Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་འཁོར་དབང་ཆེན་གྱི་ཕྱི་ནང་གསང་གསུམ།

Posted on 2016-02-202016-02-20 By ཁ་བརྡ 20 Comments on དུས་འཁོར་དབང་ཆེན་གྱི་ཕྱི་ནང་གསང་གསུམ།

རྫ་ཡུལ་རབ་བརྟན།
 
1. ཕྱི་ལོ་ ༢༠༡༤/༠༩/༢༤ རེས་གཟའ་ལྷག་པའི་ཉིན་གྱི་གཞུང་འབྲེལ་མཆོད་འབུལ་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་ ལགས་ཀྱིས་༢༠༡༦ ལོའི་དུས་འཁོར་དབང་ཆེན་དེ་བཀའ་ཤག་གིས་གོ་སྒྲིག་ཞུ་རྒྱུ་དང་། དེ་ཡང་། ༢༠༡༦/༡/༡༤-༢༥ བར་གནས་མཆོག་རྡོ་རྗེ་གདན་དུ་ཡིན་ལུགས་གསལ་བསྒྲགས་གནང་། (རྡ་ས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་།)

གསར་འགྱུར།
λདུས་བབ། (http://tibettimes.net/དུས་དབང་-༣༤-པ་རྡོར་གདན་-2/)
λབང་ཆེན། (http://bangchen.net/b-17/<%22>)

2. ཕྱི་ལོ་༢༠༡༥ ལོའི་ཟླ་༤ ཚེས་ཤར་སྔོན། དུས་དབང་གོ་སྒྲིག་ཚོགས་ཆུང་གཏན་འབེབ་དང་། སྦྱིན་བདག་ཁག་ལ་དངུལ་ འབབ་ཚད་གཞི་ག་ཚོད་འཇོག་མིན་ཐད་སྲིད་སྐྱོང་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི། སྦྱིན་བདག་ཁག་བཅས་ ཀྱི་དབར་བསམ་ཚུལ་མ་མཐུན་པ་བྱུང་ཞིང་། མཐར་སྦྱིན་བདག་རེར་ཧིན་སྒོར་ས་ཡ་གསུམ་རེའི་དངུལ་འབབ་དཔྱད་ ཁྲ་བཏང་།(འདས་པའི་དུས་ནང་སྦྱིན་བདག་རེས་ཧིན་སྒོར་འབུམ་ལྔ་ལས་མང་བ་འབུལ་མི་ཆོག་པའི་གཏན་འབེབ་ཡོད།)

 
བར་གྱི་རྩོད་རྙོག

3. རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཆུ་སྒང་གསར་པས་རྒྱུན་ལས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དེ་དུས་དབང་སྐབས་སུ་གནང་རྒྱུ་བྱས་ཤིང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་དེ་ལུགས་བཀའ་ཤག་ལ་སྙན་གསན་ཞུས།

4. སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནས་དུས་དབང་སྐབས་ཚོགས་པ་གཞན་གྱི་ཐེ་ཇུས་མི་ཡོང་ཆེད། དུས་དབང་སྐབས་ བརྟན་བཞུགས་འབུལ་འཇུག་རྒྱུར་མོས་མཐུན་མ་གནང་། ཡིན་ཡང་། ཁོང་གིས་ཐད་ཀར་དགའ་ལྡན་ཕོ་བྲང་ལ་མ་ཞུས་ པར། ལྡི་ལིར་རྟེན་གཞི་བྱས་པའི་ཆུ་སྒང་རྙིང་པར་གནས་ཚུལ་ཞུས། ལྡི་ལིའི་ཆུ་སྒང་རྙིང་པའི་རྒྱུན་ལས་ཁག་ཅིག་ བཀའ་ཤག་ལ་བཅར་ནས་ཆུ་སྒང་གསར་པར་དེ་ལྟའི་གོ་སྐབས་གནང་མི་ཆོག་པའི་བསམ་འཆར་ཞུས། སྲིད་སྐྱོང་གིས་ ཆུ་སྒང་རྙིང་པའི་རྒྱུན་ལས་ལ་དགོངས་ཚུལ་འདི་འདྲ་འདུག་པས། ཆུ་སྒང་གསར་པའི་བརྟན་བཞུགས་དེ་ཕྱིར་འཐེན་ མ་གནང་ན་རྩོད་རྙོག་ཆེན་པོ་ཆགས་ས་རེད་ཅེས་༧གོང་ས་མཆོག་ལ་ཞུས། ༧གོང་ས་མཆོག་གིས་དུས་དབང་ཆབ་སྲིད་ ཆགས་ཀྱི་འདུག་ན་ད་དུས་དབང་ཁོ་རང་ཕྱིར་འཐེན་གནང་ཞོག་གསུངས། (གནས་ཚུལ་འདི་དག་ཟླ་༨ ཚེས ༢༣, ༢༤, ༢༥, སོ་སོར་བྱུང་བར་སྣང་། ཞིབ་ཕྲའི་ཁུངས་ལུང་རིམ་པས་སྤེལ་ཡོང་།)

5. ༢༠༡༥ ལོའི་ཟླ་༨ ཚེས་༢༦ ཉིན། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བསྟན་འཛིན་སྟག་ལྷ་དང་། རྔ་བ་ཚེ་རྒྱམ་གཉིས་ཆེད་དུ་ བཀའ་ཤག་ལ་མངགས་ནས་དུས་དབང་ཕྱིར་འཐེན་གནང་པ་ཐུགས་གཏན་འཁེལ་ཡོད་ཅེས་ཞུས།

6. སྲིད་སྐྱོང་གིས་དུས་དབང་”ཕྱིར་འཐེན་”དེ་“ཕྱིར་འགྱངས་”ལ་བཟོ་རྒྱུ་དང་། གསལ་བསྒྲགས་དེ་ཡང་བཀའ་ཤག་རང་ ནས་གནང་ཆོག་པའི་རེ་སྐུལ་ནན་ཏན་དུ་ཞུས། དགའ་ལྡན་ཕོ་བྲང་ནས་དེ་ལྟར་ཞལ་བཞེས་གནང་།

7. ཕྱི་ལོ་༢༠༡༥ ལོའི་ཟླ་༨ ཚེས་ ༣༡ རེས་གཟའ་ཟླ་བའི་ཉིན། བཀའ་ཤག་ནས་༢༠༡༦ ལོའི་དུས་དབང་ཕྱིར་འགྱངས་གནང་ བའི་གསར་འགོད་གསལ་བསྒྲགས་སྤེལ།

གསར་འགྱུར།
λདུས་བབ། (http://tibettimes.net/དུས་འཁོར་དབང་ཆེན་ཕྱིར་/)
λབང་ཆེན། (http://bangchen.net/༢༠༡༦-ལོའི་དུས་འཁོར་དབང་/)
λབཙན་བྱོལ་སྒྲིག་འཛུགས། (http://bod.asia/2015/08/དཔལ་དུས་ཀྱི་འཁོར་ལོའི་-3/)
༧གོང་ས་མཆོག་ལ་མཛད་དཀའ་མི་ཡོང་ཆེད་ཡར་ཞུས་པ་ཡིན་གསུངས་ཡོད། (ཟླ་༨ ཚེས་༣༡ རྡ་ས།)
བཀའ་ཤག་ལྷན་རྒྱས་གོ་བསྡུར་ལྷུག་པོ་གནང་ནས་ཞུས་ཡིན་གསུངས་ཡོད། (ཟླ་༨ ཚེས་༣༡ རྡ་ས།)
ཆོས་རིག་བཀའ་བློན་ནས་གནས་ཚུལ་ཞིབ་ཕྲ་ཞུ་ཤེས་ཀྱི་མི་འདུག་གསུངས། (ཟླ་༩ ཚེས༡༨ གྲོས་ཚོགས།)

ཡིན་ན་ཡང་། ༢༠༡༦ ལོའི་སྲིད་སྐྱོང་འོས་མི་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིར་ཕེབས་དུས་ལས་ཐོག་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དུས་དབང་ཕྱིར་འགྱངས་ཐད་མང་ཚོགས་ལ་དྲང་པོ་ཞུས་མེད་ལུགས་ཀྱི་རྫུན་རྐུབ་བརྡོལ་རྗེས། སྲིད་སྐྱོང་མཆོག་གིས་བཀའ་ ཤག་རྒྱབ་རྩར་བླངས་ནས་གཞུང་ཞབས་དྲུང་ཆེ་གསུམ་ལ་གསལ་བཤད་སྤེལ་སྐབས་བཅུག་ཡོད། སྐབས་དེར་་་་་་་་་།

λགཞུང་ཞབས་དྲུང་ཆེ་གསུམ་སྟེ། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་དང་། བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་གསུམ་བེད་སྤྱད་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ། སྐབས་དེར། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ནས་ཡིག་ཐོག་ནས་སྐྱོར་དོན། “་་་་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དྲུང་ཆེ་གཉིས་ཆེད་གཏོང་གནང་དེ། ༧གོང་ས་མཆོག་ལ་སྨན་བཅོས་ཆེད་དུས་དབང་ཕྱིར་འགྱངས་གནང་པ་ཡིན་ཞེས་ ”མར་བཀའ་གནང་ཡོད་”ལུགས་བཤད་ཡོད།

དོན་དངོས་སུ་སྲིད་སྐྱོང་བློ་བཟང་སེངྒེས་ག་རེ་གནང་ཡོད་དམ། ༧གོང་ས་མཆོག་ལ་མཛད་དཀའ་དེ་འདྲ་ཞུས་དོན་གང་ ཡིན་ནམ། སྐུ་ངོ་ཚོགས་གཙོ་མཆོག་གིས་གནས་ཚུལ་འདིའི་ཕྱི་ནང་ཚང་མ་ཤེས་པ་ལ་བརྟེན་ནས་རྫུན་རྐུབ་བརྡོལ་ཡོད། ཡིན་ན་ཡང་། ཚོགས་གཙོ་དང་། སྤྱི་འཐུས་གཞན། ད་དུང་མི་མང་གིས་ཧ་མ་གོ་ས་ནས་སྲིད་སྐྱོང་གིས་ག་རེ་ག་རེ་གནང་ ཡོད་དམ། དོལ་རྒྱལ་སྐོར་ལ་ད་ལྟའི་བར་དུ་གང་ཡང་གནང་མེད་པ་མ་ཟད། ༧གོང་ས་མཆོག་ཨ་རིར་ཕེབས་དུས། དོལ་ཚོགས་ཀྱི་ཨ་ནེ་ཞིག་༧གོང་ས་མཆོག་གི་མདུན་དུ་བཅར་ཐུབ་པ་བྱུང་ཡོད། འདིའི་ཐད་སྲིད་སྐྱོང་བློ་བཟང་སེངྒེས་ ཐག་གཅོད་གང་ཡང་གནང་མེད། རྒྱུ་མཚན་དེ་འདྲ་མང་པོ་ཞིག་ལ་བརྟེན། དོལ་རྒྱལ་ཚོགས་པས་སྲིད་སྐྱོང་ལ་བསྟོད་ བསྔགས་མང་པོ་བྱས་ཡོད།

ད་རེས་བློ་བཟང་སེངྒེ་ཡང་བསྐྱར་སྲིད་སྐྱོང་ལ་ཐོབ་ན། རྗེས་སོར་འོས་ཤོག་ལ་རེ་བ་བྱེད་མི་དགོས་པས། ཁོང་གང་དྲན་དྲན་ གནང་རྒྱུ་ཡིན་པ་གཏན་འཁེལ་རེད། ༧གོང་ས་མཆོག་གི་སྐུ་ཕྱྭར་ཡང་ལྷོད་གཡེང་དེ་འདྲ་གཏོང་ཕོད་དུས། ད་ཁོང་ལ་རེ་བ་རྒྱག་ས་གང་ཡང་མེད་པ་ཆོལ་གསུམ་བོད་མིས་མཁྱེན་པ་གནང་རོགས། །

རྫ་ཡུལ་རབ་བརྟན་གྱིས་སྦོག་ར་ནས་ཕུལ།

གསལ་བཤད།

Post navigation

Previous Post: སྲིད་སྐྱོང་འོས་མི་གཉིས་བསྡུར་བ།
Next Post: ལོ་གསར་ཉིན་སྐད་ཡིག་ཁྲོད་ནས་མདུན་ལམ་འཚོལ་བ།

Comments (20) on “དུས་འཁོར་དབང་ཆེན་གྱི་ཕྱི་ནང་གསང་གསུམ།”

  1. དཔལ་ལྡན། says:
    2016-02-20 at 3:34 pm

    རྩོམ་ཡིག་འདི་ལ་བདེན་པའི་ཆ་དང་། རྫུན་གཉིས་ཀ་འདུག ཁུངས་ལུང་མེད་པའི་སྐད་ཆ་འདིའི་རིགས་བོད་སྤྱི་ཚོགས་ཐོག་མ་སྤེལ་ན་ལེགས་སམ་སྙམ། བློ་སེང་གིས་ལས་དོན་བྱེད་ཕྱོགས་སྐོར་ལ་ཁུངས་ལུང་ཡོད་པའི་སྐད་ཆ་འདི་རུ་འབྲི་རོགས།

  2. ཀརྨ་བློ་གསལ་ says:
    2016-02-20 at 8:27 pm

    འདི་ལ་རྩོད་གཞི་ལྷག་མེད། གནད་ཀྱི་གཙོ་བོ་དེ་གོང་ས་མཆོག་གིས་སྐུ་ངལ་གསོ་དགོས་མིན་ལ་ཐུག་ཡོད། སྤེན་ཚེ་ཡིས་འགོ་ཁྲིད་པའི་ཤོག་ཁག་གིས་སྐུ་ངལ་གསོ་མི་དགོས་པའི་ཕྱོགས་ལ་ཤུགས་རྒྱག་གིན་པ་ལྟར་དང་། བློ་སེང་གིས་འགོ་ཁྲིད་པའི་ཤོག་ཁག་གིས་སྐུ་ངལ་གསོ་དགོས་པར་ཤུགས་རྒྱག་གིན་ཡོད། མཐའ་བསྡོམས་ནི་གོང་ས་མཆོག་ད་དུང་བཞུགས་དགོས་ན་སྐུ་ངལ་གསོ་དགོས། བཞུགས་མི་དགོས་ན་སྐུ་ངལ་གསོ་བའི་དུས་ཚོད་སྤྲད་མི་འོས།

  3. ཀུན་གསལ། says:
    2016-02-20 at 11:22 pm

    སྐུ་ངལ་གསོ་མི་གསོ་ཞེས་པ་དེ་བློ་སང་དང་ཁོས་ཨམ་ཕྲུག་ཚོས་ཁ་གཡར་ས་ཙམ་རེད། ཆུ་བཞི་སྒང་དྲུག་གསར་རྙིང་གཉིས་དང་བརྟན་བཞུགས་ཤིག འོས་བསྡུ་ཞིག་བཅས་ལ་འབྲེལ་བ་འདུག་གོ།

  4. ལུང་རྟོགས། says:
    2016-02-20 at 11:41 pm

    དུས་དབང་གི་སྐོར་བཤད་ན་སྤེན་ཚེ་ནག་པོ་ཆགས་སྐྱེད་ལས་ཅི་ཡང་མེད། གོང་ས་མཆོག་གིས་ཁོང་སྐུ་ངལ་གསོ་ཆེད་དུས་དབང་ཕྱིར་འགྱང་གནང་བ་ཡིན་ཞེས་ཁ་གསལ་པོའི་ཐོགས་ནས་གསུངས་ཡོད་བཞིན་དུ། དེར་གནད་དོན་གཞན་ཞིག་ཡོད་རེད་ཟེར་ནས་གོང་ས་མཆོག་གསུངས་པ་དེ་རྫུན་མ་བཟོ་མཁན་སྤེན་ཚེ་རེད་ད།

  5. རང་བཙན་བུ། says:
    2016-02-21 at 4:31 am

    ད་ཡིན་ན་འདུག འདི་ཚོ་སུའི་ཆེད་དུ་རེད། བོད་དོན་ཨེ་ ཧཧཧ

  6. བཀྲ་ཤིས། says:
    2016-02-21 at 4:40 am

    ང་ཚོ་ཚང་མ་གོང་ས་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་ཞུ་མ་མྱོང་བ་ཨེ་ཡོད། དུས་དབང་གི་ཆོས་གྲོགས་ནང་ཕན་ཚུན་དམ་ཚིག་མ་སྲུང་པར་དུས་དབང་སྐོར་ལ་འདི་འདྲ་ཤོད་རེད་བྱས་ན་དམ་ཚིག་དང་འགལ་འགྲོ་བ་རེད། དམ་མིན་དམ་རྫུ་འདི་ཚོ་ཡིན་ན།

  7. གངས་ཕྲུག་ says:
    2016-02-21 at 7:01 am

    འཆན་འགོད་པ་པ་ོ་རིགས་གསུམ་ཙམ་འདུག་ ངས་བློ་བཟང་ལ་ཕྱོགས་པའི་འཆན་འགོད་མཁན་ཚོ་ཞུ་རྒྱུར་ གོང་ས་མཆོག་སྐུ་ངལ་གསོ་དགོས་ན་ལྷོ་ཕྱོགས་ལ་ཉིན་ལྔ་མང་དུ་གཏོང་དགོས་དོན་ཅི་ཡིན། ལྷོ་ཕྱོགས་ལ་ལམ་རིམ་མགོ་མ་ཚུགས་གོང་ལ་གོང་ས་མཆོག་ལ་ཆམ་ནད་ཕོག་ཡོད་པ་ཁྱོད་ཤེས་མ་སོང་བས། ཁྱོད་ཚོ་་ཁ་ནས་གོང་ས་མཆོག་སྐུ་ངལ་གསོ་ཟེར་བ་མ་གཏོགས་དོན་ལ་ད་ལྟའི་དུས་འདིར་བླ་མ་མཆོག་གནོད་པ་སྐྱལ་མི་ཡོང་བསམ་པའི་དོགས་པ་འདུག་ད།།

  8. གསེར་རིན་ཆེན་ says:
    2016-02-21 at 8:08 am

    གནད་དོན་གསལ་ཞིང་གསལ་བ་བཀོད་འདུག་པ་དང་མི་མང་གི་ཡང་ཉིན་རེ་བཞིན་གསལ་པོ་ཤེས་བཞིན་འདུག་ ཉི་ཤར་འབར་མོས་འཁེབ་མི་ཐུབ་པ་ཞིག་ཏུ་སྣང་ འོན་ཀྱང་གོང་དུ་མཆན་བུ་འདེབས་མཁན་ཚོས་ལྐུགས་པའི་ཨུ་ཚུགས་ལ་བལྟས་ན་འོས་ཤོག་ཆེད་གང་ཡང་བྱེད་ཀྱི་ཡོད་པ་འདྲ་ དྲང་བདེན་ལ་རྡོག་རོལ་དང་ངོ་ཚ་ཁྲེལ་གཞུང་ཟེར་བ་ཡེ་ནས་མི་འདུག་ ཨ་ཁ་ཁ་ མི་འདི་ཚོའི་ཕུགས་བསམ་ལ་ལྟོས་དང་ བོད་དང་བོད་མི་ལ་གྱོང་ཁ་སྤྲོད་རྒྱུ་ཉག་གཅིག་རེད་

  9. ལུང་རྟོགས། says:
    2016-02-21 at 10:49 am

    ལྷོ་ཕྱོགས་ལ་ཉིན་ལྔ་མར་རུ་གཏོང་ཡོད་ན་དེ་བཀའ་ཤག་དང་སྲིད་སྐྱོང་ལ་འབྲེལ་བ་ཅི་ཡང་ཡོད་མ་རེད། གསུངས་ཆོས་གོ་སྒྲིག་གནང་མཁན་གླིང་རིན་པོ་ཆེ་རེད། དེའི་རྒྱུ་མཚན་གླིང་རིན་པོ་ཆེ་ལ་དྲི་བར་རྒྱུག ལར་ནས་གོང་ས་མཆོག་གིས་སྐུ་ངལ་གསོ་ཆེད་ཡིན་ཞེས་གསལ་པོ་གསུང་ཡོད་པ་ཤེས་བཞིན་དུ་འདྲ་མིན་བཤད་མཁན་ཚོ། ཁ་ཙམ་ལས་དོན་ལ་གོང་ས་མཆོག་ལ་རྩི་བཀུར་ཅི་ཡང་མེད་པ་གསལ་པོ་རེད།

  10. ལུང་རྟོགས། says:
    2016-02-21 at 10:50 am

    ལྷོ་ཕྱོགས་ལ་ཉིན་ལྔ་མར་རུ་གཏོང་ཡོད་ན་དེ་བཀའ་ཤག་དང་སྲིད་སྐྱོང་ལ་འབྲེལ་བ་ཅི་ཡང་ཡོད་མ་རེད། གསུངས་ཆོས་གོ་སྒྲིག་གནང་མཁན་གླིང་རིན་པོ་ཆེ་རེད། དེའི་རྒྱུ་མཚན་གླིང་རིན་པོ་ཆེ་ལ་དྲི་བར་རྒྱུག ལར་ནས་གོང་ས་མཆོག་གིས་སྐུ་ངལ་གསོ་ཆེད་ཡིན་ཞེས་གསལ་པོ་གསུང་ཡོད་པ་ཤེས་བཞིན་དུ་འདྲ་མིན་བཤད་མཁན་ཚོ། ཁ་ཙམ་མ་གཏོགས་དོན་ལ་གོང་ས་མཆོག་ལ་རྩི་བཀུར་ཅི་ཡང་མེད་པ་གསལ་པོ་རེད།

  11. དམིགས་མེད། says:
    2016-02-21 at 11:52 am

    ཐུགས་རྗེ་ཆེ། ས་རིས་ཐང་གསལ་ཆགས་སོང་།

  12. བསྟན་འཛིན says:
    2016-02-21 at 12:57 pm

    ད་གསལ་བོ་བྱུང་སོང་ངོ་མ་མང་ཚོགས་མགོ་སྐོར་རང་རེད།

  13. ནུབ་ཕྱོགས་གངས་ཕྲུག says:
    2016-02-21 at 1:05 pm

    བློསེང་ལགས་མི་མང་ལ་མགོ་བསྐོར་ཤ་སྟག་བཏང་།

  14. ནེའུ་ཡོག་བསོད་ནམས། says:
    2016-02-21 at 1:25 pm

    ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབང་ཆ་རྩིས་སྤྲོད་གནང་སའི་སྲིད་སྐྱོང་ཞིག་ལ་རེ་བ་བརྒྱབ་ཡོད་པ་རེད།  ཡིན་ནའང་བློ་སེང་གིས་ཆབ་སྲིད་ཟུར་ལ་བཞག་ནས།  དུས་འཁོར་དབང་ཆེན་གྱི་སྒང་ལ་འཐམས་པ་རེད། 

    བཙན་བྱོལ་བོད་མི་ཚོར་དུས་འཁོར་དབང་ཆེན་གྱི་མུ་གེ་ཐེབས་ཀྱི་ཡོད་ན་ནི་དེ་འགྲིག་པ་རེད། ཡིན་ནའང་༧གོང་ས་མཆོག་གིས་ད་བར་དུ་བཙན་བྱོལ་བོད་མི་ཚོར་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་ལྷག་ཅིག་གནང་ཚར་པ་རེད། 

    ཁྱེད་རང་ཚོའི་བསམ་པར། འདི་མང་དྲགས་འདུག་གམ་ཡང་ན་ཉུང་དྲགས་འདུག 

    བློ་སེང་གི་དུས་ཚོད་དེ་དུས་འཁོར་དབང་ཆེན་ཙམ་མིན་པར་ཆབ་སྲིད་ཀྱི་ལས་དོན་གཞན་གྱི་སྒང་ལ་གཏོང་ཐུབ་ན་ཡག་པོ་མི་འདུག་གམ། ཁོང་གིས་ག་རེ་བྱས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་འདི་ལྟ་བུ་གལ་ཆེན་པོར་བརྩི་གི་ཡོད། བསམ་བློ་ཐོངས་དང་། དྲི་བ་དྲིས་དང་།

  15. མྱྀ་ནག says:
    2016-02-21 at 2:44 pm

    དུས་དབང་གི་སྐོར་ལ་བློ་སེང་གི་ཕྱོགས་གཏོགས་ཚོས་འུརག་ཚོད་རྒྱབ་རུང་དོན་དངོས་ལྷང་ལ་བུད་ཡོང་གི་འདུག །དོན་ངོ་མ་བློ་སེང་འདི་མིག་གིས་ཤ་རིག་ན་གསེང་ལ་འདྲེ་འཛུལ་མཁན་ཤ་སྟག་ཅིག་རེད། ཁོས་ཁ་ཡག་དང་བསླུ་བྲིད་ཀྱིས་ཉིས་སྟོང་བཅུ་གཅིག་ལོ་ང་རང་ཐེ་བའི་ཁོ་ལ་འོས་ལྡུག་མཁན་གྱི་མང་ཚོགས་ཚང་མའི་རེ་བ་ཆུ་ལ་བསྐུར་སོང་།
    ༡ དུས་དབང་གི་སྐོར།
    ༢ ཁོ་སྒེར་གྱི་ཁང་རིན་གྱི་སྐོར།
    ༣ ཨ་རིའི་དོན་གཅོད་ཁང་ནང་གི་༧གོང་ས་མཆོག་གི་སྐུ་པར་གྱི་སྐོར།
    ༤ བོད་རྒྱ་འབྲེལ་མོལ་གྱི་སྐོར་སོགས་ལ་བློ་སེང་གིས་བཟི་བཤད་འདྲ་བོ་རྐྱང་ལས་ལན་ཁ་གསལ་གཅིག་ཀྱང་འདེབས་ཐུབ་མེད། འདི་དག་ཕྱོགས་ཡོངས་ལ་བལྟས་ནས་ད་དུང་བློ་སེང་དགུང་ལ་བསྟོད་ཀྱིན་པ་ནི་མིག་ལྡན་གཡང་ལ་མཆོངས་པ་གཉིས་སུ་མ་མཆིས་སོ།

  16. ཀརྡོ་གཉེར་ཕྱག་པ་ says:
    2016-02-22 at 12:45 am

    བློ་སེང་གིས། དུས་འཁོར་དབང་ཆེན་གནོངས་རོགས་ཞུས་ན། བློ་སེང་གིས། མ་འགྲིགས། དུས་འཁོར་དབང་འགྱངས་ན། བློ་སེང་གིས་མ་འགྲིགས། མ་འོངས་པར་དུས་འཁོར་དབང་གི་སྦྱིན་བདག་བོད་མིའི་སྒྲིག་འཛུགས་ཀྱིས་བྱས་ན། སྲིད་སྐྱོང་བློ་སེང་གིས་མ་འགྲིགས། ད་ལྟ་བློ་སེང་གིས་འགྲིགས་པ་བ་བྱེད་སྟངས་ཞིག་ཤོད་སྟངས། ལགས།

  17. ཀརྡོ་གཉེར་ཕྱག་པ་ says:
    2016-02-22 at 2:58 am

    བལ་ཡུལ་ནང་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དགུ་འགྲོ་ཆོག་པ་འདི་བློ་ཕམ་པོ་རེད་འདུག་གདའ།
    https://www.youtube.com/watch?v=1lGBVIggPVI

  18. འཇིགས་བྲལ། says:
    2016-02-22 at 1:26 pm

    དུས་དབང་གི་སྐོར་ལ་ཚིག་འགའ་ཞུ་འདོད་བྱུང་། དེ་ཡང་དྲི་བ་རེ་གཉིས་ཡིན།

    ༡ ༧རྒྱལ་བ་རིན་པོ་ཆེས་དུས་དབང་བློ་སེང་ལ་དགོངས་པ་འཁྲུག་ནས་ཕྱིར་འགྱངས་མ་ཡིན་པར་ཕྱིར་གནང་བ་རེད་ཟེར་གྱི་འདུག ཕྱིར་འཐེན་ཡིན་ན་ལོ་རྗེས་མར་བཀའ་ཤག་གིས་ཞུས་པའི་དུས་དབང་ཡོད་མི་སྲིད་པ་ཞིག་ལ། ལོ་རྗེས་མར་བཀའ་ཤག་གིས་ཞུས་པའི་དུས་དབང་གནང་གཏན་འཁེལ་ཡོད་པས་དེ་ལ་འགྲེལ་བཤད་གང་འདྲ་གནང་གི་ཡོད་རེད།

    ༢ ༧རྒྱལ་བ་རིན་པོ་ཆེས་དུས་དབང་བློ་སེང་ལ་དགོངས་པ་འཁྲུག་ནས་ཕྱིར་འཐེན་གནང་བ་རེད་ཟེར་དུས། ང་ནི་ཧ་ལས་ཧོན་འཐོར་གྱི་འདུག གང་ཡིན་ཟེར་ན། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་ནང་གི་བོད་མི་གཙོ་བོ་བྱས་པའི་འཛམ་གླིང་ཡུལ་གྲུ་ཁག་ནས་དུས་དབང་ཞུ་བར་བཅར་མཁན་རྒྱལ་ཁབ་མང་པོའི་ཕྱི་ནང་གི་དད་ལྡན་མི་མང་འབུམ་ཕྲག་གི་བརྡབ་གསིག་ལ་དགོངས་པ་མ་བཞེས་པར། བློ་སེང་ལ་དགོངས་པ་འཚོམས་ཐེངས་གཅིག་ལ་མི་མང་ཧ་ཅང་མང་པོ་ཞིག་གི་དད་པ་དང་། རེ་བ་སྣང་མེད་བཏང་བ་ཞིག་ཆགས་ཀྱི་ཡོད་དུས། འདི་འདྲ་གང་དྲན་ལབ་བསྡད་མཁན་གྱི་མི་འདི་རིགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མཆོག་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན་བསམ་གྱི་འདུག

    ༣ ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་དུས་དབང་སྨན་བཅོས་ཆེད་ཕྱིར་འགྱངས་གནང་བ་ཡིན་གསུངས་དང་གསུང་བཞིན་དུ། ད་དུང་དེ་མ་རེད་མདོག་མདོག་བཤད་ཡོང་མཁན་འདིའི་རིགས་ཀྱིས་མཐར་གཏུག་ན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཞལ་རྫུན་གནང་བ་རེད་ཟེར་གྱི་ཡོད་རེད། སྐབས་འདིར་ཁ་ནམ་གྲག་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལ་ཤར་བསྐྱོད་ཡིན་ཟེར་བ་འདི་དག་ཐམས་ཅད་ལ་དོགས་པ་རང་བཞིན་གྱི་ཟ་བ་ཞིག་རེད་མི་འདུག་པས། འདི་དག་ནི་སེམས་བསམ་པའི་གཏིང་གི་དོགས་འདྲི་ཡིན།
    ༤ ༧རྒྱལ་བ་རིན་པོ་ཆེ་མཆོག་བློ་སེང་ལ་དགོངས་པ་འཚོམ་དོན་ཡང་གཞུང་འབྲེལ་ངོས་ལེན་མེད་པའི་ཚོགས་པ་ཞིག་གི་དོན་དག་ལ་རེད་ཟེར་གྱི་འདུག ༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་དངོས་ཀྱིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་སྐབས་ངོས་ལེན་མི་བྱེད་རྒྱུ་གྲོས་ཚོགས་ཀྱི་གྲོས་ཆོད་ལ་༧རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱིས་གཞུང་འབྲེལ་མཚན་རྟགས་སྐྱོན་ནས་ཐག་བཅད་པའི་ཚོགས་པ་ཞིག་གི་ཆེད་དུ་འདི་ལྟར་གནང་བ་རེད་ཟེར་དུས། ད་བས་ཀྱང་ཧ་ལས་ཧོན་འཐོར་གྱི་འདུག དཱ་དངོས་གནས་བསམ་བློ་ཡག་པོ་ཞིག་གཏོང་དགོས་ས་མ་རེད་པས།

  19. བསྟན་འཛིན says:
    2016-02-22 at 1:53 pm

    དོན་གཅོད་ཁང་དང་སྐུ་པར་ཤེས་མཁན་ཡོད་ན་གསལ་ཙམ་གསུང་རོགས།ངས་ཇི་ལྟར་བསམ་ན་མགོ་དེ་ལྟར་རྨོངས་འགྲོ་གི་ཆོས་སྲིད་ཁ་ཁར་བྱེད་ཆེད་དེ་ལྟར་གནང་བ་ཞིག་གོ་དེ་བདེན་པ་ཨ་རེད།དེ་ལྟར་ན་རྡ་སའི་ལས་ཁུངས་ཁག་ན་སྐུ་པར་ད་དུང་བཞུགས་ཡོད་བ་རེད་མ་རེད།

  20. པདྨ says:
    2016-02-22 at 2:59 pm

    -ཧ ཧ རྫ་ཡུལ་རབ་བརྟན།ཟེར་ན་ཕ་ཡུལ་རྫ་ཆུ་ཁ་བ་རེད་ཟེར་རྒྱུ་མིན་ནམ། སུ་ཡིན་ན་ཞབས་འདྲེན་རེད། སྤེན་རྫུན་ལ་ཡིད་ཆེས་ན་འདི་ཕུང་ཕྱི་བརླག་རེད་ཀོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme