Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་རབས་གཅིག་གི་མཆོག་སྤྲུལ། སློབ་དཔོན་ལྕང་སྐྱ་རིན་པོ་ཆེ།

Posted on 2016-12-012016-12-01 By ཁ་བརྡ་ 5 Comments on དུས་རབས་གཅིག་གི་མཆོག་སྤྲུལ། སློབ་དཔོན་ལྕང་སྐྱ་རིན་པོ་ཆེ།

ཨ་རིག་རྭ་རྒྱ་བས་བསྒྱུར།

 
ལྕང་སྐྱ་ཧུ་ཐོག་ནི་ནང་སོག་བོད་བརྒྱུད་ནང་བསྟན་གྱི་གོ་གནས་ཆེས་མཐོ་བའི་སྤྲུལ་སྐུ་ཞིག་ཡིན། དུས་རྒྱུན་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་བར་ཡིད་ཆེས་བྱེད་ཅིང་། ཁོང་དང་ཕྱི་སོག་གི་ཧལ་ཧ་རྗེ་བཙུན་དམ་པ་གཉིས་ལ་སོག་པོའི་བླ་ཆེན་རྣམ་གཉིས་སུ་གྲགས། བོད་བརྒྱུད་ནང་བའི་ཆོས་ལུགས་ཀྱི་བྱུང་རབས་ལྟར་ན་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་དགུ་བྱོན་མྱོང་ཞིང་། རྩོམ་ཡིག་འདིའི་བརྗོད་གཞི་སློབ་དཔོན་ལྕང་སྐྱ་རིན་པོ་ཆེ་ནི། སྤྱི་ལོ་༡༨༩༠ ལོར་(ཆིན་བཀང་ཁྲི་ལོ་དྲུག་པ) མཚོ་སྔོན་བོད་ཁུལ་དུ་འཁྲུངས་པའི་ལྕང་སྐྱ་ཧོ་ཐོག་ཐུ་སྐུ་ཕྲེང་བཅུ་དགུ་བ་ཡིན། ཁོང་གི་མཚན་ལ་བློ་བཟང་དཔལ་ལྡན་བསྟན་པའི་སྒྲོན་མེ་རུ་འབོད། བོད་སོག་གི་ས་ཁུལ་ནས་ཁོང་ལ་སློབ་དཔོན་དུ་མི་འབོད་པར་ཧོ་ཐོག་ཐུ་ཞེས་འབོད། ཧོ་ཐོག་ཐུ་ནི་སོག་སྐད་ཡིན་ལ། ནང་དོན་ནི། རང་རིག་ཀུན་གསལ་རང་བཞིན་རྗེན་མཐོང་། སྐྱེ་འཆི་མི་མངའ།「明心見性」、「生死自在」ཞེས་པ་ཡིན།

unnamed-3ཁོང་ནི་དགེ་ལུགས་པའི་ཧོ་ཐོག་ཐུ་ཆེ་བཞིའི་ནང་ཚན་གཅིག་དང་། སྤྲུལ་སྐུ་ཆེན་པོ་བཞིའི་ནང་གི་གཅིག་ཀྱང་ཡིན་ལ། ཁོང་གི་གདུལ་ཞིང་གཙོ་བོ་ནང་སོག་ས་ཁུལ་ཡིན།
དགུང་ལོ་གསུམ་གྱི་སྟེང་ལྕང་སྐྱ་སྐུ་ཕྲེང་བཅོ་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། རྗེས་སུ་ཆུ་བཟང་དགོན་པར་(朝藏寺)གདན་འདྲེན་ཞུས་ཤིང་། དར་རྒྱས་བཀྲ་མུ་སུ་(達齊札木蘇)མདུན་ནང་ཆོས་སྦྱངས། དགུང་ལོ་བདུན་གྱི་སྟེང་རབ་ཏུ་བྱུང་སྟེ་ལྕང་སྐྱ་སྐུ་ཕྲེང་བཅུ་དགུ་བ་ཁྲི་གསོལ་གྱི་ཆོས་སྟོན་མཛད། དགུང་ལོ་དགུའི་སྟེང་པེ་ཅིང་ཕོ་བྲང་དུ་མཆོད་བླར་གདན་དྲངས། ཆིན་བཀང་གོང་མ་དང་ཚི་ཞི་རྒྱལ་མོ་ཟུང་གིས་ལྕང་སྐྱ་ཧོ་ཐུག་ཐུ་སྐུ་ཕྲེང་བཅུ་དགུ་བའི་ཆོ་ལོ་བསྩལ།

སློབ་དཔོན་ལྕང་སྐྱ་རིན་པོ་ཆེའི་ཆོས་གསུང་སའི་ཡུལ་ལ་མཚོན་ན། ནང་སོག་གི་ཡུལ་ཁམས་བཞི་བཅུ་ཞེ་དགུ་དང་། མཚོ་སྔོན་གྱི་ཡུལ་གྲུ་ཉི་ཤུ་རྩ་དགུས་མཚོན་ཁྱབ་ཆེ་བའི་སློབ་ཚོགས་ཡོད་པ་དང་། ཁོང་གི་བདག་སྐྱོང་འོག་ཏུ་སོག་ཡུལ་གྱི་དགོན་པ་སུམ་བརྒྱ་ལྷག་དང་། གཞན་ཡང་། པེ་ཅིང་། ཏུང་པེ། མཁར་སྔོན་པོ། མཚོ་སྔོན། ཧྲན་ཞི། རི་བོ་རྩེ་ལྔ་སོགས་སུ་ཁོང་གི་དགོན་པ་ཡོད། དགོན་པ་དེ་ཚོ་རེ་རེའི་ནང་མང་ཤོས་སུམ་སྟོང་ནས་བཞི་སྟོང་དང་། ཉུང་ཤོས་སུམ་བརྒྱ་བཞི་བརྒྱ་ཙམ་ཡོད་པ་བསྡོམས་ན་ཁོང་གི་སློབ་མར་གཏོགས་པའི་གྲྭ་པ་ཁྲི་བཅུ་ཡས་མས་ཡོད་པ་རེད།

སློབ་དཔོན་ལྕང་སྐྱ་རིན་པོ་ཆེ་སོག་ཡུལ་དུ་ཕེབས་ཐེངས་རེ་རེ་བཞིན། མཇལ་ཁ་དང་གསུང་ཆོས་བཅར་མཁན་ཉི་མ་རེར་ཁྲི་ཕྲག་འགའ་ཤས་ཡོད། ཁོང་ནི་སོག་པོ་མང་ཚོགས་ཀྱི་དད་མོས་ཀྱི་རྟེན་གཞིར་གྱུར་ཡོད། ༡༩༥༧ ལོའི་ཨ་མེ་རི་ཀའི་<<དུས་རབས>>དུས་དེབ་ནང་འཁོད་དོན། ‘སློབ་དཔོན་ཁོང་ནི་ཧ་ཅང་གལ་ཆེ་བའི་སྤྲུལ་སྐུ་ཞིག་ཡིན་པ་དང་། ཀྲུང་གོའི་བྱང་ཕྱོགས་དང་ཤར་ཕྱོགས་ཀྱི་མང་ཚོགས་ས་ཡ་དུ་མ་དང་། གྲྭ་པ་ཁྲི་ཕྲག་དུ་མའི་བསམ་བློ་དབུ་ཁྲིད་རེད’ ཅེས་གསལ་ཡོད།

ལྕང་སྐྱ་སྐུ་ཕྲེང་བཅུ་དགུ་བ་ནི་རྒྱལ་མོ་ཚི་ཞི་དང་། པེ་དབྱང་། ཅང་ཅེ་ཧྲི་སྟེ་རྒྱལ་རབས་གསུམ་གྱི་དབུ་བླ་ཡིན་པ་དང་། ཆེ་བསྟོད་ལེགས་འབུལ་དང་། བསྙེན་བཀུར་བརྩི་འཇོག་ཚད་མེད་ཐོབ་མྱོང་བ་མ་ཟད། ‘ཛ་སག་ཏཱ་བླ་མ’「札薩克達喇嘛」ཞེས་པའི་ཆོ་ལོ་དང་། ‘ཀུན་དགེ་བྱམས་བརྩེ་ཚད་མེད་དབུ་བླ་ཆེན་མོ།’「普善廣慈大國師」ཞེས་པའི་ཐམ་ཀ་ཡང་ཐོབ་པ་དང་། རྒྱུན་གཏན་བཞུགས་གནས་པེ་ཅིང་ཡིན། སྤྱི་ལོ་༡༩༡༢ ལོའི་རྗེས་སུ་ལྕང་སྐྱ་ཚང་ལ་སྲིད་གཞུང་གིས་བརྩི་བཀུར་ཐོབ་སྟེ། སྔ་ཕྱིར།「宏濟光明」(ཀུན་སྐྱོབས་འོད་སྣང་།) 「昭因闡化」(རྒྱུ་འབྲས་གསལ་གཟིགས་མཉམ་བཞག་གནས།) 「護國淨覺輔教」(རྒྱལ་སྐྱོབ་ཡང་དག་སློབ་དཔོན།) སོགས་མཚན་བསྟོད་སྣ་ཚོགས་ཐོབ་ཅིང་། བོད་སོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། སོག་པོ་སྡེ་ཚན་གྱི་འགན་ཁུར་བ། རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། རྒྱལ་ཡོངས་དམངས་འཐུས། རྒྱལ་སྲིད་ལྷན་ཁང་གི་དྲུང་ཡིག་བཅས་ཀྱི་འགན་ཁུར་མྱོང་།unnamed

ཐའེ་ཝན་དུ་འབྱོར་རྗེས་སློབ་དཔོན་ཁོང་གིས་གོང་གསལ་འགན་ཁུར་མུ་མཐུད་བཞེས་པ་མ་ཟད། དམག་འཁྲུགས་རྗེས་ཀྱི་ཐའེ་ཝན་ནང་བསྟན་སླར་གསོ་དང་། དར་སྤེལ་ལ་ཕྱོགས་ཡོངས་ནས་ཕྱག་ལས་གནང་ཞིང་། མི་རྣམས་ཀྱི་དོ་སྣང་ཆེས་ཆེ་བའི་མཛད་པ་གསུམ་བསྐྱངས་ཡོད།
གཅིག་ནི། ཉི་ཧོང་སྲིད་གཞུང་དང་འབྲེལ་བ་བྱས་ཏེ་སློབ་དཔོན་ཤན་ཙང་གི་གདུང་རུས་ཐའེ་ཝན་དུ་གདན་དྲངས་ཏེ་མཆོད་འབུལ་བྱས་པ་དེ་ཡིན། (དེང་སྐབས་ནན་ཐོ་རྫོང་ཉི་ཟླ་སྟེགས་བུའི་ཤན་ཙང་དགོན་པར་བཞུགས་ཡོད།)

གཉིས་པ། ནང་བསྟན་ཉམས་གསོའི་དབུ་ཁྲིད་བྱས་པ་དེ་ཡིན། སྔ་མོར་སློབ་དཔོན་ལྕང་སྐྱ་རིན་པོ་ཆེ་དང་དགེ་སྦྱོང་ཏའོ་ཡན་སོགས་མེ་འཁོར་ལ་བཞུགས་ཏེ་ཅི་ལུང་གྲོང་ཁྱེར་ནས། ཐའེ་ཀྲུང་། ཐའེ་ནན། ཀའོ་ཞོང་། ཕེན་ཏུང་སོགས་བྱང་ཕྱོགས་ནས་ལྷོ་ཕྱོགས་མཚོ་འགྲམ་བར་དང་། གླིང་ཕྲན་ཆུང་ངུ་ཚུན་ཆད་རེ་རེ་བཞིན་ཕེབས་ནས་ཆོས་ཁྲིད་གནང་།

གསུམ་པ་ནི། གསུང་རབ་མང་པོ་དཔར་སྐྲུན་གནང་བ་དེ་རེད། ལྷག་པར་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་《大正大藏經》དག་སྒྲིག་དཔར་སྐྲུན་གནང་བ་དེས་ནང་བསྟན་དར་སྤེལ་ལ་ཧ་ཅང་འགངས་ཆེ་བའི་ནུས་པ་ཐོན།

སློབ་དཔོན་ལྕང་སྐྱ་རིན་པོ་ཆེའི་ཆོས་ཀྱི་བརྒྱུད་པ་ཁུངས་ལྡན་ཡིད་རྟོན་ལྡན་ལ། ཕྱི་གསལ་ནང་གསལ་དང་། ཤེས་རབ་གཏིང་ཟབ་ལྡན་པ། བྱ་གཞག་ལ་གཟབ་ནན་ཆེ་བ། ཚེ་གང་བོར་འདོད་ཆུང་ཆོག་ཤེས་དང་། བསླབ་སྡོམ་ཚུལ་བཞིན་སྲུང་བ། ཕྱི་དྲོའི་ཁ་ཟས་སྤངས་པ། རིག་གནས་རབ་འབྱམས་ལ་མཁས་པ། རྒྱ་སྐད་དང་། མན་ཇུའི་སྐད། སོག་སྐད། བོད་སྐད་དང་བཅས་པར་བྱང་ཆ་ལྡན་པ། གཞུང་ཆེན་བཀའ་པོད་ལྔ་སོགས་མདོ་ཕྱོགས་དང་སྔགས་ཕྱོགས་རྒྱུད་སྡེའི་ཉམས་ལེན་མཐའ་དག་ལ་ཕྱོགས་རིས་མེད་པར་མཁས་པ། འགྲོ་འཆག་ཉལ་འདུག་གང་ལ་ཡང་ཉམས་ལེན་ལ་གནས་པ་སོགས་ཁྱད་དུ་འཕགས་པའི་ཡོན་ཏན་མང་པོ་མངའ་བ་ཞིག་ཡིན།

སློབ་དཔོན་ཅིན་ཁོང་ལགས་དགུང་ལོ་ཉེར་དྲུག་ཐོག་དགུང་གྲངས་རེ་དྲུག་ལ་སོན་པའི་ལྕང་སྐྱ་རིན་པོ་ཆེའི་རྗེས་སུ་འབྲངས་ཏེ་ནང་ཆོས་སྦྱངས། ལྕང་སྐྱ་རིན་པོ་ཆེས་ཅིན་ཁོང་ལ་ཤཱཀྱའི་གདུང་རབས་དང་། ཤཱཀྱའི་ཡུལ་བཤད་ལ་སློབ་སྦྱོང་དགོས་པར་གདམས་པ་དང་། འདི་སྣང་གི་རང་མཚངས་མཐོང་ནས་ཆགས་ཞེན་སྤོང་ཚུལ་བསླབས་ཤིང་། དེ་ནི་སློབ་དཔོན་ཅིན་ཁོང་གིས་ནང་ཆོས་གཏིང་ཟབ་སྦྱངས་པའི་རྨང་རྟེན་དུ་གྱུར་ཡོད།
སློབ་དཔོན་ལྕང་སྐྱ་རིན་པོ་ཆེ་མཆོག་སྤྱི་༡༩༥༧ ལོའི་ཟླ་༤ ཚེས་བཞིན་ཕོ་སྐྲན་གྱི་སྙུན་གཞི་བཞེས་ཏེ་ཐའེ་པེ་སྨན་ཁང་ཆེན་མོ་རུ་སྐུ་གཤེགས་ཤིང་། སྐབས་དེར་དགུང་ལོ་དྲུག་ཅུ་རེ་བརྒྱད་རེད། སློབ་དཔོན་ཁོང་གི་སྐུ་གདུང་པེ་ཐོ་རུ་ཞུགས་འབུལ་བྱས་པར་རང་བསྲེལ་རིལ་བུ་སྣ་ཚོགས་དྲུག་སྟོང་ལྷག་བྱུང་། འདི་ལས་ཤེས་ཐུབ་པ་ནི། ཁོང་ལ་’སློབ་དཔོན་ཆེན་མོ’ཞེས་འབོད་པ་དེ་ཁོང་གི་གོ་གནས་དང་། འཕགས་མཆོག་ཅིག་གི་སྤྲུལ་སྐུ་ཡིན་ཚུལ་ལ་བརྟེན་ནས་བྱུང་བ་མིན་པར། ཡང་དག་དོན་གནས་ཀྱི་ཉམས་རྟོགས་དང་། འགྲོ་བ་ཀུན་ལ་བརྩེ་བའི་བྱམས་བརྩེ་ལས་བྱུང་བ་རྟོགས་ཐུབ། སློབ་དཔོན་ལྕང་སྐྱ་རིན་པོ་ཆེ་སྐུ་འདས་ནས་ལོ་མང་པོ་ཞིག་འདས་ཟིན་ཀྱང་། ཁོང་གིས་བསྟན་པའི་ཡང་དག་པའི་ལམ་དང་ཆོས་པ་ཞིག་གི་ཚུལ་ལྡན་སྤྱོད་པ་བཟང་པོ་དེས་རྗེས་འཇུག་ཉམས་ལེན་པ་དག་ལ་ཆ་ཡོངས་སུ་ཚང་བའི་སློབ་གསོའི་མིག་དཔེ་ཞིག་བཞག་ཡོད།

གསལ་བཤད།

སློབ་དཔོན་ཅིན་ཁོང་ནི་དེང་སྐབས་རྒྱ་བརྒྱུད་ནང་བསྟན་ཁྲོད་སྐད་གྲགས་ཧ་ཅང་ཆེ་བའི་དགེ་སློང་མཁས་པ་ཞིག་ཡིན་ལ། ཁོང་གིས་སངས་རྒྱས་སློབ་གསོའི་ཐེབས་རྩ་ཚོགས་པ་ཟེར་བ་བཙུགས་ཏེ་འཛམ་གླིང་ཧྲིལ་བོའི་ནང་པའི་གསུང་རབ་ཧ་ཅང་ཕོན་ཆེ་བ་དཔར་སྐྲུན་གནང་ཞིང་། ལྷག་པར་དུ་བོད་བརྒྱུད་ནང་པའི་མདོ་སྔགས་གསུང་རབ་ཀྱི་གསུང་རྩོམ་ཧ་ཅང་མང་པོ་ཞིག་རིན་མེད་ངང་དཔར་སྐྲུན་འགྲེམས་སྤེལ་བྱེད་དང་བྱེད་མུས་ཡིན་པ་དང་། ད་ལྟ་དགུང་ལོ་དགུ་བཅུར་ཕེབས་ཡོད་ཀྱང་། མུ་མཐུད་གསུང་རབ་འཆད་ཁྲིད་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་བཞིན་བཞུགས་མུས་ལགས།
གཞན་གོང་གསལ་ཆོ་ལོ་དང་ཐམ་ཀའི་ཡི་གེ་རྣམས་རང་གི་ཚོད་དཔག་ཙམ་གཞིར་བཞག་གིས་བསྒྱུར་བ་ལས་ནང་དོན་ཡོངས་རྫོགས་མཚོན་ཐུབ་པའི་ངེས་པ་གཏན་ནས་མེད་ལ། དོན་ལོག་ཏུ་སོང་མེད་པའི་ངེས་པའང་གཏན་ནས་མེད། རྒྱུ་མཚན་ནི། ང་ལ་མཚོན་ན་རྒྱ་ཡིག་དེ་དག་ནི་མཚོན་དོན་དང་སྤྱི་བམ་གྱི་དོན་དག་ཤུགས་ཆེ་ཞིང་། གནད་ཀྱི་དོན་པོ་འདི་རེད་ཅེས་ཁ་ཚོན་གཅོད་དཀའ་བར་འདུག་གོ། །

མ་རྩོམ་གྱི་འབྲེལ་ཐག། http://new.jingzong.org/Item/2538.aspx

འགྱུར་རྩོམ།

Post navigation

Previous Post: དགེ་བཤེས་སྨོན་ལམ་གྱི་གསུང་བཤད།
Next Post: གསར་གཏོད་པ་གྲགས་ཅན་ཀྲོ་མཱ་ཟི་ཨོ་ཧྥི་ཨེ་ཊ་སོན་གྱི་དངོས་བྱུང་གཏམ་རྒྱུད།

Comments (5) on “དུས་རབས་གཅིག་གི་མཆོག་སྤྲུལ། སློབ་དཔོན་ལྕང་སྐྱ་རིན་པོ་ཆེ།”

  1. ཀླུ་སྨྱོན། says:
    2016-12-01 at 2:56 pm

    ལྕང་སྐྱའི་གྲུབ་མཐའ་དང་ཨ་མ་ལྟ་མགུར་གཉིས་གྲགས་ཆེ་ཙམ་བྱུང་། གཞན་དཀར་ཆག་ཙམ་མ་གཏོགས་གསུང་རྩོམ་མང་པོ་མ་མཇལ། ལྕང་སྐྱ་རྗེས་མ་ཚོ་མཁས་པ་ཆེན་པོ་ཡིན་པ་མི་ཤེས།

  2. རྟ་བདུན་དབང་བོ says:
    2016-12-01 at 3:55 pm

    ལྕང་སྐྱ་ངག་དབང་མཆོག་ལྡན་དང་རོལ་བའི་རྡོ་རྗེ་གཉིས་ནི་སྐུ་ཕྲེང་ཚང་མའི་གྲལ་ན་མཛད་རྗེས་ཆེ་ཤོས་ཡིན་ས་རེད། གཞན་ཡང་སྐུ་ཕྲེང་བཅུ་དགུ་ཞིག་རྩིས་སྲོལ་ཡོད་པའང་ཤེས་མ་སོང་། ངས་ནི་ལྕང་སྐྱ་ངག་དབང་མཆོག་ལྡན་སྐུ་ཕྲེང་གཉིས་པ་དང་རོལ་བའི་རྡོ་རྗེ་གསུམ་པ་ཡིན་བསམ་ཡོད། བཅུ་དགུའི་རྩིས་ན་སྐུ་ཕྲེང་དང་བོ་སུ་ཡིན་ནམ། །

  3. ཁྱུང་སེ། says:
    2016-12-01 at 4:14 pm

    ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་སྐོར་བཀླགས་མྱོང། འོན་ཀྱང་ཁོང་གིས་རྒྱ་ནག་གོང་མ་དང་མཉམ་སྦྲེལ་གྱིས་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོ་སོགས་རྒྱལ་རོང་པ་རྣམས་ལ་མཛད་བྱས་མང་པོ་གནང་འདུག་པས་དུས་ཚོད་ཡོད་ན་དེ་ཚོར་ཀློག་གནང་ན་ཡག་པོ་འདུག

  4. རྟ་བདུན་དབང་བོ says:
    2016-12-01 at 10:51 pm

    རྒྱ་རོང་གི་རྒྱལ་པོ་དེ་དག་མངའ་ཐང་ཧ་ཅང་ཆེན་པོ་མིན་ཀྱང་རྒྱ་ནག་གོང་མའི་ཁྲིམས་འོག་ཏུ་མེད། ༧ གོང་ས་དགའ་ལྡན་ཕོ་བྲང་གིས་ཀྱང་དབང་བསྒྱུར་མ་བྱས་པར་རང་བཙན་ལྟ་བུར་གནས་ཡོད། ལྕང་སྐྱ་རོལ་བའི་རྡོ་རྗེ་རྒྱ་ནག་གོང་མའི་ཐམ་ཀ་བླ་མའི་མཚན་གནས་བཞེས་པའི་སྐབས་དེར་རྒྱ་ནག་གིས་རྒྱ་རོང་རྒྱལ་པོ་དེ་དག་ལ་དམག་རྒྱབ་ནས་ཚར་བཅད་པ་རེད། དེ་དུས་ལྕང་སྐྱས་ཀྱང་རྒྱ་ནག་གི་དམག་དཔུང་ལ་རོགས་འདེགས་བྱས་ཡོད་པ་ལོ་རྒྱུས་སུ་བཀོད་ཚར་བ་རེད། གྲུབ་ཆེན་གྲགས་སུ་གྲགས་པ་ཞབས་འདྲེན་པ་དེ་ཚོས་ཕུག་རྒྱང་རིང་བོ་མ་རྟོགས་པར་གནས་སྐབས་རིང་དགེ་ལུགས་པའི་སྦྱིན་བདག་ལ་དམིགས་ནས་དེ་ལྟར་མཛད་པ་རེད། །

  5. ཡར་ལྷ་ཤམ་པོ། says:
    2016-12-02 at 3:12 am

    ལྕང་སྐྱ་སྐུ་ཕྲེང་བཅུ་དགུ་བྱོན་ན་རྗེ་ཙོང་ཁ་པ་མ་བྱུང་སྔོན་ནས་ལྕང་སྐྱ་སྐུ་ཕྲེང་བྱོན་དགོས་པ་འདྲ་པོ་ཞིག་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme