བ་དེ་ངེད་ཀྱི་དེ་ལྟར་མི་གོ ཁྱེད་ཀྱི་གསུང་གསལ། འུ་ཅག་གིས་རང་གི་མེས་པོ་དག་གི་ཞབས་རྗེས་ནག་གསུབ་མི་གཏོང་ཆེད་དུ་བདེན་པའི་ཆེད་དུ་མི་རིགས་ཤིག་གི་འཆི་གསོན་ལ་འགན་ལེན་བྱེད་ཀྱི་ཡོད་པ་དེ། ང་ཚོའི་འགན་འཁྲི་ཡིན་ལ། རང་མི་རིག་གི་འདུ་ཤེས་དང་། རྒྱལ་ཁབ་གྱི་འདུ་ཤེས། རིག་གནས་ཀྱི་འདུ་ཤེས་ཡོད་ན། བོད་མི་ཡང་དགས་པ་ཞིག་ལ་ངོས་འཛིན་ཞུ་བ་ལས་དེ་དུས་རབ་ཉེར་གཅིག་པའི་བོད་མི་ཞིག་ཆགས་མི་ཐུབས་བསམ།། ངས་བསམ་ཚུལ་ཞུས་པ་ཙམ་ཡིན།
    འཕན་པོ་བསྟན་དར་གྱིས་གུས་པ་ཆེན་པོས་
    སྐད་ཡིག་ལ་འབྲེལ་ཡོད་ཀྱི་བསམ་ཚུལ་ཞིག་རྗེསུ་ཕུལ་རྒྱུ་ཡིན།། །།

  8. བོད། ལྷ་ཀླུ་གཉན་གསུམ། says:
    2010-08-22 at 12:55 pm

    བསྟན་འཛིན་དར་རྒྱས་ལགས། འུ་ཅག་བོད་མི་ཞིག་ཡིན་པའི་སྒང་ནས་བཤད་པ་ཡིན་ན། བོད་མི་ཡིན་པ་དང་དུས་རབས་ཉེར་གཅིག་པའི་བོད་མི་ཞིག་ཆགས་ཡོད་དུས། ང་ཚོ་དུས་རབས་ཉེར་གཅིག་པའི་བོད་མི་ཆགས་པ་ལ་ཕྱོགས་སྣ་འཛོམ་པ་དེ་ནི་ཉུང་མཐའི་ཆ་རྐྱེན་བདག་གིས་བཤད་པ་ལྟར། ཉིད་ཀྱིས་ཀྱང་བསྐྱར་གསུངས་ལྟ་བུ་ཞིག་བྱས་འདུག དེས་ཡིན་ན་འུ་ཅག་གིས་བོད་མི་ཡིན་པ་དང་བོད་སྐད་བཤད་དགོས་པ། བོད་ཡིག་འབྲི་དགོས་པར་སྐུལ་ལོང་བྱེད་དགོས་པའི་དུས་ཚོད་འདི་འདྲ་ཞིག་ལ་ཐུག་དོན་གང་ཡིན་པར་ངེས་འཛིན་བྱེད་ཀྱི་ཡོད་དམ། དེ་ཡི་ཐད་དུ་གསུང་རྒྱུ་མ་བརྗེད་ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme