Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་འཁོར་དབང་ཆེན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

Posted on 2016-07-212016-07-21 By ཁ་བརྡ་ 24 Comments on དུས་འཁོར་དབང་ཆེན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཡོང་ཁུངས། བོད་ཀྱི་དུས་བབ།

 
རྒྱ་གཞུང་གིས་དུས་འཁོར་དབང་ཆེན་ཞུ་སར་ཆེད་ལས་ཀྱི་པར་ལེན་ཡོ་ཆས་དང་ལོག་སྤྱོད་ཀྱི་དྲིལ་བསྒྲགས་དངོས་པོ་ཟེར་བ་སོགས་འཁུར་ཡོང་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག

རྒྱ་གཞུང་གིས་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་ཀྱིས། དེ་རིང་གཞིས་ཀ་རྩེའི་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་དུས་འཁོར་དབང་ཆེན་དབུ་འཛུགས་གནང་གི་ཡོད་པ་དང་བསྟུན། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག དྷ་ས་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོའི་རྡོ་རིང་མདུན་དུ། བོད་ཀྱི་བུད་མེད་ལྷན་ཚོགས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས། རྒྱ་གཞུང་གི་བཙན་དབང་བཀོད་ཁྱབ་འོག་རྒྱལ་མཚན་ནོར་བུ་ལགས་ནས་དུས་འཁོར་དབང་ཆེན་གནང་བཞིན་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་བ་དང་ཆབས་ཅིག རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་པོ་ཆེར་མི་མང་ནས་མཇལ་དར་སྒྲོན་པའི་ལས་འགུལ་ཞིག་སྔ་དྲོའི་ཆུ་ ༡༠ ནས་ཕྱི་དྲོའི་ཆུ་ཚོད་ ༢ བར་དུ་སྤེལ་བཞིན་འདུག

13730878_1141870012541475_4013366746851377021_o-624x835ཚོགས་པ་ཁག་གི་ཐུན་མོང་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཕྱོགས་ཡོངས་ནས་མཐོང་ཆུང་ཁྱད་གསོད་དང་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་ལེན་བྱེད་པའི་དུས་སྐབས་འདིར། དེང་སྐབས་སླར་ཡང་པཎ་ཆེན་རྒྱལ་མཚན་ནོར་བུ་ཟེར་བར་དུས་འཁོར་དབང་ཆེན་གནང་དགོས་པའི་བཙན་ཤེད་ཀྱི་འོག་དེ་རིང་བོད་ལྗོངས་གཞིས་ཀ་རྩེར་དངོས་སུ་མགོ་འཛུགས་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་ཆོ་ག་དང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ། བོད་ཀྱི་སེར་སྐྱ་མི་མང་གི་མངོན་འདོད་བཅས་རྩིས་མེད་རྡོག་རོལ་བཏང་ནས་པཎ་ཆེན་ཡང་སྲིད་ངོས་འཛིན་བྱས་པའི་ལོ་རྒྱུས་ཀྱི་སྡིག་ཉེས་ལ་ངོ་རྒོལ་དང་། ད་ལྟ་སླར་ཡང་ཆོས་ལུགས་ཆབ་སྲིད་ཐོག་བེད་སྤྱོད་ལོག་པ་བྱེད་པའི་སྲིད་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཞེས་དང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མྱུར་ཏུ་ཀློད་གྲོལ་ཡོང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱང་བདེན་པའི་རྒྱབ་རྩར་ལངས་དགོས་པའི་རེ་འབོད་ཞུས་འདུག

རྒྱ་གཞུང་གིས་དུས་དབང་སྐབས་སྒྲིག་ལམ་བརྩི་སྲུང་དགོས་པའི་སྐོར་གྱི་༼དུས་འཁོར་དབང་ཆེན་གྱི་མཛའ་བརྩེའི་དྲན་སྐུལ་༽ཟེར་བའི་བརྡ་ཁྱབ་ཅིག་སྤེལ་བའི་ནང་། དུས་དབང་གི་ཉིན་དང་པོ་ནས་གསུམ་པ་བར་ཉིན་གུང་ཆུ་ཚོད་ ༡༢ ཐོག་ཆོས་ཞུ་བ་རྣམས་ལ་བདེ་སྲུང་མི་སྣས་རེ་རེ་བཞིན་ཞིབ་བཤེར་བྱས་རྗེས་གཏན་འཁེལ་ལྟར་ཆོས་རའི་ནང་འཛུལ་དགོས་པ་དང་། ཉིན་མཐའ་མ་དེར་སྔ་དྲོའི་ཆུ་ཚོད་ ༡༠།༢༠ ཐོག་ཆོས་རར་ཡོང་དགོས་པ་དང་། ཆོས་ཞུ་བ་ཚོས་རྩམ་པ་དང་མར་ཕྱུར། ཤ་དང་བག་ལེབ། དགོས་ངེས་ཀྱི་སྨན་རྫས། དེ་བཞིན་ཨ་རག་གི་ཉིང་ཁུ་ཕུད་ཇ་སོགས་བཏུང་བྱའི་རིགས། ལྡེ་མིག་དང་ཆར་གདུགས། གདན། ཞ་མོ། ཕོར་བ་དང་ཐུར་མ། ཕྲེང་བ་དང་མ་ཎི་ལག་འཁོར་སོགས་ཆོས་རའི་ནང་འཁུར་ཆོག་ཀྱང་། མེ་མདའ་དང་དམག་སྤྱོད་ཡོ་ཆས་རིགས། དེར་ལད་ཟློས་བྱས་ནས་བཟོས་པའི་ཅ་ལག ཤོག་སྦག་སོགས་འབར་རྫས་རིགས་དང་། གྲི་དང་དབྱུག་པ། རླངས་སྣུམ་དང་ས་སྣུམ་སོགས་འབར་སླ་བའི་དངོས་རྫས་རིགས། དེ་བཞིན། དངུལ་ཆུ་དང་དུག་གཤིས་ཆེ་བའི་ཞིང་སྨན་རིགས ཆེད་ལས་ཀྱི་པར་ལེན་ཡོ་ཆས། ལོག་སྤྱོད་ཀྱི་དྲིལ་བསྒྲགས་དངོས་པོ་སོགས་འཁུར་ཡོང་མི་ཆོག་སྐོར་བརྗོད་འདུག

དྷ་སར་བཞུགས་པའི་འབྲེལ་ཡོད་བོད་མི་ཞིག་གིས་བོད་ནང་ནས་ཐད་ཀར་བཏང་བའི་བརྙན་ཐུང་གཉིས་འདི་གར་མཁོ་སྤྲོད་གནང་བའི་ནང་། མི་མང་པོ་འདུ་འཛོམས་སར་བརྙན་རིས་ཆེན་པོ་ཞིག་གི་ཐོག་རྒྱལ་མཚན་ནོར་བུ་ལགས་པཎ་ཆེན་ཡང་སྲིད་དུ་ངོས་འཛིན་ཇི་ལྟར་བྱས་པ་སོགས་ཀྱི་སྐོར་ནས་རྒྱ་ནག་གཞུང་རང་གིས་སྒྲིག་བཟོ་བྱས་པའི་གློག་བརྙན་ཞིག་སྟོན་བཞིན་འདུག་ལ། གནས་ཚུལ་མཁོ་སྤྲོད་པས་དེ་རིང་གཞིས་ཀ་རྩེར་ཡོད་པའི་ཁོང་གི་སྤུན་མཆེད་ཅིག་ལ་དུས་འཁོར་དབང་ཆེན་གྱི་པར་རིགས་བསྐུར་རོགས་ཞེས་རེ་སྐུལ་བྱེད་སྐབས་རྒྱ་ནག་གཞུང་གིས་ལམ་སང་རེ་སྐུལ་དེ་བསུབས་སོང་བ་མ་ཟད།དེ་ནས་བཟུང་དུས་འཁོར་དབང་ཆེན་ཞེས་པའི་ཚིག་འབྲུ་བཀོད་མ་ཐག་འགག་འགྲོ་བ་ཞིག་བཟོས་འདུག ཅེས་དང་། རྒྱ་གཞུང་གིས་གཞིས་ཀ་རྩེ་ནས་ཆུ་ཚོད་གཅིག་གཉིས་སར་རླངས་འཁོར་གྱིས་བསྐྱོད་དགོས་པའི་གྲོང་གསེབ་ཁག་ལའང་ཁྱིམ་དུད་རེ་ནས་མི་གཉིས་རེ་ཡོང་དགོས་པའི་བཀའ་བཏང་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

གསར་འགྱུར།

Post navigation

Previous Post: དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་དང་ལྷན་དུ་གླེང་མོལ་ཞུ་བ།
Next Post: སུམ་རྟགས་ཐོན་མིས་བརྩམས་མེད་པའི་རྒྱུ་མཚན་ཆེན་པོ་བཅུ།

Comments (24) on “དུས་འཁོར་དབང་ཆེན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-21 at 10:04 am

    རྒྱ་ནག་གི་བཙན་དབང་འོག་དུས་དབང་ཡིན་རྒྱུ་མ་རེད་བདུག་དབང་ཡིན་སྲིད་ཆོས་བདུག་ལ་རྩི་མཁན་གྱི་ཆོས་མེད་ཀླ་ཀློའི་དཔལ་དུས་ཀྱི་དབང་ཆེན་ནམ་ཡང་ངོས་ལེན་མེད་པ་ལོང་བས་བལྟས་ཀྱང་ཁམས་སུམ་ཟེར་བའི་དཔེ་ལྟར་རེད་གལ་སྲིད་རྒྱ་མིའི་དུས་དབང་སྒྲ་བསྒྲིགས་བྱེད་ཀྱི་ཡོད་ན་དེ་དུས་དབང་མ་རེད་བདུག་དབང་ཡིན་པ་ཐག་ཆོད་།

  2. གཡག་རྒོད says:
    2016-07-21 at 12:32 pm

    གསར་འགྱུར་གྱི་ཾཁ་བྱང་འབྲི་སྟངས་ལ་གཟབ་ཙམ་མ་གནང་རོགས།

  3. ཨ་ཁུ་འབྲོག་པ། says:
    2016-07-21 at 1:29 pm

    དུས་འཁོར་དབང་ཆེན་ལ་ངོ་རྒོལ་མེད། དུས་འཁོར་དབང་ཆེན་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-07-21 at 10:11 pm

    སྟོན་པ་བཅོམ་ལྡན་འདས་ཀྱི་རྒྱ་གར་ལྷོ་ཕྱོགས་དཔལ་
    ལྡན་འབྲས་སྤུང་དུ་གསུང་་པའི་ཆོས་ཀྱིས་དུས་དབང་གོང་ས་མཆོག་ནས་ད་ལྟ་བར་ཐེངས་33 གནང་ཟིན་པ་དེ་དང་ཆོས་
    མཁས་མི་ལེན་མཁན་གུང་ཁྲན་གྱི་ཆབ་སྲིད་ལག་ཆའི་
    དུས་དབང་སྒྲ་སྒྲིགས་བྱེད་བཞིན་པ་དེ་གཉིས་རང་རེ་བོད་མི་ཚོའི་ནམ་ཡང་ནོར་མི་ཉན་ནོ་།

  5. ཨ་འབར་འཇིགས་དབང། says:
    2016-07-21 at 10:22 pm

    ༅༅། དུས་དབང་མ་རེད་སྡུག་དབང་རེད། ཡང་ན་བཙན་དབང་ཅེན་རེད།
    ནམ་ཡང་ཁས་མི་ལེན།
    རྒྱ་དམར་ཆོས་མེད་ཀླ་ཀློ་རྒྱ་རེད།
    བཙན་དབང་མ་གཏོགས་ཅི་ཡང་མེད།
    ནམ་ཡང་ངོས་ལེན་ཁས་ལེན་མེད།
    རྒྱལ་མཚན་ནོར་བུ་སྙིང་ཡང་རྗེ།
    ཁོ་ལ་རང་དབང་ཅི་ཡང་མེད།

  6. ཨ་འབར་འཇིགས་དབང། says:
    2016-07-21 at 10:35 pm

    ལོག་སྤྱོད་ཟེར་ན་གང་ལ་ཟེར། ཨ་རེ་རྒྱ་དམར་པོས་ནང་ཡང་ལོག་པར་སྤྱོད་ཀྱི་ཡོད་པར་སོང་
    དེ་ལ་ལོག་སྤྱོད་ཟེར་གྱི་ཡོད་པ་འདྲ།

  7. ནུབ་ཕྱོགས་གངས་ཕྲུག says:
    2016-07-21 at 10:44 pm

    དུས་འཁོར་དབང་ཆེན་ལ་ངོ་རྒོལ་མེད།

  8. ཉི་མ། says:
    2016-07-22 at 12:23 am

    རང་རེའི་སྐབས་འཚོལ་བའི་རིག་འདིས་བྱེད་སྟངས་ལ་ལྟོས་དང་། འདི་ཚོ་ལ་གོ་ཞིག་བྱུང་ན་རྒྱལ་བ་རིན་པོ་ཆེ་ལའང་ངོ་རྒོལ་བྱེད་ཐག་ཆོད་རེད། ཨ་ཁ་ཁ།

  9. རིང་བློ་ལྡན says:
    2016-07-22 at 2:15 am

    དུས་འཁོར་དབང་ཆེན་ལ་ངོ་རྒོལ་མེད། ཡིིན་ན་ཡང་དུས་འཁོར་དབང་ཆེན་བེད་སྤྱོད་ལོག་ཏུ་བཏང་མཁན་གྱི་མི་སྣ་དག་ལ་ངོ་རྒོལ་ཡོད།

  10. དྲང་སྲོང says:
    2016-07-22 at 2:40 am

    བཙན་བཀའ་ཡིན་མིན་མི་ཤེས་དྷ་སའི་ཚོགས་པ་འདི་ཚོ་ནི་སོ་སོའི་ལྟོ་གོས་ཆེད་དུ་རེད་འདུག་ཁོ་ཚོས་སྐད་འབོད་ཡིན་ཟེར་བ་དང་མར་མེས་ཁྲོམ་བསྐོར་ཟེར་བ་སོགས་ལ་ལྟོས་དང་ཧ་གོ།

  11. ཀརྡོ་གཉེར་ཕྱག་པ་་ says:
    2016-07-22 at 5:59 am

    ྆པཎ་རྫུན་བླ་རྫུན་གྱི་དུས་འཁོར་དབང་ཆེན་ལ་དགའ་བསུ་མེད།

  12. གཡུ་ཐོག says:
    2016-07-22 at 6:15 am

    དུས་བབ་ཀྱིས་ངོས་ནས་གསར་འགྱུར་གྱི་ཁ་བྱང་སྤེལ་ཕྱོགས་ཐད་བསམ་བློ་ངེས་པར་གཏོང་དགོས་འདུག

  13. གཡག་རྫི། says:
    2016-07-22 at 9:10 am

    དུས་འཁོར་དབང་ཆེན་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཟེར་ན་ཅི་རེད་དེ་འདྲ་རུང་གི་ཁོ་རང་མ་རེད། མ་ཟད་པཎ་ཆེན་བདེན་རྫུན་གང་ཡིན་རུང་རྒྱལ་མཚན་ནོར་བུ་ལ་ཡང་ངོ་རྒོལ་བྱེད་དགོས་དོན་མེད་རེད། ངོ་རྒོལ་བྱེད་དགོས་ས་ངོ་མ་དེ་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་པ་དེ་རེད།

  14. ཨ་ཁུ་འབྲོག་པ། says:
    2016-07-22 at 1:03 pm

    རྩ་བའི་ལྷ་ལ་རབ་གནས་དང་། མི་ལ་དབང་བསྐུར་པའི་བླ་མ་ཚད་ལྡན་ཞིག་དགོས་པ་གཞིར་བཅས་ཀྱང་། རྒྱལ་མཚན་ནོར་བུས་ཚུལ་དང་མཐུན་པའི་སྒོ་ནས་བླ་མ་མཚན་ཉིད་ཚང་བ་ཞིག་གི་དྲུང་ནས་དུས་འཁོར་ཞུས་ཏེ་བསྙེན་སྒྲུབ་ལས་གསུམ་གཞུང་བཞིན་བཏང་སྟེ་བླ་མས་དུས་དབང་བསྐུར་འཐུས་ཆོག་མཆན་ཐོབ་ན་མི་འགྲིགས་པ་ཨེ་ཡོད་སྙམ། ལྷག་པར། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །མདུན་པའི་རྩེ་ལ་རབ་ཏུ་གནས། །གསུངས་པ་ལྟར་རྒྱལ་མཚན་ནོར་བུས་པཎ་ཆེན་ཡིན་བསམས་ཏེ་ལྷག་བསམ་རྣམ་དག་གིས་དབང་བསྐུར་གྱི་ཡོད་སྲིད། རྒྱུ་མཚན་ནི། རྒྱལ་མཚན་ནོར་བུ་ལ་པཎ་ཆེན་བརྫུན་མ་ཡིན་རབས་དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་སུ་གཅིག་ཀྱང་ཞུས་ཡོད་ཀྱི་མ་རེད་སྙམ། གཞན་ཡང་རྒྱལ་མཚན་ནོར་བུ་བྱིས་པ་བསམ་མནོ་གཏོང་མི་ཤེས་མཁན་ཞིག་བཙན་དབང་ལྟ་བུས་པཎ་ཆེན་དུ་བསྐོས་པ་ཞིག་ཡིན་པ་ལས། རང་འདོད་ཀྱིས་སྤྲུལ་སྐུ་བརྫུན་མ་འཁྲབ་པ་མ་ཡིན་པ་དང་། རྒྱལ་མཚན་ནོར་བུ་པཎ་ཆེན་དུ་འཁོད་པ་དེས་བསོད་ནམས་ཆེ་ཙམ་ཡོད་པའི་རྟགས་རེད་སྙམ། བསོད་ནམས་ཆེན་པོ་མེད་ན་རྒྱལ་ཁབ་ཅིག་གིས་པཎ་ཆེན་གྱི་གོ་སར་འཇོག་རྒྱུ་ཟེར་བ་ཁག་པོ་རེད་སྙམ། རྒྱ་མཚན་དེ་དག་ལ་བརྟེན་ནས་རྒྱལ་མཚན་ནོར་བུས་དུས་དབང་བསྐུར་བར་ངོ་རྒོལ་མེད་ཀྱང་། རྒྱ་གཞུང་ནས་རྒྱལ་མཚན་ནོར་བུ་དང་། དུས་དབང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་པར་ངོ་རྒོལ་བྱ་དགོས་སོ། །

  15. ཀརྡོ་གཉེར་ཕྱག་པ་་ says:
    2016-07-22 at 2:11 pm

    ་་་་་་་་ རྒྱལ་མཚན་ནོར་བུ་ལ་པཎ་ཆེན་བརྫུན་མ་ཡིན་རབས་དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་སུ་གཅིག་ཀྱང་ཞུས་ཡོད་ཀྱི་མ་རེད་སྙམ། ་་་་་་་་་ ཟེར།

  16. ཀརྡོ་གཉེར་ཕྱག་པ་་ says:
    2016-07-22 at 2:52 pm

    དགོན་པ་དངོས་གནས་དེ། གཏོར་ཡ་དང་། དུས་དབང་རྫུན་མ་དེ། འཚུག་ཡ་གཉིས་དུས་མཉམ་བཟོས་འདུག

  17. སྤྱང་ཤོག says:
    2016-07-22 at 4:29 pm

    བོད་གཞི་བྱེས་གཉིས་ལ་ད་ལོ་དུས་འཁོར་དབང་ཆེན་ཟེར་བ་འདིས་བོད་མི་དམངས་ལ་དཀའ་མོ་བཟོས་སོང་།

  18. ཀློང་ཆུང་ says:
    2016-07-22 at 9:04 pm

    མི་ཚེ་རིང་ན་ལྷ་ཤི་བའི་རོ་མཐོང་ཟེར་བ་བཞིན་དཔེ་ལ་དཔེ་ལ། ད་དུས་དབང་ལ་ངོ་རྒོལ་བྱེད་མཁན་འདུག སྙིགས་མའི་དུས་ཟེར་བ་ཅིས་མ་བདེན། པན་ཆེན་གཉིས། ཀརྨ་པ་གཉིས། དགེ་ལྡན་པ་གཉིས། བདུད་འཇོམས་གཉིས། འཇམ་མགོན་ཀོང་སྤྲུལ་གཉིས། ད་ང་ཚོའི་རྙོག་ཁྲ་དེ་ག་དུས་རྫོགས་ཀྱི་རས།

  19. ཁྱུང་སེ། says:
    2016-07-22 at 9:40 pm

    རྫུས་མ་དང་དངོས་གནས་ཟེེར་བ་གང་ཟག་གང་དང་གང་གིས་ཚོད་བཟུང་བར་མི་བྱའོ། དེང་སང་བདེན་གཉིས་ཟུང་འབྲེལ་ཟེར་བ་ལྟར་བླ་མ་ཐམས་ཅད་ལ་སྐུ་སྐྱེ་གཉིས་རེ། བླ་ཆེན་གཉིས་རེ། ད་མང་པོ་འདུག ངས་ནི་ཐམས་ཅད་ལ་དག་སྣང་སྒོམ་གང་ཐུབ་བྱེད་ཀྱིན་ཡོད།

  20. འབྲོང་བུ་སོག་ཚ། says:
    2016-07-23 at 9:39 am

    དུས་འཁོར་དབང་ཆེན་ལ་ངོ་རྒོལ་མེད། གནང་མཁན་ལ་དོགས་པ་ཡོད།

  21. ཨ་རོགས་ཁམས་ཕྲུག says:
    2016-07-24 at 7:48 am

    དུས་དབང་ལ་ངོ་བརྒོལ་མེད་ལ།

  22. ཨ་རོགས་ཁམས་ཕྲུག says:
    2016-07-24 at 10:27 am

    རྒྱལ་མཚན་ནོར་བུ་མཆོག་ལ་དེ་བས་ངོ་བརྒོལ་མེད། དུས་འཁོར་དབང་ཆེན་ལ་ངོ་བརྒོལ་མཐའ་གཅིག་ཏུ་་བྱེད་མཁན་ལ་ངོ་བརྒོལ་མཐའ་གཅིག་ཏུ་ཡོད།

  23. ཨ་འབར་འཇིགས་དབང། says:
    2016-08-02 at 12:41 am

    ༅༅། དངོས་གནས་ནང་པའི་ལྟ་གྲུབ་དང་མཐུན་པའི་དུས་འཁོར་དབང་ཆེན་ཡིན་པ་དང།
    བླ་མ་སོ་སོའི་དངོས་གནས་དྲང་གནས་ཀྱི་རང་དབང་ཐོག་ནས་དུས་དབང་གནང་རྒྱུའི་
    དབང་ལུང་མདོ་སྔགས་གཞུང་ལུགས་བཞིན་བླ་མ་ཚད་ལྡན་གྱི་དྲུང་ནས་ཆོག་མཆན་ཐོབ་
    ཡོད་ན་སངས་རྒྱས་ཆོས་ལ་ངོ་རྒོལ་སུས་བྱེད།
    དེ་མིན་ཆོས་མེད་རྒྱ་དམར་གྱིས་ཆོས་ཆབ་སྲིད་ལ་བེད་སྤྱད་ནས་གང་ཡང་མ་ཤེས་པའི་མི་ཞིག་ལ་
    ཟློས་གར་འཁྲབ་དགོས་ཞེས་ལམ་གྲོན་བཏང་པ་དང་སྡོད་ས་ཡང་གླ་མེད་གོ་སྒྲིག་བྱས་པ་དེ་ལ་ལྟོས་
    དང་ཆོས་རྣམ་པར་དག་པ་ཞིག་ཡིན་དང་མིན་ལོང་བས་བལྟས་ཀྱང་ཁམས་གསུམ་མཐོང་ཞེས་པ་
    ལྟར་རེད་རེད་། དེ་ལ་སུས་དད་པ་བྱེད་། དེ་ཆོས་མ་རེད། དུག་རེད་ དུག་མ་རེད་སྡུག་བསྔལ་རེད།
    སྡུག་བསྔལ་དེ་ནམ་ཡང་ཆོས་མ་རེད།

  24. ཨ་འབར་འཇིགས་དབང། says:
    2016-08-14 at 1:21 am

    ༅༅། དུས་དབང་མ་རེད་བཙན་དབང་རེད། བཙན་དབང་ཆོས་ལ་སྤྱོད་པ་དེ།
    ལོ་རྒྱུས་ནང་ལ་གཏན་ནས་མེད། འདི་ནི་ཆོས་དངོས་གཏན་ནས་མིན།
    འདི་ནི་སྡུག་བསྔལ་ཅན་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme