Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་རབས་ཀྱི་འབྲེལ་མཚམས་ནས་ང་ཚོའི་མི་རབས་གསར་པ་དག་ཤེས་ཡོན་གྱིས་མུག་ཤི་ཐེབས་སྲིད་དམ།

Posted on 2012-05-22 By ཁ་བརྡ་ 1 Comment on དུས་རབས་ཀྱི་འབྲེལ་མཚམས་ནས་ང་ཚོའི་མི་རབས་གསར་པ་དག་ཤེས་ཡོན་གྱིས་མུག་ཤི་ཐེབས་སྲིད་དམ།

ཚངས་སར་འཕྲིན་ལས།

ཁ་བྱང་དང་འབྲེལ་བའི་དྲི་བ་འདི་ནི་བདག་གི་སེམས་སུ་ཡང་ཡང་ཤར་མྱོང་བའི་དྲི་བ་ཞིག་དང་སེམས་འཚབ་ཅིག་ཡིན་པར་མ་ཟད་འདི་དང་འབྲེལ་བའི་བསམ་ཚུལ་ཞིག་ཀྱང་དབང་མེད་འབྲི་འདོད་སྐྱེས། སྤྱིར་འགྲོ་བ་མི་སུ་འདྲ་ཞིག་ཡིན་ཡང་རང་རང་ལ་བསམ་གཞིགས་ཀྱི་ནུས་པ་རེ་དང་། རང་རང་ལ་ཤེས་རྟོགས་ཀྱི་ནུས་པ་རེ་ཡོད་པར་སྨོས་མེད་ཡིན་ཡང་དེ་མངོན་འགྱུར་ཐུབ་མིན་ནི་རང་ཉིད་ཀྱིས་འདུ་ཤེས་ཚོད་འཛིན་ཐུབ་མིན་ལ་རག་ལས་པ་ཞིག་ཡིན།

དཔེར་ན་རྒྱ་ནག་གི་ཉེ་རབས་མཁས་པ་ཀྲོའུ་ཀུའོ་ཕིང་ནས་’’མི་ནི་རིག་རྟོག་གི་སྲོག་ཆགས་ཤིག་ཡིན་པའི་ཆ་ནས་སོ་སོར་ཀླད་པ་རེ་ཡོད་པ་མ་ཟད་ཡོད་ཚད་ལ་ཤེས་རབ་དང་ལྡན་པའི་ཤེས་རྟོགས་ཀྱི་ནུས་པ་ཡོད། མི་ནི་གཟུགས་འདས་ཀྱི་སྲོག་ཆགས་ཤིག་ཡིན་ཆ་ནས་སོ་སོར་བླ་སྲོག་རེ་མངའ་བ་མ་ཟད་ཐམས་ཅད་གསོན་དགོས་ཤིང་གསོན་པ་དེ་ཡང་དོན་སྙིང་ལྡན་པ་ཞིག་ཏུ་བྱེད་འདོད་ཡོད། འདི་ནི་འགྲོ་བ་མི་ལ་མ་གཞི་ནས་ཡོད་པའི་ཐུན་མོང་གི་མི་གཤིས་ཤིག་ཡིན་”ཟེར་བ་ལྟར་ང་ཚོ་ཚང་མས་གསོན་ལམ་འདོད་པ་དང་གསོན་པ་དེའང་གཟི་བརྗིད་དང་དོན་སྙིང་ཅན་ཞིག་མི་འདོད་མཁན་མེད་དུས་རང་ཉིད་ལ་དབང་བའི་གཉུག་གཤིས་ཀྱིས་མི་ཚེའི་ལས་དོན་མངོན་གྱུར་བྱེད་དགོས་པ་སྒེར་བདག་གི་འགན་འཁྲི་ཞིག་རེད། འགན་འཁྲི་དེའི་ནུས་པ་སྐྱེད་སྲིང་དང་ཁ་ཕྱོགས་གཙོར་སྟོན་ལ་དགེ་རྒན་གྱི་སློབ་གསོ་དང་ཁོར་ཡུག་གི་གནས་སྟངས་ལ་རག་ལས་ཀྱི་འབྲེལ་བ་ཡོད་མོད། ཚུལ་བཞིན་གསོ་སྐྱོང་དང་འཚར་ལོངས་ཇི་བཞིན་བྱུང་མིན་ནི་རང་གི་འདུ་ཤེས་འཁྱེར་ཕྱོགས་ཀྱིས་ཁ་བསྒྱུར་བ་དེ་རེད།

སྤྱིར་ང་ཚོ་ཚང་མ་མི་ཞིག་ཡིན་པའི་ཆ་ནས་མི་ཡི་འཚོ་བ་རོལ་དགོས་ལ། དེ་དང་འབྲེལ་བའི་འཚོ་གནས་ཀྱི་ཉེན་ཁའི་གཡང་ས་ནས་སྐྱོབས་ཐབས་བྱེད་དགོས་ཀྱི་འགན་འཁྲི་ཡང་མི་རང་ཉིད་ལ་ཡོད། དེ་བས་ང་ཚོ་ཤི་མ་གསོན་དུ་ལུས་བསྡད་པའི་ཉེན་ཁའི་གཡང་ས་ནས་འབུད་དེ་དུས་རབས་ཀྱི་མདུན་དུ་བསྐྱོད་དགོས་པ་ལས་ད་དུང་ཆེས་རྒྱང་རིང་གིས་ལྐོག་གྱུར་འཇིག་རྟེན་ཞིག་ལ་འགྲེལ་བཤད་སྙིང་རྗེ་མོ་རེ་བརྒྱབ་སྟེ་རིག་གཞུང་གི་མ་ལག་ཅིག་ཡོད་པར་འུད་སྒྲོག་བྱེད་ཀྱིན་གསར་གཏོད་སྣ་གཅིག་ཀྱང་མཁོ་འདོན་མི་བྱེད་པར་བློ་ཡིད་ཚིམ་སྟེ་བསྡད་ན་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ད ེང་རབས་གསར་པའི་འཇིག་རྟེན་འདི་ཇི་ལྟར་ལོངས་སྤྱོད་ཐུབ། འུ་ཚང་གི་མི་རིགས་འདི་ལོ་རྒྱུས་ཀྱི་བདེན་དཔང་རིང་བའི་མི་རིགས་ཤིག་ཡིན་མོད་ལོ་རྒྱུས་ནི་བྲག་སྐོས་བཞིན་མི་ཡུལ་དུ་འོད་ལམ་ལམ་དུ་འཚེར་བའི་དན་རྟགས་ཤིག་ཡིན་པ་ལས་དེ་རིང་གི་འཚོ་གནས་དང་འབྱུང་འགྱུར་གྱི་གནད་དོན་དཀའ་ཁག་སེལ་བར་དེ་ཙམ་རམ་འདེགས་བྱེད་མི་ནུས། ད་ནི་ང་ཚོར་གདམ་ཀ་གཞན་མེད་པར་མ་ཟད་ངེས་པར་སྒྲུབ་དགོས་ཀྱི་ལས་ནི་དུས་ཀྱི་གོམ་འགྲོས་ཀྱི་རྗེས་སུ་སྙེགས་རྒྱུ་དེ་རེད།

ངས་བསམ་གཞིགས་ཀྱི་ཁ་ཕྱོགས་ནང་དུ་གཏད་དེ་འུ་ཚང་གི་ན་གཞོན་ཚོའི་ད་ལྟའི་ཁ་ཕྱོགས་དང་འབྱུང་འགྱུར་གྱི་ཕུགས་འདུན་ལ་འཚོལ་ཞིབ་རེ་བྱས་ཚེ་མ་འོངས་མི་རིགས་འདི་ཅི་འདྲའི་ཉེན་ཁའི་ཕྱོགས་སུ་ལྷུང་མི་ཡོང་ངམ་སྙམ་པའི་སེམས་འཁྲལ་ཞིག་རྟག་ཏུ་བྱེད་བཞིན་ཡོད། རྒྱུ་མཚན་ཅི་ཕྱིར་ཞེ་ན། མ་འོངས་བོད་རྒྱལ་ཁབ་ཟེར་བའི་མིང་དོན་མཚུངས་བའི་མི་རིགས་ཤིག་གོ་ལའི་ཐོག་གསོན་གནས་ཐུབ་མིན་ནི་དེང་རབས་ན་གཞོན་གསར་པ་དག་རག་ལས་པ་ཞིག་རེད། ན་གཞོན་ཚོས་མེས་པོའི་ཤུལ་བཞག་གི་རིགས་གནས་རྣམས་རྗེས་ལུས་དང་རྙིང་ཞེན་ཟེར་ནས་དུས་རབས་ཀྱི་དགོས་མཁོ་སྐོང་མི་ནུས་ཚུལ་གྱི་དགག་པ་དང་ངན་ཁག་འགེལ་ཅི་ཐུབ་བྱེད། ཡང་དེང་རབས་ཀྱི་དགོས་མཁོ་དང་འཚམ་པའི་ཚན་རིག་གི་ཤེས་བྱ་སོགས་རྟོག་གཞིགས་གསར་པའི་འདུ་ཤེས་ཡོ་ལངས་ཀྱི་རྗེས་མ་ཟིན་པར་དངོས་ཡོད་འཚོ་གནས་ཀྱི་མདུན་དུ་གཉོམ་ཆུང་ནུས་མེད་ཀྱི་རང་མཚང་ངོམ་བཞིན་པའི་ངང་ཚུལ་འདི་མཐོང་ཚེ་ད་གཟོད་ང་ལ་སེམས་འཚབ་འདི་འདྲ་ཞིག་ངང་གིས་ཡོང་བཞིན་འདུག གལ་སྲིད་མི་རབས་གསར་པ་ཚོས་སྔར་ཡོད་རིག་གནས་སྟེང་དུ་དེང་རབས་རིག་གནས་གསར་པའི་ནུས་པ་མཁོ་འདོན་བྱེད་མ་ཐུབ་ཚེ་ད་གཟོད་འུ་ཚོ་ཕམ་རྒྱུ་ཉག་གཅིག་ལས་ཅི་ཡང་མེད་པས་གལ་གནད་ཆེ་བའི་གནས་བབ་འདི་གཞུང་སྒེར་ཚང་མས་ཤེས་དགོས་པ་ཞིག་རེད། ༢༠༡༢ ཟླ་ ༥ པའི་ཚེས་ ༢༠ ཉིན།

སྣ་ཚོགས།

Post navigation

Previous Post: རླབས་ཆེན་གྱི་མི་སྣ་ཞིག་དྲན་གསོ་བསླངས།
Next Post: བཅད་གསར་སྙན་ངག སྲོལ་རྒྱུན་སྙན་ངག་གིས་བོད་སྐད་རྒྱག་པ།

Comment (1) on “དུས་རབས་ཀྱི་འབྲེལ་མཚམས་ནས་ང་ཚོའི་མི་རབས་གསར་པ་དག་ཤེས་ཡོན་གྱིས་མུག་ཤི་ཐེབས་སྲིད་དམ།”

  1. དྲ་འབུ། says:
    2012-05-24 at 1:55 pm

    ཡག་པོ་བྲིས་ཤག་ལོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme